Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནེའུ་ཡོག་ཏུ་མཆོད་འབུལ་སྨོན་ལམ་དང་ཞི་བའི་སྐད་འབོད་གནང་སོང་།

Posted on 2012-02-092012-02-09 By ཁ་བརྡ་ 2 Comments on ནེའུ་ཡོག་ཏུ་མཆོད་འབུལ་སྨོན་ལམ་དང་ཞི་བའི་སྐད་འབོད་གནང་སོང་།

བཀྲ་ཤིས་ནས།

ཁ་སང་གཉིས་པའི་ཚེས་བརྒྱད་ཀྱི་ཕྱི་དྲོ་དུས་ཚོད་བཞི་བ་ནས་བདུན་པའི་བར་དུ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་བཀའ་སྤྱི་གཉིས་ཀྱིས་བཀའ་གསུང་བཞིན་ཏུ་ས་གནས་new york དང new jersey བོད་རིགས་སྟོང་ཚོ་བརྒལ་བ་ཞིག་གྲོང་ཁྱེར་གྱི་སྲང་ལམ་ཞིག་ཏུ་མཉམ་འཛོམ་ཐོག་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་མཆོད་འབུལ་སྨོན་ལམ་དང་ཞི་བའི་སྐད་འབོད་གནང་སོང་། དེ་བཞིན་དུ་སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་མཆོག་གིས་གསུང་བཤད་གནང་ནས་བོད་མི་ཡོད་ཚད་ལྡོག་རྩ་གཅིག་བསྒྲིལ་དགོས་ཚུལ་དང་སེམས་ཤུགས་བསྐྱེད་དགོས་ཚུལ་སོགས་བཀའ་སློབ་མདོརབསྡུ ས་ཤིག་གནང་སོང་། ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་བུད་མེད་ཚོགས་གཙོ་གཞོན་ནུའི་ཚོགས་གཚོ་དེ་བཞིན་དུ་བོད་རང་དབང་

སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་རྡོར་སོགས་ཀྱིས་གསུང་བཤད་མདོར་བསྡུས་རེ་གནང་སོང་། རྒྱ་རིགས་རྩོམས་པ་པོ་ཞིག་གིས་གསུང་བཤད་གནང་སོང་། ཁོང་གིས་ཕྱི་སྡོད་ཀྱི་བོད་མི་ཚོ་སེམས་ཤུགས་མ་ཆགས་པར་བོད་དོན་གྱི་ཆེད་དུ་འཛམ་གླིང་གི་ཁྲིམས་ཁང་ཆེ་ཁག་ནང་དུ་ཁྲིམས་གཏུགས་ཀྱི་ལས་དོན་བསྒྲུབ་དགོས་པ་རེད་ཅེས་གསུང་སོང་། རྒྱ་གཞུང་གིས་རྒྱ་མི་རིགས་ཀྱི་ནང་དུ་དེ་འདྲའི་ངོ་རྒོལ་དང་གྱེན་ལང་གི་རིགས་བྱུང་ཚེ་འཇུ་བཟུང་བྱེད་པ་ལས་མེ་མདའ་རྒྱབ་ནས་དྲག་གནོན་བྱེད་ཀྱི་མི་འདུག་ཟེར། ཡར་ལང་གི་སྣེ་ཁྲིད་མཁན་ལ་གཅར་སྡུང་བྱས་ནའང་ཁོའི་ནང་མི་དང་གྲོང་ཁྱིམ་འཚེས་སོགས་ལ་བོད་ནང་ལག་ལེན་བསྟར་བ་བཞིན་བྱེད་ཀྱི་མི་འདུག་ཟེར། དེ་ནི་མི་རིགས་ལ་དབྱེ་འབྱེད་ཀྱི་ཐོག་ནས་བོད་ལ་ཐུབ་ཚོད་བཏང་བ་རེད་ཟེར།
ཡ་མཚན་པ་ཞིག་ལ་ས་གནས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚེ་རིང་བཟང་པོ་ནས་བོད་ཆས་གྱོན་མི་འདུག་ལ་ཁ་རས་ནག་པོ་ཡང་གོན་མི་འདུག་གསལ་བསྒྲགས་ཤིག་སྤེལ་ནས་གཉིས་པའི་བཅུ་གཅིག་ལ་གླུ་གཞས་ཀྱི་དགུང་ཚོགས་ཤིག་ཡོད་ཟེར དེ་རུ་ཕེབས་དང་བོད་ཀྱི་གླུ་བ་གླུ་མ་མང་པོ་ཞིག་ཡོད་ཚུལ་བཤད་སོང་། བོད་རིགས་སྤྱི་མཐུན་ཚོགས་པའི་གོ་བསྒྲིག་བྱས་ནས་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོར་ཚོས་ཆེད་དུ་ལས་འགུལ་སྤེལ་བ་ཞིག་ལོ་གསར་རྙིང་གཉིས་ཀྱི་ནང་དུ་བྱུང་མ་སོང་། ད་དུང་འགྲོ་སོང་གི་སྐོར་ནས་སྐད་ཆ་ཤིག་བཤད་ཡོང་གི་འདུག།

ང་ཚོ་བོད་རིགས་ཚོར་སྡུག་ཐོག་སྡུག་བརྩེགས་བྱས་ནས་མྱ་ངན་གྱི་ལོ་སར་ཀྱང་གཏོང་འདོད་མེད་ནས་ཡོད་དུས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོས་གླུ་གཞས་ཀྱི་དགོང་ཚོགས་
འཚོགས་རྒྱུར་འབད་བརྩོན་བྱེད་ཀྱི་འདུག ངས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚབ་བྱས་ཏེ་སྐད་ཆ་བཤད་རྒྱུ་ཡིན་ཟེར་ནས་ཁོ་རང་གི་ལུས་ལ་བོད་ཆས་ཞིག་ཀྱང་གྱོན་མི་འདུག་
ཁྱེད་ཚོས་སོམས་དང་དུས་ཚོད་འདི་འདྲ་བ་ཞིག་གི་ནང་དུ་གླུ་གཞས་དགོང་ཚོགས་ཤིག་ལ་ཡོང་བའི་འབོད་བསྐུལ་ཞུ་བའི་དུས་ཚོད་རེད་དམ། ས་གནས་བོད་རིགས་མཐུན་ཚོགས་ཀྱི་ངོས་ནས་
བོད་མི་རིགས་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཆེད་དུ་ལས་འགུལ་མང་ཞིག་སྤེལ་ཡོད་ན་དཔལ་འབྱོར་འདུ་འགོད་ཀྱི་ཆེད་དུ་ཡིན་ཟེར་ན་བཤད་འོས་པ་ཞིག་རེད། བོད་ནང་དུ་གནས་ཚུལ་
ཅི་ཞིག་ལྷག་ནའང་རྣ་བ་གཡར་ཙམ་མི་བྱེད་པར་ད་ང་ཚོས་གླུ་གཞས་དགོང་ཚོགས་ཤིག་གོ་བསྒྲིག་བྱེད་ཀྱི་ཡིན་ཟེར་ན་བོད་མི་ཞིག་གི་རྣ་ལ་འགྲོ་སྲིད་དམ། ཧ་ཅང་གི་བློ་ཕམ་སྐྱེ་འོས་པ་ནི་ཚོགས་
གཙོ་ཚེ་རིང་བཟང་པོས་སྐད་ཆ་དེ་ཚོ་རེད།

བོད་རིགས་དག་མཉམ་འཛོམ་བྱས་ནས་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོར་ཚོར་གདུང་སེམས་མཉམ་བསྐྱེད་བྱས་ནས་ལས་འགུལ་རེ་སྤེལ་བ་ནི་སེམས་འགུལ་ཐེབ་པ་ཞིག་དང་ཞེ་གཏིང་
ནས་སྐྱོ་ཡོང་བ་ཞིག་རེད། སྤྱིར་བོད་ནང་གི་རང་ལུས་མེར་བསྲེག་གི་ཡིད་སྐྱོ་བའི་གནས་ཚུལ་དག་གཅིག་འཕྲོར་གཉིས་འཐུདཀྱིས་བྱུང་བ་ནས་བཟུང་ས་གནས་འདིར་ཡོད་བོད་རིགས་ཚོས་རྒྱ་ནག་གཞུང་ཚབ་ཁང་ གི་སྒོ་འགྲམ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་འགྲམ་སོགས་སུ་ཞི་བའི་སྒོ་ནས་སྐད་འབོད་བྱེད་པ་དང་གཞན་ཡང་མཆོད་འབུལ་སྨོན་ལམ་སོགས་གང་མང་ཞིག་བྱས་སོང་། དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་སློབ་ཕྲུག་ཚོགས་པ་སྐྱིད་སྡུག་ཁག་གི་ཚོགས་པ་བཅས་ནས་ལས་འགུལ་རབ་དང་རིམ་པ་སྤེལ་སོང་བ་ནི་གདུང་སེམས་མཉམ་བསྐྱེད་མཚོན་པའི་བོད་ཀྱི་ཚོགས་པ་སྐྱིད་སྡུག་ཁག་ནས་ཕྱར་བ་གྲུ་འདེགས་ཀྱི་ལས་དོན་ཞིག་ཏུ་སེམས། ས་གནས་བོད་རིགས་སྤྱི་འཐུན་ཚོགས་པའི་ཚོགས་གཙོ་ཚེ་རིང་བཟང་པོ་ལ་བརྡ་ལན་འདྲ་ཡོད་ན་
གསལ་བ ོ་གསུང་རོག་གནང་། ང་ཚོས་མྱ་ངན་བྱེད་པའི་དུས་འདི་ལ་དགའ་བསུ་བྱེད་པའི་དགོང་ཚོགས་དེར་འགྲོ་མི་སྲིད་ལ་གྲོགས་པོ་ཚོ་ཡང་མ་ཕེབས་རོགས་གནང་།

གསར་འགྱུར།

Post navigation

Previous Post: ཕྱི་ཚེས་ ༨ ཉིན་སྦེལ་ལྗམ་ནང་མར་མེའི་རྔམ་སྟོན་བྱས་པ།
Next Post: སྐུ་འདས་བློ་བཟང་ཚུལ་ཁྲིམས་མཆོག་གིས་གསུངས་རྒྱུར། (བོད་འབྱོ​ར་གནས་​ཚུལ།)

Comments (2) on “ནེའུ་ཡོག་ཏུ་མཆོད་འབུལ་སྨོན་ལམ་དང་ཞི་བའི་སྐད་འབོད་གནང་སོང་།”

  1. སྐྱུྐྱུྱུ་རྩི་ནས། says:
    2012-02-09 at 10:16 pm

    སྤྱི་མཐུན་ཚོགས་པའི་ཚོགས་གཙོའི་ཕྱུར་པ་དེ་ལམ་བར་དུ་མི་ནག་པོ་ཞིག་ནས་བཅོམ་པའི་སྐོར་གོ་རྒྱུ་འདུག

  2. གེ་གསར་ says:
    2012-02-10 at 4:44 am

    ཁ་སང་ ནེའུ་ཡོག་གཅིག་པོ་མིན་པ་ འཛམ་གླིང་ནང་བོད་རིགས་གནས་ཡུལ་ས་གནས་མང་པོར་མཆོད་འབུལ་སྨོན་ལམ་དང་ཞི་བའི་སྐད་འབོད་ མར་མེའི་ཁྲོམ་སྐོར་སོགས་གནང་འདུག་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme