Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁེ་ན་ཌར་བོད་མི་ ༡༠༠༠ ལེན་འཆར་གྱི་ལས་གཞི་དངོས་སུ་འགོ་འཛུགས་བྱས་འདུག

Posted on 2012-01-252012-01-25 By ཤར་ཕྱོགས་ཁུག་རྟ། 12 Comments on ཁེ་ན་ཌར་བོད་མི་ ༡༠༠༠ ལེན་འཆར་གྱི་ལས་གཞི་དངོས་སུ་འགོ་འཛུགས་བྱས་འདུག

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༠༧ ལོར་ཁེ་ཎ་ཌའི་སྲིད་བློན་སྐུ་ཞབས་སི་ཊེ་ཕན་ཧར་པར་མཆོག་ལ་འབོད་སྐུལ་མཛད་པའི་ཁེ་ན་ཌའི་ནང་བོད་མི་གཞིས་ཆགས་ལེན་འཆར་སྐོར་ད་ལྟ་དངོས་སུ་འགོ་བརྩམས་རྒྱུ་ཡིན་པ་རེད་འདུག དེའང་ཟླ་འདིའི་ཚེས ༢༡།༢༢ ཉིན་བཀའ་ཁྲི་བློ་བཟང་སེང་གེ་དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ། ནང་སྲིད་དྲུང་འཕར་དོན་གྲུབ་རྡོར་རྗེ་ལགས་བཅས་མེའོ་ཆོས་འཕེལ་གླིང་གཞིས་ཆགས་སུ་ཕེབས་ཏེ་བོད་མི་སྟོང་ཕྲག་གཅིག་ཁེ་ཎ་ཌར་གནས་སྤོ་བྱ་རྒྱུའི་གཞུང་འབྲེལ་ལས་གཞི་(Canadian Tibetan Resettlement Project)དབུ་འཛུགས་གནང་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དབུ་བཞུགས་ཐོག་ཨ་རུ་ནཱ་ཅལ་པར་ཌེ་ཤི་མངའ་སྡེའི་ཁུལ་དུ་བོད་མི་གནས་སྡོད་ཀྱི་ས་ཁུལ་མེའོ་དང་ཏི་ཛུ། བསྟན་འཛིན་སྒང། ཊུ་ཊིང་བཅས་ཀྱི་འགོ་འཛིན་མི་གྲངས་ ༣༠ བསྡུ་བསྐོང་གནང་སྟེ་ལས་གཞི་དངོས་སུ་དབུ་འཛུགས་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་དང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་བོད་ཀྱི་ལས་ཁུངས། དེ་བཞིན་ཁེ་ཎ་ཌའི་གཞུང་འབྲེལ་མིན་པའི་བོད་ཀྱི་འཆར་འགོད་ཚོགས་པ་(Project Tibet Society)ཞེས་པ་དང་འབྲེལ་མོལ་ཐོག་ལས་གཞི་དེ་བཞིན་ལག་བསྟར་གནང་འཆར་ཡོད་འདུག ཁེ་ཎ་ཌར་བོད་མི་ ༡༠༠༠ གནས་སྤོ་བྱ་རྒྱུ་དེ་བཞིན་ལོ་ལྔའི་རིང་གི་ལས་འཆར་བཟོས་འདུག་པ་དང་། ཁ་ན་ཌའི་བོད་མི་ཚོར་མཐུན་འགྱུར་ཡོང་བའི་འབོད་སྐུལ་བསྐྱར་དུའང་བྱས་ཡོད་འདུག
ཡིན་ནའང་། ལས་འཆར་འདི་བཞིན་ལོ་ལྔའི་རིང་གི་ལས་དོན་དུ་འཆར་འགོད་བྱས་པ་ནི་ལས་དོན་སྒྱུད་ལུག་ཏུ་གཏོང་སྤྱད་དང་། ས་གནས་མི་མང་གི་འདོད་བློ་ཚིམས་ཀྱི་མེད་པ། བཀའ་ཤག་གསར་པའི་ལོ་ལྔ་ཚན་ཕྱི་མ་དང་འབྲེལ་བ་ངེས་ཅན་ཡོད་པའི་ལྟ་ཚུལ་བྱུང་བཞིན་ཡོད་འདུག

གསར་འགྱུར།

Post navigation

Previous Post: ཨ་རིའི་བོད་དོན་འབྲེལ་མཐུད་པས་ནན་ཏན་གྱིས་རྒྱ་ནག་གཞུང་ལ་འབོད་སྐུལ་བྱས་འདུག
Next Post: གལ་ཆེན་གྱི་དཔེ་དེབ་གསར་ཐོན།

Comments (12) on “ཁེ་ན་ཌར་བོད་མི་ ༡༠༠༠ ལེན་འཆར་གྱི་ལས་གཞི་དངོས་སུ་འགོ་འཛུགས་བྱས་འདུག”

  1. ཨ་རིག་དགེ་མཐོང་། says:
    2012-01-25 at 2:03 pm

    གཏམ་བཟང་རེད་ཡ། ད་ཡིན་ན་ཤུགས་རྒྱོབས།

  2. རྐང་གསུམ། says:
    2012-01-25 at 2:19 pm

    དྲང་སྙོམས་ཤིག་ཡོང་ན་ངོ་མ་བཟང་གི

  3. ཅོ་རི་ཉི་མ། says:
    2012-01-25 at 5:30 pm

    བྱ་བ་འདིར་ལམ་འགྲོ་ཡོང་དགོས་་་བོད་མི་རིགས་ཀྱི་འཚོ་བ་རང་མགོ་རང་ཐོན་ཡོང་དགོས། ལས་དོན་འདི་འགྲུབ་ཟིན་མཚམས་གསར་འབྱོར་བ་དང་བལ་ཡུལ་བོད་མི་རྣམས་ཀྱི་ཐོག་ཏུ་ཕྱག་ལས་གནང་དགོས་པ་འདོད། ད་ལྟའི་སྐབས་སུ་གསར་འབྱོར་བ་ཁ་ལ་ཁུར་ནས་བྱ་བ་ལམ་འགྲོ་ཡོང་བ་ལ་བར་ཆད་བཟོ་མི་རུང་། ཚང་མས་ཕྱོགས་བཞི་མཚམས་བརྒྱད་ནས་ཤུགས་རྒྱབ་དགོས་པ་འདོད་དོ།

  4. ངག་ཁྲི། says:
    2012-01-25 at 5:55 pm

    མ་གཞི་བོད་པར་དེ་ལྟར་རག་པ་ཡག་པོ་རེད། ཡིན་ན་ཡང་། བོད་མི་ལྔ་བརྒྱ་ཙམ་ལ་སྐྱབས་བཅོལ་ལག་དེབ་ཙམ་ཡང་རོགས་རམ་གནང་མ་ཐུབ་པར་ས་ཞིང་དང་འཚོ་གོས་གང་ཅིར་ནང་སྲིད་ལས་ཁུང་ནས་ཐོབ་ཐང་ཆ་ཚང་ཡོད་བཞིན་པར་
    སྐྱབས་བཅོལ་པ་སེ་གཉིས་པ་གནང་དགོས་དོན་གང་ཡིན་ནམ།
    རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་དེ་འདི་འདྲ་ཞིག་ལ་ཟེར་བ་མ་ཡིན་
    ནམ། སྐྱིད་པོ་ལ་ཉིས་རྩེགས་དང་སྡུག་པོ་ལ་གསུམ་རྩེགས་ཟེར་བའང་འདི་འདྲ་ལ་
    ཟེར་ན་ཆོག་གོ།།

  5. ངག་ཁྲི། says:
    2012-01-25 at 6:17 pm

    གཞོན་དུས་ས་ཞིང་བསྒོ་སྐལ་ངར་མ་ཐོབ། །
    དར་དུས་སྐྱབས་བཅོལ་ལག་ཁྱེར་ངར་མ་གནང་།། །
    རྒས་དུས་གཞུང་ཞབས་མཚན་སྙན་ངར་མ་བྱིན། །
    རྒུད་དུས་ཕྱི་སྐྱོད་གོ་སྐབས་སྐལ་པ་ཕྲ། །
    དྭངས་བླང་སྲི་ཞུ་མཁན་རྣམས་གཟིགས་སམ་ཅི། །

  6. བསོད་ནམས། says:
    2012-01-25 at 6:32 pm

    ༧གོང་ས་མཆོག་གིས་བོད་མི་སྐྱབས་བཅོལ་ལེན་རོགས་ཞེས་རེ་འདུན་དེར་བཀའ་ཤག་ནས་ཨ་རུ་ན་ཅལ་མངའ་སྡེ་ནས་དམིགས་བསལ་བཏོན་དགོས་པ་ག་རེ་ཡིན་ནམ། ཨ་རུ་ན་ཅུ་རུ་བོད་མི་རུས་པ་ཅན་ཞིག་ཡོད་པ་མཐོང་མ་སོང་ལ།་ལྷག་པར་ཁོ་ཚོའི་ནང་དུ་བོད་སྐད་གཙང་མ་ཤོད་མཁན་ཡང་ཉུང་ཉུང་མིན། དེ་ལས་བལ་ཡུལ་དུ་བོད་མི་ཚོས་དཀའ་ངལ་གང་འདྲ་འཕྲད་ཀྱི་འདུག་དེ་ཚོར་བསམ་ཤེས་ཐུབ་ན་ཡག ལྷག་པར་བོད་ནས་གསར་འབྱོར་ཚོར་ལས་དོན་འདིའི་ནང་དུ་ཐོབ་ཐང་མ་སྤྲད་པ་དངོས་གནས་ཡ་མཚན།

  7. བདག་པོ། says:
    2012-01-25 at 7:18 pm

    བཙན་བྱོལ་ནང་དེ་སྔ་ཨ་རིའི་ཆིག་སྟོང་གིས་སྟོང་པ་གཅིག་བཟོས།
    ཕར་ལོ་ཁེ་ན་ཏྲའི་ཆིག་སྟོང་གི་དུས་ཟིང་ཆེན་པོ་ཞིག་ཡོང་རྒྱུར་ཐེ་ཚོམ་མི་འདུག
    ང་ཚོ་འགྲོ། ཨ་རུ་ན་ཅལ་ཨ་ཞང་འཚོལ་བར་འགྲོ། སྲུ་མོ་འཚོལ་བར་འགྲོ། ང་ཚོའི་གཞུང་གི་སྲིད་ཇུས་དེ་སྐྱབས་བཅོལ་འཚོལ་རྒྱུ་དེ་རེད་ཤག བོད་དུ་ལོག་རྩིས་མི་འདུག གཞིས་བཞུགས་བོད་མི་རྣམས་ལ་མགོན་སྐྱབས་མེད་དུས་སྐྱོ་བ་ལ་ཨང་།

  8. ཁ་བརྡའི་མགྲོན་པོ། says:
    2012-01-26 at 3:28 am

    གོང་གསལ་དྲཱ་གྲོགས་ཚང་མར་ཞུ་རྒྱུར། གསར་འབྱོར་བ་ཚོ། རྒྱ་དཀར་ནག་གཉིས་ཀའི་བོད་གཞིས་ཁོངས་སུ་མ་ཚུད་པའི། ་ལོ་མ་སྐམ་པོའི་གནས་སྟངས་དང་འདྲ་བ། ་སུས་ཀྱང་བསམ་ཤེས་ཐུབ་པ་ཞིག་དུ་སྣང། འོན་ཀྱང་། མ་མཐོང་མ་གོའི་ཚུལ་གྱིས་ད་བར་ཁ་ཡ་བྱེད་མེད་པ་ཡོངས་གྲགས་རེད། ཕྱོགས་གཞན་ནས་བཤད་ན། གསར་འབྱོར་བའི་ནང་བསམ་བློ་བ་དང་སྨྱུག་ཐོག་པ་མང་ཡང་། དུས་ལ་བབ་དུས་དོན་ལ་བརྩོད་པའི་ལོ་རྒྱུས་མེད། དེ་མ་ཕོད་པ་ཡིན་དང་མ་འཇོན་པ་ཡིན་གང་ཤེས།་་་་་་་རེད་སྟེ་། དྲཱ་བ་ཆུང་ཆུང་འདིའི་ནང་ནས་དོན་ལ་ནམ་ཡང་བརྩོད་མི་ཐུབ་པ་མཁྱེན་དགོས། བུ་ལ་སྤོབ་པ་ཡོད་ན་ལུགས་མཐུན་བདེ་སྡུག་བརྩོད་ས་གོང་ན་ཡོད། གྲོགས་པོ་ཚོ་དུས་ཚོད་བསམ་བློ་གཏོང་དགོས། ད་སྐབས་བོད་ལ་མི་རིགས་རང་དབང་གི་དོན་དུ་། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚེ་སྲཽྒ་ྶབྱིན་པ་བཏང་གི་ཡོད་པ་མ་དྲན་ནམ། འདི་འདྲའི་ཛ་དྲག་སྐབས་ལ། ག་རེ་གསར་འབྱོར་དང་གཞིས་ཆགས། སྒུག་དང་ཕྱི་ཟླ་གསུམ་པའི་གྲོས་སྐབས་ལ་བརྩོད་ན་བཟང། ད་དུང་འདི་སྐོར་ལ་ཤུགས་ཆེར་མ་གླེང་མ་གཏོགས། ང་ཁ་བརྡ་དྲཱ་བ་ནང་རྩ་བ་ནས་ཡོང་གི་མིན་གདའ། ཚང་ཡག་པོ་གོ་བ་བོྱས་ཨ་་་་་་་་། ད་བདེ་མོ་། རྒས་པོ་ང་སྐོར་ར་འགྲོ་ན་མ་གཏོགས་རྨོ་གཡང་ཆེན་གིས་སྒུག་ནས་སྡད་ཡོད།

  9. ཁ་བརྡའི་མགྲོན་པོ། says:
    2012-01-26 at 2:15 pm

    ཚེ་རིང་ལགས། ཁྱེད་རང་གི་སྐད་ང་ཚའི་བརྗོད་བྱ་དང་འབྲེལ་བ་མི་འདུག དགོངས་དག་ལོོོོ་་་་་་་་་།

  10. བོད་པ་སྐྱབས says:
    2012-01-26 at 2:46 pm

    ཡག་རྒྱུ་ཡོད་ནི་མ་རེད། སྔོན་ཆེད་ཨ་རུ་ལ་བོད་མི་གཅིག་སྟོང་ཞིག
    གཞུང་གིས་བཏང་ནས་ཡོད་པ་རེད། རང་བཙན་ལག་དེབ་ལ་ཐོ་
    ཡག་པོ་ཞིག་རྒྱག་གི་མ་རེད། ལས་འགུར་ཆེ་ཆུང་ག་རེ་སྤེལ་ཅང་ཡོང་
    མ་རེད། འོ་སུ་ཁྲེ་ལས་ཡི་ཆབ་སྲིད་བཙོན་པའི་མིང་ཐོག་གི་བོད
    ་པ་ཚོ་ཡང་དེ་འདྲ་རེད་ཟེར།

  11. བོད་དགའ་ says:
    2012-01-26 at 4:24 pm

    ཧ་་ཧ་་ཧ་་ཁོང་གི་འཇོན་ཐང་དེ་ནི་༧གོང་ས་མཆོག་ནས་་༢༠༠༧་ལོར་ཁེ་ན་དྲའི་སྲིད་བློན་ལ་འབོད་སྐུལ་གནང་བའི་བཀའ་དྲིན་རེད། ལས་དོན་རྣམས་དྲང་པོ་ཡོང་བའི་རེ་བ་ཡོད་དོའོ།། །།

  12. གཞོན་ནུ་ཟླ་མེད། says:
    2012-01-28 at 2:48 pm

    ཨ་ཡོ། ཡང འདི་ཚོས་ཉོག་དཀྲུགས་བཞིན་འདུག ང་ཉོབ་སོང་། གང་ལྟར་བོད་མི་འཛམ་བུ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་ནང་ཁ་བཀྲམ་པ་འདི་ཡང་། མཐུན་པའི་རླུང་དང་ཕྲད་ན་ཤིན་ཏུ་ནས་ལེགས་པར་འདོད་དོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme