Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིར་སྐྱབས་བཅོལ་ཆགས། སྐྱབས་བཅོལ་ཡིག་ཆ་ལ་བཅོལ།

Posted on 2012-01-312012-01-31 By ཁ་བརྡ་ 8 Comments on ཨ་རིར་སྐྱབས་བཅོལ་ཆགས། སྐྱབས་བཅོལ་ཡིག་ཆ་ལ་བཅོལ།

ཁོང་གི་དབྱིན་ཡིག་དྲ་བ།
(ཁྲིམས་རྩོད་པ་བསྟན་འཛིན་དབང་རྒྱལ་ལ་བཅར་འདྲི།)
བཅར་འདྲི་ཞུ་མཁན། རིག་འབྱུང་དོན་གྲུབ་བཀྲ་ཤིས།

༡ ཐོག་མར། ཁྱེད་ནས་ཁྲིམས་ཀྱི་ལས་ཁུངས་དེའི་རྒྱབ་ལྗོངས་ལོ་རྒྱུས་ངོ་སྤྲོད་མདོར་ཙམ་བྱེད་རོགས།

ལན། ཁྲིམས་ཀྱི་ལས་ཁུངས་འདི་བཙུགས་ནས་ལོ་གཅིག་དང་བདུན་ཕྲག་གཉིས་ཙམ་འགྲོ་གི་ཡོད་རེད་། ཁྲིམས་ཀྱི་ལས་ཁུངས་འདི་བཙུགས་པའི་དགོས་དམིགས་གཙོ་བོ་དེ་། ༡ ནེའུ་ཡོག་གཅིག་པོར་བོད་མི་སྟོང་ཕྲག་བརྒྱད་བརྒལ་བ་ཙམ་ཡོད་མོད་། སྐྱབས་བཅོལ་ཡིག་ཆ་སོགས་མི་རིགས་གཞན་གྱི་ཁྲིམས་རྩོད་པ་བརྒྱུད་ནས་ཞུ་དགོས་ཐུག་གི་ཡོད་པ་རེད་། ༢ སོ་སོའི་མི་རིགས་མ་ཡིན་པའི། ཁྲིམས་རྩོད་པ་གཞན་ཞིག་བརྒྱུད་ནས་ཡིག་ཆ་སོགས་ཞུ་དགོས་དུས། སྐད་ཡིག་གི་གོ་བརྡ་མ་འཕྲོད་པའི་དཀའ་ངལ། དཀའ་ངལ་ཆུང་ཙག་རིགས་ལ་བརྟེན་ནས་གོ་ནོར་ཆེན་པོ་ཐེབས་པའི་རིགས། དངུལ་བླངས་བ་མ་གཏོགས་ལས་ཀ་ཡག་པོ་མ་བྱས་བའི་རིགས། ད་དུང་། བོད་རིགས་ཁ་ཤས་ལ་ཁྲིམས་རྩོད་པས་མཐོང་ཆུང་དང་ཁྱད་གསོད་བྱས་བའི་ལོ་རྒྱུས་སོགས་གནད་དོན་མང་པོ་བྱུང་འདུག ༣ ང་རང་གཅིག་ནས་བོད་མི་ཞིག་ཡིན་པ་དང་། བོད་རིགས་གཅིག་མཚུངས་ལྟར་སྐྱབས་བཅོལ་བ་ཡིན་པ། ཁྲིམས་ཀྱི་སློབ་གྲ་ཐོན་རྗེས་སོ་སོར་ཁྲིམས་རྩོད་ཀྱི་ཁོངས་སུ་ལོ་ཤས་རིང་ཉམས་མྱོང་ཡག་པོ་འཐོབ་ཡོད་པ་བཅས་རྒྱུ་མཚན་ལ་བཞག་ནས་ཁྲིམས་ཀྱི་ལས་ཁུངས་འདི་སྒོ་ཕྱེས་བ་ཡིན།

༢ ཁྱེད་ནས་ཁྲིམས་ཀྱི་གནད་དོན་གཙོ་བོ་གང་དང་གང་གི་སྐོར་ལ་ཕྱག་ནས་གནང་གི་ཡོད་དམ།

ལན། ངས་ལས་ཀའི་བརྒྱ་ཆ་དྲུག་ཅུ་དེ་སྐྱབས་བཅོལ་གྱི་གནད་དོན་སྒང་ལ་ཡིན། འདིའི་ཁོངས་སུ་གཙོ་བོ་། སྐྱབས་བཅོལ་བའི་ཡིག་ཆ་ཞུ་ཡ་དང་གཏན་སྡོད་ཡིག་ཆ་རེག་ཐབས་སོགས་བརྩིས་བའི་གཙོ་བོ་ཁྲིམས་མཐུན་ཡིག་ཆ་ཐོབ་ཐབས་ཀྱི་ལས་ཀའི་སྒང་ལ་ཡིན། ལས་ཀའི་བརྒྱ་ཆ་སུམ་ཅུ་ཙམ་ནང་མིའི་རྩོད་རྙོག་དང་བཟའ་ཚང་ཕན་ཚུན་གྱི་གནད་དོན། བཟའ་ཚང་ཁ་བྲལ་གྱི་གནད་དོན་སོགས་ཀྱི་སྒང་ལ་བྱེད་ཀྱི་ཡོད་། དེ་ནས་ལྷག་མ་བརྒྱ་ཆ་བཅུ་ཙམ་སྤྱིར་བཏང་གི་ཁྲིམས་ཀྱི་གནད་དོན་སྒང་ལ་ཡིན། འདིའི་ཁོངས་སུ་། ཟ་ཁང་དང་ཚོང་ཁང་སོགས་ལ་ཁྲིམས་མཐུན་ཡིག་ཆ་རེག་ཐབས་ཀྱི་གནད་དོན་སྐོར་ལ་ཡིན།

༣ ཁྱེད་ནས་ལས་ཀ་ཞིག་རྩིས་བླངས་ཚར་བའི་རྗེས་ལ། དེ་ལ་ཕྱག་ལས་ཇི་ལྟར་གནང་གི་ཡོད་།

ལན། ངས་བརྩིས་བླངས་བའི་ལས་ཀ་ཞིག་ཡིན་ན། ༡ དོ་བདག་གི་མཉམ་དུ་ཁ་ནས་བཤད་པ་ཙམ་མ་ཡིན་པར་ཚང་མ་བརྟན་པོ་ཡོང་བའི་ཆེད་དུ་ཡིག་ཐོག་ལ་འཇོག་གི་ཡོད་། ༢ དཀའ་ངལ་ག་རེ་ཡིན་ན་ཡང་། དེའི་གནད་འགག་དེ་ཚོའི་སྒང་ལ་དུས་ཚོད་མང་བ་གཏོང་གི་ཡོད་མ་གཏོགས་འབྲེལ་མེད་ཀྱི་རིགས་ལ་དུས་ཚོད་གཏོང་གི་མེད་། དེ་ལྟར་བྱས་ན། དོ་བདག་ལ་ཕན་གི་འདུག་ལ་དོ་བདག་གི་དུས་ཚོད་ཀྱང་འཕྲོ་བརླག་ལ་འགྲོ་གི་ཡོད་མ་རེད་། ༣ ངས་དོ་བདག་གིས་ཚུར་འབྲེལ་བ་བྱས་བ་ཙམ་མ་ཡིན་པར་། དུས་ཐོག་ལ་ཕར་ལ་ཡང་ཡིག་ངག་གཉིས་ཐོག་ནས་འབྲེལ་བ་ཞུ་གི་ཡོད་། ༤ ང་རང་བོད་མི་ཞིག་ཡིན་པ་དང་སྐྱབས་བཅོལ་བའི་གནས་སྟངས་ངོ་འཕྲོད་མཁན་ཞིག་ཡིན་ཙང་། གང་ནུས་གང་ཡོད་ཀྱིས་དོ་བདག་གི་དཀའ་ངལ་དེ་སེལ་བར་ལས་ཀ་བྱེད་གི་ཡོད་། གོང་གི་གནད་དོན་འདི་ཚོ་ཞུ་དགོས་བའི་རྒྱུ་མཚན་གཞན་ཞིག་ནི། བོད་པ་ཁ་ཤས་ཀྱིས་མི་རིགས་གཞན་པའི་ཁྲིམས་རྩོད་པ་དེ་འདྲ་གླས་ནས་དཀའ་ངལ་མང་པོ་འཕྲད་པའི་ལོ་རྒྱུས་འདུག དཔེར་ན། ཁྲིམས་རྩོད་པ་བོད་པའི་གནས་སྟངས་ལ་རྒྱུས་མེད་པའི་དབང་གིས། གནད་དོན་ཆུང་ཚགས་དེ་འདྲའི་རིགས་ལ་དུས་ཚོད་མང་པོ་གཏོང་བ། ཁྲིམས་རྩོད་པ་ངོ་མས་ལས་ཀ་མ་བྱས་བར་འོག་གི་ལས་རོགས་དེ་འདྲར་རྩིས་སྤྲད་ནས་ལས་དོན་མ་འགྲུབ་པ། ལས་ཀ་ཉིན་འགྱངས་ཞག་འགྱངས་བྱུང་བ། ད་དུང་། ཕན་ཚུན་གོ་བརྡ་མ་འཕྲོད་པའི་དབང་གིས་ནོར་འཁྲུལ་ཚབས་ཆེན་བྱུང་བ་དེ་སོགས་གནད་དོན་མང་པོ་འདུག དཔེར་ན། ཉེ་སྔོན་བོད་མི་ཞིག་ལ་གཞུང་ནས་ཡི་གེ་སླེབས་པ་དེས། སོ་སོའི་ཁྲིམས་རྩོད་པར་གཞུང་གི་ལས་ཁུངས་སུ་འགྲོ་དགོས་མིན་དྲིས་པར་། ཁྲིམས་རྩོད་པས་འགྲོ་ན་འགྲིག་རེད་ཟེར་ནས་། བོད་མི་དེ་རྒྱ་གར་དུ་ཕྱིར་བསློགས་པའི་གནས་སྟངས་བྱུང་འདུག

༤ ད་ཕན་ཁྱེད་ནས་ལས་ཀ་བྱས་བ་དེ་ཚོར་གྲུབ་འབྲས་ག་འདྲ་བྱུང་སོང་ངམ།

ལན། སྐྱབས་བཅོལ་གྱི་ཡིག་ཆ་ཞུ་ཡའི་ཐོག་ལ་ལས་ཀ་བྱེད་རྒྱུ་དེ་། ཉིན་མ་གཅིག་གཉིས་ཀྱི་ནང་ལ་གྲུབ་འབྲས་སྟོན་རྒྱུ་ཡོད་པ་དེ་འདྲ་མ་རེད་། དེ་ལ་དུས་ཚོད་འགོར་གི་ཡོད་པ་རེད་། ངས་བརྩིས་བླངས་བའི་ལས་ཀ་མང་པོ་ཞིག་སྤྱི་ལོ་༢༠༡༣ལ་ཐག་ཆོད་པ་དེ་འདྲ་ཡང་ཡོད་རེད་། གང་ལྟར་། ངས་བརྩིས་བླངས་ཚར་བའི་རྗེས་ལ་། ལས་ཀའི་འགོ་མཇུག་བར་གསུམ་བརྟན་པོ་དང་ཚགས་ཚུད་པོ་། ཡིད་ཆེས་འཕེར་བ་བྱེད་གི་ཡོད་། དཔེར་ན། ཉེ་ཆར་བོད་མི་ཞིག་གིས་ལས་ཀ་ཤོར་ནས་ལས་མེད་ཀྱི་སྐྱོབ་གསོ་མ་རེག་པའི་གནད་དོན་ཞིག་ངས་བརྩིས་བླངས་ཏེ་ཁྲིམས་ཐོག་ནས་རྩོད་བརྒྱབ་ཏེ་ཁོང་ལ་སྐྱོབ་གསོ་རེག་པའི་གནས་སྟངས་བྱུང་ཡོད་། ད་དུང་། ཨ་རི་བ་ཞིག་གིས་རང་གི་ཆུང་མ་བསད་ནས་ལོ་བཅོ་ལྔར་བཙོན་དུ་ཚུད་པ་དེ་། ལོ་བཅོ་ལྔའི་རྗེས་སུ་ཁོང་གློད་གྲོལ་གཏོང་དགོས་མིན་གྱི་གནད་དོན་དེ་ཐག་གཅོད་པ་ལ། ཁོང་གློད་པ་ཡིན་ལ་མ་འོངས་པར་སྤྱི་ཚོགས་ནང་དཀའ་ངལ་བཟོ་མིན་དང་ཁོང་ཡར་རྒྱས་ཕྱིན་ཡོད་མེད་། ཁོང་གློད་འོས་མིན་སོགས་ཀྱི་གནད་དོན་དེ་ཁྲིམས་ཐོག་ཏུ་སླེབས་པ་དེ་འདྲ་ཞིག་ལ་ཡང་གུས་བས་བརྩིས་བླངས་ནས་། མཐའ་མ་དེར་ཁོང་གློད་ཐུབ་པ་བྱུང་བ་རེད་།

ཁྲིམས་རྩོད་པ་བསྟན་འཛིན་དབང་རྒྱལ་གྱི་ངོ་སྤྲོད་མདོར་བསྡུས།

ཁྲིམས་རྩོད་པ་བསྟན་འཛིན་དབང་རྒྱལ་ལགས་ནི། རྒྱ་གར་དུ་སྐྱེས་ཤིང་རྡ་ཤོད་བོད་ཁྱིམ་ནས་འཛིན་རིམ་བཅུ་བ་ཐོན། རྡ་སྟེང་བོད་ཁྱིམ་ནས་འཛིན་རིམ་བཅུ་གཉིས་ཐོན། བོད་གཞུང་བརྒྱུད་དབྱིན་ཡུལ་དུ་ལོ་གཉིས་ཀྱི་ཤེས་ཡོན་སློབ་སྦྱོང་ཐོབ། ཨ་རིའི་མེས་སྒྲེལ་རྦ་རིས་གཙུག་ལག་སློབ་ཁང་(Meddlebury College)དུ་དཔལ་འབྱོར་དང་སྤྱི་ཚོགས་ཚན་རིག་ཐོག་སློབ་ཐོན་གནང་། དེའི་རྗེས་སུ་། ཁྲིམས་རྩོད་པའི་ལས་རོགས་ཀྱི་ཕྱག་ལས་ལོ་གསུམ་ལ་གནང་། ཕྱི་ལོ་༢༠༠༨ནས་༢༠༡༠བར་། སྦོ་སི་གྲོན་བྱང་ཤར་ཁྲིམས་ཀྱི་གཙུག་ལག་སློབ་ཁང་(Northeastern University School of Law) དུ་ཁྲིམས་ཀྱི་སློབ་སྦྱོང་ལོ་གཉིས་གནང་། དེའི་རྗེས་སུ་དུས་གཅིག་ལ་ནེའུ་ཡོག་དང་སྦོ་སུ་གྲོན་དུ་ཁྲིམས་ཀྱི་ལས་ཀ་བྱས་ཆོག་པའི་(Bar Exam) ཡིག་ཚད་ལེགས་འགྲུབ་བྱུང་བ་བཅས་ལོ་རྒྱུས་མདོར་བསྡུས་ཙམ་། ད་དུང་། ཁོང་ནི་བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་དྲ་བའི་རྩོམ་སྒྲིག་པ་བཞིའི་གྲས་ཀྱི་གཅིག་ཡིན།

འབྲེལ་གཏུགས་ཁ་བྱང་།

NEW YORK
40-29 27th Street
Long Island City, NY 11101
Ph: (718) 303-0255
tenzin@WangyalLaw.com

MASSACHUSETTS
(By Appointment Only)
One Mifflin Place – Harvard Square
119 Mt. Auburn Street, Suite 400
Cambridge, MA 02138
Ph: (617) 312-0249
tenzin@WangyalLaw.com

བཅར་འདྲི།

Post navigation

Previous Post: རིགས་རུས་ཁྲག་རྒྱུད་ཟེར་བ་དེ་རྩ་ཆེན་ཅང་མ་རེད།
Next Post: སྐྱབས་མགོན་མ་ཕེབས་ལོ་མང་འགོར། ཞལ་རས་མ་མཇལ་ཡུན་རིང་སོང་། (བོད་།)

Comments (8) on “ཨ་རིར་སྐྱབས་བཅོལ་ཆགས། སྐྱབས་བཅོལ་ཡིག་ཆ་ལ་བཅོལ།”

  1. བསྟན་འཛིན། says:
    2012-01-31 at 3:45 am

    བོད་ལ་ཁྲིམས་ཀྱི་ལས་ཁུངས་ཡོད་མཁན་ཁྲིམས་རྩོད་པ་ཞིག་བྱུང་བར་དགའ་སོང་། ནེའུ་ཡོག་ན་སྐྱབས་བཅོལ་ཡིག་ཆ་མེད་པའི་བོད་མི་ཧ་ཅང་མང་པོ་རེད་ལ་དེ་ཚོར་ཁོང་ནས་རོགས་རམ་གནང་སྐྱོང་ཡོང་བ་ཞུ།

  2. དོམ་ཁྲ says:
    2012-01-31 at 4:46 am

    ལྷག་བསམ་དང་སེམས་ཤུག་ཡག་པོ་ཡོད་ཚོད་ཀྱི་སྐད་ཆ་ཞིག་འདུག་མུ་འཐུད་དེ་ཕྱག་ལས་གནང་སྟེ་གྲུབ་འབྲས་མངོན་འགྱུར་ཡོང་བའི་རེ་བ་དང་སྨོན་ལམ་ཡོད།

  3. གཅན་བཟོད་རྒྱམ། says:
    2012-01-31 at 5:07 am

    ད་ཡང་ང་ཚོའི་སྤྱི་ཚོགས་སུ་ཤེས་ལྡན་པ་གཅིག་གིས་ཇེ་མང་དུ་སོང་བ་རེད། ངོ་མ་བསྔགས་པར་འོས་སོ།། ང་ཆེས་དགའ་ས་དེ་དྲང་བདེན་གྱི་ལམ་ནས་སྤྱི་ཚོགས་ཞབས་ཞུ་མཁན་དག་ཡིན། ཁྱོད་ཀྱི་བྱ་བ་ཐ་དག་ལམ་ལྷོང་ཡོང་བའི་སྨོན་འདུན་གཙང་མ་ཞུ།

  4. དྲན་མེད་གླང་སྨྱོན། says:
    2012-01-31 at 7:26 am

    བོད་མིས་ནང་དུ་མི་དེ་འདྲ་མང་ཙམ་སྐྱེ་སྲིང་ཐུབ་པའི་འབད་བཙོན་བཀའ་བློན་བློ་བཟང་སེང་གེ་མཆོག་གི་བྱེད་གི་ཡིན་གསུང་ཡོད་རེད། བཀའ་བློན་མཆོག་ལ་རེ་བཀུར་ཞུ་རྒྱུ། ཁོང་གི་དམ་བཅའ་ནང་བཞིན་ཤུག་རོག་གནང།

  5. སྟོབས་ says:
    2012-01-31 at 12:48 pm

    དགའ་འོས་པའི་གནས་ཆུ༹ལ་རེད་ཁོང་ལྟ་བུའི་ཆེ་ལས་པ་གང་མང་སྐྱེ་སྲིང་ཡོང་རེ་ཆེ་

  6. ཡོན་ཏན་ནག་པོ། says:
    2012-02-01 at 2:43 am

    རང་ཉིད་ཀྱི་དཀའ་བ་དཔྱད་པའི་་འབྲས་བུ་རེད། ཁྱེ་ཚོང་ཡག་པོ་ཡོང་བའི་རེ་བ་ཡོད། སྤོ་བ་ཆེ་བོད་རིགས་ན་གཞོན་ཞིག་ཡིན་པ་ལ།

  7. ཐུབ་པ། says:
    2012-02-01 at 2:46 pm

    ཧ་ཅང་ཡག་པོ་འདུག
    གང་ལྟར་རང་མི་ལ་ཕན་ཐོགས་པར་ཤོག

  8. སྦྲ་ནག says:
    2012-02-02 at 6:44 pm

    ཕྲན་ལ་ཚོང་ཁང་གི་སྐོར་ལ་དཀའ་ངར་བྱུང་ནས་ངས་བརྟན་འཛིན་དབང་རྒྱལ་ལགས་ལ་ཁ་པར་ཐོག་ནས་འབྲེལ་བ་བྱས་པ་ཡིན། ཁོང་ནི་ལྷག་བསམ་དང་དྲངས་བདེན་ཅན་ཞིག་ཡིན་པ་ཚོར་སོང་། བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། མ་འོང་པར་བྱ་བ་ལམ་འགྲོ་ཡོང་པའི་སྨོན་ལམ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme