Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གནམ་གང་ཉིན་སྐད་ཡིག་བགྲོ་གླེང་ཚོགས་འདུའི་གསལ་བརྡ།

Posted on 2012-02-06 By དབང་ཕྱུག་ 6 Comments on གནམ་གང་ཉིན་སྐད་ཡིག་བགྲོ་གླེང་ཚོགས་འདུའི་གསལ་བརྡ།

༄༅།།བོད་མི་རིགས་ཀྱི་སྐད་དང་ཡི་གེ་ལ་དུང་ཞེན་ཆེ་བའི་རྒྱ་ཆེའི་སྤུན་ཟླ་རྣམ་པའི་སྙན་ལམ་དུ་
ཆེད་ཞུ།

མཁྱེན་ཡངས་ཀུན་གྱི་དྲན་ངོས་ན་གསལ་བ་བཞིན། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་ལོ་རེར་རྒྱལ་སྤྱིའི་སྐད་ཡིག་ཉིན་མོ་སྲུང་བརྩི་བྱས་དང་བྱེད་མུས་སུ་མཆིས་པ་ལགས་ན།ཟླ་འདིའི་ཕྱི་ཚེས་༢༡ཉིན་རྒྱལ་སྤྱིའི་སྐད་ཡིག་ཉིན་མོར་སྟབས་བསྟུན་ཏེ་བོད་ཀྱི་སྐད་ཡིག་གི་ཁྱད་ནུས་མཐོར་འདེགས་ཀྱི་ཕྱིར་དུ།བོད་ཀྱི་དྲ་རྒྱ་དང་དུས་དེབ། ཚགས་པར་བཅས་ཀྱི་རྩོམ་སྒྲིག་པ་དང་རང་དབང་རྩོམ་པ་པོ་རྣམ་པ།དེ་མིན་རྒྱ་ཆེ་ཀློག་པ་པོ་བཅས་སྡེ་ཚན་གསུམ་དུ་བགོས་ནས་རང་རང་གི་དཀའ་ངལ་དང་རེ་འདུན་ཡོད་ཚད་ལྷུག་པོར་བརྗོད་ཆོག་པའི་རང་དབང་གི་གླེང་སྟེགས་ཤིག་གོ་སྒྲིག་བྱས་ཡོད་པས།གོང་གསལ་རྣམ་གྲངས་ནང་ཚུད་པ་རྣམས་ངེས་ཕེབས་ཡོང་བའི་རེ་བ་ཤིན་ཏུ་ནས་ཆེའོ།།

ལོ་འདིའི་རྒྱལ་སྤྱིའི་སྐད་ཡིག་ཉིན་མོ་ནི་བོད་ཀྱི་ལོ་སར་གནམ་སྟོང་གི་ཉིན་མོར་འཁེལ་ཡོད་ཀྱང་།མི་རིགས་འདིའི་འདས་མ་ད་གསུམ་གྱི་ཆེད་དུ།གཞིས་ལུས་སྤུན་ཟླས་ཚེ་སྲོག་གཏོང་ནུས་ན་བཙན་བྱོལ་བ་ཚོས་ཉིན་གཅིག་གི་དུས་ཚོད་གཏོང་ལོས་ཐུབ།དེ་བས། ང་ཚོས་ལག་ལེན་དངོས་ཀྱི་སྟེང་ནས་བསམ་བློ་བརྗེ་རེས་བྱེད་པར་འདོད་མོས་ཆེ་བ་ལགས་ན་ཀུན་གྱིས་དེ་དོན་དགོངས་འཇགས་ཡོང་བར་ཞུ།

ས་གནས། གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་།
དུས་ཚོད། 2012 /2 /21 ཉིན་གྱི་སྔ་དྲོའི་དུས་ཚོད། <9:00___12:30>
འབྲེལ་གཏུགས་ཁ་པར། 9882769565.
གོ་སྒྲིག་པ། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ།

བོད་ཀྱི་སྐད་ཡིག་ཚགས་པར་རྩོམ་སྒྲིག་ཁང་ནས།
སྤྱི་ལོ་༢༠༡༢ལོའི་ཟླ་ ༢ཚེས་ ༥ཉིན།

གསལ་བསྒྲགས།

Post navigation

Previous Post: རྒྱུ་རྐྱེན་ཅི་ཞིག་ལ་བརྟེན་ནས་རང་ལུས་མེར་བསྲེགས་གི་ལས་འགུལ་བྱུང་བ་རེད་།
Next Post: བོད་ནང་གི་གནས་སྟངས་ཚབས་ཆེ་རུ་འགྲོ་སྲིད།

Comments (6) on “གནམ་གང་ཉིན་སྐད་ཡིག་བགྲོ་གླེང་ཚོགས་འདུའི་གསལ་བརྡ།”

  1. བོད་ཡིག་སྐྱབས། says:
    2012-02-06 at 3:28 pm

    བོད་ཡིག་བགྲོ་གླེང། བོད་ཡིག་གི་གནམ་གང། བོད་ཡིག་གི་ལོ་སར། བོད་ཡིག་རྒྱལ་ལོ།

  2. dawa says:
    2012-02-07 at 5:59 am

    འདི་ངས་ལྟསན་དཔེ་ལེགས་པོ་འདུག

  3. ཀརྨ་དགེ་ལེགས། says:
    2012-02-07 at 6:31 am

    ཡག་པོ་འདུག རྟེན་འབྲེལ་ཞུ།

  4. ཀརྡོ་གཉེར་ཕྱག་པ་ says:
    2012-02-07 at 7:04 am

    བོད་ཀྱི་སྐད་ཡིག་གི་ཁྱད་ནུས་མཐོར་འདེགས་ཀྱི་ཕྱིར་དུ་བགྲོ་གླེང་གིས་གནམ་ལོ་གསར་པ་བསུ་བ་ནི་ཆེས་ལེགས་སོ། །ལོ་གསར་གཏོང་བཏང་ལེགས་སོ། །ཤིནད་ཏུ་ལེགས་སོ། །

  5. ཆབ་བྲག་ལྷ་མོ་སྐྱབས། says:
    2012-02-07 at 7:33 am

    ཡི་རང་བསྔགས་བརྗོད་དང་ལྷན་དུ། གལ་ཏེ་ཉིན་འདིར་དྲ་ལམ་ནས་གནམ་ཡིག་(skype)བརྒྱུད་བགྲོ་གླེང་ལ་མཉམ་ཞུགས་ཐུབ་པ་གནང་ཐུབ་ཚེ་ཧ་ཅང་ལེགས།

  6. བསྟན་འཛིན་པདྨ། says:
    2012-02-18 at 1:59 am

    ཕྱི་ཟླ་༢ ཚེས་༢༡ ཉིན་བོད་ཀྱི་གནམ་གང་ཉིན་རྒྱལ་སྤྱིའི་སྐད་ཡིག་ཉིན་མོ་འཁེལ་གྱི་ཡོད་པ་རྟེན་འབྲེལ་བཟང།
    བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་དང་ཡང་ན་བོད་རིགས་བོད་ཀྱི་སྐད་ཡིག་ཐོག་མཁྱེན་རྒྱ་མཐོ་བོ་ཡོད་པ་རྣམས་ནས་དེ་རིང་གི་ཉིན་གཅིག་པུ་ལ་མ་སྒུག་པར་ཡང་ནས་ཡང་དུ་བོད་ཀྱི་སྐད་ཡིག་ཐོག་བགྲོ་གླེང་དང་གཏམ་བཤད། མི་མང་དང་སློབ་ཕྲུག་གི་ནང་ལ་གོ་རྟོགས་སྤེལ་རྒྱུ་སོགས་ལས་རིམ་གང་མང་སྤེལ་རྒྱུ་ཧ་ཅང་གི་གལ་ཆེན་པོ་དང་དགོས་ངེས་གཅིག་རེད་འདུག་པའི་ལྷན་རྒྱས་ནས་དེ་བཞིན་གནང་རོགས་གནང་ཞུ་རྒྱུ་ཡིན།
    ང་རང་སྒེར་གྱི་བསམ་ཚུལ་ལ་ད་ལྟའི་ཆར་གྱི་བོད་ཀྱི་རྩ་དོན་ནང་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་གོང་སྤེལ་གཏོང་རྒྱུ་དེ་གལ་ཆེ་ཤོས་དང་ང་ཚོའི་འཇོན་པའི་ལས་ཀ་གཅིག་རེད་བསམ་གྱི་འདུག
    བགྲོ་གླེང་ལྷུགས་པོ་དང་གནད་ལ་འཁེལ་བ། དོན་སྙིང་ལྡན་པ་ཡོང་བའི་རེ་བ་དང་སྨོན་ལམ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme