Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀྲུང་གོའི་བོད་དང་བོད་ཀྱི་བོད།

Posted on 2008-07-152008-07-15 By དགེ་རབ་ 1 Comment on ཀྲུང་གོའི་བོད་དང་བོད་ཀྱི་བོད།

China\'s Tibet
གཡང་སྐྱབས་རྒྱལ་གྱིས།
ཁྱེད་རང་དེང་སང་ཐོན་བཞིན་པའི་བོད་ཡིག་གི་དུས་དེབ་དང་ཚགས་པར་ཀློག་མཁན་ཞིག་ཡིན་ཚེ། ཀྲུང་གོའི་བོད་དང་བོད་ཀྱི་བོད་ཅེས་པའི་ཐ་སྙད་འདི་ཚོ་མིག་ལམ་ལ་བརྒྱུད་ཡོད་ལས་ཆེ། ཨ་མཚར་ཡིན། བོད་ཀྱི་བོད་ཅེས་པ་ཞིག་ངས་ཀྱང་མཐོང་མ་སོང་། འོན་ཀྱང་ངས་བཤད་ན་འདོད་པ་ནི་ཚགས་པར་དང་དུས་དེབ། དེ་བཞིན་ཚོགས་པ་བཅས་ཀྱི་མིང་འདོགས་སྟངས་ཐད་ནས་ཀྱང་ང་ཚོའི་འཐབ་རྩོད་ཅིག་མཚོན་འདུག་བསམས་པ་ཡིན། ཀྲུང་གོའི་བོད་ཅེས་པ་འདི་ལ་བརྟེན་ནས་ང་ལ་བསམ་བློ་འདི་འཁོར་མགོ་བཙུགས། ཀྲུང་གོའི་ཤིན་ཅང་དང་ཀྲུང་གོའི་སོག་ཡུལ་ཟེར་བ་ཞིག་ཡོད་དམ་མེད་ངས་མ་ཤེས། ཀྲུང་གོའི་ཧྲང་ཧེ་ཟེར་བ་ཞིག་མེད་པ་ནི་ཐག་གིས་ཆོད་སྙམ། དེར་བརྟེན་ཀྲུང་གོའི་བོད་ཟེར་དུས་ཚིག་འདིའི་རྒྱབ་ལོགས་ན་བོད་འདི་ཀྲུང་གོའི་ལག་པ་ནས་ཤོར་གྲབས་ཡོད་སྟབས་དེ་ལ་གཟབ་ནན་བྱེད་ཀྱི་ཡོད་པ་དང་། བོད་འདི་ཀྲུང་གོའི་ཡིན་མིན་ལ་རྩོད་པ་ཡོད་པ་དང་། བོད་འདི་ཀྲུང་གོའི་བདག་དབང་འོག་ཏུ་ཤོར་བ་དེ་ཁྲིམས་འགལ་ཡིན་པ་ཞིག་མཚོན་གྱི་མི་འདུག་གམ།
འཛམ་གླིང་གི་ས་ཁུལ་གཞན་ལ་བལྟས་སྐབས་འདི་འདྲ་ཞིག་མེད་པ་འདྲ། ཧིན་དཱུ་སི་ཐཱན་ཟེར་བ་དང་ནིའུ་ཡོག་དུས་བབ་ཟེར་བ་ལྟ་བུ་ས་ཆའི་མིང་གིས་བཏགས་པ་ཡོད་ཀྱང་གོང་གསལ་གྱི་དེ་འདྲ་བདག་འཛིན་ཅན་མ་མཐོང་།
སླར་བོད་ཀྱི་སྤྱི་ཚོགས་སུ་ཁ་འཁོར་སྐབས། བོད་ཀྱི་གཞོན་ནུ། བོད་ཀྱི་དུས་བབ། བོད་ཀྱི་རྩོམ་རིག་སྒྱུ་རྩལ། བོད་ཀྱི་ཟློས་གར་འདི་འདྲ་མང་པོ་ཞིག་ཡོང་གི་འདུག བོད་ཀྱི་བོད་ཅེས་བྲིས་ནའང་མ་འགྲིག་པ་ཞིག་ཨེ་འདུག ངེད་ཀྱི་བསམ་ཚུལ་ལ། འདི་དག་ནི་གཞོན་ནུ་དང་དུས་བབ་སོགས་བྲིས་ན་འགྲིག་ངེས་སུ་ཡོད་ཀྱང་། ང་ཚོའི་བོད་ཅེས་པའི་ཐ་སྙད་འདི་མ་སྦྱར་ཚེ་རང་བདག་གི་དངོས་པོ་ཞིག་ཤོར་ཉེན་ཡོད་པ་ལྟ་བུའི་དངངས་འཚབ་ཅིག་བརྒྱུད་ནས་ཡོང་ཡོད་པར་འདོད་ལ། མཐར་གཏུགས་ན། ང་ཚོ་བོད་ངོ་མ་ཡིན། ང་ཚོ་སུ་ལའང་མི་བདག་གོ། ང་ཚོ་ནི་ང་ཚོ་རང་ལ་བདག་པ་ཡིན་ནོ་ཞེས་ཟེར་བ་ཞིག་དང་མཚུངས་སོ༎ མ་རེད་དམ།

རྩོམ་རིག

Post navigation

Previous Post: རྫོང་ཁ་ཁ་སྐད་ཀྱི་སློབ་ཚན།
Next Post: ང་ཡི་བསྟན་འཛིན་རྒྱ་མཚོ།

Comments (1) on “ཀྲུང་གོའི་བོད་དང་བོད་ཀྱི་བོད།”

  1. ཤེས་རབ། says:
    2008-07-15 at 3:30 pm

    ཁྱེད་ཀྱི་ཟེར་བ་འདི་ཤིན་དུ་བདེན། རྗེས་མ་འདི་འདྲ་བའི་མིང་ཁག་གཅིག་ཡོང་ཉེན་ཆེ།

    བོད་ཀྱི་བོད་པ།
    བོད་ཀྱི་ཨ་རིའི་བོད་ཁང་།
    བོད་ཀྱི་རྡ་སའི་ཕོ་བྲང་།
    བོད་ཀྱི་རྒྱལ་བ་རིན་པོ་ཆེ།
    བོད་ཀྱི་རྗེ་ཙོང་ཁ་པ།
    བོད་ཀྱི་ཁ་བརྡ།
    བོད་ཀྱི་གངས་ལྗོངས་དུས་དེབ།
    བོད་ཀྱི་ཁ་བ་ཅན་རོགས་ཚོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme