Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲོང་བཙན་སྒམ་པོས་སྐྱབས་བཅོལ་ཞུའམ།

Posted on 2012-02-022012-02-02 By ཁ་བརྡ་ 24 Comments on སྲོང་བཙན་སྒམ་པོས་སྐྱབས་བཅོལ་ཞུའམ།

བཀྲ་ཤིས་ནས།

དེ་རིང་གློ་བུར་དུ་སེམས་ཚོར་འདི་འདྲ་ཞིག་བྱུང་། དེང་སང་ཨ་རི་ན་བརྒྱ་ཆ་ ༩༩ དང་བརྒྱ་ཆ་ ༡ གི་བར་གྱི་ལས་འགུལ་ཞིག་སློང་བཞིན་འདུག ལས་འགུལ་དེ་ནི་ཕྱུག་པོ་དང་མི་དམངས་ཀྱི་བར་དུ་དབུལ་ཕྱུག་མ་མཉམ་པ་ལ་འབྲེལ་ནས་སླེབས་པ་ཞིག་རེད། དབུལ་ཕྱུག་མ་མཉམ་པ་འདི་དང་ངེད་ཀྱི་སེམས་ཚོར་གཉིས་ལ་འབྲེལ་བ་མེད། ངེད་ཀྱི་འབྲེལ་བ་ནི་གྲངས་ཀ་དེ་རེད། ངེད་ཀྱི་བསམ་ཚུལ་ལ། བོད་མི་བརྒྱ་ཆ་དགུ་བཅུ་ ༩༩ དང་བརྒྱ་ཆ་གཅིག་གི་འབྲེལ་བ་དེ་རེད། བརྒྱ་ཆ་གཅིག་དེ་བླ་མ་དཔོན་པོ་དེ་ཚོ་རེད། བརྒྱ་ཆ་དགུ་བཅུ་གོ་དགུ་ནི་བོད་ཀྱི་མི་དམངས་རེད། བོད་སིལ་བུར་འཐོར་པ་དེས་མ་འགྲིག་པ་ཡིན་ནམ། ས་སྐྱ་བླ་མས་ཀྱང་བོད་སྤྱི་འབངས་ལ་ཡི་གེ་བསྐུར་ནས་སོག་པོར་མགོ་བཏགས་ཞུ་བཅུག་པ་རེད། དེ་ནས་བརྩིས་ནས་ད་བར་དུ་བོད་ཀྱི་བླ་མ་དཔོན་པོ་དེ་ཚོ་མགོ་བཏགས་ཞུས་ནས་བསྡད་པ་རེད། མགོ་བཏགས་ཞུ་ས་ཡོད་ཚད་ལ་ཞུས་པ་རེད། མར་རྒྱ་ནག་གོང་མ་ལ་ཞུས་པ་རེད། སྟོད་རྒྱ་གར་ལ་ཞུས་པ་རེད། ད་རྒྱལ་སྤྱིའི་ནང་ལ་མགོ་བཏགས་ཞུས་ནས་ལོ་འདི་ཙམ་འགྲོ་གི་ཡོད་པ་རེད། བོད་མི་ས་ཡ་དྲུག་ནི་རང་ཡུལ་ན་ བཟང་ན་ སྡུག་ན་ མགོ་བཏགས་ཞུ་ས་མེད་ནས་བསྡད་ཡོད་པ་རེད། སྲོང་བཙན་སྒམ་པོ་དེ་རིང་ཡོད་པ་ཡིན་ན། ཁོང་གིས་མགོ་བཏགས་ཞུ་གི་ཡོད་ན། ངས་མི་ཤེས། ཁོང་གི་མཛད་པ་ལ་བལྟས་ན་མགོ་བཏགས་ཞུ་གི་མ་རེད། ཁོང་གིས་དགྲ་ཚུར་སླེབས་དུས་ཕར་ཚར་བཅད་པ་རེད། མི་དམངས་ཀྱང་ཁོང་གི་དབུ་འཁྲིད་འོག་ཤར་བསྐྱོད་བྱས་པ་རེད། ད་ནི་ཉེན་ཁ་གཞན་ཞིག་སླེབས་ཀྱི་འདུག དེ་ནི་བོད་ཀྱི་མཚན་མཐོང་དེ་བླ་མ་དཔོན་པོའི་ལག་ནས་ལོ་ངོ་སྟོང་གཅིག་ལ་འཁོར་བ་རེད། བླ་མ་དཔོན་པོའི་ཞབས་ཞུ་དེ་ཚོས་བོད་ཀྱི་གནས་སྟངས་འདི་འདྲ་ཞིག་བསྐྱལ་བ་རེད། བརྒྱ་ཆ་ ༡ གི་དབུ་འཕང་མཐོ་ན་བརྒྱ་ཆ་ ༩༩ ཤི་ཡང་འགྱོད་པ་མེད་པ་རེད། ཁྱེད་ཀྱི་དགོངས་ཚུལ་བྱས་ན་སྲོང་བཙན་སྒམ་པོས་སྐྱབས་བཅོལ་ཞུའམ།

སྣ་ཚོགས།

Post navigation

Previous Post: “བླ་སྤྲུལ་གྱིས་གཏན་འཇགས་གླེང་བ་”ཟེར་བའི་གཡོ་འཁྲབ།
Next Post: ཏཱ་ལའི་བླ་མར་འཚེ་མེད་ཞི་བའི་མིང་འདོགས་པ་ནི་དགོད་གཏམ་ཁོ་ན་ཙམ་རེད།

Comments (24) on “སྲོང་བཙན་སྒམ་པོས་སྐྱབས་བཅོལ་ཞུའམ།”

  1. བྲག་ཞོལ་སྤེན་པ། says:
    2012-02-02 at 5:10 am

    ཧཧཧ།ཅི་གང་མི་ཤེས་པའི་བླུན་པོ་ལུག་མགོ་ཅན་ཅིག་རེད་འདུག།མི་རིགས་སུ་ཡིན་ན་དར་རྒུད་དུས་སྐབས་སྣ་ཚོགས་ཤིག་ཡོད་པ་རེད།མི་ཅིག་ལ་ཆ་མཚོན་ན་ལོ་ན་གཞོན་པའི་གནས་སྐབས་དང་ལོ་རྒན་བརྒྱད་ཅུའི་གནས་སྐབས་ལྟ་བུ་བསྡུར་ན་སྙིང་པོ་འདུག་གམ།དེ་དངོས་གནས་དང་མཐུན་ནམ།
    རྡོ་དོན་བཤད་འདོད་པ་༧གོང་ས་མཆོག་གི་དགོངས་པ་དེ་བོད་མི་མང་གི་མངོན་འདོད་མ་རེད་མདོག་མདོག་རེད་མོད།དེ་འདྲ་ཡིན་མིན་བོད་ནང་གི་འབོད་སྒྲ་དག་ལ་ཉོན་ལོ།

  2. ལ་རྒྱའི་བདག་པོ། says:
    2012-02-02 at 7:49 am

    གོང་གི་རྩོམ་ཡིག་ནང་ཁོ་རང་གི་སེམས་ཚོར་ཙམ་ཡིན་པ་ལས་དོན་དངོས་དང་རྒྱང་ཐག་ཧ་ཅང་རིང་།ཁ་ནས་དོན་ཚད་བརྗོད་ཀྱི་འདུག་ཁྱོད་ཀྱི་སེམས་ཚོར་ལ་གུས་བརྩི་ཡོད།ཡིན་ནའང་ཁ་བརྡའི་རྩོམ་ཡིག་རྭ་བ་འདིར་ཅུང་ཟད་དོན་སྙིང་ལྡན་པའི་རྩོམ་ཐུང་རེ་ཞབས་འདེབས་ཕུལ་ན་དགེ་མཚན་ཆེ།།

  3. འདོད་ལྷ་ཁམས་པ། says:
    2012-02-02 at 8:16 am

    གོ་བ་ལོག་པའི་བསམ་ཚུལ་འདི་འདྲ་ལ་ཅིག་བཤད་བསམ་ཡང་གོ་བ་མེད་ན་ཕན་ཐོགས་ཅི་ལ་ཡོད།

  4. གྲགས་པ་ says:
    2012-02-02 at 8:49 am

    ཡང་འདི་བོད་ཀྱི་བླ་མ་ལ་མི་དགའ་མཁན་ཞིག་རེད་འདུག བོད་ཀྱི་བླ་ཆེན་ཚོས་འཇོན་རུང་མ་འཇོན་རུང་ཁོང་ཚོས་དབུ་ཁྲིད་ནས་ད་བར་བོད་རྒྱུད་ནང་བསྟན་ཆོས་ལུགས་འཛམ་གླིང་ལ་ངོམ་དུ་ཆོག་པ་ཞིག་ལྷགས་པ་འདི་ཁོང་ཚོའི་བཀའ་དྲིན་ཉག་གཅིག་རེད། ཁོང་ཚོ་མེད་ན་གླང་དར་བཀྲོངས་རྗེས་ནས་བོད་བསིལ་བུར་འཐོར་ནས་ད་བར་ལྷག་ན་འདི་ལས་ཀྱང་སྡུག་ཏུ་འགྲོ་རྒྱུ་ཡིན་པ་ཉག་ཅིག་རེད། དེ་ཚོ་ལ་དགོངས་པ་ཞིག་བཞེས་ནས་བོད་ཀྱི་ལོ་རྒྱུས་ལ་རྒྱུས་ལོན་དང་། ད་ལྟའི་གནས་སྟངས་ལ་བསམ་བློ་བཏང་ནས་བཤད་ན་ལེགས་པར་སེམས།

  5. ཚེ་རིང་ནོར་བུ། says:
    2012-02-02 at 9:16 am

    ཧོ་ཧོ་་་་་་་་་་་་ཡང་ཐོན་བྱུང། དོགས་སློང་མཁན་ཞིག་ཐོན་བྱུང། ང་ཚོ་ལ་ཁོང་ལྟ་བུའི་མི་སྣ་དགོས་ཏེ། ད་གཟོད་དཔྱོད་ཤེས་ཀྱིས་བརྡར་ནས་ལེགས་ཉེས་འབྱེད་ཐུབ། འོན་ཀྱང་བཀྲ་ཤིས་ཁྱོད་གནས་ལུགས་ལས་མ་བརྒལ་བ་ཞིག་ཡིན་པ་དང་གོང་དེ་སྐྱོན་བརྗོད་ཙམ་དུ་མིན་པར་སྨོན།

  6. རིག་པའི་བུ says:
    2012-02-02 at 9:26 am

    དངོས་གནས་རེད། བོད་ལ་བླ་དཔོན་བྱུང་མེད་ན་ད་ལྟ་བོད་འདི་གཞན་ལ་ངོམ་ངོམ་ཆོག་གི་ལུང་པ་ཞིག་ཏུ་ཆགས་ཡོད་པ་ཐེ་ཚོམ་མེད། བློ་དཔོན་འདི་ཚོས་བོད་འདི་ཕུང་ལ་སྦྱོར་བ་རེད། བླ་དཔོན་མེད་ན་བོད་མེད་ཟེར་བ་གུང་ཁྲན་ཏང་མེད་ན་དེང་དུས་ཀྱི་བོད་ཅེས་བ་དང་གཅིག་མཚུངས་རེད།

  7. ཚེ་བསམ་ says:
    2012-02-02 at 9:36 am

    གླུ་ཨ་ལ་ཐ་ལ་ཐ་ལ་རེད་
    ཐ་ལ་ངག་གི་འགུག་ལུག་རེད་
    གླུ་ཐ་ལ་མེ་ལེན་བཀའ་མེད་རེདྲ
    གནའ་སྔ་མོ་སྔར་གྱི་དུས་ཚོད་།
    བོད་ཆོས་ལྡན་ཞིང་གི་རྒྱལ་ཁམས་འདེར་།
    རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས་།
    འབངས་སྐར་ཚོགས་ཕྲ་མོས་ས་གཞི་ཁྱབས་།
    སྐྱིད་ལོངས་སྤྱོད་གཉིས་ལ་རྫོག་མཐའ་མེད་།
    ཕུ་ན་སྒོམ་ཆེན་གྲང་མེད་བཞུགས་།
    ཉམ་རྟོགས་ཀྱི་མྱུ་གུ་རྒྱས་བཞིན་ཡོད་།
    མདའ་ནས་ཡོན་བདག་གྲངས་མེད་བྱོན་།
    ནོར་ལོངས་སྤྱོད་གང་འདོད་འཕུལ་ཞིན་ཡོད་།
    དགོན་ཆེན་སྐར་ཚོགས་ལྷུངས་འདྲ་ཡོད་།
    མགོན་ཆུང་ཙེས་ཙེས་གྲངས་མེད་ཡོད་།
    དད་ལྡན་ཆུ་ཁའི་བྱེ་མ་བཞིན་
    གྲངས་མང་བའི་དཔེ་ལ་འཇོག་ཐབས་མེད་།
    ཆོས་ཡིག་དྲུག་རང་སྒྲ་འཁྲོལ་ཞིན་ཡོད་།
    བདེ་སྐྱེད་ལྷ་དང་མཉམ་བཞིན་ཡོད་།
    དུས་དེང་སང་ཡིན་པས་དུས་ཚོད་ལ་།
    བོད་ཆོལ་གསུམ་རྒྱ་འདྲེས་དབང་དུ་བསྡུས།་།
    སྐྱེས་པའི་མི་རྣམས་མཚོན་གྱི་བསད་
    བསགས་པའི་རྒྱུ་ནོར་དཔུང་གིས་འཕྲོགས་།
    བཞེངས་པའི་ལྷ་རྟེན་ཐང་ལ་གཡུགས་
    ཆོས་བྱེད་སྐྱེ་བུ་བཙོན་དུ་བཟུང་།
    ཡིད་དམུག་ལེ་ཨེ་ཤེས་བཙན་བྱོལ་བ་།
    སེམ་འདུག་ལེ་ཨེ་འཚོར་སྤུན་ཟླ་རྣམ་།
    ད་དེ་མུར་སྡོད་ཐབས་ཨེ་ཡོད་ལགས་།
    གནའ་མིའི་བོད་ཀྱི་གཏམ་དཔེ་ལ་
    ཕོ་རྒོད་པོའི་རྒྱབ་ལ་སྤུང་གཅིག་དགོས་།
    སྤུང་མེད་ན་སྡར་མ་ཆུ་གློད་རེད་།
    ཟེར་བ་འཇིགས་རྟེན་དཔེར་ཡོད་།
    ད་ར་རྡ་ཡོད་ན་རྒྱུག་རེན་འདུག་།
    རྒྱབ་སྣོན་ཡོད་ན་འགྲོ་རེན་འདུག་
    རེན་པས་མི་ཚད་ཕྱེད་ནས་འདུག་

  8. ཅོ་རི་ཉི་མ། says:
    2012-02-02 at 10:06 am

    ཇི་སྲིད་རྨོངས་དད་ཀྱི་འོག་ནས་མགོ་བོ་མ་ཐར་བར་དེ་སྲིད་བླ་མས་རྒྱལ་ཁབ་བཙོངས་བའི་ལོ་རྒྱུས་སུ་སྐྱོན་ཞིག་མཐོང་མི་སྲིད།
    ཇི་སྲིད་ཆོས་ལུགས་ཀྱི་སྒེར་གཅོད་འདིར་མ་དོར་བར་དེ་སྲིད་དམངས་གཙོ་ཡང་དག་ཞིག་ལོངས་སྤྱོད་ཐུབ་པ་མི་སྲིད།
    ཇི་སྲིད་ཆོས་ལུགས་པའི་གཡོ་སྒྱུ་འདིར་མ་ཤེས་བར་དེ་སྲིད་རྒྱལ་པོ་གླང་དར་མའི་མགོ་ལ་རྭ་ཅོ་མེད་པ་རྟོགས་མི་སྲིད།
    ཇི་སྲིད་མི་དམངས་ཀྱི་འདོད་འདུན་ལ་མ་བརྩིས་བར་དེ་སྲིད་སྒེར་གཅོད་ཀྱི་སྲིད་དབང་འདི་དོར་ཐུབ་པ་མི་སྲིད།
    ཇི་སྲིད་རང་སྐྱོང་གི་ལམ་ལུགས་འདིར་མ་དོར་བར་དེ་སྲིད་སྲོང་བཙན་ཚང་སྐྱབས་བཅོལ་བའི་འཕོ་འགྱུར་ཡོང་མི་སྲིད།

  9. གསེར་འབྲུག་སྡེར་ལྔ་ says:
    2012-02-02 at 1:17 pm

    བཀྲ་ཤིས་ལགས་ཁྱོད་ཀྱིས་སྙིང་གཏམ་དམར་རྗེན་མ་དེ་སྐྱུགས་དགོས་དོན་ཅི་ཡིན་ནམ། ཁྱེད་ཀྱིས་ངེས་པར་དུ་མཁྱེན་དགོས་པ་ཞིག་ལ་བོད་ཀྱི་སྤྱི་ཚོགས་འདི་སྟོན་པ་ཐུབ་པའི་དབང་པོའི་དགོངས་དོན་དངོས་དེ་མི་རྟོགས་པར་བླ་སྤྲུལ་ཡིན་ཟེར་ཚད་ཀྱི་མདུན་ནས་དབང་ལུང་གི་རྐུབ་ལ་རྒྱུགས་བསྡད་མཁན་ཕལ་ཆེ་བ་རེད། མ་ཟད་དམངས་གཙོ་དར་ལ་མ་སྨིན་པས་དམངས་གཙོ་དང་སྨྲ་བརྗོད་ཀྱི་ལམ་ནས་བླ་སྤྲུལ་གྱི་མཛད་པར་སྐྱོན་བརྗོད་གཏོག་ཙམ་བགྱིས་དང་། ཁྱོད་ལོག་ལྟ་ཅན་དང་མུ་སྟེགས་པ་རེད་ཟེར་མིག་བགྲད་ནས་བལྟ་གི་རེད་ལ་སྡུག་ཉེས་ན་ཁྱོད་ཀྱི་མགོ་ལ་རྡོ་དང་དབྱུགས་པ་འཕེན་ངེས། མ་ཟད་བློ་གཟུ་བོར་གནས་ནས་རྣམ་དཔྱོད་བེད་སྤྱོད་གཏོང་མཁན་ཉུང་བས་ཁྱོད་ཀྱི་སྙིང་གཏམ་དམར་རྗེན་མ་དེས་ཁོ་ཚོའི་སེམས་ཁམས་རྨས་མ་བཟོ་ངེས། བྱས་ཙང་། དམར་པོའི་ལྕེ་ལ་བདག་པོ་མ་རྒྱབ་ན། རིལ་རིལ་དབུ་ལ་འོ་རྒྱལ་བཟོས་ཡོང་ངོ་། ཞེས་པའི་བསླབ་བྱ་འདི་ངེས་པར་དུ་ཐུགས་ལ་བཟུངས་ལ་ག་དུས་ཡིན་ཡང་དམངས་གཙོའི་ལམ་ནས་བོད་ཀྱི་ཆབ་སྲིད་ཐད་དངོས་ཐོག་བདེན་འཚོལ་བཤད་ན་བླ་མ་དང་གྲྭ་པར་ཕོག་ཐུགས་ཆེན་པོ་འགྲོ་ངེས་པས། དམངས་གཙོ་དར་ལ་མ་སྨིན་བར་དུ་ཅིས་ཀྱང་ཅི་མཛད་ལེགས་པར་མཐོང་དགོས་པ་གལ་ཆེན་པོ་རེད། གྲོགས་པོའི་ཚུལ་གྱིས་ནང་གཏམ་ཡིན་དགོངས་འགལ་མ་མཛད་རོགས།

  10. བོད་ཁམས་ཉི་མ་། says:
    2012-02-02 at 3:44 pm

    གྲགས་པ་ལགས་། བོད་ལ་སྤྲུལ་སྐུའི་ལུགས་སྲོལ་འདི་བྱུང་མེད་ན་བསྟན་པའི་གནས་སྟངས་འདི་ལས་གདབ་ཅིག་གིས་ཡག་ག་ཡོད་པ་ཁ་ཚོན་གཅད་ནས་བཅད་ནས་ལབ་ནུས་། དེ་མེད་ན་རང་བཙན་ཡང་ཕལ་ཆེར་ཤོར་མེད་།

  11. རྒྱ་མཚོ་ཆེན་པོ་ says:
    2012-02-02 at 4:17 pm

    བཀྲིན་བསམ་ཤེས་མེད་པ་ཀླ་ཀློའི་རྟགས་རང་རེད། འཛམ་གླིང་འདི་ཡི་ཐོག་ལ་བོད་ཅེས་པ་འདྲ་འདྲའི་ནང་གི་མི་འདྲ་བ་བྱུང་བ་འདི་ཐུབ་པའི་བསྟན་པ་དང་དེ་འཛིན་བསམ་བཞིན་དུ་བྱོན་པ་སྤྲུལ་གར་དེ་དག་གིས་མཛད་པ་དང་འབད་པ་ལས་བྱུང་བ་ཉག་གཅིག་ཡིན། དྲིན་ལན་མེད་ན་ཆོས་དང་འཇིག་རྟེན་གཉིས་ཀ་འགལ་བ་རེད་དོ།

  12. མིག་བརྒྱད་པ། says:
    2012-02-02 at 5:04 pm

    བོད་རང་བཙན་ཤོར་བ་ནི་འོ་མ་རུལ་བ་དང་འདྲ། ཕྱི་ལོགས་ཀྱི་ཤུགས་རྐྱེན་མེད་ན་འོ་མ་རུལ་དགོས་དོན་མེད་ག།

  13. སྤྲུལ་སྐུ་དབང་ཆེན says:
    2012-02-02 at 5:07 pm

    བཀྲ་ཤིས་ལགས་ཀྱིས་སྐད་ཆ་རྣ་བར་འགྲོ་བོ་ཞིག་གསུང་འདུག། དེ་དང་ཚུལ་མཐུན་པའི་དབུ་མའི་ལམ་ཟེར་བ་དེ་ཡང་བོད་མི་༩༩ དབང་ཐག་དེ་བོད་མི་གཅིག་གིས་སྒེར་གཅོད་བྱས་པ་རེད། བོད་ལ་རང་བཙན་མི་དགོས་ཞེས་དྲན་ཕོད་ཀྱང་དངོས་སུ་བསྒྲག་ཕོད་པ་འདི་ནོར་ཝེ་ཞི་བདེའི་རྟགས་མས་བཀའ་དྲིན་ཡིན་པ་ཐེ་ཚོམ་ཅི་དགོས། བླ་མའི་ཕྱག་ཏུ་འབུལ་བ་ཕུལ་ན་ལེན་རྐྱང་རེད་ལ་དབང་ཆ་ཕུལ་ན་གཡུག་རྐྱང་རེད། ཨ་རི་དང་ཡོ་རོབ་སོགས་ལ་ནི་ཆབ་སྲིད་ཀྱི་ལག་ཆ་ཞིག་དགོས་ནས་བེད་སྤྱོད་བྱེད་པ་ལས་ཚེ་འདི་ཕྱི་གཉིས་ཀ་བཅོལ་སས་བླ་མ་ཞིག་ཏུ་བརྩིས་ནས་གུས་པ་བྱས་པ་མིན་པ་དེ་རྟོགས་མེད་ཚེ་རང་ཕངས་གཞན་རྒྱལ་གྱི་བྱ་བ་འདི་རིགས་རྒྱུན་ཆད་ག་ལ་ཐུབ། གཉིས་ཕན་དབུ་མ་མི་ཟེར་བར་རྒྱ་ཕན་བོད་བརླག་ཀྱི་དབུ་རྙིང་ལམ་འཁྱོག་ཞེས་བརྗོད་ན་འཐུས་སམ་སྙམ།

  14. ཀླུ་སྨྱོན། says:
    2012-02-02 at 5:47 pm

    དཀོན་ཅོག་གིས་མཁྱེན། ད་ཡིན་ན་རྩོམ་དེ་འདྲ་སྤེལ་མཁན་ཡང་འདུག མཐོ་ས་གཉན་ས་ཚོར་ཁ་གཏོང་བའི་རྩོམ་སྤེལ་མཁན་ཡང་འདུག མི་མ་ཤི་ན་རིག་རྒྱུ་མང་ཟེར་བ་དེ་བདེན་ཨང་། 

  15. འཇང་གཡུ་ལྷ་ཐོགས་འགྱུར་ says:
    2012-02-02 at 6:35 pm

    བཀྲ་ཤིས་གིས་སྐད་ཆ་སྣང་བ་འགྲོ་པོ་ཞིག་གསུངས་འདུག དེ་བདེན་པ་རེད། ཡིན་ཡང་ད་སྲོང་བཙན་སྒམ་པོ་ལ་སྐྱབས་བཅོལ་ཞུ་ཟེར་བ་དེ་ཁག་པོ་རེད། དེ་ལས་མང་ཆེ་བ་ཞིག་གི་འདོད་པ་ནང་བཞིན་རྒྱ་བཟའ་ཀོང་ཇོ་ལ་སྐྱབས་བཅོལ་ཞུ་ན་གང་འདྲ་འདུག་དེ་ཡང་དབུ་མའི་ལམ་རེད་ད།

  16. འཇང་གཡུ་ལྷ་ཐོགས་འགྱུར་ says:
    2012-02-02 at 6:42 pm

    མཐོ་ས་གཉན་ས་དེ་ཚོ་དམའ་ས་བབས་ནས་ལས་ཀ་བྱེད་ཐུབ་གི་མི་འདུག
    དུས་ནམ་ཡང་སྲོག་ཤོར་མཁན་ཚོ་ནི་དམའ་ས་ན་ཡོད་པའི་མི་ཉམ་ཆུང་རྒྱལ་ཞེན་ཅན་དེ་ཚོ་རེད་ཁོ་ན་རེད།
    དཀོན་ཅོག་མཁྱེན་ ད་དུང་

  17. བདག་པོ། says:
    2012-02-02 at 7:06 pm

    མཁས་པ་བརྒྱ་ལ་ང་མི་སྐྲག བླུན་པོ་དབང་ཆེན་ལ་ང་སྐྲག ཟེར་བ་ལྟར་དེང་དུས་མ་འཇོན་གསུམ་རྒྱག་རྒྱག་མཁན་གྱི་འབྱུང་བྱ་ཁ་ཤས་ཐོན་ཡོང་བས་འདིའི་རིགས་ལ་དྭོགས་ཟོན་ཆེ་ཙམ་མ་བྱས་ན་༧རྒྱལ་བའི་སྐུ་ཕྱར་ཉེན་ཁ་འདུག ཁྱོད་ཚོར་ནུས་པ་ཡོད་ན་བོད་སྤྱི་པའི་དོན་ལ་ལས་འགུལ་སྤེལ་ན་འགྲིག་གི་རེད། རྟ་གླང་བོང་བུས་བཀག་མཁན་ཡོད་མ་རེད། སོ་སོས་འབད་བརྩོན་གང་ཡང་མ་བྱས་པར་ལས་དོན་བྱེད་མཁན་གཞན་ལ་སྐྱོན་བརྗོད་ཀྱང་བྱེད་ཀྱིན་བསྡད་ན་སྤྲུལ་སྐུའི་མིང་དེ་བཀོག་ནས་དབང་ཆེན་ཞ་ར་བཏགས་ན་ཡག་པ་འདུག ད་དུང་ཁྱེད་ཀྱི་གྲོགས་པོ་བཀྲིས་ཀྱི་མིང་ལའང་ཀྲང་གོ་ཧཱ་བཏགས་ན་མིང་དོན་མཚུངས་པོ་འདུག

  18. མདའ་ཚན་པ། says:
    2012-02-02 at 10:42 pm

    སྲོང་བཙན་དང་གུང་ཁྲན་ཏང་གི་ལས་སྟངས་དེ་ཚོ་འདྲ་པོ་ཡོད་པ་རེད། སྲོང་བཙན་གྱིས་དང་པོ་དྭགས་ཀོང་སོགས་ལ་བཙན་འཛུལ་བྱས་པ་རེད། དེ་ནས་གཙང་ལ་བཙན་འཛུལ་བྱས་པ་རེད། དེ་ནས་ཞང་ཞུང་ལ་བཙལ་འཛུལ་བྱས་པ་རེད། དེ་ནས་སུམ་པ་དང་འ་ཞྭ་ལི་དང་དྲུ་གུ་རྒྱ་སོགས་ལ་བཙན་འཛུལ་བྱས་ནས་བཙན་རྒྱལ་རིང་ལུགས་པ་དང་གཅིག་གཅོད་ཡོད་ན་མེད་པ་ཞིག་ཡིན་པ་རེད། ཨ་ཤོ་ཀ། ཇིང་གུར་རྒྱལ་པོ། ཨ་ལེག ཟན་དྲར། ཆིང་ཧྲི་ཧོང་འདི་ཡག་རྒྱུ་ཞེ་དྲག་ཡོད་མ་རེད།
    ང་དྲི་བ་ཞིག་ཡོད། སྲོང་བཙན་སྒམ་པོད་མི་མང་ལ་དམངས་གཙོ་སྟེར་གི་རེད་དམ།

  19. སྒང་པ་ཚང་གི་དོན་གོ says:
    2012-02-02 at 11:17 pm

    བཀྲ་ཤིས་ཟེར་བ་འདིས་བསམ་ཚུལ་བཏོན་པར་མཆན་པ་རྣམས་ཀྱིས་བསམ་བློ་ཏག་ཏག་ཅིག་འཁོར་མི་འདུག་ལབ་ན་འགྲིག་གིཁོང་གིས་འདི་ཙམ་བཤད་པར་འུ་ཅག་གིས་སྡིག་དམོད་བྱེད་དགོས་དོན་མི་འདུགདེ་ནི་རང་རང་གི་བསམ་བློ་འཛིན་སྟངས་ཙམ་རེད།འདི་ལྟར་བསམ་ཆོག་གི་རེད།འདི་ལ་གཞུང་ལུགས་དང་ཁྲིམས་འདྲ་ཡོད་པ་མ་རེད།བྱས་ཙང་བསམ་ཚུལ་འདི་ལས་གང་ཞིག་མཐོང་བ་ནི།འུ་ཚོའི་མཁྲེགས་འཛིན་གྱི་བསམ་བློ་དེ་རེད།མཁྲེགས་འཛིན་བྱས་པས་ཅི་ཡང་མི་ཕན།དེ་བས་སྲོང་བཙན་དང་ས་སྐྱ་དགའ་ལྡན་ཕོ་བྲང་བ་བཅས་ཀྱི་གནས་བབ་མ་ཤེས་པའི་དཔྱད་པ་ཙམ་རེད།མ་ཤེས་པ་ཡིན་ན་དེ་མཐུན་གྱིས་ངོ་སྤྲོད་བྱ་དགོས་པ་རེད་སྙམ།

  20. འདོད་ལྷ་ཁམས་པ། says:
    2012-02-03 at 1:37 am

    སྲོང་བཙན་སྒམ་པོ་སྐྱབས་བཅོལ་ལ་འགྲོ་གི་རེད་དམ་ཟེར་ན། སྐྱབས་བཅོལ་ལ་འགྲོ་མིན་མི་ཤེས་མོད། པེ་ཅིང་གི་རྒྱ་མོ་ཞིག་གི་མག་པར་འགྲོ་སྲིད་པ་རེད་ཅེས་བཤད་ན་ནོར་ཡོད་རྒྱུ་མ་རེད་སྙམ། སྲོང་བཙན་སྒམ་པོའི་བཀའ་དྲིན་གྱིས་ལོ་ངོ་སྟོང་ཕྲག་གི་རིང་དེར་བོད་ཀྱི་བདག་དབང་རྒྱ་ནག་ལ་ཡོད་ཚུལ་དྲག་པོས་མཐའ་སྐྱེལ་བྱེད་བཞིན་དུ་རྒྱལ་རབས་རིམ་པ་ནས་རང་རེའི་མི་ཐོག་བར་དུ་སླེབས་པ་རེད།
    དགོངས་དག ངས་སྐད་ཆ་འདི་ཤོད་འདོད་མེད་བཞིན་དུ་བཀྲ་ཤིས་ཀྱི་དྲི་བའི་ལན་ལ་འདི་ལྟར་མི་འདེབས་ཀ་མེད་བྱུང་སོང་།

  21. ཨ་ལྕགས་འབྲུ་མོ says:
    2012-02-03 at 11:43 am

    འཛམ་བུ་གླིང་འདིའི་སྒང་ལ་བོད་འདི་ད་ལྟའི་ཆར་འདྲ་བའི་ནང་ནས་མི་འདྲ་བ་ཞིག་ཆགས་ཡོད་པ་འདི་ཡག་དྲག་ནས་མི་འདྲ་བ་ཆགས་པ་མ་རེད། སྡུག་དྲགས་ནས་མི་འདྲ་བ་ཞིག་ཆགས་པ་རེད། མི་རིགས་གཞན་གྱིས་གཉའ་གནོན་དང་བཤུ་གཞོག་འོག་ཡོད་པས་མ་འདྲ་བ་ཆགས་པ་རེད། རང་མགོ་རང་གིས་སྐྱོར་མ་ནུས་པར་གཞན་ལ་སྐྱབས་བཅོལ་དུས་ཡོད་པས་མ་འདྲ་བ་ཆགས་པ་རེད། གལ་སྲིད་ཁྱོད་ཀྱིས་ནང་ཆོས་ཞེས་བཤད་སྲིད་ཀྱང་དེ་ནི་མི་ལོ་སྟོང་༢ལྷག་གི་ཡར་སྔོན་གྱི་རྒྱ་གར་བའི་གསར་ཏུ་གཏོད་པའི་ཆོས་ལུགས་རིག་གནས་ཤིག་རེད།བོད་འདི་ད་དུང་རྨོངས་དད་དང་རང་ཞེན་མཆོག་འཛིན་གྱི་འོག་ན་གཉིད་དུ་ཉུར་ཏེ་རྨི་ལམ་ཧ་ཅང་སྐྱིད་པོ་ཞིག་བཏང་ནས་སྡོད་ཡོད་པ་རེད།

  22. ཚེ་བསམ་ says:
    2012-02-04 at 7:01 am

    བཀྲ་ཤིས་ ལགས་མར་རྒྱ་ནག་གོང་མ་ལ་མགོ་བཏགས་ཞུས་ལུགས་གང་འདྲ་རེད།
    སྟོད་རྒྱ་གར་ལ་མགོ་བཏགས་ཞུས་ལུགས་དང
    བར་རྒྱལ་སྤྱིའི་ནང་ལ་མགོ་བཏགས་ཞུས་ལུགས་གང་འདྲ་རེད་དམ།

  23. ལྕགས་འགོར says:
    2012-02-04 at 6:10 pm

    ས་སྐྱ་ནས་བཟུང་ད་ལྟའི་ཏཱ་ལའི་བླ་མའི་བར་ཚང་མ་བོད་བཙོང་མཁན་གྱི་ཚོང་པའམ་ཡང་ན་ཅི་ཡང་མི་འཇོན་པའི་སྡར་མ་རྐྱང་རྐྱང་རེད་ཅེས་ཐད་ཀར་བཤད་ན་མི་ཆོག་གམ། ཁོ་བ་དག་གིས་འུ་ཅག་འཆི་ལམ་དུ་དེད་ཚར་རེད། ཟམ་གདོང་དང་རྒྱ་རི་སོགས་ལ་ཁ་གཡར་དགོས་དོན་ཡོད་དེ་ཅི་ཡང་མེད་དོ། འོན་ཀྱང་སྟབས་ཡག་པ་ཞིག་ལ་དེང་སང་བཀྲ་ཤིས་དང་བཀྲ་ཤིས་དག་གི་གཙོས་ཅོ་རི་ཉི་མ་སོགས་མཁས་པ་རྣམ་དཔྱོད་ཅན། གསར་བུ་བློ་ཁོག་ཅན་རྣམ་པ་འུ་ཅག་གི་ལྟ་ས་དང་ཉན་ས་ཡིན་པས་མི་འགྱིང་བར་ཁོང་ཚོས་སྣ་དྲངས་ཏེ་ཕྱིར་རང་ས་དྲོན་མོར་མྱུར་དུ་ལོག་ཐུབ་ཚོད་རེད།

  24. རིག་འབྱུང་རྒྱ་མཚོ says:
    2012-02-04 at 10:32 pm

    མདའ་ཚན་པ་ལགས།
    སྲོང་བཙན་གྱི་དམངས་གཙོ་ག་ལ་སྤྲད་སྲིད། རྒྱུ་མཚན་ནི་སྲུང་བཙན་སྐབས་མ་དགོས་ད་ལྟའང་འཛམ་གླིང་ཡོངས་ལ་མང་གཙོ་དར་ཐུབ་མེད། ད་ལྟའང་མང་གཙོ་ལམ་ལ་འགྲོ་བཞིན་པའི་སྒང་རེད། མང་གཙོ་འཇིག་རྟེན་དུ་དར་ནས་ལོ་བརྒྱ་ཕྲག་གི་ལོ་རྒྱུས་ལས་མེད། མང་གཙོ་དང་དམར་ཕྱོགས་གཉིས་ལྟ་གྲུབ་བཟང་ངན་གྱི་རྩོད་པ་རྒྱབ་མཐར་ལུང་པ་མང་པོ་ཞིག་ཏུ་དམར་ཕྱོགས་ཕམ་ནས་མང་གཙོ་རྒྱལ་ཁ་ཐོབ་པའི་སྒང་རེད། འོན་ཀྱང་། ད་ལྟ་མང་པོ་ཞིག་མང་གཙོ་ལའང་ཞེན་པ་ལོག་བཞིན་ཡོད་པས་ད་ནས་བཟུང་ལོ་གཉིས་རྗེས་སུ་མང་གཙོ་ད་ལྟ་ཇི་བཞིན་ཡོད་མེད་སུས་ཤེས། ལོ་ངོ་གཅིག་སྟོང་ལྔ་བརྒྱ་གོང་དང་ད་ལྟ་གཉིས་བསྡུར་ཐབས་ག་ལ་ཡོད། བསྡུར་ན་དྲང་བདེན་མ་རེད། སྲུང་བཙན་གྱི་རྒྱ་སྐྱེད་རིང་ལུགས་ཀྱིས་ལྟ་བས་བོད་མི་རིགས་འདི་འཇིག་རྟེན་འདི་ངོམ་ངོམ་ཆོག་ཆོག་གི་མི་རིགས་ཤིག་ཆགས་པ་རེད། གཅིག་གྱུར་གྱི་ཡི་གེ་བཟོས། དགེ་བཅུའི་ཁྲིམས་བཟོས། དེའི་དབང་གིས་བོད་མི་རིགས་ཏེ། སྐད་ཡིག་གཅིག་པ་ཡིན་པའི་ལུང་ཚན་འདི་དག་གཅིག་གྱུར་ཆགས་པ་རེད། གལ་སྲིད་སྲུང་བཙན་མེད་ན་བོད་མི་གཅིག་གྱུར་ཆགས་པའི་ནུས་བ་དཀའ་ལ་གཅིག་གྱུར་མེད་ན། སྟོབས་ཤུགས་ཉམས་ནས་སྔ་ས་ནས་རྒྱ་ཡིས་བཙན་འོག་ཏུ་འཐིམས་ཟིན། མི་རིགས་འདི་འཇིག་ཟིན། དེ་བརྟེན། སྲུང་བཙན་གྱིས་སྒྲུབ་པའི་ཁེ་དང་གྱོང་གཉིས་ལས་ཁེ་མང་པས་བོད་ལ་དགའ་མཁན་ཞིག་ཡིན་ན་་སྲུང་བཙན་ལ་གུས་འདུད་ཞུ། གུས་འདུད་བྱེད་རྒྱུ་ལུགས་མཐུན་ཡིན། ཁོང་ནི་ང་ཚོའི་མི་རིགས་ཀྱི་སྤོབས་པ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme