Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱེད་རྣམས་སྐུ་ལུས་མེ་རུ་མ་སྒྲོན་རོགས།

Posted on 2012-01-25 By དབང་ཕྱུག་ 29 Comments on ཁྱེད་རྣམས་སྐུ་ལུས་མེ་རུ་མ་སྒྲོན་རོགས།

བསམ་གླིང་ཚེ་རིང་ལྷ་མོ།

གསེར་དངུལ་ནོར་གྱིས་འཇིག་རྟེན་བཀང་ན་ཡང་།།
ཁུགས་པར་དཀའ་བའི་སྐུ་སྲོག་རིན་པོ་ཆེ།།
བདེན་པ་དམ་པའི་ལམ་ཆེན་གསལ་དགོས་ཀྱང་།།
རིན་ཆེན་སྐུ་སྲོག་མེ་རུ་མ་སྒྲོན་རོགས།།

ས་ཡ་དྲུག་གི་ལས་དབང་ཐབས་སྐྱོ་ཡང་།།
མེ་རུ་ཐིམ་པའི་གཏམ་གྱིས་བཟོད་དཀའ་ན།།
དངོས་སུ་གཏོང་བར་བྱེད་པ་ག་ལ་ཞིག །
རིན་ཆེན་སྐུ་སྲོག་མེ་རུ་མ་སྒྲོན་རོགས།།

བྱང་ཆུབ་ཐུགས་ཀྱིས་གཞན་ཕན་སྒྲུབ་པའི་ཕྱིར།།
རང་ཉིད་ཡལ་བར་དོར་བའི་ཐུགས་དམ་མཆོག །
བདག་ཅག་གཉེན་ཉེའི་སྙིང་ལ་བཟོད་དཀའ་བས།།
རིན་ཆེན་སྐུ་སྲོག་མེ་རུ་མ་སྒྲོན་རོགས།།

དམར་པོའི་སྲིད་གཞུང་སྡུག་རྩུབ་རབ་ཆེ་ཞིང་།།
བདག་ཅག་མིང་སྲིང་གཅིག་ཀྱང་ཉུང་ན་དགའ།།
ལས་འབྲས་མེད་པའི་རྒྱ་དམར་དེ་དག་མདུན།།
རིན་ཆེན་སྐུ་སྲོག་མེ་རུ་མ་སྒྲོན་རོགས།།

རྒྱང་རིང་ཡུལ་ནས་ཁོག་ལ་མིག་ཆུས་ཁེངས།།
རང་ཉིད་མེ་རུ་འབར་བའི་འཚོར་སྣང་གིས།།
ངལ་བའི་དབུགས་ཀྱིས་སྙིང་ཡང་བཞུར་ལ་ཁད།།
རིན་ཆེན་སྐུ་སྲོག་མེ་རུ་མ་སྒྲོན་རོགས།།

སེམས་ཀྱི་གདུང་བ་ཇེ་སྙེད་ཆེ་བ་དང་།།
རང་ས་གཞན་གྱིས་བཙན་བཟུང་བཟོད་དཀའ་བ།།
བདེན་པ་དར་སའི་གཞུང་ཞིག་མེད་ན་ཡང་།།
རིན་ཆེན་སྐུ་སྲོག་མེ་རུ་མ་སྒྲོན་རོགས།།

ཐུབ་པ་ཆེན་པོ་རིགས་གསུམ་མགོན་པོ་དང་།།
རྗེ་བཙུན་འཕགས་མ་ཡི་དམ་ལྷ་ཚོགས་མདུན།།
ཐལ་མོ་སྙིང་ཁར་སྦྱར་ནས་གསོལ་བ་འདེབས།།
སྐུ་ལུས་མེ་རུ་སྒྲོན་རྣམས་སྐྱོབ་པ་ཤོག །

མྱུར་དུ་གངས་ཅན་ཞིང་འདིར་འགྲོ་བའི་མགོན།།
སྤྱན་རས་གཟིགས་དབང་ཞབས་ཀྱིས་བཅགས་པ་དང་།།
ཞི་བསིལ་ཕན་བདེའི་ཆོས་ཆར་འབེབ་ནས་ཀྱང་།།
དཔའ་བོ་དཔའ་མོའི་ཐུགས་དགོངས་རྫོགས་པར་ཤོག །

སྙན་ངག

Post navigation

Previous Post: ཕྱི་ཚེས་ ༢༣ ཉིན་བྱུང་བའི་རྔ༌པའི་ནང་གི་གནས་ཚུལ་ཁག་ལ་ཁ་གསབ།
Next Post: ཨ་རིའི་བོད་དོན་འབྲེལ་མཐུད་པས་ནན་ཏན་གྱིས་རྒྱ་ནག་གཞུང་ལ་འབོད་སྐུལ་བྱས་འདུག

Comments (29) on “ཁྱེད་རྣམས་སྐུ་ལུས་མེ་རུ་མ་སྒྲོན་རོགས།”

  1. སྤོབས་པ་མཐའ་ཡས། says:
    2012-01-25 at 10:31 am

    ད་གཡུག་ཞོག་དང་ཡག་ཤོས་རེད། ཁྱོད་ང་ཚོ་ལྟ་བུ་ཚོས་ཁོང་ཚོ་ལ་བསླབ་བྱ་གནང་ཁུལ་བྱས་ན་ངོ་ཚ་སྤྱད་རེད། ག་རེ་དལ་འབྱོར་མི་ལུས། ཁྱོད་ང་ཚོ་དལ་ནས་འབྱོར་ནས་ག་རེ་འཇོན་གི་ཡོད།
    རང་ལུས་མེ་རུ་སྦར་མཁན་ཚོ་མི་རླབས་ཆེན་རེད། ལོ་རྒྱུས་ཀྱི་མི་སྣ་རེད། ཁྱོད་དང་ང་ཚོས་ཁོང་ཚོ་ལ་བསླབ་བྱ་བྱེད་པའི་འོས་བབ་མེད་པ་ཤེས་པར་གྱིས།
    བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་ལ་སྲོག་གཏོང་མཁན་དེ་ཚོར་ཆོས་བཤད་བྱེད་མཁན་དེ་ཁྱོད་དང་ང་ཚོ་ལྟ་བུ་དེ་ཚོ་མ་རེད། ཞལ་བཙུམ་ནས་བཞུགས་ཐུབ་གི་མི་འདུག་གམ།

  2. འདོད་ལྷ་ཁམས་པ། says:
    2012-01-25 at 1:08 pm

    ཨ་ཅེ་ལྷ་མོས་རང་གི་སེམས་ཚོར་ཙམ་གསོལ་བ་བཏབས་པ་ལ། སྤོབས་མཐས་ཚིག་མཚོན་འདི་འདྲ་ཞིག་འདེབས་དགོས་དོན་འདུག་གས།
    སྦོམ་ཚིག་དང་སྤོབས་སེམས་ཕྱིར་འདོན་ས་དེ་འདི་ན་མེད་པར་གཞན་ན་ཡོད་པ་མིག་གིས་མཐོང་མ་སོང་ངམ།

  3. ཀརྡོ་གཉེར་ཕྱག་པ་ says:
    2012-01-25 at 1:43 pm

    བསམ་གླིང་ཚེ་རིང་ལྷ་མོས་གསུངས་པ་ལྟར། །
    རིན་ཆེན་སྐུ་སྲོག་མེ་རུ་མ་སྒྲོན་རོགས། །
    ང་ཡིས་ཇི་ཙམ་བསམས་ཀྱང་སྤྱི་དོན་དུ། །
    རིན་ཆེན་སྐུ་སྲོག་མེ་རུ་མ་སྒྲོན་རོགས། །
    སྤོབས་པ་མཐའ་ཡས་འཁུ་ཚིག་མ་ཉན་པར། །
    རིན་ཆེན་སྐུ་སྲོག་མེ་རུ་མ་སྒྲོན་རོགས། །

  4. བསམ་གླིང་ཚེ་རིང་ལྷ་མོ། says:
    2012-01-25 at 2:09 pm

    ཐོག་མར་གུས་མོས་རྡོར་དབང་ལགས་སུ་གུས་མོའི་གསོལ་འདེབས་འདི་གར་
    འདེབས་བཀོད་གནང་བར་བཀའ་དྲིན་ཆེ་ཞུ་གི་ཡིན།

    བཀུར་འོས་དྲ་གྲོགས་སྤོབས་པ་མཐའ་ཡས་ལགས།
    དངོས་གནས་ང་ཁ་བཙུམ་ཐུབ་ཀྱི་མི་འདུག
    འོན་ཀྱང་གུས་མོའི་ཁ་གདངས་ས་དེ་ཁྱེད་རང་ལྟ་བུ་ཞིག་གི་སྒང་ལ་མིན།
    སྐུ་རྩེད་ཡིན་ད།
    དགོངས་པ་མ་འཚོམས།

    བཀུར་འོས་འདོད་ལྷ་ཁམས་པ་ལགས་དང་ཀརྡོ་གཉེར་ཕྱག་པ་ལགས་ཕེབས་པར་ཐུགས་རྗེ་ཆེ།

  5. རྐང་གསུམ། says:
    2012-01-25 at 2:13 pm

    སྤོབས་པ་མཐའ་ཡས་ནས་སྐད་ཆ་བདེན་བདེན་འདྲ་ཞིག་བཤད་འདུག ངོ་མ་མྱི་འདིའི་རིགས་ཀྱིས་ཞལ་བཙུམ་ནས་བཞུགས་ཐུབ་ན་ཡག་ས་རེད།

  6. ཅོ་རི་ཉི་མ། says:
    2012-01-25 at 4:31 pm

    ངོ་མ་སྤོབས་པའི་སྐད་ཆ་བདེན་པ་རེད། ང་རང་ཚོ་ལྟ་བུའི་བོད་མི་རྣམས་་་རྒྱལ་གཅེས་པ་ཚོའི་དམིགས་ཡུལ་དང་རེ་འབོད་ཐོག་ཏུ་འགྲོ་ཐུབ་ཀྱི་མེད་པར་བསླབ་བྱ་དང་སློབ་སྟོན་བྱེད་མདོག་འདི་ནི་དོན་ལ་གནས་པ་ཞིག་མ་རེད།

    ཤ་ཚ་ཡོད་ན་མེར་སྒྲོན་ཟིན་པའི་དཔའ་བོ་ཚོའི་རེ་འབོད་ལ་རྒྱབ་སྐྱོར་བྱེད་དགོས།
    ལ་རྒྱ་ཡོད་ན་མེར་སྒྲོན་ཟིན་པའི་དཔའ་བོ་ཚོའི་དམིགས་ཡུལ་ལ་རྒྱབ་སྐྱོར་བྱེད་དགོས།
    རིགས་ཞེན་ཡོད་ན་མེར་སྒྲོན་ཟིན་པའི་དཔའ་བོ་ཚོའི་ལམ་ཕྱོགས་སུ་རྒྱབ་སྐྱོར་བྱེད་དགོས།

    དེ་མིན་ན་ཁ་བཙུམ་ཐུབ་ན་ཡག་པོ་རེད་འདོད།

  7. བསམ་གླིང་ཚེ་རིང་ལྷ་མོ། says:
    2012-01-25 at 4:33 pm

    བཀུར་འོས་དྲ་གྲོགས་རྐང་གསུམ་ལགས།
    ཁྱེད་རང་ལྟ་བུས་སྐུ་ལུས་མེ་རུ་སྒྲོན་ནའང་རེད། མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་གནང་ནའང་རེད། གང་ཡང་ཞུ་རྩིས་མེད་དོ།

  8. བསམ་གླིང་ཚེ་རིང་ལྷ་མོ། says:
    2012-01-25 at 4:35 pm

    བཀུར་འོས་དྲ་གྲོགས་ཅོ་རི་ཉི་མ་ལགས་སུ་ཡང་དེ་རང་ཡིན།
    སྐུ་ཉིད་ནས་ཁོང་རྣམས་པའི་ཞབས་རྗེས་དེད་དེ་ཕེབས་ན་རྗེས་སུ་ཡི་རངས་ཡོད་དོ།

  9. ཡོན་ཏན་རབ་རྒྱས། says:
    2012-01-25 at 5:25 pm

    བསམ་གླིང་ཚེ་རིང་ལགས། ལས་ཉོན་གྱིས་འཕངས་འབྲས་སུ་གྱུར་ཞིང་ད་བར་རང་གཞན་བར་གསུམ་སུ་ཞིག་ལའང་ཕན་པ་གཟུགས་བརྙན་ཙམ་དུ་གྱུར་མེད་པའི་ལུས་འདི་ལྟ་བུ་ལ་བྱིས་པ་རྣམས་ཀྱིས་ནི་རིན་ཆེན་སྐུ་ཞེས་འཇིག་རྟེན་ཀུན་ཏུ་ལན་སྟོང་དུ་སྒྲོག་དང་བསྒྲག་པར་བྱའང་། ལེགས་ཉེས་ཅི་ཡིན་ངེས་པའི་བློ་ལྡན་དག་གིས་ནི་དེ་ལྟར་ག་ལ་ཡིན་ཏེ། ནམ་ཞིག་རང་གཞན་བར་གསུམ་ཀུན་ལ་ཕན་སླད་རང་ལུས་མེ་ལྷར་མཆོད་པའི་ལུས་དེ་དང་དེ་རིགས་ལ་རིན་ཆེན་གྱི་སྐུ་ཞེས་དང་། དེས་མཚོན་གྱི་ལས་འགུལ་ལ་རིན་ཆེན་ལྟ་བུའི་མཛད་འགན་ཞེས་དང་། དེས་མཚོན་གྱི་བློ་ལ་རིན་ཆེན་གྱི་བློ་ཞེས་དང་། འོ་རེད།
    དེས་མཚོན་གྱི་ངག་ལ་རིན་ཆེན་གྱི་གསུང་ཞེས་ཀྱང་བྱའོ། སྨྲས་པ།
    ལ་ལར་ཕན་པའི་སྨན་དུ་སྣང་ལགས།།
    ལ་ལར་གསོད་བྱེད་བཤན་མར་སྣང་ལགས།།
    དྲ་ངོར་བཀོད་འདི་བཅོས་སུ་མེད་པས།།
    བཅོས་མིན་དབྱིངས་སུ་འཇོག་ན་ལེགས་སྙམ།།

    ་

  10. ཀརྨ་ཡེ་ཤེས says:
    2012-01-25 at 6:24 pm

    ཚེ་རིང་ལྷ་མོ་བདེན་པ་རེད། མོས་གསོལ་འདེབས་ཀྱི་ལམ་ནས་རེ་ཞུས་པ་རེད། རྒྱ་ནག་གིས་གསོན་བསྲེག་པ་དེ་ཚོ་མིང་དོན་བེད་སྤྱོད་བཏང་སའི་ལག་ཆ་དངོས་ཞིག་རེད། མི་མ་ཤི་གོང་ནས་མེ་བསྲེག་བཏང་བ་འདི་འདྲའི་སྤྱོད་ངན་ས་སྟེང་ན་དཀོན་པོ་རེད། བཟའ་འཐོར་དང་འཁོན་འཛིངས་ཞེ་སྡང་ཅན་དག་གིས་གཞན་མི་ཐུབ་པར་རང་བསད་པ་དག་སྙིང་རྗེ་སའི་གནས་རེད། དེ་ཚོ་ལ་བསམ་པ་བཟང་མི་བཟང་སུ་ཞིག་ཤེས། བོད་དོན་ལ་ཕན་ཐོག་ཡོད་ན་ཆོག་ཀྱང་། དེ་མི་ཕན་པ་མ་ཟད་དེ་ཡོད་ཕ་མ་ཕུ་ནུ་སྤུན་ཟླ་ཡུལ་གྲོང་ཉེ་འཁོར་ཚང་མའི་ལུས་སེམས་གཉིས་ལ་སྡུག་བསྔལ་ཚད་མེད་པ་མྱོང་བཞིན་པ་མངོན་སུམ་རེད། ༧རྒྱལ་དབང་ཀརྨ་པས་གསུངས་སོང་། བྱེས་སྡོད་པ་བརྒྱ་ཆའི་བདུན་ཅུ་རང་གི་ལྟོ་རྒྱབ་ཁོ་ན་བསམ་མཁན་དང་གཡོ་སྒྱུའི་སྤྱི་ཚོགས་ཀྱི་གད་སྙིགས་རང་ཡིན་པས་ཁ་ཡ་བྱས་ཀྱང་རིན་ཐང་མི་འདུག ད་ཡིན་ན་རྙོག་དྲ་མ་བཟོ་རོགས།

  11. འབའ་སྲས། says:
    2012-01-25 at 6:30 pm

    མཆན་བུ་རེ་བཏབ་ནས་སྐད་ཆ་མང་མང་ཙམ་བཤད་པ་ལས། རང་རང་ས་ནས་ལས་དོན་རེ་བསྒྲུབ་ན་མི་ལེགས་སམ།

  12. རིག་འབྱུང་རྒྱ་མཚོ says:
    2012-01-25 at 9:23 pm

    སྤོབས་པ་མཐའ་ཡས་ཀྱིས་ཡག་པོ་གསུངས་འདུག རྒྱུ་མཚན་འདུག

  13. རིག་འབྱུང་རྒྱ་མཚོ says:
    2012-01-25 at 9:30 pm

    གྱོང་གུད་དང་དཀའ་ངལ་མེད་པའི་འཐབ་རྩོད་ཅིག་ཡོད་མི་སྲིད་ལ། འཐབ་རྩོད་མ་བྱེད་པ་ཁེ་ཕན་ཐོགས་པའི་གནས་མེད། གོང་དུ་མི་ཁ་ཤས་ཀྱི་བཀོད་པའི་སྐད་ཆ་ལྟར་ན་སློབ་སྦྱང་བྱས་མ་བྱས་མེད་དེ། དེ་ནི་དཔའ་འབྱོར་གྱི་འགྲོ་སོང་དང་གནས་སྐབས་ཀྱི་དོན་མེད་ཀྱི་དཀའ་ངལ་ཡིན་པས་ཕྱིར།

  14. སྐྱུ་རྩི་ནས། says:
    2012-01-26 at 12:14 am

    རིན་ཆེན་སྐུ་སྲོག་མེ་ལྷའི་ཞལ་བཟས་སུ་ཕུལ་ནས།
    རང་གི་བདེན་དོན་རྩོད་པའི་གངས་ལྗོངས་ཀྱི་དཔའ་བོའི།
    ཐུགས་ལ་བཅངས་པའི་བཞེད་དོན་གངས་ལྗོངས་ཀྱི་མགོན་པོ།
    ཞབས་ཟུང་ཁ་བའི་ལྗོངས་སུ་བཀོད་པ་རང་སྨོན་ནོ།
    དཔའ་རྒོད་རེ་རེའི་སྐུ་ལུས་མེ་ལྕེ་ཡིས་བཏུམས་བཞིན།
    བོད་ལ་རང་བཙན་དགོས་པའི་གངས་སེང་གི་ངར་སྐད།
    ས་ཡ་དྲུག་གི་མགྲིན་ཚབ་ཡུར་གྱར་གྱི་སྤུན་ཟླ།
    འོན་པ་མིན་ན་རྣ་བས་ཐོས་ཚོད་རང་ཡིན་ནོ།

  15. རྔ་བ་གཉན་རྒོད says:
    2012-01-26 at 1:52 am

    ངོ་མ་སྤོད་པ་མཐའ་ཡས་རང་གི་ཁ་བཙུམས་ན་འགྲིག་གི་ཡ་་་་་་རང་གཤིས་བོར་བའི་མི་འདི་འདྲ་་་་་་མེ་ལ་སྒྲོན་ནས་ག་རེས་བྱེད་དགོས་རེད་་ལོ་རྒྱུས་མི་སྣ་སྣང་ང་སྐྱིད་པ་ལ་་ཁ་ཡག་པོ་དེ་འདྲ་ལོ་རྒྱུས་མི་སྣ་་་བོད་ནང་གི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཀི་ཡོད་དམ་་་་་ངོ་མ་སེམས་སྐྱོ་བའི་སྐད་ཆ་རེད་ཡ་་་དང་པོ་རང་ཉིད་ལོ་རྒྱུས་མི་སྣ་བཟོ་རོགས་གནང་་་་བོད་ནང་གི་བོད་མི་ཚོ་ཕུ་དེད་མ་བྱེད་རོགས་་་

  16. མིག་བརྒྱད་པ། says:
    2012-01-26 at 3:36 am

    ཤཱཀྱ་ཐུབ་པས།
    སེམས་ཅན་དོན་དུ་བདག་གིས་སྔོན།།
    དཀའ་བ་གང་ཞིག་སྤྱད་གྱུར་དང་།།
    བདག་གི་བདེ་བ་བཏང་བ་ཡིས།།
    བསྟན་པ་ཡུན་རིང་འབར་གྱུར་ཅིག།

    ངས་སྔོན་ནད་པའི་ཆེད་དག་ཏུ།།
    རང་གི་འཚོ་བ་ཡོངས་བཏང་བས།།
    སེམས་ཅན་ཕོངས་བ་བསྐྱབ་པའི་ཕྱིར།།
    བསྟན་པ་ཡུན་རིང་འབར་གྱུར་ཅིག།

    བུ་དང་བུ་མོ་ཆུང་མ་དང་།།
    ནོར་དང་གླང་ཆེན་ཤིང་རྟ་དང་།།
    རིན་ཆེན་བྱང་ཆུབ་ཕྱིར་བཏང་བས།།
    བསྟན་པ་ཡུན་རིང་འབར་གྱུར་ཅིག།

  17. གཡུ་བྲག་པ says:
    2012-01-26 at 3:40 am

    ངའི་ཕུ་ནུ་མིང་སྲིང་དག་གིས་ཚེ་སྲོག་མེ་རུ་སྒྲོན་བཞིན་འདུག ང་ཚོ་ཕྱི་སྡོད་བོད་རིགས་དག་གིས་སྤུན་ཟླ་ནང་ཁུལ་ན་ཕན་ཚུན་ཚིག་མཚོན་འདེབས་བཞིན་འདུག ངོ་མ་ཅི་འདྲའི་སྐྱོ་བ་ལ།

  18. མིག་བརྒྱད་པ། says:
    2012-01-26 at 4:02 am

    སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་དཀོན་མཆོག་གསུམ་ལ་བློ་སྙིང་བྲང་གསུམ་གཏོད་པ། ཆུང་བ་བཞད་གད་དང་ཆེ་བ་སྲོག་གི་ཕྱིར་ཡང་དམ་པའི་ཆོས་མི་སྤོང་བ།

  19. མིག་བརྒྱད་པ། says:
    2012-01-26 at 4:28 am

    དཔའ་པོ་འདི་ཚོ་ལ་གཞན་གྱིས་ངན་སྐུལ་བྱས་པ་གང་ཡང་མ་རེད། སྐུ་ལུས་མེ་རུ་བསྒྲོན་མཁན་དག་གིས་བོད་པའི་སེམས་ཀྱི་ན་ཚ་ཕྱིར་མངོན་པ་ཙམ་རེད། ཐབས་ཟད་འུ་ཐུག་བྱུང་བྱུང་བ་རེད། ཡིན་ཡང་གཞན་གྱི་སྲོག་ལ་གནོད་པ་མེད་པར་རང་གི་ལུས་སྲོག་བདེན་པའི་ཆེད་དུ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་མཆོད་མེ་ཕུལ་བ་དང་གཅིག་མཚུངས་རེད། འདི་འདྲའི་སྙིང་སྟོབས་ལ་ཡིད་སྨོན་ལོས་འཆོར།
    གངས་ཅན་དོན་དུ་བདག་གིས་སྔོན།།
    དཀའ་བ་གང་ཞིག་སྤྱད་གྱུར་དང་།།
    བདག་གི་བདེ་བ་བཏང་བ་ཡིས།།
    བདེན་པ་ཡུན་རིང་འབར་གྱུར་ཅིག།

    ངས་སྔོན་རང་དབང་ཆེད་དག་ཏུ།།
    རང་གི་འཚོ་བ་ཡོངས་བཏང་བས།།
    སེམས་ཅན་ཕོངས་བ་བསྐྱབ་པའི་ཕྱིར།།
    བདེན་པ་ཡུན་རིང་འབར་གྱུར་ཅིག།

    ཕ་དང་མ་དང་སྤུན་མཆེད་དང་།།
    ལུས་དང་ལོངས་སྤྱོད་ཐམས་ཅད་དང་།།
    རང་དབང་ཕྱིར་དུ་བློས་བཏང་ནས།།
    བདེན་པ་ཡུན་རིང་འབར་གྱུར་ཅིག།

  20. ཀརྡོ་གཉེར་ཕྱག་པ་ says:
    2012-01-26 at 7:25 am

    ཕ་མ་སྤུན་མཆེད་ཉེ་དུ་དང་། །
    ལུས་དང་ལོངས་སྤྱོད་ཐམས་ཅད་སྟེང་། །
    རང་གི་སྲོག་ཀྱང་བཏང་བས་ན། །
    བོད་ཀྱི་བདེན་མཐའ་མྱུར་ཐོན་ཤོག །

  21. བསམ་གླིང་ཚེ་རིང་ལྷ་མོ། says:
    2012-01-26 at 1:24 pm

    དེ་རིང་འདི་གར་དྲ་གྲོགས་ཁག་མང་པོ་ཕེབས་ཡོད་པ་ལས། ཕྱོགས་རེ་བའི་དགོངས་ཚུལ་གཞིར་བཟུང་གུས་མོས་ཀྱང་སྨོན་ཚིག་གསུམ་འདོན་རྒྱུ་ཡིན།
    ཁྱེད་ཀྱི་སྐུ་ལུས་མེ་རུ་སྒྲོན་པ་ཡིས།།
    བཙན་བྱོལ་བོད་མིའི་རླུང་བསོད་དར་བ་ཤོག།
    ཁྱེད་ཀྱི་སྐུ་ལུས་མེ་རུ་སྒྲོན་པ་ཡིས།།
    ཕྱི་རྒྱལ་ཡུལ་གྲུར་གཞིས་ཆགས་ལེན་པར་ཤོག།
    ཁྱེད་ཀྱི་སྐུ་ལུས་མེ་རུ་སྒྲོན་པ་ཡིས།།
    ཕྱི་རྒྱལ་རོགས་དངུལ་ཆར་ཆེན་འབེབ་པ་ཤོག།
    ཁྱེད་ཀྱི་སྐུ་ལུས་མེ་རུ་སྒྲོན་པ་ཡིས།།
    ཕྱི་རྒྱལ་སློབ་ཡོན་དབྱར་རྩ་ལྟར་རྒྱས་ཤོག།
    ཁྱེད་ཀྱི་སྐུ་ལུས་མེ་རུ་སྒྲོན་པ་ཡིས།།
    བདག་ཚོར་སྐྱིད་ཉལ་གློད་རྒྱུ་མང་བ་ཤོག།
    ཁྱེད་ཀྱི་སྐུ་ལུས་མེ་རུ་སྒྲོན་པ་ཡིས།།
    བོད་ལ་རང་བཙན་མྱུར་དུ་ཐོབ་པ་ཤོག།
    ཁྱེད་ཀྱི་སྐུ་ལུས་མེ་རུ་སྒྲོན་པ་ཡིས།།
    ཁེ་བཟང་ཚང་མ་ང་ཚོར་ཐོབ་པ་ཤོག།
    ཁྱེད་ཀྱི་སྐུ་ལུས་མེ་རུ་སྒྲོན་པ་ཡིས།།
    ཚ་ནའི་ཟུག་ངུ་རབ་ཏུ་བཟོད་དཀའ་ཡང་།།
    བདག་ཅག་བྱེས་སུ་འཁོད་པའི་རླུང་རྟ་ནི།།
    ཡར་ངོའི་ཟླ་ལྟར་ཕེལ་བྱུང་སྤུན་ཟླ་ལགས།།

  22. གཉན་གཡག་ཕྲུག says:
    2012-01-27 at 3:22 am

    ༄༅།། ཚེ་རིང་ལྷ་མོ་ལགས། ཁྱེད་རང་གི་གསུངས་པ་དངོས་གནས་རེད། རྗེས་སུ་ཡིད་རངས་ཡོད། མ་གཞི་ནས་བོད་པའི་བུ་མོ་ཁྱེད་ལྟ་བུ་ནས་གློག་རྡུལ་དྲ་རྒྱ་འདིའི་ནང་བོད་ཡིག་བེད་སྤྱོད་གནང་བར་མངོན་པར་བསྟོད་འོས་ཅིང་བཀུར་བར་བྱེད་ལ་རྣམ་དཔྱོད་རྩལ་ཆེན་ཡར་ངོའི་ཟླ་བ་ལྟར་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་ཞུ།།

  23. འབའ་བློ། says:
    2012-01-27 at 8:25 am

    འ་རོགས་ཚོ་དཔའབོ་དཔའ་ཁ་ལ་ཁྱེར་ནས་མོའི་བསམ་ཚུལ་ཙམ་ལ་
    འདི་འདྲ་ངར་དགོས་འ་ཡོད་ན།
    བསམ་ཚུལ་ཙམ་འབྲི་མི་ཆོག་ན་རྒྱ་ནག་དང་ཁྱེད་པར་འདུག་གམ།

  24. དུང་སྙུག says:
    2012-01-27 at 4:56 pm

    ཁ་བརྡ་དྲ་རྒྱ་དེའི་ཐོག་ཕེབས་མཁན་ནི་གཙོ་བོ་རྒྱ་གར་དུ་གནས་སྡོད་བོད་མི་དག་རེད། ག་དུས་ཡིན་ནའང་བོད་དོན་དང་འབྲེལ་བའི་གནད་དོན་ཞིག་གླེང་ཡོང་དུས། ལྟ་བ་མི་མཐུན་པར་ཕྱོགས་སོ་སོ་ནས་ལང་ཕྱོགས་རྡོ་རྗེ་ལས་བརྟན་པ་ཞིག་བཟུང་ནས་ཁ་བརྡ་གཙོག་པ་འདྲ་བྱེད་པ་ནི་གཤིས་ཀ་ཞིག་ཏུ་སོང་འདུག ལྷག་པར། རང་གིས་གང་བྲིས་པ་དེས་ཕན་གནོད་ཇི་ཡོང་སོགས་ལ་དེ་བས་གང་ཡང་བསམ་ཤེས་མི་ཐུབ་པ་ནི་ཧ་ཅང་ཐབས་སྐྱོ་པོ་རེད་འདོད། ཁྱེད་ཚོས་བོད་ནང་གི་མཆོད་མེ་སོགས་ཀྱི་དྲ་རྒྱའི་དྲ་གྲོགས་དེ་དག་གི་གཤིས་ཀར་སློབ་སྦྱོང་དང་ཁོང་ཚོའི་ཁོང་ཡངས་སྐད་ཆར་མང་ཙམ་ཉན་རོགས་ཞུ་འདོད་བྱུང་།
    སྨྲས་པ།
    བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་འོད་ཟེར་གྱིས།
    བདག་བློའི་གཏི་མུག་མུན་པ་ཡོངས་ནས།
    དྲན་བདེན་གནས་ལུགས་ལམ་དུ་བགྲོད་པ་ཤོག

  25. དུང་སྙུག says:
    2012-01-27 at 5:05 pm

    ཚེ་རིང་ལྷ་མོ་ལགས་ཀྱི་ལྷག་བསམ་རྣམ་དག་གི་བསམ་འཆར་ལ་ཡི་རང་ཞུ།

  26. ཅོ་རི་ཉི་མ says:
    2012-01-27 at 5:16 pm

    དོན་དངོས་སུ་ཁྱོད་ཚེ་རིང་ལྷ་མོ་ལ་དགའ་བཞིན་འདུག

  27. དུང་སྙུག says:
    2012-01-27 at 7:43 pm

    གྲོགས་པོ་ཅོ་རི་ཉི་མ་ལགས། ཁྱེད་རང་གི་ཐུགས་འདོད་རེད། གང་ལྟར་ད་ལྟའི་བོད་པ་ཚང་གི་ཛ་དྲག་གི་དུས་ཚོད་དེ་འདྲའི་སྐབས་སུ་དོན་དངོས་དང་མཐུན་པའི་གོམ་པ་སྤོ་ཐུབ་ན་རབ་དང་། དེ་ལྟར་མ་བྱུང་ནའང་སོ་སོའི་སྐད་ཆ་དྲང་བདེན་གནད་ལུགས་ཡོད་པ་ཞིག་བཤད་ཐུབ་ན་བཟང་སྤྱོད་དང་རྒྱུ་འབྲས་ཡོད་པ་ཞིག་རེད་དོ།

  28. བོད་དགའ་ says:
    2012-01-27 at 9:02 pm

    ཅོ་རི་ལགས་ལ་དྲང་བདེན་དཀའ་མོ་རེད་དངོས་སུམ་དུ་རྫུན་མ་བྲིས་བཞིན་འདུག། །།

  29. ཁ་བརྡ་རྩོམ་སྒྲིག་པ། says:
    2012-04-28 at 11:45 pm

    n

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme