Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འདི་ཕྱིའི་སྐྱབས་གནས་རྣམས་གང་དུ་མཆིས།།

Posted on 2012-02-04 By ཁ་བརྡ་ 5 Comments on འདི་ཕྱིའི་སྐྱབས་གནས་རྣམས་གང་དུ་མཆིས།།

རིག་འབྱུང་རྒྱ་མཚོ།

ད་ཆོས་བཤད་ནས་སེམས་རྒྱ་ཆེ་ཁུལ་མ་བྱེད། ཚང་མས་འདི་ལྟར་གཞན་གྱི་མཐོང་ཆུང་དང་གཉའ་གནོན་བྱེད་པའི་མཐོང་ཚུལ་ངོས་སུ་ཁས་བླངས་ནས་གང་ཐུབ་ཀྱིས་ཤུགས་རྒྱགས་རན་རེད། རྨོངས་གཉིད་ལས་སད་ནས་ཤུགས་རྒྱགས་རན་རེད། ད་ལྟ་ང་ཚོ་གོམས་པའི་ལམ་ལུགས་དང་བསམ་པའི་ཁྱེར་སོ་ཡི་འདང་གི་མེད་པ་ཤེས་ནས་ཤུགས་རྒྱག་རན་རེད། ཆོས་ལུགས་དང་ལམ་ལུགས་རྙིང་བའི་བཀའ་རྒྱ་བརྒལ་ནས་ཤུགས་རྒྱག་རན་རེད། སློབ་སྦྱོང་དང་དཔལ་འབྱོར། ཚན་རིག་དང་བཟོ་རིགས། ཚོང་དོན་དང་ལས་དོན་གང་ཞིག་སྒྲུབ་ཀྱང་གཞན་དང་དཔུང་པ་མཉམ་གཤུབ་བྱས་ནས་འགྲོ་ཐུབ་མཁན་གྱི་མི་རིགས་ཤིག་བཟོ་སྐྲུན་བྱེད་རྒྱའི་སླད་དུ་ཤུགས་རྒྱག་རན་རེད། ཆོས་ལུགས་ཁོ་ན་མགོ་འཁོར་ནས་མ་འདུག་པ་འཛམ་གླིང་འཕེལ་ཕྱོགས་སུ་གོམ་པ་སྤོས་ཏེ་རྒྱུག་རན་རེད། གྲྭ་འབོར་ཉུང་དུ་བཏང་ཏེ་རིགས་རྒྱུད་དར་སྤེལ་སླད་དུ་ཤུགས་རྒྱག་རན་རེད། ཡར་རྒྱས་ཀྱི་ལམ་དུ་ཕེབས་རོགས། སུས་ཀྱང་མཐོང་ཆུང་བྱེད་མི་ཐུབ་པའི་མི་རིགས་ཤིག་སྒྱུར་བའི་སླད་དུ་ཤུགས་རྒྱག་རོགས། རྒྱ་ནག་གིས་དེ་ལྟར་བྱེད་པའང་ང་ཚོ་ལ་འཇོན་ཐང་མེད་པས་ལན་པ་རེད། ནུས་པ་མེད་པས་ལན་པ་རེད། རྒྱལ་སྤྱིའི་རྒྱབ་སྐྱོར་མི་ཐུབ་དགོས་དོན་ཡང་སྟོབས་ཤུགས་མེད་པས་ལན་རེད། ང་ཚོ་ལ་ནུས་པས་ལན་པ་རེད། ནུས་བ་མེད་ན་རྒྱབ་སྐྱོར་བྱེད་མཁན་སུ་ཡོད། འཇོན་ཐང་མེད་ན་ནང་མི་ཡིན་ཡང་གྲལ་དུ་ཚུད་དཀའ་ལ། ཕ་མ་ཡིན་ཡང་བརྩེ་སེམས་ཐོབ་པ་དཀའ། ཆུང་མ་ཡིན་ཡང་མིག་ལམ་དུ་མེད་ལ་གྲོགས་པོ་ཡིན་ཡང་མཐོང་ལམ་དུ་ཆུང་། གུས་ཞབས་བྱེད་མཁན་སུ་ཞིག་ཡོད། ཁ་ལ་ཉན་མཁན་སུ་ཞིག་མཆིས། རིན་ཐང་སྤྲད་མཁན་སུ་ཡང་མེད། བདེན་ཏེ། སུས་ཀྱང་བྱེད་མཁན་བྱེད་མཁན་མེད། དོན་དངོས་སུས་ཀྱང་གུས་བཀུར་བྱེད་མཁན་མེད།
བོད་ལ་འདི་ཕྱིའི་སྐྱབས་གནས་མང་དུ་ཡོད་ཀྱང་། ཛ་དྲག་གི་དུས་སྐབས་སུ་སུ་ཞིག་གིས་ཀྱང་ཕན་མཁན་མེད། བོད་ཀྱིས་ད་བར་དུ་བཀུར་བྱེད་སའི་འདི་ཕྱིའི་བླ་མ་རྣམས་གང་དུ་ཡོད། ཆོས་སྐྱོང་སྲུང་མ་རྣམས་གང་དུ་བཞུགས། དཀོན་མཆོག་གསུམ་ཟེར་བ་དེ་ལྷག་ཏུ་གང་དུ་མཆིས། ཁྱེད་ནི་བོད་མི་རྣམས་ཀྱིས་དུས་ཀུན་སྐྱབས་འཇུག་ཞུ་ཡུལ་དེ་མ་ཡིན་ནམ། སྐྱབས་མཁན་གང་དུ་ཡོད། སུ་ཞིག་ཡོད། སྡུག་དུས་མ་ཕན་ནོར་གྱིས་ཅི་ཞིག་བྱ། མཁོ་དུས་མ་ཕན་གྲོགས་ཀྱིས་ཅི་ཞིག་བྱ། ཕམ་ཁ་མྱོང་དུས་སྐྱོབ་མཁན་མི་འདུག རེད། ཕམ་ཁ་མྱོང་བ་དེ་ནི་ལས་དབང་རེད་དམ། ལས་དབང་སུ་ཞིག་གིས་སྒྱུར་མ་ཐུབ་པས་རེད། སུ་ཞིག་གིས་ལས་དབང་སྒྱུར་ཐབས་མེད། དེ་ན་འདི་ཕྱིའི་སྐྱབས་གནས་ཟེར་བའི་ཚིག་འབྲི་འདི་གང་ལ་འཇོག སུ་ཞིག་ལ་གོ དེ་ནི་དོན་དངོས་མི་མང་མགོ་སྐོར་བཏང་བྱེད་ཀྱི་ལག་ཆ་ཞིག་ཨེ་རེད། ད་བར་བོད་མི་དབང་སྒྱུར་བྱེད་ཀྱི་དཀོན་མཆོག་གསུམ་གང་དུ་མཆིས། བླ་ཆེན་རྣམས། ཁྱེད་ཚོས་མཁྱེན་ཡོད་ཤེས་ཆེ། གང་དུ་ཡོད་པ་རེད། གསུངས་དང་ཀྱེ། གང་དུ་ཡོད་དམ། ང་ཚོ་སྟེ། བོད་མི་གཞོན་སྐྱེས་རྣམས་ཀྱི་སྐོམ་པ་ཆུ་འདོད་ཀྱི་རེ་བ་དེ་དཀོན་གསུམ་རྟོགས་རྒྱུ་དེ་ཡིན། འདི་ཕྱིའི་སྐྱབས་གནས་ཟེར་བའི་ཚིག་འདིའི་ནང་དོན་རྣལ་མ་དེ་ཤེས་འདོད་པ་ཡིན། དེ་ནི་དོན་དངོས་གང་ཞིག་ཏུ་མཆིས། དེ་ནི་ང་ཚོའི་ཕ་མེས་ཚོ་འཆིངས་བྱེད་ཀྱི་ཐག་པ་ཡིན་པ་དངོས་གནས་རེད་དམ། ད་ལྟ་སྐྱབས་མཁན་མི་འདུག རྒྱ་དམག་བོད་དུ་ཡོང་སྐབས་སྐྱབ་མཁན་མ་མཆིས་ལ་གསར་རིག་སྐབས་དེ་བས་མཆིས། འདི་ཕྱིའི་སྐྱབས་གནས་ཀྱི་བླ་མ་རྣམས་ཀྱང་བོད་ཀྱི་མགོན་དུ་མ་བཞུགས་པ་རྒྱའི་གཙོན་ཁང་དང་ཡུལ་གྱར་དུ་ཕེབས། ཁོང་རྣམས་ཀྱིས་བོད་མི་རིགས་སྐྱོབ་པ་ལྟ་ཅི་ཐ་ན་རང་གི་ཚེ་སྲོག་ཀྱང་མགོ་པོ་མ་ཐོན་པ་གཞན་ལ་སྐྱབས་བཅོལ་ཞུས། མགོ་བཏགས་ཞུས། གཙོན་དུ་གྲོངས། དམར་པོའི་འོག་ཏུ་མནར་གཅོད་མྱོང་། ས་མཐའི་ས་ཆུ་མ་འཕྲོད་པའི་སྡུག་ངལ་མཐོང་། དོན་དངོས་ཁོ་ཚོ་ནི་ང་དང་གཅིག་པའི་མི་སྟེ། སྤྱི་བཏང་གི་བོད་མི་ཞིག་ཡིན་པ་རེད། དེ་ལས་ལྷག་པའི་ཁོ་ཚོ་ནུས་བ་མེད་པ་འདྲ། མེད་པ་ལོ་རྒྱུས་ཀྱིས་གསལ་བཤད་བྱས། དངོས་བྱུང་གི་བདེན་དཔང་བྱས། བླ་སྤྲུལ་རྣམས། ད་ནི་དངོས་ཡོད་གནས་ཚུལ་གསུངས་རན་རེད། སྐྱུ་གཡའ་བའི་གནས་སྟངས་བསམ་ནས་གསུངས་རན་རེད། མི་རིགས་ཀྱི་བདེ་སྡུག་བསམ་ནས་གསུངས་རན་རེད། མ་འདུག ལ་རྒྱལ་བཟུང་ནས་མ་འདུག པམ་བཟུང་ནས་འདུག་རན་མ་རེད། མི་མང་ལ་མགོ་སྐོར་བཏང་ནས་འདུག་རན་མ་རེད། ནུས་བ་མེད་ན་ཡོད་ཁུལ་བྱས་ནས་འདུག་རན་མ་རེད། རང་ཉིད་ཀྱི་ཐོབ་ཐང་ཆེད་དུ་འདི་ཕྱིའི་སྐྱབས་གནས་ཡིན་ཁུལ་བྱས་ནས་འདུག་རན་མ་རེད། རང་ཉིད་ལ་བདེ་སྡུག་གི་མྱོང་བ་ཡོད་ཅིང་གཞོན་ནུ་མ་ཆགས་པའི་འདོད་སྲེད་ཡོད་ཀྱང་མེད་ཁུལ་བྱས་ནས་འདུག་རན་མ་རེད། རང་ཉིད་ལ་ཐོབ་དང་གོ་སའི་འདོད་སྲེད་ཡོད་ཀྱང་མེད་ཁུལ་བྱས་ནས་འདུག་རན་མ་རེད། རང་ཉིད་ས་ཐོབ་པའི་བྱང་ཆུབ་སེམས་པ་མིན་ཡང་ཡིན་ཁུལ་བྱས་ནས་བཞུགས་རན་མ་རེད། བོད་མི་འདི་འདྲ་ཞིག་གིས་མི་རིགས་ཀྱི་ཆེད་དུ་རང་སྲོག་འདོར་ཐུབ་ན། ཅིས་ཕྱིར་ཁྱེད་ཚོའི་དངོས་ཡོད་གནས་ཚུལ་མང་ཚོགས་སུ་གསུངས་མ་ནུས་བ་ཡིན། བོད་མི་རིགས་ཀྱི་ཁེ་ཕན་ཆེད་དུ་རང་ལ་གང་ཡོད་པ་དེ་དོན་དངོས་ཀྱིས་གསུངས་དང་། འཇིག་ལ་ཉེ་བའི་མི་རིགས་འདིའི་ལས་དབང་བསམ་ནས་གསུངས་རོགས། ད་བར་དུ་ཁྱེད་ཚོའི་མི་རིགས་འདི་དབང་སྒྱུར་བྱས་བར་ཆོག་སེམས་སྒོམས་ནས་གསུངས་རོགས། རང་ཉིད་ལ་ནུས་བ་མེད་ན་ཡོད་ཁུལ་གྱི་འདུ་ཤེས་དོར་ནས་མི་མང་དུ་དམར་རྒྱན་དུ་གསུངས་དང་། དེའི་ང་ཚོའི་མི་རིགས་འདི་རྨོངས་གཉིད་ལས་དཀྲོལ་ཐུབ་ལ། ལོ་ངོ་སྟོང་ཕྲག་ལྷག་གཉིད་དུ་ཡུལ་བའི་དུར་ས་ལས་སེལ་ཐུབ། ལོ་རྒྱུས་ཀྱི་ཁ་ཕྱོགས་སྒྱུར་ཐུབ། ཐུགས་རྗེ་གཟིགས། མི་རིགས་འདི་ཡང་སྐྱར་མགོ་སྐོར་མ་བཏང་། ཡིག་རྨོངས་ལས་སེལ་མ་ཐུབ་པའི་མི་མང་རྣམས་དེ་བས་མགོ་སྐོར་མ་བཏང་། རང་གི་ཁ་རྒྱབ་དང་ཐོབ་ཐང་། ཚན་སྙན་གྲགས་ཀྱི་སླད་དུ་མགོ་སྐོར་མ་བཏང་། གང་ཤེས་བ་དྲང་མོ་གསུངས། རང་གིས་རང་མི་རིགས་ལ་མགོ་སྐོར་མ་བཏང་། དེ་ནི་ང་ཚོའི་ང་ཉིད་སྐྱོབ་པའི་ཐབས་ལམ་ཡག་ཤོས་དེ་རེད། འཇིག་རྟེན་འདིར་ང་ཚོས་རང་ཉིད་མ་སྐྱོབ་ན་གཞན་སུ་ཞིག་སྐྱོབས་མཁན་མེད་པས་ཡིན། དེ་མེད་པ་མི་རིགས་འདིའི་ངོས་འཛིན་གཏན་ཟབ་ཐོབ་པའི་སླད་དུ་ཡིན།།

སྣ་ཚོགས།

Post navigation

Previous Post: བོད་མི་ག་ཚོད་ཅིག་བསྲེག་རྗེས་སུ། བོད་མི་དག་གཉིད་ལས་སད་དམ།
Next Post: ངས་ཉིན་ང་ཚོས་ཅི་ཞིག་བྲིས་ན་འོས།

Comments (5) on “འདི་ཕྱིའི་སྐྱབས་གནས་རྣམས་གང་དུ་མཆིས།།”

  1. དགྲ་འདུལ་གཉེན་སྐྱོངས། says:
    2012-02-05 at 5:41 am

    དེ་འདྲ་རང་གསུངས་མི་ཉན།

  2. ཁཱ་ཏ་ཁ་ཏ་བ། says:
    2012-02-05 at 6:33 am

    སོ་སོའི་སེམས་ཚོར་རེད་། དེ་འདྲ་གསུང་ཉན་དང་ཉན་། ང་ཀྱང་དེ་འདྲ་དེ་འདྲ་དྲན་གི་འདུག 90 % འགྲིགས་བཞག

  3. མིག་བརྒྱད་པ། says:
    2012-02-05 at 1:47 pm

    མདུང་ཁ་ནང་ལ་བསྐོར་མི་རུང་། །རྒྱ་དམར་གྱི་མེ་མདའི་ཁ་ནས་འབོད་སྒྲ་སྒྲོག་མཁན་དེ་ཚོ་ནི་བླ་མ་ལ་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་བཅོལ་མཁན་རྐྱང་རེད། ། ཨ་ཧོ་དད་པ་འདི་མིན་རྒྱུ་ན་བོད་འདི་སྔར་ནས་གང་དགའ་གང་སྐྱིད་ཀྱི་ཕྱོགས་སུ་སོང་ཚར་ཡོད་ཀྱི་རེད།

  4. དགྲ་འདུལ་གཉེན་སྐྱོངས། says:
    2012-02-05 at 9:12 pm

    སེམས་འཚོར་དྲན་ནས་བཤད་པ་ཡག་པོ་རེད། ཡིན་ན་ཡང་བོད་མི་བརྒྱ་ཆ་༩༠ རྣ་བར་འགྲ྄ོ་་གི་མ་རེད་ཕན་ཐོག་ཀྱང་ཡོད་པ་མ་རེད། སེམས་ཚོར་དེ་དང་སྐད་ཆ་དེ་རྒྱ་དམར་གུང་ཁྲན་ལ་དགོས་རྒྱུ་དེ་རེད། དེའི་་མིང་ལ་རང་མགོ་ཆུ་འད྄ེན་ཟེར།

  5. ཀརྡོ་གཉེར་ཕྱག་པ་ says:
    2012-02-05 at 9:23 pm

    སྨྲ་བརྗོད་རང་དབང་རེད་དེ། བོད་ཡ་རབས་ཀྱི་རྒྱལ་ཁ་ཡོད་ཡོད་པ་རེད། རྒྱ་མ་རབས་ཀྱི་མི་ངན་ཡོད་ཡོད་པ་རེད་ལ། ད་ལྟ་ནས་སེམས་ཤུགས་དེ་འདྲ་ཡང་ཆག་དགོས་དོན་མེད་སྙམ་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme