Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ནང་ལ་ང་ཚོས་གང་འཇོན་གསལ་བོར་བཤད་ན་ཡག་གི་རེད།

Posted on 2012-01-242012-01-25 By ཤར་ཕྱོགས་ཁུག་རྟ། 15 Comments on བོད་ནང་ལ་ང་ཚོས་གང་འཇོན་གསལ་བོར་བཤད་ན་ཡག་གི་རེད།

བཅར་འདྲི་ཞུ་ཡུལ། ཤར་ཕྱོགས་ཁུག་རྟ།
བཅར་འདྲི་ཞུ་མཁན། ལྷ་སྐྱབས་རྒྱལ། ༼ ལྡི་ལི་གཙུག་ལག་སློབ་ཟུར།༽

༡ ཤར་ཕྱོགས་ཁུག་རྟ་ལགས་ཁྱེད་བདེ་མོ། མཇལ་བས་དགའ་བོ་བྱུང་།
ཤར། དེ་ག་རང་ཡིན། མཇལ་ནས་དགའ་བོ་བྱུང་།
༢ བོད་ནང་མེར་བསྲེགས་ལས་འགུལ་བྱུང་བ་ཚང་མར་ངས་དོ་སྣང་བྱས་པ་ཡིན། དེའི་ཐད་ཁྱེད་རང་བསམ་ཚུལ་མ་འདྲ་བ་ཞིག་འཛིན་མཁན་རེད། བྱས་ཙང་དེ་གཙོ་བོར་གྱུར་བའི་ཁ་བརྡ་ཞིག་བྱས་ཆོག་གམ།
ཤར། ཁ་བརྡ་ཡག་པོ་འདྲ་འཁྱོང་མིན་མི་ཤེས་ཏེ་བཤད་ན་ཆོག་གདའ་ཆོག
༣ མེར་བསྲེགས་ལས་འགུལ་ཐད་ལྟ་སྟངས་ག་འདྲ་ཡོད་དམ།
ཤར། ལྟ་སྟངས་ལབ་ན། ཁ་སང་དེ་རིང་འདིའི་ཐད་ཀྱི་མཐོ་རིམ་མི་སྣའི་ལྟ་སྟངས་ཞེ་དྲག་གསལ་བོ་མ་རེད། ང་ཚོས་གདུང་སེམས་མཉམ་བསྐྱེད་ཞུ་བ་དང་། བསྔོ་བ་སྨོན་ལམ་བྱེད་པ་སོགས་ནི་མེར་བསྲེགས་ལས་འགུལ་ལ་ལྟ་སྟངས་དང་ངོས་འཛིན་གནང་ཕྱོགས་ཞིག་མ་རེད་འདོད་ཀི དེ་ཕལ་ཆེར་བོད་མི་ཚོའི་ངོས་ནས་བཤད་ན་སྙིང་རྗེ་བ་དང་བློས་མ་དཔོག་པའི་ཚོར་བ་ཞིག་གིས་ལྷ་སའི་སྐད་ལྟར་ན་”སེམས་པའི་ཁྱད་”ཟེར་བ་དེ་སྟོན་གྱི་མིན་འགྲོ་བསམས། ང་ཚོ་མི་རེ་ངོ་རེས་བྲང་ཁར་ལག་པ་བཞག་ནས་བསམ་བློ་བཏང་ནའང་། མེར་བསྲེགས་ལས་འགུལ་གྱི་གྲུབ་འབྲས་ཅི་ལྟར་ལོན་མིན་དེ་རེད། མ་གྱུར་སེམས་ཅན་ཐམས་ཅད་མིན་པར་རྒྱ་ནག་གི་གནོན་བཙུར་སྡུག་རྩུབ་ལ་ཞེ་འཁོན་རང་བཞིན་ཅན་གྱི་མིའི་ལྷན་སྐྱེས་ཀྱི་རྒྱལ་ཕམ་དེས་བསྐྱེད་པའི་མེར་བསྲེགས་ལས་འགུལ་ཞིག་ཡིན་དུས། དེར་གྲུབ་འབྲས་ཤིག་མ་ལོན་དུས། ད་དངོས་གནས་ཤི་བོའི་གཞུག་གི་གསོན་པོའི་ནག་ཐིག་ཆགས་སོང་བ་རེད། ད་ལྟ་དུས་ཚོད་འདི་འདྲ་ཞིག་ལ། མི་མགོ་བདེ་ཚང་མས་འདིར་ལྟ་སྟངས་གསལ་ཁ་གནང་ཐུབ་ཀི་ཡོད་པ་མ་རེད། ཡིན་ནའང་། ང་ཚོ་ཚང་མ་བློ་འཚབ་དང་ཕངས་སེམས་གཟུང་དུ་མེད་པ་ཞིག་ནི་ཡོད་ཡོད་པ་རེད། ཡིན་ནའང་། དེ་གཅིག་པུས་འགྲིག་གི་ཡོད་པ་མ་རེད།
༤ ཆེས་མཐོའི་མི་སྣས་མེར་བསྲེགས་ལས་འགུལ་ཐད་ཀྱི་ལྟ་སྟངས་གསལ་ཁ་མི་བྱེད་དོན་ག་རེ་རེད་བསམས་ཀྱི་འདུག་གམ། གསུང་ན་བདེའམ།
ཤར། དེ་གསལ་ཁ་ཞིག་ཞུ་དགོས་ཀྱི་འདུག ཆེས་མཐོའི་མི་སྣ་ཟེར་དུས་རེ་ཤོས་ཀྱིས་༧གོང་ས་མཆོག་གི་ཕྱོགས་སུ་འདྲུད་མཁན་ཡོད་པ་རེད། ངས་གླེང་བཞིན་པ་འདི་ནི་དེང་གི་འགན་འཁྲི་ཡོད་མཁན་ཚོ་ཡིན། སྤྱིར་བཏང་༧གོང་ས་མཆོག་གི་མེར་བསྲེགས་ལས་འགུལ་འདི་རིགས་ལ་ལྟ་སྟངས་ནི་གསལ་བོ་རེད། དེ་ནི་ལས་འགུལ་འདི་རིགས་སྤེལ་ན་མི་འོས་ཤིང་སྤེལ་བར་འདོད་པ་ཁྱོན་ནས་མེད་པ་དེ་རེད། དེ་སྔོན་མ་ནས་གསལ་བོ་བཟོས་ཟིན་པ་རེད།
ཡིན་ནའང་། འགན་ཡོད་ཚོས་འདིའི་ཐད་གསལ་ཁ་མེད་པའི་ལྟ་སྟངས་འཛིན་པ་ནི་དོན་ཚན་གཉིས་ཡོད་པ་རེད་བསམས་ཀྱིན་འདུག གཅིག འགོ་ཁྲིད་སུ་ཞིག་ཡིན་ནའང་། རང་གི་འཛིན་སྐྱོང་སྐབས་དོན་དག་ཅིག་འགྲུབ་ན་བསམས་ཀྱི་ཡོད་པ་རེད། རྒྱུ་མཚན་དེས་ཐེ་ཚོམ་ཆེན་པོའི་ངང་གནད་དོན་འདི་འདྲ་ལྷགས་སྐབས་ཅིག་བཤད་ཐུབ་ཀི་ཡོད་པ་མ་རེད། ལྷག་ཏུ་རང་རེའི་བོད་ཀྱི་དཀའ་ངལ་འདི་ནས་ལྟོས་ཚེ་མེར་བསྲེགས་ལས་འགུལ་ལ་གྲུབ་འབྲས་ཤིག་འབྱུང་མིན་ནི་འགོ་ཁྲིད་ཚོའི་ངོས་ནས་བཤད་ན་ཚོད་བགམ་ལྟ་བུ་ཞིག་རེད། ཚོད་བགམ་དེ་ལ་དངངས་སྐྲག་ཆེན་པོ་ཡོད་པ་རེད། དངངས་སྐྲག་དེའི་ངང་ཁོང་རྣམ་པ་བཞུགས་བསྡད་ཡོད་པ་རེད།
གཉིས་པ་དེ། ལས་འགུལ་འདིའི་གྲུབ་འབྲས་ལ་སྡོམ་ཚིག་རྒྱགས་རྒྱུའི་གཞི་འཛིན་ས་རི་བོང་གི་རྭ་ཆགས་འགྲོ་ཡི་ཡོད་པ་རེད། དེ་ཆགས་ཡོང་དུས། བསྟོད་བསྔགས་ཀྱི་ཟོལ་འདྲ་བོ་བསྔོ་བ་སྨོན་ལམ་གྱི་ཟོལ་འདྲ་བོ་མ་གཏོགས། དོན་དམ་མི་རིགས་ཤིག་གི་རང་དབང་འཐབ་རྩོད་ནང་གསེར་ཡིག་གིས་འབྲི་རྒྱུའི་ལོ་རྒྱུས་ཅི་ལྟར་ཆགས་མིན་འཆད་རྒྱུ་མ་རྙེད་པ་རེད། དེ་འཆད་པ་ལ་མཁས་མཛངས་ཅན་གྱི་དབུ་ཁྲིད་ཅིག་མེད་ན་ཁེག་པོ་ཆགས་ཀྱི་ཡོད་པ་རེད། སྤྱིར་བཏང་། མ་འོངས་པའི་བོད་ལ་རང་དབང་ཐོབ་ན་མི་ཐོབ་ན་ལམ་ཁ་འདི་ནས་སྒྲུབ་དགོས། ད་ལྟའི་ཆར་སྒྲུབ་སྟངས་ཡག་ཤོས་འདི་ཡིན། དམིགས་འབེན་ཐོབ་བྱ་འདི་ཡིན། དུས་སྐབས་སོ་སོའི་ཆབ་སྲིད་ཀྱི་གནམ་ངོ་འགྱུར་མཚམས་འདི་ལྟར་བྱེད་དགོས་ཀྱི་ཡོད་ཟེར་བའི་གྲ་སྒྲིག་ཅན་ཞིག་ཡིན་ན། རྙེད་པའི་སྒྲ་ལ་དགྱེས་ནས་ཧབ་དགོད་ཤོར་བ་དང་ངལ་བའི་ལས་ལ་ཞེད་ནས་མིག་ཆུ་ཤོར་འགྲོ་བའི་གཤིས་ཀ་ཞིག་ཡོད་སྲིད་ཀྱི་མ་རེད་ལ། ཆུ་མ་ཡོང་གོང་ནས་རག་ཟེར་བ་ལྟར་དགའ་སྐྱོའི་གནས་ཚུལ་ག་རེ་བྱུང་ཡང་བབ་བརླིང་གིས་ཁ་གཏད་གཅོག་ཐུབ་ཀི་རེད། ཡིན་ནའང་། ང་ཚོའི་མཐོ་ས་ནས་མེར་བསྲེགས་ལས་འགུལ་ཐད་འགན་ཁུར་སྟངས་དེ་འདྲ་ཞིག་མ་རེད། ལྟ་སྟངས་ཀྱང་དེ་འདྲའི་གསལ་བོ་མ་རེད། དེ་མི་མང་གིས་ཤེས་རྒྱུའི་འདོད་པའང་ཡོད་པ་མ་རེད།
༤ མེར་བསྲེགས་ལས་འགུལ་ཐད་རང་རེའི་གཞུང་ལ་འགན་འཁྲི་ག་རེ་ཡོད་པ་རེད་དམ།
ཤར། མི་ཞིག་ཡིན་ན་སྐད་ཆ་དྲང་པོ་བཤད་རྒྱུ་གལ་ཆེན་རེད། ང་ཚོ་བློ་གཟུ་བོར་གནས་དགོས་པ་དེ་གལ་ཆེན་རེད། ཁྱེད་ནས་ཉེ་འཆར་ཀྲུའུ་ཝེ་ཆོན་ནས་མེར་བསྲེགས་ལས་འགུལ་ཐད་ལན་བསྐྱོན་པར་གཟིགས་ཡོད་ཀྱི་རེད། ཁོང་གི་ལན་དེ་བཀོག་ནས་ངས་ཁ་བརྡ་དྲ་བའི་སྟེང་རྒྱ་ཆེའི་མི་མང་ལ་སྤྱན་འབུལ་ཞུས་པ་ཡིན། སུ་ཞིག་གིས་དེ་ལ་གསེད་བཀྲོལ་བྱས་སོང་ངམ། གཅིག་གིས་ཀྱང་བྱེད་ཐུབ་ཀྱི་མི་འདུག སེམས་ཚོར་རྐྱང་རྐྱང་གསུང་གི་འདུག
ཀྲུའུ་ནས་མེར་བསྲེགས་གཏོང་མཁན་ཚོར་བསྟོད་བསྔགས་བྱེད་པ་ནི་མི་མང་པོ་ལམ་དེར་ཞུགས་རྒྱུར་སྐུལ་འདེད་བྱས་པ་རེད་ཅེས་བཤད་འདུག ངས་སྐད་ཆ་འདིར་དུས་ཡུན་རིང་པོར་བསམ་བློ་བཏང་བ་ཡིན། ང་ཚོའི་གཞུང་ནས་ཅིའི་ཕྱིར་འདིའི་ཐད་ལྟ་ཚུལ་གསལ་བོ་ཞིག་མ་བཏོན་པ་རེད་དམ། ང་ཚོས་བསྔོ་སྨོན་དང་མཆོད་མེའི་མཉམ་དུ་ཁྱབ་བསྒྲགས་རྐྱང་རྐྱང་བྱས་ནས་འདུག་རྒྱུ་ཡིན་ནམ། དཔེར་ན། བཀའ་ཤག་གིས་བསྔོ་སྨོན་བསྙུང་གནས་བཞུགས་པ་དེའང་ང་ཚོའི་མཛད་རྗེས་བགྲང་གི་ཡོད་པ་རེད། ༧གོང་ས་མཆོག་གིས་བསྔོ་སྨོན་གསུང་གི་ཡོད་ལབ་ན་བོད་མི་ཤི་མཁན་ག་ཚོད་འབྱུང་གི་རེད། དེ་བཀའ་ཤག་གིས་གསལ་བོ་མཁྱེན་གྱི་ཡོད་པ་རེད། དེ་འདྲའི་ལས་འགུལ་སྤེལ་ནས་དུས་ཚོད་ཕུད་རྒྱག་བྱེད་པ་ལ་སུས་བཟོད་བསྒོམ་བྱེད་ཐུབ་ཀི་རེད། མདོ་དོན་བོད་ནང་མེར་སྲེག་བྱུང་བར་གདུང་སེམས་མཉམ་བསྐྱེད་ཟེར་བའི་ཚིག་ཅིག་བཤད་ནས་བཞུགས་བསྡད་ན་འགྲིག་གི་ཡོད་པ་མ་རེད། ཀྲུའུ་ཡི་སྐད་ཆ་དེ་ལན་ཚ་ཐག་ཆོད་ཅིག་གནང་དགོས་ཀྱི་ཡོད་པ་རེད་ལ། བོད་ནང་དུ་འདི་བྱས་དེ་མ་བྱེད་ཟེར་བ་ཞིག་ངེས་པར་དུ་དགོས་པའི་དུས་ལ་སླེབས་བསྡད་ཡོད་པ་རེད།
ཡང་ན། བོད་ནང་གི་བོད་མི་ཚོར་ང་ཚོས་ག་རེ་འཇོན་གྱི་ཡོད་མེད་སྐོར་གསལ་བོ་བྱས་ནས་བཤད་དགོས་ཀྱི་ཡོད་པ་རེད། དེ་གསལ་བོ་བཤད་ཐུབ་པ་ཡིན་ན་འགན་ཁུར་གྱི་ཡོད་པའི་རྟགས་མཚན་གསལ་བོ་བྱུང་བ་རེད།
༥ འོ་ན། ཁྱེད་རང་གིས་བོད་ནང་དུ་འཐབ་རྩོད་བྱ་ཕྱོགས་སྐོར་བཀའ་ཤག་གིས་སློབ་སྟོན་བྱེད་དགོས་ཀྱི་འདུག་ཅེས་གསུང་གི་ཡོད་དམ།
ཤར། བོད་ལ་དཀའ་ངལ་ཡོད་པ་དང་། རང་དབང་མེད་པ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་མགྲིན་ཚབ་པ་དང་། བོད་ཀྱི་ཁྲིམས་མཐུན་གཞུང་གི་རྒྱུན་ལྡན་པ་ཡིན་ན། བོད་མི་ས་ཡ་དྲུག་གི་མངོན་འདོད་མཚོན་པའི་སྒྲིག་འཛུགས་ཡིན་ན། ཅིའི་ཕྱིར་བོད་ནང་གི་བོད་མི་ཚོར་སློབ་སྟོན་བྱས་མ་ཆོག་པ་རེད་དམ། རྒྱ་ནག་གིས་ཏཱ་ལའི་རུ་ཚོགས་ཀྱིས་བཀོད་སྒྲིག་བྱས་འདུག་ཟེར་བ་དེ་བོད་ནང་དྲག་སྤྱོད་ལག་བསྟར་བྱ་ཆོག་པའི་ཆ་རྐྱེན་ཞིག་རེད་དམ། ཡང་ན། དེ་ལྟར་བྱས་ཚེ་རྒྱལ་སྤྱིའི་སྒང་ནས་བོད་དོན་བསུབ་ཀྱི་རེད་དམ། ད་ལྟའི་རྒྱབ་སྐྱོར་ཡོད་པ་རྣམས་ཀྱང་བརླག་འགྲོ་ཡི་རེད་དམ། ང་ཚོས་བོད་ཕྱི་ལོག་ནས་ག་རེ་བྱེད་ཀྱི་ཡོད་པ་རེད། བོད་ནང་ནས་གནད་དོན་ནམ་ལྷགས་ལ་སྒུག་ནས་འདུག་དགོས་ཀྱི་ཡོད་པ་རེད་དམ། གལ་སྲིད་མ་ལྷགས་ཚེ། ང་ཚོས་ང་ཚོའི་ངོས་ནས་བྱ་ཐུབ་པ་རྣམས་བྱས་ནས་གནས་ཚད་གང་དུ་སླེབས་འདུག དེ་ཧ་ཅང་གསལ་བོ་རེད། རྒྱ་ནག་ལ་འབྲེལ་བ་བྱ་རྒྱུ་ལ་མཚོན་ན་དམིགས་བསལ་སྐུ་ཚབ་ལ་ཕར་ནས་ལན་མ་གནང་དུས་སྒུག་སྡོད་རྒྱུ་རེད། ད་འོ་ན། དེ་ལྟར་ལོ་ག་ཚོད་ལ་འདུག་དགོས་ཀྱི་རེད།
ངས ༢༠༠༨ ལོར་སྤྱི་ཚོགས་མེ་ལོང་ཚགས་པར་སྟེང་བོད་ནང་གི་ཞི་རྒོལ་ཐད་བཅར་འདྲི་ཞིག་ལ་ལན་རྒྱབ་པ་ཡིན། སྐབས་དེ་ནས་བཟུང་། བོད་ཕྱི་ནང་གཉིས་ཀྱི་ལས་འགུལ་དེ་མིའི་གཟུགས་པོ་ཞིག་ལ་ཆ་མཚོན་ན། ཁོག་སྟོད་ཁོག་སྨད་ལྟ་བུ་ཆགས་དགོས་ཀྱི་འདུག་ཅེས་ལབ་མྱོང་། དེ་ནས་ད་བར་དེ་དགོས་ཚུལ་གསལ་བོ་ཆགས་འགྲོ་གྱིན་འདུག བྱས་ཙང་། དོན་དམ་པའི་བོད་ཀྱི་རང་དབང་རྩོད་ན། འཚེ་བ་མེད་པའི་ལམ་ནས་བོད་ཕྱི་ནང་གཉིས་མཉམ་སྦྲེལ་བྱ་དགོས་པ་རེད། དེ་སློབ་སྟོན་བྱ་རྒྱུར་འཇིགས་སྣང་དགོས་ཀྱི་མ་རེད། དེ་འདྲ་ཞིག་གནང་ཐུབ་ན། ང་ཚོ་ཁྱོན་ཡོངས་ནས་འགུལ་གྱི་རེད། དེ་དུས་ང་ཚོ་རྒྱུ་མཚན་རང་གི་ཐོག་ནས་འགུལ་ཆོག་གི་རེད། རྒྱུ་མཚན་གྱི་འགུལ་ཤུགས་དེ་རྒྱ་ནག་ནང་ས་ཡོམས་ལྟ་བུར་ཆགས་རྒྱུ་ནི་ཐེ་ཚོམ་མེད་པ་ཞིག་རེད། དེ་དུས་མེར་བསྲེགས་གཏོང་དགོས་ཀྱི་མ་རེད།
༦ བོད་ཕྱི་ནང་གཉིས་དངོས་གནས་དེ་ལྟར་ཆགས་སོང་ན། འཚེ་མེད་ཞི་བ་དོན་དམ་པ་ཞིག་ལག་ལེན་བསྟར་ཐུབ་ཀི་རེད་དམ།
ཤར། ད་ལྟ་ང་ཚོས་བཙན་བྱོལ་ནང་འཚེ་མེད་ཞི་བ་གསུང་གི་ཡོད་པ་རེད། ཡིན་ནའང་། ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་ཀྱི་ཁྱད་ཡོན་གཅིག་ནི། ད་བར་ཆབ་སྲིད་ཀྱི་ཚོང་མི་རྒྱག་པ་དེ་རེད། ཀྲུང་གོར་མི་དགའ་མཁན་ཚོས་གནའ་སྔ་མོར་བཙན་བྱོལ་བོད་གཞུང་ལ་ལག་པ་ཁེན་ནས་སྲིད་ཚོང་རྒྱག་དགོས་བསམས་འདུག ཡིན་ནའང་། ང་ཚོའི་རང་ཚུགས་ཤོར་མི་འདུག དེ་ནི་ཕལ་ཆེར་ང་ཚོའི་འཚེ་མེད་ཞི་བའི་ནང་དོན་རླབས་ཆེན་ཞིག་ཡིན་པ་འདྲ།
གལ་སྲིད་བོད་ཕྱི་ནང་གཉིས་ཀྱིས་མཉམ་འབྲེལ་གྱི་ལས་འགུལ་སྤེལ་ཐུབ་པ་ཡིན་ན། ང་ཚོ་དོན་དམ་པའི་འཚེ་མེད་ཞི་བ་ལག་བསྟར་བྱ་དགོས་པའི་གནད་དོན་མང་པོར་གདོང་ཐུག་རྒྱག་གི་རེད། སྐབས་དེར་ང་ཚོའི་མི་རིགས་ཀྱི་བཟོད་བསྲན་མཐོང་གི་རེད་ལ། བྱམས་བརྩེ་ཡང་མཐོང་གི་རེད་བསམས་སོང་།
འོ། སྐབས་དེར། རྒྱ་ནག་གཞུང་གིས་ང་ཚོའི་འཚེ་མེད་ཞི་བར། “འཚེ་བའི་ནུས་ཤུགས་མེད་པ་མ་གཏོགས་འཚེ་མེད་ཞི་བར་བསྐྱོད་འདོད་ཡོད་པ་མ་རེད་”ཅེས་བཤད་རྒྱུ་ལྷགས་ཡོད་པ་མ་རེད།
༧ མཇུག་མཐར་ཁྱེད་རང་གིས་ལྟོས་ན་བོད་ནང་གི་མེར་བསྲེགས་ལས་འགུལ་མཚམས་བཞག་ན་ཡག་གམ།
ཤར། སྤྱིར་བཏང་། མིའི་ཐག་གཅོད་ནི་བདེ་སྐྱིད་ཡིན་ཟེར་མཁན་ཡོད་པ་རེད། ཁོང་རྣམས་པའི་བློས་གཏོང་ཆེན་པོའི་ཐག་གཅོད་དེའང་ང་ཚོའི་བསྟན་སྲིད་གཉིས་ཀྱི་བདེ་སྐྱིད་དུ་འགྱུར་བར་སྨོན། ཡིན་ནའང་། ད་ལྟའི་གནས་སྐབས་ལ་ཁོང་ཚོ་རྣམས་ངས་རྦད་དེ་བྱིས་ཕྲུག་ཐང་གཡུག་ཅིག་ཏུ་མཐོང་གིན་འདུག དེ་ལ་མགོན་དཔུང་ཅིག་གང་ན་འདུག་གམ། བར་དོ་དང་དམྱལ་བའི་གནས་ན་མགོན་དཔུང་ཡོད་ན་མ་གཏོགས། དེ་ལ་ང་ཚོའི་འགན་ཡོད་ཚོས་སྐད་ཆ་གོང་འགྲོ་བ་ཞིག་གསུང་ཐུབ་ཀྱི་མི་འདུག་གཱ ཡང་ན་མཚམས་ཞོག་བཅས་གསུང་གི་མི་འདུག་གཱ ངས་དངོས་གནས་ཁོང་ཚོ་རྣམས་སྙིང་རྗེ་ཡི་འདུག རྗེས་ཤུལ་ནང་མི་རྣམས་ལའང་དེ་མཚུངས་རེད།
གལ་སྲིད། ལོ་གཅིག་གཉིས་ཀྱི་རྗེས་སུ། ང་ཚོས་འདི་ཕྱོགས་ནས་སྟོན་རྒྱུ་ཞིག་མ་རྙེད་པར་སྒྲུང་འདྲ་བོ་ཞིག་ཆགས་སོང་ན། ག་རེ་བྱེད་གཱ
༢༠༡༢། ༡། ༢༤། ཉིན་ལྡི་ལི་མ་ཇུན་ཀྲི་ལར་ཇ་འཐུང་ཞོར་ཁ་བརྡ་བྱས་པའོ།

བཅར་འདྲི།

Post navigation

Previous Post: བོད་ནས་མེ་འབར་ཐུབ་ན་བཙན་བྱོལ་ནས་དུ་བ་འཕྱུར་ཐུབ་དགོས།
Next Post: བོད་ཀྱི་ནམ་མཁའ།

Comments (15) on “བོད་ནང་ལ་ང་ཚོས་གང་འཇོན་གསལ་བོར་བཤད་ན་ཡག་གི་རེད།”

  1. དྲི་འཇམ says:
    2012-01-24 at 5:38 pm

    ཁུངས་དང་བདེན་དཔང་བཙལ་དགོས་ན་རང་གིས་ཀྱང་མི་རྙེད་པའི་གཏམ་དཔེར་ན་རྒྱུགས་ཁྱི་ཟེར་བ་ལྟ་བུ་ནི་ང་ཚོའི་གཏམ་བཤད་སྐབས་ཀྱི་སྐྱོན་གྱི་ཆ་ཞིག་ཏུ་ངོས་འཛིན་བྱེད་རུང་ངམ།

  2. གངས་སྨྱུག says:
    2012-01-24 at 6:01 pm

    མན་ཇུ་ཏྲི་ལའི་ཇ་ཁང་དུ། ལྷ་སྐྱབས་རྒྱལ་གྱིས་ཤར་ཕྱོགས་ཁུག་རྟ་ལགས་སུ་བོད་དོན་དང་འབྲེལ་བའི་བསམ་ཚུལ་བསྐོར་ལ་དྲི་བ་འགག་མཛད་འདུག དངོས་གནས་ཡག་རྟགས་རེད། བོད་དོན་ལ་ཤ་ཞེན་ཡོད་པའི་རྟགས་རེད། འོན་ཀྱང་བློ་མཐུན་ཤར་ཕྱོགས་ཁུ་རྟའི་འདོད་དོན་སྙིང་པོ་དེ་གང་ཡིན་དང་གང་བྱེད་དགོས་མིན་གྱི་དགོངས་འཆར་གང་ཡང་མི་འདུག ཇ་ཁང་ནང་གི་སྐད་ཆ་རང་ཆགས་འདུག

  3. བོད། ལྷ་ཀླུ་གཉན་གསུམ། says:
    2012-01-24 at 8:29 pm

    ལག་པའི་ཕྱི་ལ་གནུན་ན་ཤ་རེད་ལ།།
    ལག་པའི་ནང་དུ་གནུན་ཡང་ཤ་རེད་འདུག།
    རིགས་ཀྱི་བདེ་སྡུག་ཕྱི་ནང་མ་བསྲེས་པར།།
    བོད་མིའི་སྐྱིད་སྡུག་མཉམ་འཁུར་བྱེད་པའི་ཐད།།
    གཅིག་རྒྱབ་གཅིག་གིས་ལོངས་ཤིག་རིགས་མཐུན་ཚོ།།

  4. ཅོ་རི་ཉི་མ། says:
    2012-01-24 at 9:32 pm

    བོད་ལྷ་ཀླུ་གཉན་གསུམ་ལགས་་་་ལྟོས་དང་་་་་གཅིག་རྒྱབ་གཅིག་ལང་བྱེད་ས་རེད་དམ་་་་་རྒྱལ་གཅེས་པ་ཚོས་ལུས་སྲོག་ལོངས་སྤྱོད་ཡོངས་རྫོགས་བཏང་ནས་བོད་རང་བཙན་དགོས་ཞེས་འབོད་ཀྱི་ཡོད་རེད། དཔའ་བོ་ཁོང་རྣམས་པའི་འབོད་ཚིག་དང་རེ་འདུན་ལ་གུས་ཞབས་དང་རྒྱབ་སྐྱོར་མེད་པར་གཅིག་རྒྱབ་གཅིག་ལང་ག་འདྲ་བྱེད་དགོས་རེད་དམ།

  5. སྟག་སྨྱོན། says:
    2012-01-24 at 9:59 pm

    ཤར་ཁུག་གིས་ཚིག་སྦྱོར་སྟངས་དེ་ཁྱད་མཚར་དང་བོད་སྐད་ལ་བདེ་བོ་མེད་པའི་སྐད་ཆའི་འགྲོ་སྟངས་ཤིག་བེད་སྤྱོད་གཏོང་གི་འདུག ཕྱི་རྒྱལ་གྱི་གསར་འགྱུར་ཁག་གི་མིང་ཚིག་སྤྱོད་དཔེ་བཤུས་ཁུལ་བྱེད་ཀྱི་མེད་འགྲོ་བསམ་སོང་། དེ་ནི་ལྕམ་མོའི་འགྲོ་སྟངས་མ་ཤེས། བུ་མོས་འགྲོ་སྟངས་ཤོར་ཟེར་བའི་དཔེ་རུ་འགྱུར་བཞིན་པའི་སྣང་བ་བྱུང་། ཁོའི་བྱེད་སྟངས་ཉོབ་བཅུག་ཡ་གཅིག་དེ་རེད།

    གཉིས་པ་ཁོས་བོད་ཀྱི་རྩ་དོན་བསྒྲུབ་སྟངས་དམིགས་བསལ་ཞིག་ཤེས་ཀྱི་ཡོད་པའི་བཟོ་སྟོན་གྱི་འདུག འོན་ཀྱང་བཟོ་ལྟ་སྟོན་པ་ཙམ་ལས་གང་ཡང་བཤད་མི་འདུག དཔེར་ན་ཁོས་ ༼རྒྱ་ནག་ནང་ས་ཡོམས་ལྟ་བུར་ཆགས་རྒྱུ་ནི་ཐེ་ཚོམ་མེད་པ་ཞིག་རེད། ༽ ཅེས་རྫིག་མདོག་ཁ་བོ་དཔེ་བཤད་འདུག འོ་ན་ས་ཡོམས་ལྟ་བུའི་འགུལ་ག་རེ་ཡིན་མིན་མི་བཤད་དོན་ཅི་ཡིན་ནམ། བོད་མི་ཚོ་འུ་ཐུག་ནས་རང་ལུས་བསྲེགས་རྒྱུ་ལས་ཐབས་མེད་པའི་ཆེས་དཀའ་སྡུག་དུས་ཚོད་འདི་འདྲ་ཞིག་ལ། ཁྱོད་ལ་ཐབས་ལམ་གལ་ཆེན་ཞིག་བཤད་ན་བཤད་དགོས་པ་རེད། སྤྱིར་ས་ཡོམ་གྱི་སྐད་ཆ་འདི་ཉེ་དུས་སེ་རི་ཡིའི་དབུ་ཁྲིད་ཀྱིས་གསར་འགྱུར་ནང་ཉེན་བརྡ་གཏོང་སྟངས་ཀྱི་ཚིག་རེད། གང་ལྟར་རྒྱ་ནག་ལ་ས་ཡོམ་བརྒྱབ་པ་ལྟ་བུའི་ལས་འགུལ་ཞིག་སྤེལ་རྒྱུ་ཡོད་ན་ཤོད་ནས་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོང་གི་རེད། ཡིན་གཅིག་མིན་གཉིས་བློ་བཟང་སེང་གེས་བཤད་དགོས་པ་དང་། གལ་སྲིད་ཁོས་མ་བཤད་ན་གཞན་སུས་ཀྱང་བཤད་མི་ཆོག་པ་དེ་འདྲ་ཡོད་རྒྱུ་མ་རེད། བློ་བཟང་སེང་གེས་ལས་སྟངས་འགྲིག་གི་མེད་ན་ཁྱེད་རང་འགྲིག་པ་ཞིག་བསྒྲུབ་ནས་ཤོག་དང་། མི་ཚོས་དགའ་བསུ་དང་བརྒྱབ་སྐྱོར་བྱེད་ཀི་རེད། དེ་མིན་ཁ་ཤོ་ཞིག་གིས་བཞི་ཤོ་ཞིག་འཕྱ་ལེ་མ་བརྒྱབ་པར་བསྡད་ན་དགེ་གི་རེད།

  6. ལ་རྒྱའི་བདག་པོ། says:
    2012-01-24 at 11:51 pm

    གོང་གི་མཆན་བུ་ཨང་དང་པོ་ཐུབ་པ་ཟེར་བའི་བློ་རྒྱ་ཆུང་བའི་མི་བུ་དེས་ཛ་དྲག་གི་དུས་སྐབས་དེ་འདྲར་ཡང་དབུས་གཙང་དང་།ཁམས།ཨ་མདོ་ཞེས་པའི་དབྱེ་བ་འབྱེད་ནས་བོད་ཀྱི་ཉེ་རབས་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་སྟངས་དེར་གཟིགས་དང་།ཁ་མདོག་དེ་འདྲ་འཁྱེར་ནས་ད་དུང་བོད་མི་རིགས་དང་རྒྱལ་ཁབ་ཀྱི་སྐོར་སྐད་ཆ་བཤད་ཕོད་པ་ངོ་མི་ཚའམ།
    ཁོ་པས་ལོ་གཅིག་གཉིས་གོང་གི་བོད་ཀྱི་ལོ་རྒྱུས་སྡོམ་རྩིས་རྒྱབ་ཁུལ་གྱི་ཕྱི་ལོ་༡༩༥༩ལོའི་བཙན་རྒོལ་རྒྱལ་སྐྱོབས་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་དང་།ཕྱི་ལོ་༡༩༨༧།༡༩༨༨།༡༩༨༩བཅས་སོ་སོར་བོད་ཀྱི་རྒྱལ་ལྷ་སར་གཞི་རྒྱ་ཆེ་བའི་རྒྱ་རྒོལ་གྱི་ལས་འགུལ་སྤེལ་ནས་བོད་མི་བརྒྱ་ཕྲག་མང་པོ་དམར་གསོད་བཏང་བ།སྟོང་ཕྲག་མང་པོ་བཙོན་དུ་ལྷུང་བ་བཅས་ཀྱི་ལོ་རྒྱུས་གནང་མེད་བཏང་བ་ནི་བསམ་བཞིན་དུ་བོད་མི་ནང་ཁུལ་དཀྲོག་ཤིང་གི་དུག་མདའ་འཕེན་བཞིན་པའི་མི་དེ་དང་དེ་རིགས་ལ་ང་ཚོ་བོད་མི་བསམ་ཡོད་ཅན་སུས་ཀྱང་ཡིད་གཟབ་གནང་དགོས།

  7. ཅོག་རོང་གི་མྱི། says:
    2012-01-25 at 3:15 am

    མེར་བསྲེགས་ཞེས་པ་འདི་ཐ་སྙད་ཚད་ལྡན་ཞིག་མ་རེད། འབྱུང་བ་ལྔ་བོ་ནང་སྲེག་ནུས་པའི་རང་བཞིན་ལྡན་པ་མེ་ཁོ་ན་ལས་མེད་པས་སྲེག་ཅེས་པའི་ཐ་སྙད་འདི་ཁོ་ནས་མེ་ཡིས་སྲེག་པ་མཚོན་ནུས། ད་ལྟ་དཔའ་བོ་དཔའ་མོ་རྣམས་ཀྱི་སྤྱོད་ཡུལ་ལ་རང་ལུས་གསོན་བསྲེགས་ཞེས་བརྗོད་ནས་འཐུས་སྙམ།

  8. ཅོག་རོང་གི་མྱི། says:
    2012-01-25 at 3:26 am

    དེ་མིན་པད་མ་བཀའ་བསྡུས་ནང་དུ་ཟ་ཧོར་རྒྱལ་པོར་གསོན་བསྲེགས་མཛད་ཅེས་པའི་ཚིག་བཅད་གཅིག་འདུག

  9. ངག་ཁྲི། says:
    2012-01-25 at 4:04 am

    ཆོལ་གསུམ་དབྱེ་འདོད་དང་འཇིག་རྟེན་ཆོས་བརྒྱད་ཀྱིས་ཀུན་ནས་སླང་པའི་དྲྭཐུབ་པའི་
    མཚན་ཅན་ལགས།
    གནས་སྐབས་འདི་འདྲ་ཞིག་གི་སྐབས་སུ་སྐད་ཆ་དེ་འདྲ་བཤད་ཕོད་དམ།
    ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་སྐབས་སུ་ཁྱེད་གཉིད་ལ་ཡུར་བ་ཡིན་ནམ་ཡང་ན་འཇིག་རྟེན་འདིར་མ་བཙས་པ་ཡིན་ནམ། དེའི་སྐབས་སུ་ལྷ་ས་ལ་མ་གཏོགས་སྐད་འབོད་དང་ཁྲོམ་སྐོར་ཡ་ང་བའི་མནར་གཅོད་བཅས་མེད་པ་གང་ཡིན་ནམ།
    ཁྱེད་ཀྱི་མཚན་ངོ་མ་སྤྱད་ནས་གསུངས་དང་རིན་ཐང་དང་གདེངས་འཇོགས་ཆེ་བ་ཡིན་།
    དེ་མིན་དབུས་གཙང་ཐུན་མོང་བས་༸རྒྱལ་བའི་བཀའ་ལ་མ་རྩིས་པའི་ཞབས་འདྲེན་གང་
    ཡང་ཞུས་མེད་ལ་བོད་གཞུང་ལས་ལོགས་སུ་འགྲོ་མྱོང་མེད་པ་ཡང་གཡོ་སྒྱུ་འཁྲབ་མཁས་
    གཙང་ཡིན་ནམ།།
    མཚན་དངོས་སམ་དངོས་མིང་སྤྱད་ནས་གསལ་པོ་གསུང་རོགས་གནང།
    དེ་མིན་མཐུན་ལམ་ལ་གཏོར་བཤིག་མ་གནང་རོགས་གནང།

  10. རོ་ལངས། says:
    2012-01-25 at 4:11 am

    ལྷན་རྒྱས་ཚོའི་ཐུབ་པ་འདྲ་བོའི་དཀྲག་ཤིང་ལ་རྣ་བ་མ་གཏད་ན་ཡག་གི་རེད།
    གཞན་སྟག་སྨྱོན་ཟེར་བ་དེ་སུ་རེད། སྐྱོན་ཞིག་བཙལ་མདོག་ཡིན་ཡང་། རྦད་དེ་མ་རྙེད་མི་འདུག ཡག་པོ་ཞིག་ཀློག་ཡོད་ན་ས་ཡོམས་ཅི་ལྟར་རྒྱག་རྒྱུ་གསལ་བཤད་བྱས་མི་འདུག་གམ། དངོས་གནས་ཁ་བརྡ་འདིས་ཡིད་ཚིམས་སོང་། ཤར་ཁུག་དང་ལྷ་སྐྱབས་གཉིས་ཀར་ཡག་བྱུང་ཟེར་གྱི་ཡིན།

  11. རོ་ལངས། says:
    2012-01-25 at 4:16 am

    ཅོག་རོང་གི་མིང་གི་སྐོར་ཞིག་ལབ་འདུག་པ་དེར་རྒྱུ་མཚན་ཅུང་འདུག་བསམས་སོང་། ཚང་མས་ཀླད་པ་དཀྲུག་ན།

  12. བོད་དགའ་ says:
    2012-01-25 at 2:46 pm

    ལ་རྒྱའི་བདག་པོ་དང་ངག་ཁྲི་གཉིས་ཀྱིས་རྒྱུ་མཚན་གསལ་པོ་གསུངས་པ་དེས། ཐུབ་པ་མིང་ཅན་འོན་པ་དང་ཞར་བ་ལྐུག་པ་བཅས་མིན་ན་གོ་ཤེས་པ་དང་ཉན་ཤེས་པ་བསམ་ཤེས་པ་བཅས་བྱས་ཏེ་རྗེས་སུ་རྒྱ་ཁྱི་ལས་དམན་པའི་ཡ་ང་བའི་ལས་དོན་མི་བྱ་བས་རེ་བ་ཡོད།། །།

  13. བོད་དགའ་ says:
    2012-01-25 at 2:48 pm

    གོ་ཤེས་པ་(མཐོང་ཤེས་པ་ལ་བཅོས་རོགས)

  14. ཅོག་རོང་གི་མྱི། says:
    2012-01-26 at 12:44 am

    རྡོ་རྗེ་འཆང་གི་ཅོང་བརྡུང་ན།
    བ་ཡན་ཐང་གི་རྟ་འདྲོགས་ཀི
    ཅོག་རོང་ཚང་གིས་མཆན་བཏབ་ན།
    ལྦ་སྐྱེས་འགའ་ཡི་སྙིང་གད་གི

  15. karma tenzin says:
    2012-01-26 at 4:57 pm

    i want to join in ur webset

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme