Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རེབ་གོང་དང་བླ་བྲང་དུ་དྲག་ཆས་དམག་མིས་འཇིགས་སྐུལ་བྱེད་བཞིན་པ།

Posted on 2012-02-032012-02-03 By ཤར་ཕྱོགས་ཁུག་རྟ། 4 Comments on རེབ་གོང་དང་བླ་བྲང་དུ་དྲག་ཆས་དམག་མིས་འཇིགས་སྐུལ་བྱེད་བཞིན་པ།

མདོ་སྨད་པ། ༼ བོད་འབྱོར། ༽

ཁ་སང་དེ་རིང་བོད་ཨ་མདོའི་དགོན་པ་ཆེ་ཁག་བླ་བྲང་བཀྲ་ཤིས་འཁྱིལ་དང་རེབ་གོང་རོང་བོ་དགོན་ཆེན་སོགས་སུ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚོགས་བཞིན་པའི་སྐབས་འདིར་སྤྱི་ཚེས་སུམ་ཅུ་ནས་བླ་བྲང་ལུང་པའི་མགོ་མཇུག་གི་ལམ་ཁར་དང་མགྲོན་ཁང་དག་ཏུ་ཉེན་རྟོགས་པའི་ཕྱོགས་ཡོངས་ཀྱི་འགྲུལ་བ་ཀུན་གྱི་ལག་ཁྱེར་ཐོ་འགོད་དང་ཅ་ལག་བསྔོགས་པ་སོགས་བྱེད་པ་དང་མགོ་ལོག་དང་སི་ཁྲོན་བྲག་མགོ་དང་གསེར་རྟ། རྔ་བ་བཅས་ཀྱི་མི་འགྲོ་འོང་བྱེད་དུ་འཇུག་གིན་མེད་པ། ད་དུང་ཚེས་གཅིག་དང་གཉིས་ནས་བཟུང་བླ་བྲང་གི་སྲང་ལམ་ཀུན་ཏུ་མངོན་སུམ་འཛེམས་མེད་སྒོས་དམག་མིས་སྐོར་གཡེང་དང་དྲག་ཆས་སྤྲས་པའི་རླངས་འཁོར་བདུན་བརྒྱད་ཙམ་བསྐོར་གཡེང་བྱས་ཏེ་མི་མང་ལ་འཇིགས་བསྐུལ་བྱེད་བཞིན་འདུག
རེབ་གོང་གི་ཕྱོགས་ཀུན་གྱི་བགྲོད་ལམ་གྱི་འགག་མདོ་རུ་ཉེན་རྟོགས་པའི་ཞིབ་བཤེར་དང་ཐོ་འགོད་བྱེད་པ་དང་ལྷག་པར་ཏུ་གྲྭ་བཙུན་ལ་བལྟ་རྟོགས་ནན་པོ་བྱེད་གྱིན་འདུག སྲང་ལམ་དུ་དྲག་ཆས་ཉེན་རྟོགས་པ་དང་དམག་མིས་བསྐོར་གཡེང་བྱེད་བཞིན་པར་མ་ཟད། གྲོང་སྡེ་སོ་སོའི་ནང་གཞུང་གི་ལས་བྱེད་པ་མངགས་སྟེ་རོང་བོ་དགོན་ཆེན་དུ་ཆོ་འཕྲུལ་སྨོན་ལམ་ལ་མཆོད་མཇལ་འགྲོ་མི་ཆོག་པའི་བཀའ་རྒྱ་གཏོང་བ་དང་ལམ་མདོ་སོ་སོ་ནས་བཀག་འགོག་བྱེད་བཞིན་འདུག མི་མང་ལ་འཇིགས་བསྐུལ་སྒོས་མི་སུ་ཞིག་ཟིང་འཁྲུག་ནང་ཞུགས་པ་ཡིན་ན་སྐབས་དེའི་ཟིང་འཁྲུག་གི་འགན་ཆ་ཚང་མི་དེ་ལ་ཡོད་སོགས་ཟེར་བའི་འཇིགས་བསྐུལ་བྱེད་བཞིན་འདུག ད་དུང་བླ་བྲང་བཀྲ་ཤིས་འཁྱིལ་དང་རེབ་གོང་རོང་བོ་དགོན་པའི་ཉེ་འདབས་སྲང་ལམ་དུ་ཉེན་རྟོགབས་པས་ལྭ་བ་བརྗེས་ཏེ་མི་དཀྱུས་མར་བརྫུས་ཏེ་འགྲོ་མཁན་མང་པོ་འདུག གང་ལྟར་རྒྱ་མིའི་སྲིད་གཞུང་གིས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་སུ་ཟིང་འཁྲུག་འབྱུང་ཤག་བྱེད་བཞིན་འདུག

གསར་འགྱུར།

Post navigation

Previous Post: ཁམས་བྲག་འགོར་སྡོམ་བཙུར་བྱེད་པའི་གནས་ཚུལ་གསར་སྒྲོག
Next Post: ཟླ ༢ ཚེས ༨ ཉིན་ཁ་རས་ནག་པོ་དཀྲིས་ཏེ་སྨོན་ལམ་ཐོན།

Comments (4) on “རེབ་གོང་དང་བླ་བྲང་དུ་དྲག་ཆས་དམག་མིས་འཇིགས་སྐུལ་བྱེད་བཞིན་པ།”

  1. སྦྲ་ནག says:
    2012-02-03 at 3:46 pm

    བོད་ནང་གི་བོད་མི་ཚོ་ལ་གདུང་སེམས་མཉམ་སྐྱེད་དང་ཁྱོད་ཚོའི་དཀའ་སྡུག་ང་ཚོ་ཕྱི་སྡོད་བོད་མི་ཚོས་ཉིན་རེ་བཞིན་ཚོར་ཐུབ་ཀྱི་འདུག བོད་རྒྱལ་ལོ།

  2. skyidsduggcigp says:
    2012-02-03 at 4:41 pm

    བོད་ཨ་མདོ་མང་ར་ཕྱོགས་སུའང་རྒྱ་ནག་གི་དམག་དཔུང་སྐོར་ཅིག་ད་ལོའི་ཟླ༡པོའི་ཚེས་༥་ནས་འབྱོར་ཡོད་པ་དང་ཕྱོགས་གང་སར་རྒྱ་གཞུང་གི་ལྭ་དཀྱིལ་མ་གྱོན་མཁན་གསང་བའི་དམག་མི་ཞེས་པ་དེ་ཇེ་མང་ལ་སོང་ཡོད་པ་དང་།མང་རའི་དགོན་ཆེན་སྟེ་ཀླུའུ་དགོན་པ་དང་ཐར་ཤུལ་དགོན་པ།ཐོ་ལེ་དགོན་པ་སོགས་དགེ་ལུགས་པའི་དགོན་པ་དང་ཐུར་སྦྲུལ་རྙིང་མའི་དགོན་པ་སོགས་རྙིང་མའི་དགོན་སྡེ་ཁག་ལ་སོགས་ཆོས་སྡེ་ཁག་ལ་ཡིག་ངག་གཉིས་ཐོག་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་ནང་དོན་ཡིད་ལ་འཇགས་དགོས་ཚུལ་དང་།སྤྱི་ཚོགས་བདེ་འཇགས་ལ་མཐུན་ཕྱོགས་ནས་མཐུན་ཕྱོགས་ནས་བྱ་བ་བསྒྲུབ་དགོས་ཞེས་ཁ་ལ་སློབ་གསོ་གཏོང་དགོས་ཞེས་རྒྱ་གཞུང་གིས་ཡང་དང་ཡང་དུ་བཀའ་རྒྱ་བཀྲམས་བཞིན་ཡོད་ན་ཡང་།རྒྱ་ལོ་ཚེ་༡་གཅིག་ཉིན་མང་ར་རྫོང་མཁར་དང་མགོ་མང་ཕྱོགས་སུམ་མདོ་ཕྱོགས།ཐར་ཤུལ་ཕྱོགས།མང་ར་ཕྱོགས་བཅས་སུ་རོང་འབྲོག་ཚང་མས་ལོ་སེར་མེད་པ་དང་།ཁྱད་པར་དུ་མང་རའི་དགོན་ཆེན་དང་དེའི་ཉེ་འདབས་ཀྱི་མཐའ་བ་གོང་ཞོལ་སྡེ་བ་ཁག་དང་སུམ་མདོའི་གཡང་གཞིའི་དགོན་པའི་མཐའ་ན་ཡོད་པའི་བོན་རྒྱ་སྡེ་བ་དང་སུམ་མདོའི་རྒྱ་ཤིང་ན་ཡོད་པའི་ཐར་ཤུལ་སྤྱི་བ་དང་རྒྱ་ཤིང་སྡེ་བ།གཞན་ཡང་ཐར་ཤུལ་དགོན་པ་དང་ཐར་ཤུལ་ཚོ་གསུམ།ཐར་ཤུལ་ག་རྒྱ་དགོན་པ་དང་ག་རྒྱ་སྡེ་བ།མང་རའི་ཐུར་སྦྲུལ་རྙིང་མའི་དགོན་པ་དང་ཐུར་སྦྲུལ་སྡེ་བ་ལ་སོགས་མང་རའི་ཡུལ་ཕྱོགས་ཀྱི་ཡུལ་ལུང་མང་པོ་མཐའ་གཅིག་དུ་རྒྱ་ལོ་གསར་མེད་པ་མ་ཟད།ས་ཆ་དེ་དག་ན་དུས་ཆེན་ཞིག་ཡིན་པའི་རྣམ་པ་རྩ་བ་ན་མེད་པ་མ་ཟད།ཉིན་དེར་ཆོས་སྤྱོད་ཀྱི་ལས་འགུལ་ཤུགས་ཆེན་སྤེལ་ཡོད་པའི་གནས་ཚུལ་འདུག་ཡང་ཡ་མཚན་པ་ཞིག་ལ་རྒྱ་ནག་གཞུང་གིས་ལོ་གསར་གྱི་ཆེད་དུ་འགྲོ་སོང་གཏོང་བཞིན་པའི་རྒྱ་གཞུང་གི་དངུལ་བླངས་སྟེ་མདའ་འཕེན་མཁན་གྱི་སྡེ་བ་ཁག་ཅིག་ཀྱང་ཡོད་པ་ནི།དཔེར་ན་མང་རའི་ལོ་བ་སྡེ་བ་དང་མ་ཀི་ཐང་ལ་སོགས་སྡེ་བ་ཁག་ཅིག་གིས་གླུ་ལེན་གར་རྩེ་དང་རྟ་རྒྱུགས་མདའ་འཕེན་གྱི་ལོ་གསར་ཡག་ཐག་ཆོད་རོལ་མཁན་ཡང་ཡོད་ཚུལ་འདུག་པ་མ་ཟད།མང་རའི་རྫོང་ཐོག་ཏུ་བྱ་མདོ་སྤྲེལ་ནག་སྡེ་བའི་ཞབས་གྲོ་ཚོགས་པ་ཡོང་ནས་ཞབས་བྲོ་རྩེ་བར་།མང་རའི་ཡུལ་གྱི་བོད་མི་ཚང་མས་ཁ་གཅིག་གྲགས་མི་མི་ལེགས་ཚུལ་ལབ་ཡོད་པའི་གནས་ཚུལ་ཡང་ཐོན་འདུག

  3. འཇམས་དཔལ་རལ་གྲི། says:
    2012-02-04 at 8:49 am

    ཁ་སྟག་ཕུན་ཚོགས་སྟོབས་རྒྱལ་གྱིས་བོད་ནས་བླངས་པའི་བོད་བཞས་གསར་པ། སྲིད་བློན་བློ་བཟང་སེངྒེ་ལ་བསྟོད་པ།
    གངས་དཀར་གནམ་ཟུག་ཅིང་། །ཉི་ཟླ་མཉམ་དུ་ཤར་བ། །རྫོགས་ལྡན་གསར་པའི་སྐུ་མགྲོན། །བསུ་བའི་ལས་སྐལ་ལྕི་མོ། །མི་འཇིགས་ཕྲག་པར་ཁྱེར་མཁན། །གྱད་མི་བློ་བཟང་སེངྒེ། །སྲིད་བློན་ལགས། མང་པོའི་དཔུང་གིས་བཏེག་པའི། །གནམ་གྱི་སྲས་པོ་ཡིན་ཡང་། །གསེར་གྱི་ཁྲི་ལས་ཕབ་མཁན། །ཕ་མེས་བཙན་པོའི་རྐང་རྗེས། །ཟིན་པའི་བརྡ་ལན་སྤྲོད་མཁན། །དཔའ་བོ་བློ…་བཟང་སེངྒེ། །སྲིད་བློན་ལགས། བཙན་དབང་གཉའ་གནོན་ཞིག་ལ། །ཞེན་ཁ་གཏིང་ནས་ལོག་པས། །གངས་ཅན་བོད་མིའི་སྐྱིད་སྡུག། ཐབས་དང་རྒྱུ་ལ་མི་བསྐུ། །ཆོལ་གསུམ་གཅིག་ཏུ་སྒྲིལ་མཁན། །དེད་དཔོན་བློ་བཟང་སེངྒེ། །སྲིད་བློན་ལགས། མང་པོའི་ཕྱོགས་སུ་མི་རྒྱུགས། །ཞེན་པའི་མཐའ་ལ་མི་ལྷུང་། །གཞིས་བྱེས་བོད་མའི་ཁ་ཕྱོགས། །བཅོས་བསྒྱུར་གསར་གཏོད་བརྒྱུད་དེ། །རང་དབང་རང་གིས་ལེན་མཁན། །མཛངས་མི་བློ་བཟང་སེངྒེ། །སྲིད་བློན་ལགས།

  4. བསོད་ནམས། says:
    2012-02-04 at 7:51 pm

    མདོ་སྨད་ཕྱོགས་ཀྱི་ཆོས་སྲིད་གཉིས་ཀྱི་གདན་ས་ཆེ་ཁག་འདི་གཉིས་ལ་རྒྱ་དམར་ཚང་གིས་འདྲེ་ལག་གང་ཐུབ་བརྐྱང་ཏེ་བོད་མིར་སུན་བཙེར་བྱེད་ཀི་ཡོད་པ་དེར་བློ་ཕམ་བྱུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme