Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོའི་སྟོབས་ཤུགས་ངོ་མ་དེ་གང་རེད།

Posted on 2012-01-282012-01-29 By ཁ་བརྡ་ 31 Comments on ང་ཚོའི་སྟོབས་ཤུགས་ངོ་མ་དེ་གང་རེད།

རླབས།
ཆུ་བཞི་སྒང་དྲུག་གི་དཔའ་རྒོད་ཚོའི་ཆོད་སེམས་རྡོ་རྗེའི་མདུད་པ་བླ་མའི་དབང་ཤུགས་ཁྲོད་དུ་རླུང་ལ་བསྐུར་དགོས་བྱུང་ཞིང་། གདོང་དམར་གངས་ཅན་པའི་རང་བཙན་ལོ་རྒྱུས་གཙང་མ་སྐུ་ཚབ་རྫུན་མའི་སྐད་སྐུར་ཅིག་གི་འུར་སྒྲའི་ཁྲོད་དབུ་མའི་ལམ་དང་བརྗེས་སོང་། དུས་དེ་ནས་བཟུང་། ང་ཚོའི་འཐབ་རྩོད་ཁྲོད་ཕམ་ཁ་སྣ་དགུ་གཅིག་རྗེས་གཉིས་མཐུད་དུ་བྱུང་འགོ་བརྩམས་ཞིང་། དུས་དེ་ནས་བཟུང་། ང་ཚོའི་དམིགས་ཡུལ་དང་གྲ་སྒྲིག་ཡོད་ཚད་མུན་ཁྲོད་དུ་བརླགས་འགོ་ཚུགས་སོང་། ད་ནི་ང་ཚོས་དོན་དམ་པས་གཞིས་ལུས་རྒྱ་ཆེའི་མི་མང་ལ་སེམས་གཏིང་ནས་བཟོད་གསོལ་རིང་མོ་ཞིག་ཞུ་རན་འདུག ལོ་ངོ་དྲུག་ཅུའི་རིང་དུ་ང་ཚོའི་ཕ་ཡུལ་གྱི་ཕུ་ནུ་སྤུན་ཟླ་ཁྲི་སྟོང་གི་ཆེད་དུ་དོན་ངོ་མར་ང་ཚོས་ཅི་ཞིག་བྱས་ཡོད།

ང་ཚོ་༧གོང་ས་མཆོག་གི་བདག་གཞན་མཉམ་བརྗེའི་བཀའ་སློབ་འོག་ཐར་བའི་གྲོང་དུ་བགྲོད་མ་ཐུབ་ལ། ང་ཚོ་གཞིས་ལུས་རྒྱ་ཆེའི་མི་མང་གི་མགྲིན་ཚབ་ཏུ་ལངས་ནས་བོད་རང་བཙན་གྱི་ངར་སྐད་ཀྱང་འཛམ་གླིང་ལ་བསྒྲགས་ཐུབ་མ་སོང་། ད་དུང་ང་ཚོས་རང་ཉིད་གཞིས་ལུས་རྒྱ་ཆེའི་མི་མང་གི་མགྲིན་ཚབ་པ་ཡིན་རབས་གླེང་བཞིན་གཞིས་ལུས་མི་མང་གི་མངོན་འདོད་ལོག་པར་འགྲེལ་ནས་འཛམ་གླིང་ལ་བསྒྲགས། ༧གོང་ས་མཆོག་གི་རླབས་ཆེན་ཐུགས་དགོངས་རྒྱ་ཆེ་དྲགས་པ་ཡིན་ནམ། རྒྱ་ནག་གཞུང་གི་གདུག་རྩུབ་ཀྱི་སྲིད་བྱུས་གཏིང་ནག་དྲགས་པས་ཡིན། གང་ལྟར། གཞིས་ལུས་རྒྱ་ཆེའི་མི་མང་ད་བར་དུ་འདི་ལྟར་ཁྲག་དང་མིག་ཆུའི་ཁྲོད་མྱངས་དགོས་བྱུང་སོང་། བོད་ནང་དུ་ངོ་རྒོལ་གྱི་མེ་ལྕེ་རེ་རེ་མཆེད་སྐབས་རྒྱ་གཞུང་གི་ཐེ་ཚོམ་མེད་པར་མདའ་མཚོན་གྱི་འཁོར་ལོ་བསྐོར། ཉེས་མེད་ཕུ་ནུ་སྤུན་ཟླ་དམར་གསོད་གཏོང་ཐེངས་རེ་རེར་ང་ཚོས་མར་མེའི་ཁྲོམ་སྐོར་རེས་སྐྱེལ་མ་བྱས།

ད་ནི་ང་ཚོ་དོན་དམ་པའི་གཞིས་ལུས་རྒྱ་ཆེའི་མི་མང་གི་མངོན་འདོད་དང་སྣེ་ཁྲིད་རྗེས་སུ་འབྲང་ནས་སྐྱོད་རན་རེད། ང་ཚོར་གཞིས་ལུས་རྒྱ་ཆེའི་མི་མང་ལས་ལྷག་པའི་སྟོབས་ཤུགས་ཞིག་མི་འདུག ལོ་ངོ་དྲུག་ཅུའི་རིང་ང་ཚོས་ཐ་ན་རང་ཉིད་ཀྱི་སྟོབས་ཤུགས་ངོ་མ་དེ་གང་ཡིན་ཙམ་ཡང་ངོས་འཛིན་བྱ་ཐུབ་མི་འདུག གངས་སྐྱིད་གཞུང་གི་སྒྲིག་འཛུགས་དེ་དང་དེའི་ནང་གི་སྐུ་ངོ་སྐུ་ལྕམ་དག་ང་ཚོའི་སྟོབས་ཤུགས་མ་རེད་ལ། བཙན་བྱོལ་སློབ་གྲྭ་ཁག་ན་འཚར་བཞིན་པའི་སྐད་གཉིས་རང་སྐྱ་མི་འཕེར་མཁན་ཚོ་ཡང་ང་ཚོའི་སྟོབས་ཤུགས་ངོ་མ་མ་རེད་མི་འདུག ཐ་ན་ང་ཚོའི་འཛམ་གླིང་ཡོངས་ལ་ངོམ་སོ་བྱེད་བཞིན་པའི་༧གོང་ས་མཆོག་དེ་ཡང་ང་ཚོའི་སྟོབས་ཤུགས་ངོ་མ་དེ་རེད་མི་འདུག ལག་ལེན་དང་དངོས་ཡོད་གང་ནས་བལྟས་ཀྱང་། ང་ཚོའི་སྟོབས་ཤུགས་ངོ་མ་ནི་གཞིས་ལུས་རྒྱ་ཆེའི་མི་མང་ལས་ལྷག་ཅིག་མི་འདུག ད་ང་ཚོས་དངོས་ཡོད་གནས་ཚུལ་དེ་ཁས་ལེན་བྱས་ནས་གཞིས་ལུས་མི་མང་གི་རྗེས་སུ་འབྲང་ན་རེད། ད་ང་ཚོར་མ་མཐུད་ཕ་གསོད་མ་གསོད་ཀྱི་ལག་དམར་དང་མཉམ་དུ་འདུག་རྒྱུར་གྲོས་མོལ་བྱེད་རྒྱུའི་སྙིང་ཁམས་དེ་མེད་སོང་། གང་ཡིན་ཟེར་ན་ལོ་ངོ་དྲུག་ཅུའི་རིང་ང་ཚོར་གཞིས་ལུས་རྒྱ་ཆེའི་མི་མང་གི་སྣེ་ཁྲིད་བྱེད་ཐུབ་པའི་འཇོན་ཐང་དང་ནུས་པ་མེད་པ་བདེན་དཔང་བྱས་སོང་།

སྣ་ཚོགས།

Post navigation

Previous Post: མེ་ལྕེ་ཁྲོད་ཀྱི་ཕ་ས་མ་ཡུལ།
Next Post: འཛམ་ཐང་གི་གནས་ཚུལ་གསར་བ།

Comments (31) on “ང་ཚོའི་སྟོབས་ཤུགས་ངོ་མ་དེ་གང་རེད།”

  1. ཉི་མ་མེ་ཏོག། says:
    2012-01-29 at 1:19 am

    ཨ་རོགས་རླབས་ལགས། ཁྱེད་རང་ག་པར་བཞུགས་ཀྱི་ཡོད། ཁྱེད་རང་ཕྱིར་རྒྱ་གར་དུ་ཕེབས་ཏེ་གངས་སྐྱིད་ཀྱི་སྣེ་འཁྲིད་གཅིག་ཅི་འདྲ་རེད།
    ངས་བལྟས་ན་ཁྱེད་རང་ཁྲོན་༐པའི་ནང་གྱི་སྦལ་བ་འདྲ་པོ་ཡིན་ས་རེད།
    ཁ་ནས་ཐོན་ཚད་སྐད་ཆ་མ་རེད། ཁྱེད་རང་འདྲ་བའི་དྲ་ཐོགས་ཟིན་བྲིས་བྲི་མཁན་ཁ་ཤས་དེ་དངོས་གནས་རྒྱའི་མྱུལ་མ་འདྲ་ཡིན་ས་རེད། གང་ཡིན་ཟེར་ན་ག་དུས་ཡིན་ནའང་དཀྲུགས་ཤིང་གྱི་གཏམ་དག་དག་བཤད་ཀྱི་འདུག།
    དེ་འདྲ་མ་གནང་རོགས།

  2. གང་ says:
    2012-01-29 at 1:22 am

    ཨ་རོགས་རླབས་ལགས། ཁྱེད་རང་ག་པར་བཞུགས་ཀྱི་ཡོད། ཁྱེད་རང་ཕྱིར་རྒྱ་གར་དུ་ཕེབས་ཏེ་གངས་སྐྱིད་ཀྱི་སྣེ་འཁྲིད་གཅིག་བྱས་ན་ཅི་འདྲ་རེད།
    ངས་བལྟས་ན་ཁྱེད་རང་ཁྲོན་༐པའི་ནང་གྱི་སྦལ་བ་འདྲ་པོ་ཡིན་ས་རེད།
    ཁ་ནས་ཐོན་ཚད་སྐད་ཆ་མ་རེད། ཁྱེད་རང་འདྲ་བའི་དྲ་ཐོགས་ཟིན་བྲིས་པ་ཁ་ཤས་དེ་དངོས་གནས་རྒྱའི་མྱུལ་མ་འདྲ་ཡིན་ས་རེད། གང་ཡིན་ཟེར་ན་ག་དུས་ཡིན་ནའང་དཀྲུགས་ཤིང་གྱི་གཏམ་དག་དག་བཤད་ཀྱི་འདུག།
    དེ་འདྲ་མ་གནང་རོགས།
    གང་ལྟར་སུས་འཇོན་ནའང་འཇོན་ཐང་སྟོན་པའི་དུས་ལ་བབས་ཡོད་པ་ནི་གསལ་པོ་རེད།

  3. འབྱོར་དགའ་རྒྱལ། says:
    2012-01-29 at 1:43 am

    བསམ་ཚུལ་དང་སྨྲ་བརྗོད་ཀྱི་རང་དབང་ནི་དམངས་གཙོའི་ཁེ་དབང་རེད། སྐད་ཆའི་སྨྲ་བརྗོད་ཡོད་ཚད་ལ་བདེན་འཛིན་དང་ཡིད་ཆེས་བྱེད་མིན་ནི་ཀློག་པ་པོའི་རང་དབང་དང་བསམ་བློའི་ཆུ་ཚད་ལ་རག་ལས་ཡོད།

  4. གཡུ་ཐོག་འབངས། says:
    2012-01-29 at 4:52 am

    མང་གཙོ་ཡིན་ན་ཡང་ལབ་སྟངས་དང་གླེང་སྟངས་གཟབ་དགོས། ཁ་ནི་ཉེས་པ་ཀུན་གྱི་སྒོ་ཡིན་པས་ཤིན་ཏུ་ནས་གཟབ་དགོས།

  5. ཀརྡོ་གཉེར་ཕྱག་པ་ says:
    2012-01-29 at 4:54 am

    ་་་་་། ཐ་ན་ང་ཚོའི་འཛམ་གླིང་ཡོངས་ལ་ངོམ་སོ་བྱེད་བཞིན་པའི་༧གོང་ས་མཆོག་དེ་ཡང་ང་ཚོའི་སྟོབས་ཤུགས་ངོ་མ་དེ་རེད་མི་འདུག ལག་ལེན་དང་དངོས་ཡོད་གང་ནས་བལྟས་ཀྱང་། ་་་་་ཟེར་
    སྟངས་ལ་བལྟས་ན། ཀླད་མེད་འཚོར་མེད་རླབས་ཟེར་མཁན་ཁྱོད་གསར་འབྱོར་བ་འཁྱམས་པོ་བོད་ཡིག་འབྲི་ཤེས་ཙམ་ཡིན་པ་ཐག་གཅོད་ཐུབ་ལ། ་བཀྲ་མི་ཤེས་པ་ཁྱོད་འདྲ་བ། ཁ་ཁ་རོགས་སྡོད། རྐུབ་མཎི་འདྲེན་ནས་བསྡད་ན་མི་ལེགས་སམ། ཁྱོད་བཀྲ་ཤིས་སྣ་ནག་མ་ཅི་ག་རེད་གདའ། ཁོ་རེ། ནརནར་་ལྕེ་ལ་བདག་པོ་མ་བརྒྱབ་ན། རིལ་རིལ་དབུ་ལ་ཉོ་ཆ་རག་ཡོང་ངོ་། །

  6. འབའ་བློ། says:
    2012-01-29 at 5:41 am

    ཡང་ཁྱི་ཕྲུག་ཞིག་འདི་ན་ངར་ཀོ་གི་ཧ་ཧ་ཧ་་་སྙིང་ན་གི་རྒྱ་ཁྱི་འདི་མོ་འདི་རིག་ན།

  7. རིག་པའི་རལ་གྲི says:
    2012-01-29 at 5:59 am

    ང་ཚོའི་སྟོབ་ཤུགས་ངོ་མ་དེ། བོད་རྒྱུད་ནང་བསྟན་རེད། དེས་ད་བར་བོད་ཅེས་མཚོ་གནས་ཐུབ་ཡོད། གཉིས་པ་དེ་འཛིན་སྐྱོངས་བྱེད་མཁན་གྱི་མི་སྣ་རྣམས་རེད། གསུམ་པ་དེ་འཛིན་སྐྱོངས་བྱེད་མཁན་གྱི་དབུ་ཁྲིད་ལ་བློས་ཁེལ་གྱིས་འཛུབ་མོ་གར་བསྟན་ཤར་བྱེད་མཁན་བོད་རྒྱ་ཆེན་མི་མང་དད་ཞེན་ལྷག་བསམ་ཅན་འདི་དག་རེད། དེ་དག་མེད་ན། བོད་ཚྭ་སྤར་གང་རེད། རྒྱ་ནི་མཐའི་རྒྱ་མཚོ་རེད། སྔ་མོ་ནས་རྒྱ་མཚོར་ཐིམས་ཚར་ཡོད་འགྲོ། ང་ཚོ་ལ་ཡོད་པའི་སྟོབས་ཤུག་དེ་ཡར་རྒྱས་གཏོང་དགོས་ན། བོད་རྒྱུད་ནང་བསྟན་གཙོས་ཤེས་བྱ་ཀུན་ལ་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དང་། ང་ཚོའི་མཐུན་འབྲེལ་ཡར་རྒྱས་གཏོང་དགོས། ཤེས་ཡོན་ཡར་རྒྱས་གཏོང་ནས་བོད་སྐད་དང་། བོད་ཀྱི་བྱུང་རབས། རིགས་པའི་གཞུང་ལུགས་ཀུན་ལ་གོ་རྟོགས་ཆེན་པོར་གྱུར་ནས་། མཐུན་འབྲེལ་རྡོག་རྩ་གཅིག་སྦྲེལ་ཆགས་ན། བོད་ནམ་ཡང་བརླག་མི་སྲིད་ལ། བདེན་པའི་མཐའ་ངེས་ཅན་དུ་གསལ་བའི་ཡིད་ཆེས་ཡོད།

  8. མིག་བརྒྱད་པ། says:
    2012-01-29 at 6:44 am

    གང་ལྟར་སུས་འཇོན་ནའང་འཇོན་ཐང་སྟོན་པའི་དུས་ལ་བབས་ཡོད། སྐད་ཆ་འདི་དངོས་གནས་གོ་རྒྱུ་བཟང་གི

  9. མིག་བརྒྱད་པ། says:
    2012-01-29 at 6:47 am

    ང་ཚོའི་སྟོབ་ཤུགས་ངོ་མ་དེ། བོད་རྒྱུད་ནང་བསྟན་རེད། ཅེས་པའི་སྐད་ཆ་འདི་དོན་དངོས་དང་མཐུན།

  10. ལྕགས་འགོར says:
    2012-01-29 at 7:13 am

    ཇོ་རུ་སྐྱེས་ཀྱང་གླིང་གི་རེད། ཁྲོ་ཐུང་སྐྱེས་ཀྱང་གླིང་གི་རེད། མདོར་ན་བོད་ལ་བུ་སུ་སྐྱེས་ན་ལས་ཀ་སུས་འཇོན་རེད།

  11. ལྗང་སྨྱུག says:
    2012-01-29 at 7:33 am

    རླབས་ཀྱིས་བཤད་པ་དག་ཀྱང་དོན་དང་མཐུན་གྱི་འདུག་སྟེ། ཡིན་ནའང་ཅུང་ཟད་ཐལ་དྲགས་འདུག་པས། སྒོ་ཀུན་ནས་གཟབ་དགོས། ཁྱེད་ཀྱི་ཐལ་དྲགས་པའི་བཀའ་མོལ་གཅིག་གཉིས་དེས། ཁྱེད་ཀྱི་རིན་ཐང་ཅན་གྱི་དངོས་ཡོད་དང་མཐུན་པའི་གསུང་གཞན་དག་ཆ་ཚང་སྙིང་མེད་བྲོ་མེད་ཅིག་ཏུ་གྱུར་སོང་།

  12. བློབ་བཟང་རྒྱལ་མཚན says:
    2012-01-29 at 8:03 am

    རིག་པའི་རལ་གྲིའི་བཤད་པ་དེ་དངོས་གནས་མི་ཡི་སྐད་ཆ་དོན་ཡོད་རེད་། འོན་ཀྱང་ ་ཀ་རྡོ་ཟེར་བའི་མི་དེ་ཡི་སྐད་ཆ་ནི་སྐྲུགས་ཤིན་ཁོ་ན་ལས་མི་འདུག་། ད་དུང་མི་ལ་ལྡིག་ར་སྐུལ་བ་སོགས་མ་རུང་བ་ཀྱང་རེད་། ཡག་པོ་བྲིས་ཡོད་བསམ་ཨེ་སོང་། གསར་འབྱོར་ཟེར་ཁྱོད་ཀྱི་མི་འདོད་འདོག་བྱེད་དགོས་དོན་ཅི་ཡོད་ ཙམ་པ་ ལས་ཕིན་ གཙོང་ནས་ཁྱོད་རང་ལམ་ཁ་བཀག་ཨེ་སོང་།། གྲོགས་ངན་ལགས་།།།

  13. ཀརྨ་ཡེ་ཤེས says:
    2012-01-29 at 8:20 am

    ད་དངོས་ནས་བཤད་ན་ཁམས་རྒོད་ཚོས་འཛམ་གླིང་ཡོངས་ལ་ངོམ་རིན་ཡོད་པའི་༧གོང་ས་མཆོག་སྐུ་སྲོག་སྐྱོབ་པ་དེ་ཁྱོད་ཚོའི་སྟོབས་ཤུགས་ངོ་མ་དེ་རེད། དེ་ནས་་་་་་

  14. ཀརྡོ་གཉེར་ཕྱག་པ་ says:
    2012-01-29 at 8:35 am

    ༡༢༽ བློབ་བཟང་རྒྱལ་མཚན་ལགས་ཀྱིས། ང་ལ་ཚིག་ངན་གསུངས་པར་ངས་བཀའ་དྲིན་ཆེ་་ཞེས་ཞུ་འདོད་བྱུང་། བཟོད་སྒོམ་ཡོད་ལགས། ད་དུང་ངའི་འབྲུ་དོན་རྣམས་མིན་པ་ལ་མིན་པར་ངོ་སྤྲོད་གནང་ཐུབ་ན་། དེ་བས་ཀྱང་དགའ་བསུ་ཞུ་འདོད་ལགས། ང་དགྲ་རྒྱ་མི་ཡང་གསོད་ཟེར་མཁན་ཅིག་ཡིན། ༸གོང་ས་མཆོག་ལ་ཟུར་་ཟའི་ཚིག་ངས་མི་ཚེ་འདི་ཡི་ནང་ལ་འཁུར་མི་ཐུབ་པ་དེ་ཡང་ཁྱོད་ཀྱིས་ཀྱང་ཤེས་པར་བྱོས་ཤིག་ཀྱེ། གྲོགས་བཟང་ལགས།

  15. ཀརྡོ་གཉེར་ཕྱག་པ་ says:
    2012-01-29 at 8:36 am

    ང་དགྲ་རྒྱ་མི་ཡང་གསོད་ཟེར་མཁན་ཅིག་ཡིན། འདི། ང་དགྲ་རྒྱ་མི་ཡང་༼མ་༽གསོད་ཟེར་མཁན་ཅིག་ཡིན། ལ་བཅོས་རོགས་གནོངས་།

  16. མིག says:
    2012-01-29 at 9:30 am

    མདོར་ན་མི་ལ་དགོས་པ་དེ་སྙིང་སྟོབས་ཡིན། ཞི་ལ་དཀར་ནག་ལ་ཁྱད་པར་ཞིག་མ་མཐོང་།

  17. བྱེ་རླུང་འཚུབ་མ། says:
    2012-01-29 at 10:08 am

    ངས་བསམ་ན་རླུང་ལགས་ཀྱིས་བོད་པའི་སྟོབས་ཤུགས་ངོ་མ་དེ་ངོས་ཟིན་གྱིན་མི་འདུག ཅིག་བྱས་ན་ཁོང་གིས་དགོས་དབང་གིས་བཤད་ནི་མིན་འགྲོ གར་ལྟར་བཤད་སྟངས་དེ་སྣང་བ་འགྲོ་མ་སོང་། དངོས་གནས་ཁྱེད་རང་གི་གཞིས་ལུས་མི་མང་གི་མངོན་འདོད་མ་འདྲ་བ་ཞིག་རྟོག་ཡོད་ན་གསུང་དང་ཅིས་མི་ཆོག དེ་མིན་ཅིག་ཅིག་ཉུག་ཉུག་བཤད་བསྡད་པ་ཙམ་གྱིས་འགྲིག་གི་མ་རེད། བོད་ལ་མཚོན་ན་སྐད་ཆ་དེའི་གྲས་བཤད་མཁན་མང་མེད་ན་ཉུང་མེད་པའི་ཚོད་རེད། དེ་མིན་ཀརྡོ་གཉེར་ཕྱག་པ་ལགས། ༼ཀླད་མེད་འཚོར་མེད་རླབས་ཟེར་མཁན་ཁྱོད་གསར་འབྱོར་བ་འཁྱམས་པོ་༽འདི་ཟེར་ན་ག་རེ་རེད། དོན་མེད་ལ་སྐད་ཆ་འདིས་རིགས་བཤད་དགོས་དོན་འདུག་གམ།

  18. བྱེ་རླུང་འཚུབ་མ། says:
    2012-01-29 at 10:10 am

    དགོངས་དག གོང་གི་རྩོམ་པ་པོའི་མིང་རླུང་མ་རེད། རླབས་རེད།

  19. རིག་པའི་བུ says:
    2012-01-29 at 10:36 am

    ང་ཚོའི་སྟོབས་ཤུགས་ནི་ནང་བསྟན་རྩ་བ་ཉིད་ནས་མིན་ཅིང་། བོད་ཀྱི་སྟོབས་ཤུགས་དངོས་ནི་བོད་ཀྱི་ས་ཆ་ཡིན་ལ། ས་ཆ་དེ་བདག་དབང་ཡོད་པའི་བདེན་པ་ཡིན་པས་རེད། བོད་ལ་ས་ཆ་མེད་ན་ནང་བསྟན་རྒྱ་ནག་ལ་དགོས་དོན་མེད་ལ་རྒྱ་དམར་གྱིས་ཆོས་ལུགས་རྩ་མེད་བཟོ་དེའི་མཚོན་ཐུབ།

  20. ཀརྡོ་གཉེར་ཕྱག་པ་ says:
    2012-01-29 at 10:56 am

    ༡༧༽ བྱེ་རླུང་འཚུབ་མ་ལགས།
    ་་་ དེ་མིན་ཀརྡོ་གཉེར་ཕྱག་པ་ལགས། ༼ཀླད་མེད་འཚོར་མེད་རླབས་ཟེར་མཁན་ཁྱོད་གསར་འབྱོར་བ་འཁྱམས་པོ་༽འདི་ཟེར་ན་ག་རེ་རེད། དོན་མེད་ལ་སྐད་ཆ་འདིས་རིགས་བཤད་དགོས་དོན་འདུག་གམ།
    ཞེས་པའི་ལན་དུ། དོལ་རྒྱལ་རྗེས་འབྲངས་པ་གསར་འབྱོར་བ་དགེ་ལུགས་པའི་སྐྱ་་མིན་སེར་མིན་འགས་ངའི་རྒན་བློ་བཟང་རྒྱ་མཚོ་མཆོག་དམར་གསོད་བཏང་ཙང་བྱས་པ་རེད། ཡང་༸གོང་ས་མཆོག་གི་༸་སྐུ་ལ་ཡང་གནོད་མི་སྲིད་པ་མིན་པས་རེད་ལགས། ད་མཁྱེན་སོང་ངེ་། ལགས།།

  21. ཀརྡོ་གཉེར་ཕྱག་པ་ says:
    2012-01-29 at 11:07 am

    ད་དུང་གསལ་བཤད་དགོས་ན་དྲིས་ཤོག་དགའ་བསུ་ཡོད་ལགས།

  22. བོད་ལ་ཞེན། says:
    2012-01-29 at 11:20 am

    ཡ་ཡ། བོད་ལ་ལ་རྒྱ་ཡོད་མདོག་གིས་བོད་སྤྱི་དམངས་གཉིས་ལ་གཞི་མེད་ཀྱི་སྐྱོན་འཛུགས་བྱེད་པ་སུས་ཀློག་ཀྱང་གོ་གི་འདུག ལྷག་པར་ཆུ་བཞི་སྒང་དྲུག་གི་མིང་བེད་སྤྱོད་ནས་རྫུན་བཤད་ཀྱིས་བོད་མིའི་སྤྱི་སྒྲིལ་སྟོབས་ཤུགས་མེད་པ་བཟོ་རྩིས་བྱེད་པ་ནི་ཉིན་མོའི་གཉིད་ལམ་རེད། ད་ལྟའི་བོད་ཀྱི་དབུ་ཁྲིད་རྣམས་ནི་བོད་མི་དམངས་ཚོས་འོས་ལ་བརྟེན་ནས་སླེབས་པ་ཤེས་བཞིན་དུ་མ་ཤེས་མདོག་བྱེད་དགོས་དོན་གང་ཡོད་རེད།

  23. ཆོས་འཕེལ says:
    2012-01-29 at 12:34 pm

    ཁ་སེང་བསོད་ནམས་རིན་ཆེན་ཟེར་བ་ཞིག་ལ་རིན་པོ་ཆེ་ཨམ་ཞིག་གིས་བཅར་འདྲི་བྱས་པ་ཞིག་མཐོང་སོང་། ཆུ་བཞི་སྒང་དྲུག་ལ་ཞེན་རྒོག་དང་ལ་རྒྱ་ཞི་བོ་ཡོད་མདོག་གིས་གོང་ས་སྐྱབས་མགོན་ཆེན་པོར་ཞི་བོར་རྨ་འབེབས་གཏང་གི་འདུག སྐད་ཆ་བཤད་སྟངས་རང་གིས་གུང་ཁྲན་རིང་ལུགས་ཀྱི་བྲན་གཡོག་ཡིན་པ་གསལ་པོ་འདུག

  24. མགོན་པོ་ཕྱག་གཉིས་པ། says:
    2012-01-29 at 1:38 pm

    གྲོགས་པོ་ཚོས་སྐད་ཆ་ཁྱད་མཚར་དེ་འདྲ་བཤད་བསྡད་འདུག་ག
    གཅིག་གིས་མི་ཡི་སྟོབས་ཤུགས་མགོ་རེད་ཟེར།
    གཞན་ཞིག་གིས་མ་རེད་ཀླད་པ་རེད་ཟེར།
    ཡང་གཅིག་གིས་དེ་མ་རེད། ལག་པ་རེད་ཟེར།
    ཡང་གཞན་པ་ཞིག་གིས་རྐང་པ་རེད་ཟེར།
    བཀྲ་ཤིས་ཀྱིས་ངས་མིག་གིས་རིག་གི་མི་འདུག མིག་གིས་མ་རིག་དུས་བྱེད་ཡ་མི་འདུག མིག་འདི་སྟོབས་ཤུགས་ཆེ་ཟེར།
    བསྟན་འཛིན་གྱིས། ངས་རྣ་བས་གོ་ཡི་མེད། རྣ་བས་ཅང་མ་གོ་དུས། ཅི་བྱེད་དགོས་དང་སྒྲུབ་དགོས་ཀྱང་ཤེས་དཀའ་རྣ་འདི་སྟོབས་ཤུགས་ཆེ་ཟེར།
    མཁའ་མོ་ཡིས་ཁ་འདི་སྟོབས་ཤུགས་ཆེ། ཁ་མེད་ན་བདེན་པ་ཇི་ལྟར་བརྗོད། ཟས་ཇི་ལྟར་ཟ། གཟུགས་སྟོབས་ཇི་ལྟེར་འཕེལ་ཟེར།
    སྙིང་བྱམས་ཀྱིས་སྙིང་མེད་ན་རོ་ཁོག་སྟོང་པ་རེད། སྙིང་འདི་གལ་ཆེ་ཟེར།
    མཁྱེན་རབ་ཀྱིས་ང་མཆིན་པ་མ་ན་སྔོན་ང་ལ་སྟོབས་ཤུགས་ཡོད། མཆིན་པ་ན་བ་ནས་ངའི་གཟུགས་པོ་ལའང་སྟོབས་ཤུགས་མི་འདུག མཆིན་པ་དེ་སྟོབས་ཤུགས་ཀྱི་འབྱུང་རྩ་རེད་ཟེར།
    བློ་དཀར་སྐྱིད་ཀྱིས། དེ་འདྲ་ཟེར་རྒྱུ་ག་བ་ཡོད། དེས་ན་ང་གློ་ན་བ་ནས་སྟོབས་ཤུགས་མི་འདུག་ཟེར།
    མཐའ་མཇུག་རྩོད་གླེང་རྫོགས་པར་གྱུར། རེ་རེ་བཞིན་དུ། སྟོབས་ཤུགས། སྟོབས་ཤུགས་ཟེར་ནས་ངག་ལ་སྐྱོར་བཞིན་སྟོབས་ཤུགས་ཟེར་བ་དེ་དོན་ངོ་མ་ཅི་ཡིན་ལ་བསམ་གཞིགས་ཟབ་མོ་རེ་གཏོང་བཞིན་ཡང་། རྣམ་དཔྱོད་ཀྱི་ཆེ་ཆུང་དབང་གིས་ད་དུང་ཡང་དྲི་ལན་མི་འདྲ་བ་རེ་ཡོང་བཞིན་མཆིས།

  25. ཅོ་རི་ཉི་མ། says:
    2012-01-29 at 1:41 pm

    གོང་གི་རྩོམ་པ་པོ་རླབས་ཟེར་བ་དེས་བོད་ཀྱི་སྟོབས་ཤུགས་བཤད་ཀྱི་ཡོད་པར་འདྲ། སྟོབས་ཤུགས་སུ་ཆེ་ཆུ་ཡོད་པ་བཤད་ན་འགྲིག་ཀྱང་སྟོབས་ཤུགས་ངོ་མ་དང་ངོ་མ་མ་ཡིན་པ་བཤད་ན་འགྲིག་ཐབས་མེད།
    ནང་ཆོས་འདི་ནི་བོད་ཀྱི་རིག་གནས་ཀྱི་སྟོབས་ཤུགས་ཡིན།
    ༧གོང་ས་མཆོག་ནི་བོད་ཀྱི་གཟི་བརྗིད་ཀྱི་སྟོབས་ཤུགས་ཡིན།
    བོད་ཀྱི་ས་ཆ་ནི་བོད་ཀྱི་དཔལ་འབྱོར་གྱི་སྟོབས་ཤུགས་ཡིན།
    རང་སོ་སོར་ཆེ་ཆུང་ལ་མ་བལྟས་པར་སྟོབས་ཤུགས་རེ་ཡོད་པར་དངོས་ཡོད་ཡིན། ཐ་ན་བོད་ཁྱི་ཞིག་ལ་ཡང་ཁོ་རང་གི་ཚད་ཀྱི་སྟོབས་ཤུགས་རེ་ཡོད། འདི་ཚོ་ཚང་མ་བོད་ཀྱི་སྟོབས་ཤུགས་ངོ་མ་ཡིན། ཆེ་ཆུང་ཡོད་པར་བདེན།

    གཞི་ལུས་རྒྱ་ཆེན་མི་དམངས་ནི་བོད་ཀྱི་སྟོབས་ཤུགས་ནང་གི་འཐབ་རྩོད་ཀྱི་སྟོབས་ཤུགས་ཆེ་ཤོས་དེ་ཡིན་པར་འདོད། སྟོབས་ཤུགས་ཚང་མ་མཉམ་རུབ་བྱས་ན་ནུས་པ་ཐོན་ངེས་རེད། དེ་མིན་གཅིག་ཡག་རབས་དང་གཅིག་སྐྱོ་རབས་བཤད་བསྡད་ན་འཐབ་རྩོད་ཀྱི་ནུས་པ་ཐོན་མི་སྲིད་པ་འདོད་དོ།
    སྲིད་འཛིན་བློ་བཟང་སེང་གེས་ནུས་པ་བཅུ་གསུངས་པ་ཡང་སྟོབས་ཤུགས་བཅུ་རེད། དེ་ཙམ་མ་ཤེས་པར་སྐད་བརྒྱབ་མ་བསྡད།

  26. ཉི་མ་མེ་ཏོག། says:
    2012-01-29 at 1:53 pm

    ཨ་རོགས་ཚོ། ཆུ་བཞི་སྒང་དྲུག་ལ་ཤ་ཞེན་ཡོད་འདོགས་གྱི་རྒྱལ་བ་རིན་པོ་ཆེར་དམའ་འབེབས་བྱས་ན་དེ་ནི་རྩ་བ་ནས་ཆུ་བཞི་སྒང་དྲུག་གྱི་ཚོགས་མི་མ་རེད། རེ་བ་དང་དམིགས་ཡུལ་མ་རེད། གང་ལགས་ཞེས་ན། ད་ཡོད་ཆུ་བཞི་སྒང་དྲུག་གྱི་ཚོགས་མི་ཚོའི་ཕ་ཁུ་རྣམས་ཀྱིས་ཁྱིམ་བཟའ་མི་བསྐྱུར། རང་སྲོག་བཏང་བའི་དགོས་པ་གཙོ་བོ་དེ་སྐྱབས་མགོན་རིན་པོ་ཆེའི་སྐུ་སྲོག་ལ་བསྲུང་སྐྱོབས་ཞུ་ཆེད་དྭངས་བླངས་དམག་ཟེར་བ་བཙུག་ནས་རང་ཡུལ་བཞག་ནས་མི་ཡུལ་འགྲིམ་པ་དེ་རེད། དེ་ཚང་མས་ཤེས་གསལ་རེད། གལ་སྲིད་ཁྱེད་ཀྱིས་མཁས་ལེན་འདོད་མེད་རུང་དེ་ནི་ལོ་རྒྱུད་ནང་དངོས་སུ་བྱུང་བའི་གནས་ཚུལ་ཞིག་ཡིན་པས་སུས་ཀྱང་དེར་འགྱུར་ལྡོག་གཏོང་ཐབས་མེད། རྒྱུ་མཚན་དེ་ལས་བོད་མི་ས་ཡ་དྲུག་ཕོག་པའི་སྙིང་དང་ཐོད་པའི་སྟེང་གི་མིག་འབྲས་བཞིན་གཅེས་པའི་མི་སྣ་དེ་ནི་སྐྱབས་མགོན་རྒྱལ་དབང་པོ་ཡིན་པ་ཐམས་ཅད་ཀྱི་ཤེས་གསལ་རེད། དེ་ལ་དམའ་འབེབས་བྱེད་མཁན་ཞིག་འདུག་ན་ཆུ་བཞི་སྒང་དྲུག་གྱི་མི་མ་རེད་ཁྱེད་ཀྱི་གསུང་པ་ལྟར་རྒྱ་དམར་དང་ལག་འབྲེལ་གྱི་བོད་རིགས་ནང་འཁྲུག་ཡོང་བར་དམིགས་ནས་ལས་དོན་སྒྲུབ་མཁན་ཞིག་ཡིན་སྲིད། དེ་ལྟར་ཡིན་ཚེ་ཁ་དྲོ་བཀྲ་ཤིས་དེ་ལྟར་མ་གནང་རོགས། ང་ཚོ་བོད་མིའི་གནས་སིན་ཏུ་ནས་ཉག་ཕྲ་བའི་སྐབས་འདིར་ཕན་ཐོག་མི་ནུས་རུང་གནོད་བསྐྱལ་བའི་ལས་ཀ་དེ་རིགས་མ་བྱེད་རོགས་ཞེས་གསོལ་བ་འདེབས་པ་ཡིན།

  27. བོད་དགའ་ says:
    2012-01-29 at 2:56 pm

    ང་ཚོའི་སྟོབས་ཤུགས་ནི་༧གོང་ས་མཆོག་གིས་བཀའ་གསུངས་ཅི་འགྲུབ་ཞུ་བ་དང་།བདེན་པ་དང་། འཚེ་བ་མེད་པ། བོད་མིའི་བདེན་དོན་བརྩོད་འདོད་ཀྱི་བསམ་པ་ནམ་ཡང་མི་དོར་བ། ཆོལ་གསུམ་གཅིག་བསྒྲིལ་བྱེད་པ་སོགས་ཡིན།། །།

  28. མིག says:
    2012-01-29 at 3:54 pm

    དྲང་པོར་བཤད་ན། ང་ཚོ་ལ་ཡོད་པ་ཐམས་ཅད་སྟོབས་ཤུགས་མ་རེད། ང་ཚོ་ལ་སྟོབས་ཤུགས་ཅི་ཡང་མེད།
    ཐ་ན་རྒྱ་གར་གྱི་སྤྲང་བོ་ལས་ང་ཚོ་སྐྱོ་བ་ཡོད། མདོར་ན་ང་ཚཽ་ལ་ཡོད་ཚོད་སྟོབས་ཤུགས་མ་རེད།

  29. བོད་ལ་ཞེན། says:
    2012-01-29 at 4:58 pm

    ༧གོང་ས་མཆོག་གིས་བཀའ་དྲིན་ལ་བརྟེན་ནས་འཛམ་གླིང་དེའི་ཐོག་ད་དུང་བོད་དང་བོད་མི་ཟེར་བ་ཞིག་གནས་ཐུབ་པ་སེམས་མེད་ཀྱི་རོ་ཡིན་ན་མ་གཏོགས་ཐམས་ཅད་ཀྱིས་ཤེས་ཀྱི་ཡོད་རེད། ཁོང་བོད་མིའི་སྟོབས་ཤུགས་མ་ཡིན་ན་ད་རླབས་ཟེར་བ་ཁྱོད་ལ་སྟོབས་ཤུགས་གང་འདྲ་ཞིག་དགོས་རེད། སྤྱིར་གཞིས་ལུས་བོད་མིའི་སྙིང་སྟོབས་དང་། གཏོང་ཕོད། ལྷག་བསམ་བཅས་ནི་ཧང་སངས་དགོས་པ་དང་ང་ཚོའི་སྟོབས་ཤུགས་ཡིན་པ་ནི་བདེན་མོད་ཀྱང་། ཁོང་རྣམས་པའི་སྙིང་སྟོབས་དེ་དག་ཀྱང་བྱེས་འབྱོར་བོད་མིས་ཆེ་ཆུང་ལ་མ་ལྟོས་པར་ལོ་ངོ་དྲུག་ཅུ་ལྷགཙམ་དཀའ་ལས་རྒྱབ་པ་དང་འབྲེལ་བ་སྤུ་ཙམ་མེད་པ་ཞིག་ག་ལ་ཡིན། སྤྱིར་གཞུང་སྒེར་གང་ཡིན་ནའང་སྐྱོན་སྤུ་ཙམ་མེད་པ་ཞིག་འཛམ་གླིང་གང་དུའང་རྙེད་ཀྱི་མ་རེད། དེས་ན་བཙན་བྱོལ་གཞུང་དམངས་གཉིས་ནས་དཀའ་ལས་རྩ་བ་ནས་རྒྱབ་ཡོད་མ་རེད་ཟེར་བ་དང་། རེ་བ་གང་ཡང་ཡོད་མ་རེད་ཟེར་བ་ནི་རྫུན་གྱི་འཁོར་ལོ་མཁས་པས་མཐོང་ན་དགོད་ཤོར་བ་ཞིག་སྟེ། དགྲ་བོ་རྒྱ་ནག་ལ་མཚོན་ན་སྟོབས་དང་དཔལ་འབྱོར་འཛམ་གླིང་གི་ཡང་རྩེར་སོན་ནའང་ཏ་ལའི་རུ་ཚོགས་ཟེར་བཞིན་རྒྱུ་ཤུགས་དང་མི་ཤུགས་ཡོད་ཚད་བེད་སྤྱད་ནས་རྒོལ་དགོས་པ་དེ་དཀའ་ལས་མ་རྒྱབ་པར་གནམ་ནས་འབབ་པ་ཞིག་ག་ལ་ཡིན། དེས་ན་རླབས་ཟེར་བ་ཁྱོད་ཀྱི་རྩོམ་དེ་ལ་ཞིབ་ཆ་མ་ཕྱེ་ན་བོད་ལ་ཞེན་པ་དང་ལྷག་བསམ་ཡོད་པ། གཞིས་ལུས་བོད་མིར་གདུང་སེམས་དང་གུས་བཀུར་ཡོད་པ། ཁམས་པའི་ལ་རྒྱ་ཡོད་པ་ལྟ་བུ་ཞིག་འདུག འོན་ཀྱང་ཞིབ་ཏུ་བལྟས་ན་ཁྱོད་ཀྱི་༧གོང་ས་མཆོག་དང་ཁམས་པའི་བར་ལ་དམ་ཚིག་སེལ་བསླད་བཟོ་བ་དང་། ཆོལ་ཁ་ནང་ཕན་ཚུན་དཀྲུགས་ཤིང་། གཞིས་བྱེས་བར་གྱི་ཆིག་སྒྲིལ་ལ་གཏོར་བཤིག གཞུང་དམངས་གཉིས་བར་ལ་བརྒལ་ཟླ། ༧གོང་ས་མཆོག་གི་མཛད་རྗེས་བསྲུབ་ཐབས་སོགས་མདོར་ན་དགྲ་ལ་སྨན་དང་གཉེན་ལ་དུག་ཏུ་འགྱུར་བ་ཞིག་རེད་འདུག ཁྱོད་ཀྱིས་མ་ཤེས་ནས་བྲིས་པ་ཡིན་ནམ་ཁྱད་མངགས་དགྲ་བོའི་ཆེད་དུ་བྲིས་པ་ཡིན། གལ་སྲིད་རྒྱ་ནག་པོའི་བཀའ་མངགས་ཡིན་ན་ཁྱོད་རང་གཉིད་ལམ་མ་གཏོང་ཤིག ང་ཚོ་གཞིས་བྱེས་བོད་མིའི་ཆིག་སྒྲིལ་གཏོར་ཐུབ་ཀྱི་མ་རེད་ལ༧གོང་ས་མཆོག་དང་བོད་མིའི་དམ་ཚིག་ལ་འགྱུར་བ་གཏོང་ཐུབ་ཀྱི་མ་རེད། དེ་བཞིན་ང་ཚོ་ཁམས་པ་ཚོ་མགོ་བསྐོར་འོག་ལ་ནམ་ཡང་ཚུད་ཀྱི་མ་རེད།

  30. ཧཱུྂ་ཤི་ཕཊ་འགྱེལ། says:
    2012-01-29 at 5:01 pm

    བོད་ལ་ཞེན་ནས་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ།

  31. མིག་བརྒྱད་པ། says:
    2012-01-29 at 5:03 pm

    དཀའ་ངལ་གྱི་མདུན་དུ་གཞོམ་གཞིག་བྲལ་བའི་སྙིང་སྟོབས་ནི་ནང་བསྟན་གྱི་བསམ་བློ་ཉག་གཅིག་ཡིན། མི་ཡི་སྟོབས་ཤུགས་དང་མི་ཡི་བདེ་སྐྱིད་ནི་བསམ་བློའི་ཁྱད་པར་གྱིས་བསྐྲུན། རྗེ་མི་ལས། འཛམ་གླིང་འདི་ན་ང་ལས་སྐྱིད་པ་མེད་ཅེས་གསུངས། ཤི་བ་དགྲ་ཡིས་མ་ཚོར་བ།།སྐྱིད་པ་གཉེན་གྱིས་མ་ཚོར་བ།།རི་ཁྲོད་འདིར་ནི་འཆི་ནུས་ན།།རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme