Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐུ་འདས་བློ་བཟང་ཚུལ་ཁྲིམས་མཆོག་གིས་གསུངས་རྒྱུར། (བོད་འབྱོ​ར་གནས་​ཚུལ།)

Posted on 2012-02-09 By ཁ་བརྡ་ 16 Comments on སྐུ་འདས་བློ་བཟང་ཚུལ་ཁྲིམས་མཆོག་གིས་གསུངས་རྒྱུར། (བོད་འབྱོ​ར་གནས་​ཚུལ།)

རང་དབང་དང་དྲང་བདེན་ལ་ཐུགས་དགྱེས་ཤིང༌། གཉའ་གནོན་དང་གཞན་དབང་ལ་མགོ་མི་སྒུར་བའི་དཔའ་རྒོད། བོད་དོན་ལས་རིགས་སྤྱིར་ལུས་ཅན་ཞིག་ཡིན་ཕྱིར་རང་གི་ལུས་ཕུང་ནི་གཅེས་ནོར་ཐམས་ཅད་ཀྱི་ནང་ནས་ཆེས་གཅེས་ནོར་དང༌། ཚེ་སྲོག་ནི་རིན་ཆེན་ཐམས་ཅད་ཀྱི་ནང་ནས་ཆེས་རིན་ཆེན་ཞིག་ཏུ་སེམས་པ། མི་མ་ཟད་དུད་འགྲོ་ཚུན་ཆད་ཀྱི་གོམས་གཤིས་སུ་འཇགས་ཡོད་པར་གདོན་མི་ཟ་ལ། འོན་ཀྱང་ཡ་མཚན་དགོས་པའི་དུས་སྐབས་འདིར་མི་འགའ་ཞིག་གིས་རང་ལུས་ལ་མེ་སྤར་ཞིང༌། ཚེ་སྲོག་བློས་བཏང་ནས། གཞན་ལ་མི་འཚེ་བར་ལག་ཟུང་སྟོང་བ་ཕྱར་ཏེ། དབུགས་ཡོད་ཚད་ཀྱིས་རེ་བའི་འབོད་སྐུལ་ཞུ་ས་ནི། འཛམ་བུ་གླིང་གི་ཞི་བདེ་ལ་དགའ་མཁན་གྱི་རྒྱལ་ཁབ་གང་ཡོད་དང༌། མི་ལ་མིའི་སྲིད་དབང་འཛིན་པའི་རང་དབང་ཡོད་ཚད་སྤྲོད་དགོས་ཞེས་སྨྲ་བར་དྲང་བདེན་སྲུང་བའི་མིའི་རིགས་སུ་གནས་པ་ཡོད་ཚད་དག་ཡིན་ལ། རྒྱུ་མཚན་དམིགས་གསལ་གྱི་དུས་བབས་འདིར་བོད་མི་རིགས་ལྟ་བུ་ལ་མཚོན་ན། ཕྱི་ལོ་ ༡༩༥༨ ནས་རྒྱ་ནག་གིས་དྲག་ཤུལ་བཙན་འཛུལ་གྱི་འོག་ཏུ་བོད་མི་རིགས་འདི་བསྡུས་པ་ནས་བཟུང༌། བོད་མི་འབོར་ཆེན་ས་ཡ་ལྷག་བསད་རྨས་དང༌། བོད་མིའི་བཟོས་པའི་གཙུག་ལག་ཁང་དང༌། གཏེར་ཁང༌། མིའི་འདུག་ཁང་སོགས་ཆོས་དང་རིག་གཞུང་གང་ཡོད་གཏོར་བརླགས་བྱས་པ་དང༌། གཞུང་སྒེར་གང་ལ་ཡོད་པའི་རྩ་ཆེ་བའི་དངོས་རིགས་གང་ཡོད་འཕྲོགས་བཅོམ། བོད་ཀྱི་བསྟེན་ས་སྤྱི་ནོར་༸གོང་ས་ཡིད་བཞིན་ནོར་བུ་མཆོག་གི་གཙོས་བླ་དཔོན་གང་ཡོད་རྒྱང་ཕུད་དང་འགའ་ཞིག་བཙོན་འཇུག་གིས་མི་ཆོག་པར། ད་དུང་རྒྱུན་མཐུད་དུ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་བོད་མི་གང་གིས་ཀྱང་དང་ལེན་བྱེད་དཀའ་བའི་ལུགས་མཐུན་མ་ཡིན་པའི་ཁྲིམས་གཞུང་བཙན་སྤེལ་སོགས།

མདོར་ན་མི་ལ་དགོས་པའི་སྨྲ་བརྗོད། འགྲོ་འདུག འཕྲིན་བསྐུར། འདུ་ཚོགས། ཆོས་ལུགས་སོགས་རང་དབང་འོས་ཚད་འདྲ་མཉམ་མ་ཡིན་པར་བཙན་འཕྲོག་གི་བྱེད་སྒོ་འདི་དག་སྤེལ་བར་མ་ཟད། རྒྱུ་མཚན་དེ་དག་ཅུང་ཙམ་རྒྱལ་སྤྱིའི་སྟེང་ལ་བརྗོད་དུ་མི་འཇུག་པ་དང༌། བརྗོད་ཀྱང་བདེན་ལུགས་ཡོད་ཚད་གཡོ་ཐབས་ཀྱི་རྫུན་གྱིས་ཁ་ཕྱོགས་བསྒྱུར་བ་དང༌། གནས་ལུགས་ཡོད་ཚད་སུ་ལ་སྟོན་དུ་མི་འཇུག་ལ། སྟོན་པ་རྣམས་ཁྲེལ་མེད་ཀྱིས་ཉེས་མིང་སྣ་ཚོགས་བཀལ་ནས་ལྐོག་གསོད་དང་ཡང་ན་ལྐོག་བཙོན་སོགས་བཟོད་ཐབས་བྲལ་བའི་བརྙས་བཅོས་དང༌། གཉའ་གནོན་དེ་དག་གི་འོག་ཏུ་བཅིངས་བའི་རྒྱུ་མཚན་དག་བདེན་དཔང་ར་སྤྲོད་ཀྱིས། ས་སྒང་སྟེང་གི་མི་ཀུན་ཀྱིས་ཤེས་བྱེད་དུ། དྲང་བདེན་ལ་ཁ་ཕྱོགས་ཤིང་བྱམས་སེམས་ཀྱི་ཁྲག་རྒྱུ་བའི་འདས་ཟིན་དཔའ་བོ་དང༌། རང་དབང་རྩོད་ལེན་ལ་འདུན་པའི་མ་འོངས་པར་ཡང་རང་གི་གཅེས་པའི་ལུས་བཏང་ཞིང༌། ཕངས་པའི་སྲོག་དོར་ནས་ཡིད་ཆེས་དང་རེ་བ་ཆེན་པོས་འབོད་སྐུལ་ངང་སྐུ་གཤེགས་འདིས། བདེན་དཔང་དང་བློ་དཀར་གྱི་འཇིགས་པ་དེ་ལས་སྐྱོབས་ཤིག་ཅེས་ལུས་ཕུང་གི་སྐུལ་མ་བཏང་བ་དེ། འགྲོ་བ་རིགས་གཅིག་པའི་མིའི་རིགས་ཡིན་ཚད་རྣམ་པ། བྱམས་པའི་སྤྱན་འབྱེད་ལ་ཧྲིལ་གྱིས་གཟིགས་དང༌། བརྩེ་བའི་ཐུགས་གཏོད་ལ་ཞིབ་ཀྱིས་དཔྱོད་དང༌། རྒྱུ་འབྲས་ལ་བློ་གཏད་ཅིང་དྲང་བདེན་ལ་མགོ་གཏུགས་པས་སྙིང་རྗེ་དགོས་པའི་མི་རིགས་ཆུང་ཆུང་ཞིག་གི་རང་དབང་གི་བདེ་སྐྱིད། རྔམ་ཆེ་བའི་མི་རིགས་གཞན་ཞིག་གིས་བཙན་འཕྲོག་གིས་མནར་གཅོད་ཐེབས་པ་མི་རིགས་དེའི་སྡུག་བསྔལ་ཇི་ཙམ་འདུག རང་སྟེང་ལ་དཔེ་ལོངས་དང༌།

སྙིང་རྗེ་མ་ཆུང་ཞིག དེ་ལྟ་བུའི་འཛམ་གླིང་གི་ཞི་བདེའི་ཁོར་ཡུག་ལ་གནོད་པ་ཐེབས་པ་མ་ཡིན་ནམ། ཐུགས་རྒྱ་མ་ཆུང་ཞིག རང་ལུས་དཔང་དུ་བཞག་ནས་འཆི་སྡུག་དང་དུ་བླང་བ་དོན་མེད་མིན་པར་བདེན་དོན་དང་རང་དབང་མི་རིགས་དང་ཞི་བདེའི་ཆེད་དུ་འདས་སོང་བ། ཀྱེ་ཀྱེ་ས་སྒང་སྟེང་གི་གྲོགས་པོ་དག་ཤེས་པར་གྱིས་ཤིག བདེན་དོན་ལ་རྒྱབ་སྐྱོར་མི་བྱེད་ན་འཛམ་གླིང་ལ་ཞི་བདེ་ཅི་ཙམ་ཆགས་ཐུབ། སོམས་དང་་་་་་་་་་་་་་༌། ཞེས་དཔའ་རྒོད་འདིའི། ནམ་ཀུན་ཞལ་གླེང་དག་ལས་གསུངས་པ་འགའ། བདག་གིས་འདིར་ཉུང་ཙམ། ཞི་བདེ་དང་དྲང་བདེན་སྨྲ་བས་མིའི་རིགས་ཡོངས་ལ་ཕུལ་བ་ལགས།
དཔའ་རྒོད་ཁོང་ཉིད་རང་དབང་གིས་ཆེད་དུ་ལུས་ཕུང་མེ་སྲེག་སྐབས་ཀྱི། ཕྱི་ལོའི་ཟླ་ཚེས་ ༢༠༡༢.༠༡.༠༦

གསར་འགྱུར།, འཕྲིན་ཡིག

Post navigation

Previous Post: ནེའུ་ཡོག་ཏུ་མཆོད་འབུལ་སྨོན་ལམ་དང་ཞི་བའི་སྐད་འབོད་གནང་སོང་།
Next Post: ཧྥ་རན་སི་དང་བོད་རིགས་ཚོགས་པའི་འབོད་སྒྲ།

Comments (16) on “སྐུ་འདས་བློ་བཟང་ཚུལ་ཁྲིམས་མཆོག་གིས་གསུངས་རྒྱུར། (བོད་འབྱོ​ར་གནས་​ཚུལ།)”

  1. ཆུ་སྐྱེས་སྒྲོལ་མ། says:
    2012-02-09 at 5:34 pm

    རང་ལུས་མེར་བསྲེགས་བཏང་མཁན་ཚོའི་རླབས་ཆེ་བའི་མཛད་སྤྱོད་དེ་རིགས་ལ་འཛམ་གླིང་མི་མང་དང་། རྒྱ་རིགས་ཤེས་ཡོན་ཅན་དང་མང་གཙོ་དོན་གཉེར་བ་ཚོས་ཀྱང་ང་ཚོའི་ལས་འགུལ་འདི་དག་ལ་དོ་སྣང་ཤུགས་ཆེ་བྱེད་བཞིན་འདུག དཔེར་ན། ཁ་སང་སྤྱི་ཚེས་བརྒྱད་ཉིན་ཁེ་ན་ཊའི་སི་བི་བརྙན་འཕྲིན་ཁང་གིས། རྒྱ་རིགས་བུད་མེད་ཅིག་དང་ལྷན་དུ་རྒྱ་ནག་ནང་གི་གནས་སྟངས་སྐོར་བགྲོ་གླེང་བྱས་སོང་ལ། རྒྱ་རིགས་བུད་མེད་དེས། རྒྱ་ནག་ནང་ལ་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་སྐོར་དང༌། དེ་བཞིན་ཤིན་ཅང་སོགས་དང༌། དེ་བཞིན་བོད་ནང་ཉེ་ལམ་བོད་མི་བཅུ་དགུ་ཡི་རང་ལུས་མེར་བསྲེགས་བཏང་བའི་ལས་འགུལ་སྔ་རྗེས་བྱུང་བ་ནི། རྒྱ་ནག་ནང་ལ་འགྲོ་བ་མི་ཐོབ་ཐང་མེད་སོང་བའི་དབང་གིས་མེར་སྲེག་ལས་འགུལ་དེ་བྱུང་སྐོར་འགྲེལ་བརྗོད་གནང་སོང༌། ད་ཆ་རྒྱ་མི་རིགས་ཀྱང་ང་ཚོའི་བདེན་པའི་རྒྱབ་ཏུ་ལངས་ཡོང་གིན་ཡོད། མི་རིང་བའི་དུས་ཚོད་ནང་ལ། བཙན་དྲག་གི་སྲིད་གཞུང་དེ་མགོ་རྟིང་ལོག་ནས། བོད་རྒྱ་མི་རིགས་ཚང་མར་རང་དབང་ཐོབ་པར་ཤོག

  2. ཨ་རིག་དགེ་མཐོང་། says:
    2012-02-09 at 5:39 pm

    ཆུ་སྐྱེས་སྒྲོལ་མས་བཤད་པ་ལ་གོ་རྒྱུ་འདུག དཔའ་བོ་ཁོང་ལ་རྗེས་དྲན་ཞུ་སེམས་གཏིང་ནས་ཞུ།

  3. འཇང་གཡུ་ལྷ་ཐོགས་འགྱུར་ says:
    2012-02-09 at 5:47 pm

    རྒྱལ་གཅེས་དཔའ་བོ་དམ་པ་ཁོང་གི་ཐུགས་བཞེད་མཐའ་དག་བདེ་མྱུར་དུ་འགྲུབ་པའི་སྨོན་འདུན་ཞུ།

  4. ལྷོ་པ་ལུང་རིགས says:
    2012-02-09 at 5:53 pm

    གདུང་སེམས་མཉམ་སྐྱེད་ཞུ་བར་བཅར་ཡོད། ང་ཚོར་འགྲེལ་བརྗོད་འདི་འདྲ་མང་པོ་རག་དགོས་ཀྱི་འདུག དེ་ནས་ལས་འགུལ་གྱི་རྒྱབ་ལྗོངས་མདུན་ལྗོངས་ཚང་མར་གླེང་སློང་ཞིབ་ཚགས་ཞུ་ཐུབ་ཀྱི་རེད། དེ་ལོ་རྒྱུས་ཀྱི་ཟིན་ཐོ་རེད། ད་ལྟ་གསོན་པོར་བཞུགས་ཤིང་། སྨྱུ་གུ་འཛིན་མཁན་ཚོས་འདིའི་ཕྱོགས་ལ་འབད་བརྩོན་རེ་གནང་རོགས།

  5. སྦྲ་དཔལ་ལྡན། says:
    2012-02-09 at 5:58 pm

    གདུང་སེམས་མཉམ་སྐྱེད་བྱེད་པར་ཡོང་ཡོད།

  6. ཁྱུང་དཀར says:
    2012-02-09 at 7:47 pm

    ཁོང་ཚོར་ར་ེརེ་བཞིན་འདི་ལྟར་བསྲེགས་དུས་ཕྲན་ང་སེམས་ཚབས་ཧ་ཅང་སྐྱེས་ཀི ཁོང་ཚོས་ཆོད་སེམས་བརྟན་པོའི་ངང་ནས་རང་ཉིད་ཀྱི་ཚེ་སྲོག་མེ་རུ་བསྲེགས་ནས་མི་རིགས་འདིའི་རང་དབང་ཆེད་དུ་ཡོད་ཚད་ཕུལ་སོང་། སྤྱིར་ཡིན་ན་ཛ་དྲག་གི་གོ་སྐབས་འདི་དང་བསྟུན་ནས་མདོ་དབུས་ཁམས་གསུམ་ནས་སྐད་འབོད་ཀྱི་རྣམ་པའི་སྟེང་ནས་སྡེབ་ལངས་བྱ་དགོས་པ་ཞིག་ཡིན་ནའང་། ས་ཁུལ་བྱེ་བྲག་པ་འགའ་ཤས་ལས་རྒྱབ་སྐྱོར་གྱི་རྣམ་པ་སྟོན་ཐུབ་མ་སོང་། དེ་ཡང་ལས་སླ་བོ་ཞིག་གཏན་ནས་མ་རེད་ལ་སྡེབས་གསོད་ཀྱི་ཉེན་ཁ་ཡང་ཧ་ཅང་ཆེན་པོ་རེད། ཞོར་ནས་དོག་པ་ཞིག་ལྷུང་འོང་བ་ནི་བོད་ཀྱི་རང་དབང་རྩོད་ལེན་པ་མང་གྲས་གྲྭ་བ་དང་བཙུན་མ། ཞིང་ལས་པ་དང་འབྲོག་ལས་པ། ཡང་ན་ཁེ་ལས་གཉེར་མཁན་ཐར་ཐོར་ལས་རྒྱལ་ཁབ་ཀྱི་ཕོགས་ཟས་ཟ་མཁན་སྤྱི་དང་དམིགས་་བཀར་གྱིས་བོད་ཀྱི་ཤེས་ཡོན་པའི་སྡེ་དང་ངས་ཤེས་ངས་འཇོན་ཟེར་བའི་མི་བུ་ཚོ་ལྐོག་ལྐོག་སུད་སུད་ལས་དོམ་དོན་གྱི་ཁ་སང་དེ་རིང་གི་སྐྱོ་གར་འདིའི་གདོང་ལ་འབུད་མ་ཐུབ་པ་ག་རེ་ཡིན་ནམ། བོད་ཀྱི་རང་དབང་འདི་གྲྭ་བཙུན་གྱི་སྡེ་དང་དམངས་མི་ཕལ་བའི་རིགས་ལ་མ་གཏོགས་མི་དགོས་པ་ཞིག་ཡིན་ནམ། དྲང་མོར་བཤད་ན་བོད་ཀྱི་ཤེས་ཡོན་པའི་སྡེ་དང་སློབ་ཆེན་པའི་སྡེ་ཡིས་སྤྱི་དམངས་ཀྱི་ཚབ་བྱས་ཏེ་འགན་་མང་ཙམ་ལེན་ན་བསམ་ཀི ད་དུང་ཡང་མ་གོ་ཚུལ་དང་མ་མཐོང་བའི་ཚུལ་གྱིས་འདི་ལྟར་སོང་ན་སྙིང་སྟོབས་ཀྱི་དཔའ་འབར་བའི་མི་བུ་ག་ཚོད་ཅིག་བསྲེག་འོང་བསམ་ན་སེམས་པ་བདེ་བདེ་ཞིག་ཁྱོན་ནས་མི་འདུག

  7. སོག་མདའ་བཅུ་ says:
    2012-02-09 at 8:56 pm

    རླབས་ཆེན་ཀྱི་རྒྱལ་སྲས་སེམས་དཔའ་ཁོང་ལ་རྗེས་སུ་ཡི་རངས་ཞུ་།

  8. སྐྱུྐྱུྱུ་རྩི་ནས། says:
    2012-02-09 at 10:14 pm

    བོད་མི་རིགས་ཀྱི་དཔའ་བོ། རླབས་ཆེན་གྱི་རྒྱལ་གཅེས་པ། མཚུངས་པ་མེད་པའི་མཛད་རྗེས་དང་། འགྲན་ཟླ་བྲལ་བའི་ཐུབ་སྟོབས་ཅན་རྣམས་ཀྱི་མཛད་འཕྲིན་མི་རབས་ནས་མི་རབས་བར་གནས་གྱུར་ཅིག
    བོད་རྒྱལ་ལོ། རྒྱ་ཕམ་པར་ཤོག

  9. སྒང་པ་ཚང་གི་དོན་གོ says:
    2012-02-09 at 10:35 pm

    ཇི་སྐད་དུ།སྙིང་སྟོབས་ལྡན་པའི་སྐྱེ་བུ་ཡིས།།སྒྲུབ་ན་མི་འགྲུབ་གང་ཡང་མེད།།དཀའ་ཡང་བརྣག་པ་མ་དོར་ན།།རི་བོ་རྣམས་ཀྱང་ཐལ་བར་བརླགས།།ཅེས་གསུངས་པ་ནི་ཚིག་ཙམ་ཡིན་མོད་དེ།བོད་ཀྱི་དཔའ་རྒོད་འདི་ཚོའི་མཛད་བབ་མཐོང་དུས།དངོས་གནས་སྙིང་སྟོབས་ལྡན་པའི་སྐྱེ་བུ་ཟེར་བ་འདི་ཚོ་ལས་གཞན་མེད་པར་འདུགདུས་དང་རྣམ་པ་ཀུན་ཏུ་རྗེས་སུ་ཡི་རང་དང་རྒྱལ་གཅེས་དཔའ་བོའི་མཚན་གྱི་མེ་ཏོག་འཐོར་བ་ལ་ངང་གིས་འཇུག་ཅིང་།བོད་ཀྱི་ལོ་རྒྱུས་རིང་མོའི་རྡོ་རིང་ངོས་སུ་བཀོད་པའི་བཙན་པོའི་སྐབས་ཀྱི་དཔའ་བོ་རྣམས་སླར་ཡང་བྱོན་པ་སོམ་ཉི་མི་དགོས་པ་ཞིག་གོ།

  10. བཀྲ་ཤིས་དོན་འགྲུབ says:
    2012-02-10 at 12:23 am

    ངས་ཁྱེད་ཀྱི་བློ་སྟོབ་ལ་ཡིད་སྨོན་དང་ཁྱེད་ཀྱི་དྲང་བདེན་ལ་གུས་འདུད་ཞུ་བཞིན་ཡོད། ཡིན་ན་ཡང་། ཁྱེད་ལྟ་བུ་བོད་རིག་ལོ་ཆུང་དཔའ་རྒོད་ཅིག་དེང་སྐབས་བོད་མི་རིགས་དོན་དུ་ཕེབས་པ་ལས་མ་འོང་པའི་བོད་མི་རིགས་དོན་དུ་གཞུགས་པ་དགའ། དཀོན་མཆོག་མཁྱེན།

  11. ཁྱུང་སེང་བུ། says:
    2012-02-10 at 3:33 am

    སྐྱོ་སྡུག་དང་སྤོབས་སེམས་འདྲེས་མའི་ངང་ངེས་སེམས་ནས་གངས་ཅན་དབའ་བོ་ཁྱེད་ལ་གུས་འདུད་ཞུ།

  12. ཐུབ་པ། says:
    2012-02-10 at 5:36 am

    དཔའ་རྒོད་ཟེར་བ་རེད། དངོས་གནས་ནམ་ཡང་རྗེས་དྲན་ཞུ།

  13. མི་ཞུན། says:
    2012-02-10 at 6:08 am

    ལོ་ཆུང་གསར་རྒོད་འདིའི་དྲི་མ་མེད་པའི་་སྙིང་སྟོབས་དང་ལ་ཞེན་ལ་བླ་མེད་ཀྱི་གོང་བཀུར་ཞུ།

  14. སྙེ་ལྷའི་ཐུགས་སྲས། says:
    2012-02-10 at 2:40 pm

    ངའི་མིག་ནས་མཆི་མ་ཐོན་ཀྱང་། ངའི་མིག་ལམ་ན་ཁྱེད་ཚོའི་སྐུ་ལུས་ལས་འཕྱོ་བའི་མེ་དཔུང་གི་རླབས་རྒྱུན་རེད། དཔའ་བོ་ཚོ། ངས་ཁྱེད་ཚོར་གུས་འདུད་ཞུ་བཞིན་ནམ་ཡང་ཁྱེད་ཚོ་དྲན་ལམ་ནས་བསྐྱུར་མི་སྲིད།

  15. རིག་པའི་བུ says:
    2012-02-10 at 6:13 pm

    དཔའ་རྒོད་ལགས། ང་ཚོའི་ནམ་ཡང་གུས་བཀུར་བྱེད། འཛམ་གླིང་ཡོངས་ཀྱིས་གུས་བཀུར་བྱེད་ངེས་རེད།

  16. རྩམ་དགའ། says:
    2012-02-10 at 8:01 pm

    གྲི་དང་ལྕགས་རྡོ་བཟུང་བྱས་ཏེ། །
    ཤི་བའི་བླུན་པོ་མ་ཡིན་པར། །
    གཅེས་པའི་ལུས་ཀྱང་འཕང་མེད་དུ། །
    ཞི་བའི་མེ་ལ་བསྒྲོན་པར་བསྟོད། །

    གངས་ཅན་བོད་ལ་མཁོ་བ་སྟེ། །
    དཔར་འབྱོར་སྟོབས་ཤུགས་མ་ཡིན་པར། །
    ཁྱེད་དང་འདྲ་བའི་མི་རིགས་ཀྱི། །
    ལ་རྒྱའི་བློ་ཁོག་ལྡན་པ་མཁོ། །

    འདི་ན་རང་དོན་ཁོ་ནའི་ཆེད། །
    ཉིན་དང་མཚན་མོ་མདའ་བ་ཡི། །
    བསམ་མེད་གློའུ་རྒན་ཅོལ་ཆུང་ངས། །
    སེམས་ཀྱི་དཀྱིལ་ནས་ཁྱེད་ཉིད་དྲན། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme