Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བལ་ཡུལ་ནང་གི་བོད་མི་ཚོར་སྐྱབས་བཅོལ་ལག་ཁྱེར་བཟོ་འཆར།

Posted on 2012-02-02 By ཁ་བརྡ་ 9 Comments on བལ་ཡུལ་ནང་གི་བོད་མི་ཚོར་སྐྱབས་བཅོལ་ལག་ཁྱེར་བཟོ་འཆར།

པ་སངས་ཚེ་རིང་གིས།

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ད་རེས་བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པ་འཕྲིན་ལས་བླ་མས་བཀོད་ཁྱབ་བཏང་བ་ལྟར། མཆོད་འཇོར་བོད་མིའི་ས་གནས་འགོ་འཛིན་ལས་ཁུང་གིས་བོད་མི་རྣམས་ལ་སྐྱབས་བཅོལ་ལག་ཁྱེར་བཟོ་རྒྱའི་ཆེད་དུ་ཡིན་གསུང་ནས་ལག་དེབ་ལྗང་ཁུའི་ཨང་གྲངས་ཀྱི་ཐོག་ནས་དེབ་སྐྱེལ་བསྡུ་ལེན་ཞིག་བྱེད་ཀྱིན་འདུག ཡང་ཁག་ཅིག་གིས་གསུངས་པ་ལྟར་ན། གནས་ཚུལ་དེ་བོད་གཞུང་གིས་མཁྱེན་རྟོགས་གང་ཡང་མེད་པར་འཕྲིན་ལས་བླ་མ་ཁོ་ནས་དེ་འདྲ་ཞིག་བྱེད་ཀྱིན་ཡོད་སྐོར་བརྗོད་མཁན་ཡང་འདུག བོད་མི་རྒན་པ་ཁག་ཅིག་གིས་བལ་ཡུལ་འདི་དངུལ་དགའ་ཞིང་། རྒྱ་དམར་ལ་བསྟུན་མཁས་པས་བོད་ལ་ཇུས་ངན་ཞིག་བཤམ་གྱིན་མེད་དམ་ཟེར་ནས་བློ་འཚབ་བྱེད་མཁན་ཡང་འདུག རྒྱུ་མཚན་ནི་འཕྲིན་ལས་བླ་མ་ཟེར་པ་ཁོང་བལ་ཡུལ་གྱི་མི་ཞིག་ཡིན་སྟབས་བློ་ཁེལ་བ་རང་ཡོད་འདོག་མི་འདུག་ཟེར་མཁན་ཡང་བོད་བའི་སྤྱི་ཚོགས་ནང་གང་མང་ཞིག་འདུག དེ་སྔོན་ཡིན་ན་བོད་བལ་ཡུལ་ནང་གི་བོད་པ་སྐྱབས་བཅོལ་ལ་ལེན་ཕྱོགས་ཀྱི་གནས་ཚུལ་ལ་འབྲེལ་བརྗོད་བྱེད་སྟངས་ལ་གཞིག་ན། བལ་ཡུལ་ནང་གི་མཉམ་འབྲེལ་རྒྱལ་ཚོགས་དང་བལ་ཡུལ་བོད་མིའི་དོན་གཅོད་ཀྱིས་གཙོས་བས་ས་གནས་འགོ་འཛིན་སོགས་མཉམ་འདུས་ཀྱིས་བལ་ཡུལ་ནང་སྲིད་ལས་ཁུང་ལ་འབྲེལ་བ་བྱས་ཏེ་སྙན་ཞུ་འབུལ་རྒྱུ་སོགས་ཀྱི་གནས་ཚུལ་དེ་འདྲ་ཡིན་ཡང་། ད་རེས་སུ་གང་གིས་མཁྱེན་རྟོགས་མེད་པར་འཕྲིན་ལས་བླ་མ་ཁོང་གིས་དེ་འདྲ་ཞིག་གནང་བཞིན་པར་ཁག་གཅིག་དོགས་པ་ཟ་བཞིན་ཡོད་ཀྱང་། མང་པོ་ཞིག་གིས་སྐྱབས་བཅོལ་ལག་ཁྱེར་ལ་རེ་བ་བྱས་ཏེ་དེབ་ལྗང་ཁུའི་ཐོག་ནས་དེབ་སྐྱེལ་བྱེད་བཞིན་པ་རེད། གནས་ཚུལ་འདི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། བཀའ་ཤག་གིས་མཁྱེན་རྟོགས་བྱུང་མེད་པ་རེད་བརྗོད་མཁན་འདུག དེར་རྟེན་ད་རེས་གུས་པས་དྲ་ཐོག་ཏུ་བཀོད་པ་ཡིན། འོན་ཀྱང་ཚང་མས་མཁྱེན་རྟོགས་ཆེད་དུ་ལས་གཞན་ལ་སྐྱོན་བརྗོད་སོགས་གང་ཡང་མིོན།

སྣ་ཚོགས།

Post navigation

Previous Post: ཏཱ་ལའི་བླ་མར་འཚེ་མེད་ཞི་བའི་མིང་འདོགས་པ་ནི་དགོད་གཏམ་ཁོ་ན་ཙམ་རེད།
Next Post: བཙན་ཐབས་ཀྱིས་འབྲོག་པ་གནས་སྤོ་བྱ་རྒྱུའི་སྲིད་བྱུས་མཚམས་འཇོག་དགོས།

Comments (9) on “བལ་ཡུལ་ནང་གི་བོད་མི་ཚོར་སྐྱབས་བཅོལ་ལག་ཁྱེར་བཟོ་འཆར།”

  1. འཚོ་བྱེད་བུ་t.p says:
    2012-02-02 at 4:07 pm

    སྐྱབས་བཅོལ་ལག་འཁྱེར་བཟོ་སྟངས་དེ་འདྲའི་སྙིང་རྗེ་བོ་ཞིག གང་ལྟར་བལ་ཡུལ་གཞུང་གིས་ཆབ་སྲིད་ཀྱི་ཁ་ཕྱོགས་མ་བསྒྱུར་གོང་དང་ཉེན་རྟོག་པས་དབྱུག་པ་ཐང་ལ་མ་བཞག་གོང་། འཕྲིན་ལས་བླ་མས་གོ་སྐབས་ཞིག་བརྙེད་པ་ལ་ཕྱོགས་ཡོངས་ནས་དོག་པ་ཟ་བ་ལ་རྒྱུ་མཚན་འདུག་སྙམ།

  2. བསྟན་འཛིན་ཟླ་མཛེས། says:
    2012-02-02 at 5:53 pm

    ང་ལ་ཡང་དོག་པ་ཡོད། གང་ཡིན་ཟེར་ན། ང་རང་བལ་ཡུལ་ནང་ལ་ནམ་རྒྱུན་བསྡད་ནས་བོད་པ་ཞིག་ཡིན། བལ་ཡུལ་སྣེ་ལེན་ཁང་གི་འགན་འཛིན་ཕྱི་དྲོ་ས་མཚམས་ལ་ཞལ་ལག་བཞེས་སོང་ནས་དགོངས་ད་འགྲམ་ནས་བསྡད་དེ། ཞོགས་པ་ཚུར་ལོགས་ཡང་གི་འདུག དེ་ང་རང་གི་ཐེངས་མང་པོ་མཐོང་མྱོང་ཡོད། ངོ་ནེ་ཡིན། ང་རང་ལ་ཆ་བཞག་ན། ང་ལྷ་ས་ནས་ཡིན། འགྲམ་དང་བལ་ཡུལ་པར་ཚོང་རྒྱག་ནས་དེ་འདྲ་ཡིན། ད་འདའ་དེ་ལས་ལྷག་པ། ཟླ་བ་རྡོ་རྗེ་ལབ་ཡ། ཁོ་རང་གིས་བོད་ནས་གསར་པ་སླེབས་མཁན་བུད་མེད་མང་པོ་ལ་བཙན་གཡབ་བྱེད་གི་འདུག གནས་ཚུལ་འདི་ལོ་ལྔ་སྔོན་ལ་རེད། ཕལ་ཆར་ཟམ་གདོང་རིན་པོ་ཆེ་ཁོ་རང་སྐུ་ཞོགས་ཡིན་ཙང་། གསུངས་མ་བདེ་བ་ཡོད་པ་འདྲ། ཡིན་པ་ཡིན་ན། བཀའ་ཁྲི་གསར་པ་ག་རེ་ཅེ་སོང་རེད། ཡང་མིན་ན་ཤེས་ཡོན་མཐོ་དྲགས་ནས་ང་ཚོ་སྤྱི་ཚོགས་དམའ་ས་དེ་ཚོ་ཕལ་ཆེར་མཐོང་གི་མེད་པ་འདྲ། ཁོ་རང་གིས་ལོ་སྔོན་མ་ཞེ་བོ་ཅེ་གི་ཡིན་ལབ་སོང་། ད་ད་ལོ་ཁོ་རང་གི་ལག་པ་ལ་ཅེ་ཡ་སླེབས་འདུག ད་ཡིན་ན་བཀའ་ཁྲི་གསར་པ་མཆོག་གིས་ལས་ཀ་ཅེ་ཡ་གི་དུས་ཚོད་ལ་སླེབས་འདུག ང་ཚོ་བོད་ཀ་ཀ་ལ་གི་ཁ་རྒྱག་པ་ལབ་ནས་བཀའ་ཁྲི་ཞིག་ལ་རེ་བ་རྒྱག་གི་ཡོད་གྱི་མ་རེད། ད་ཡིན་ན། ངོ་ནས་དྲང་ནེ་ལས་ཀ་ཅེ་ཡ་རེད་མ་གཏོགས། ཁ་རྒྱག་པ་བཤད་བསྡད་ན། བོད་ནང་གི་བོད་མི་འགའ་འགའ་རྒྱ་མི་གསད། འ་དེ་ཁ་ཤོས་བསྡད་མྱིས་མ་དྲོ་བ་ཅེ་མེ་རྒྱབ་ནས་རྫོགས་ས་རེད། ད་གུས་མོས་བོད་མི་རིགས་ཞིག་ཡིན་པས་ཆ་ནས། ད་ཀོ་ཅེས། བཀའ་ཁྲི་གསར་བ་མཆོག་གིས་ལྷག་བསམ་རྣམ་དག་གི་ཕྱག་ལས་གནང་རོགས་གནངས་ཞུ་ཡ་ཡིན། བོད་རྒྱ་ལོ། སོ་སོ་ལུངས་པ་སོ་སོ་ལ་དགོ་ཀི་ཡོད།

  3. ཚེ་བསམ་ says:
    2012-02-03 at 6:46 am

    སྟན་འཛིན་ཟླ་མཛེས་ལགས་ཁྱོད་ཀྱི་མཆན་བུ་དེ་ལ་སྟས་ན་ལྷ་ས་བ་འདྲ་བོ་མི་འདུག་
    ཡིན་ན་ཡང་བླ་མ་དེ་ལ་བརྟག་དཔྱད་བྱེད་རྒྱུ་ཞིག་འདུག
    ཟབས་ཟབས་བྱེད་ཤོག་

  4. དིང་རྡོར། says:
    2012-02-03 at 1:41 pm

    ཟླ་མཛེས་ཨམ་མདོ་བ་ཞིག་རེད་མ་གཏོགས་ལྷ་ས་བ་མ་རེད། འོན་ཟླ་རྡོར་གྱིས་བུད་མེད་གསར་འབྱོར་ལ་བཙན་གཡེམ་བྱེད་ཀྱི་འདུག་ཟེར་བ་འདི་དངོས་གནས་རེད། ང་རང་གི་ལམ་རོགས་ཨ་ནེ་ཞིག་ཡོད་པ་མོ་རང་ཡང་ཟླ་རྡོར་གྱིས་ཏག་ཏག་བཟོས་ཚར་བཞག

  5. ཇ་མ་ says:
    2012-02-03 at 2:19 pm

    བལ་ཡུལ་ནང་གི་བོད་མི་ཚོ་དང་པོ་བོད་གཞུང་དོན་གཅོད་ལ་སྐད་ཆ་དྲིས་ནས་ཐག་གཅོད་གནང་ན་ཡག་པོ་རེད།

  6. ཀརྡོ་གཉེར་ཕྱག་པ་ says:
    2012-02-03 at 3:41 pm

    ཚོགས་གཙོ་མའོ་ཙམ་མ་ཟད། ཟླ་བ་རྡོ་རྗེ་ཡང་བོད་ཀྱི་བུད་མེད་ལ་བཙན་གཡེམ་པ་རེད་ཟེར།

  7. པ་སངས་ཚེ་རིང་ says:
    2012-02-03 at 5:00 pm

    དྲ་གྲོགས་མང་པོ་ཞིག་གིས་བརྗོད་གཞི་དངོས་དང་འབྲེལ་བ་མེད་པའི་གནས་ཚུལ་ཡ་མཚན་པོ་མང་དག་ཅིག་ཁ་ཕྱེ་འདུག འོན་ཀྱང་ཀུན་སློང་སྐྱོན་ཅན་མིན་ན། དངོས་ཡོད་གནས་ཚུལ་གང་ན་ཡོད་པ་དེ་གསལ་པོ་བཟོས་ན་ཕན་ཐོག་ཡོད་པར་སེམས། དྲ་གྲོགས་མང་པོས་བལ་ཡུལ་ནང་གི་གནད་དོན་མང་པོ་ཞིག་གི་ཐོག་མཛུབ་མོ་རི་སྟོན་གནང་ན་དངོས་གནས་ཕན་ཐོག་འདུག བལ་ཡུལ་འདི་ནས་ད་བར་སྐོག་ཟ་རུལ་སོང་བྱེད་སའི་ལྟེ་གནས་ཤིག་རེད། དེས་ད་ལྟའི་བཀའ་ཤག་གསར་པ་འདི་སུ་ལ་ཡང་ངོ་དགའ་དང་སྤྲེལ་ལད་མེད་མཁན། དྲང་ཚུགས་ཅན་ཞིག་ཡིན་ན་སྐྱོན་ཆེ་དེ་ཚོ་ཐེར་འདོན་བྱེད་སྲིད་པ་ཞིག་རེད།

  8. དམར་ཁ་ཚ། says:
    2012-02-04 at 7:13 pm

    དྲ་འབུ་རྣམས་ཀྱི་སུ་ཞིག་ཨ་མདོ་ཡིན་མིན་དང་སུ་ཞིག་ཁམས་པ་ཡིན་མིན་སུ་ཞིག་དབུས་གཙང་ཡིན་མིན་སུ་ཞིག་གིས་ཆོལ་ཁའི་ཐེན་ཁྱེར་བྱས་སོང་བའི་བཟོ་འདྲ་བོ་མ་གཏོགས་ཅི་ཡང་བཤད་མི་ཤེས་ལ་ཐ་ན་རང་གི་ཁ་ནས་ཁྱོད་ཆོལ་ཡ་ཡ་རེད།  ཁྱོད་ཆོལ་ཁ་མར་མར་རེད་ཟེར་བ་དང་དེ་ལ་རྟེན་ནས་ཐེན་ཁྱེར་ཞིག་བྱས་ཡོད་མདོག་མདོག་བྱེད་པ་དེ་ཡང་ཐེན་ཁྱེར་བྱེད་སྟངས་ཤིག་ཡིན་པ་ནམ་ཡང་ཤེས་མི་ཐུབ། གལ་དེ་ཁྱེད་ཅག་དྲ་འབུ་ལྐུག་པ་རེ་མིན་ན་སྐད་ཆར་གནས་ལུགས་ཡོད་མེད་བཤད་དགོས་པ་ལས་ཆོལ་ཁ་ཅི་ཡིན་ཐོག་ནས་ཐེན་བྱས་ཡོད་པ་འདྲ་བོ་བཤད་ནས་ཅི་བྱེད་བཀའ་ཁྲི་འདི་བོད་སྤྱི་བའི་བཀའ་ཁྲི་ཡིན་པ་དྲ་འབུ་ཤི་ལ་གསོན་འདི་ཚོ་མ་གཏོགས་ཚང་མས་ཤེས་ངེས་རེད། དེར་རྟེན་ཤ་ཚ་བའི་ཁ་ན་ག་དུས་ཡིན་ན་ཡང་བསྟོད་པ་དང་བསྔགས་བརྗོད་ཁྱེར་མེད་པ་ཤེས་སུ་བཅུག་ནས་སྐད་ཆ་བཤད་འདོད་ན་སྔོན་ལ་བསམ་བཏང་ནས་ཤོད་གོ་སོང་ངམ།དྲ་འབུ་ཤི་ལ་གསོན་ཚོ།

  9. དམར་ཁ་ཚ། says:
    2012-02-04 at 7:15 pm

    དྲ་འབུ་རྣམས་ཀྱིས་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme