Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་རྒྱ་མི་རིགས་གཉིས་ཇི་ལྟར་མཉམ་གནས་བྱེད་དམ།

Posted on 2009-04-25 By དགེ་རབ་ 6 Comments on བོད་རྒྱ་མི་རིགས་གཉིས་ཇི་ལྟར་མཉམ་གནས་བྱེད་དམ།

ཨ་རིག་འགྱུར་མེད་ཀྱིས།
————
བོད་དང་རྒྱ་ནག་ཧན་མི་རིགས་གཉིས་ཀྱི་འདས་ཟིན་པའི་ལོ་རྒྱུས་ཁྲོད་ཕན་ཚུན་བཙན་འཛུལ་དང་དཔུང་འཇུག་བྱེད་མྱོང་ཡོད་པ་ལོ་རྒྱུས་ཡིག་ཚང་དུ་གསལ་བོར་བཀོད་ཡོད་ནའང༌། འདས་ཟིན་པའི་ཉམས་མྱོང་ཁྱེར་ཏེ་མི་རིགས་ཆེན་པོ་འདི་གཉིས་ཕན་ཚུན་མཉམ་གཤིབ་དང་སྐྱིད་སྡུག་མཉམ་མྱོང་གི་འབྱུང་འགྱུར་ཆེན་པོ་ཞིག་ལ་འབད་པ་ལས། ལོ་རྒྱུས་རྣག་དང་རྒྱལ་ཕམ་ཁྲག་ཏུ་བརྗེ་དགོས་དོན་མི་འདུག དེ་བས་ཀྱང་རྒྱ་ནག་ཧན་མི་རིགས་ཀྱི་དམའ་རིམ་སྤུན་ཟླ་དང་བོད་མི་དཀྱུས་མ་ནི་ནམ་ཡང་རྒྱལ་ཁབ་ཅིག་གི་མང་ཚོགས་ཡིན་པས་ཕན་ཚུན་གྱི་སེམས་ལ་དགོས་མེད་ཀྱི་རྨ་ཁ་དང༌། འབྲས་མེད་ཀྱི་ནག་ཐིག་འཕབ་དགོས་དོན་ཡང་མི་འདུག

གཅིག བོད་རྒྱ་ཐུན་མོང་ལ་དབང་བའི་ཁོར་ཡུག་ཅིག་བསྐྲུན་པར་འབད་དགོས།
ལོ་རྒྱུས་དེད་ཀྱང་རུང༌། བདེན་པ་ཡོད་ཀྱང་ཆོག གང་ལྟར་བརྒྱ་བཤད་སྟོང་བཤད་གང་བྱས་ཀྱང་བོད་དང་རྒྱ་ནག་ཧན་མི་རིགས་གཉིས་ད་ལྟ་འཛམ་གླིང་ནང་རྒྱལ་ཁབ་གཅིག་གི་མངའ་འོག་ཏུ་ཡོད་པ་སུས་ཀྱང་ཁས་ལེན་གི་རེད་ལ། ྋགོང་ས་མཆོག་གིས་ཀྱང་བོད་མུ་མཐུད་རྒྱ་ནག་གི་མངའ་འོག་ནས་སྡོད་རྒྱུ་ལས་ཁ་བྲལ་དུ་གཏོང་བར་ནམ་ཡང་བརྩོན་གྱི་མེད། ཡིན་ནའང༌། བོད་རྒྱ་མི་རིགས་ཀྱི་མི་དམངས་དཀྱུས་མའི་ཁྲོད་དུ་ད་ལྟའི་ཆར་ཕན་ཚུན་ལ་བསམ་ཤེས་དང་བསྟུན་ཤེས། སྤུན་ཟླ་མི་རིགས་ཀྱི་འདུ་ཤེས་འཛིན་པའི་དཀྱེལ་ཡངས་པའི་བསམ་བློ་ཡོད་དམ་མེད་ཅེ་ན། མེད། འདི་ནི་ཚབ་ཆེ་བའི་ནོར་འཁྲུལ་ཡིན་ལ། རྒྱུ་མཚན་འདིར་བརྟེན་ནས་ང་ཚོ་ལས་སླ་བོའི་ངང་རྒྱ་གཞུང་གི་གཡོ་ཇུས་འོག་འཆོར་གྱིན་ཡོད། དཔེར་ན་འདི་ལོའི་གཞིས་ལུས་བོད་མིའི་ཞི་རྒོལ་ཆེན་མོའི་སྐབས་སུ་རྒྱ་གཞུང་གིས་ཞི་རྒོལ་དེ་ཉིད་བོད་རྒྱ་མི་རིགས་གཉིས་ཀྱི་འགལ་འདུའི་ངོ་བོར་བསྒྱུར་བ་དང༌། རྒྱ་ནག་གི་མི་དམངས་དཀྱུས་མ་མང་བོ་ཞིག་མགོ་རྨོངས་པར་བཟོས་ཡོད།
ཞི་རྒལ་སྐབས་བོད་རིགས་སྤུན་ཟླ་འགས་རྒྱ་ནག་ཧན་མི་རིགས་ཀྱི་སྤུན་ཟླ་རེ་ཟུང་གི་ཚོང་ཁང་མེར་སྲེག་དང་རྡུང་གཅོག་འཕྲོག་སྲེག་གི་ལས་འགུལ་སྤེལ་ཚུལ་རབ་དང་རིམ་པ་བསྒྲགས་དང་སྒྲག་མུས་ཡིན་ལ། ཞི་རྒོལ་འདི་ྋགོང་ས་མཆོག་དང་བཙན་བྱོལ་གཞུང་གིས་ལྐོག་གཡོ་ལྡན་པ་དང༌། ཐབས་ཇུས་ལྡན་པའི་ངན་སྐུལ་ཡིན་ཚུལ་བསྒྲགས་ཡོད། འདིས་རྒྱ་ནག་ཧན་མི་རིགས་ཀྱི་མི་སེར་དཀྱུས་མ་རྣམས་མགོ་རྨོངས་པར་བཟོས་ཤིང༌། བོད་མི་རིགས་ཀྱི་སྤུན་ཟླ་ཚོར་ཁོང་ཁྲོའི་མེ་ལྕེ་དྲག་ཏུ་འབར་བཅུགས་པ་མ་ཟད། དམིགས་རྒྱང་རིང་བའི་བསམ་བློའི་ལྟ་ཚུལ་ལ་ཁ་ཕྱོགས་བསྒྱུར་ཡོད།
སྐབས་དེར་བོད་མི་འགའ་ཁོང་ཁྲོའི་མགོ་མ་ནོན་པར་རྒྱ་རིགས་སྤུན་ཟླ་འགར་རྡུང་རྡེག་དང་ཁང་པ་དང་ཚོང་ཁང་མེར་སྲེག་བཏང་ཡོད ༼རྒྱ་ནག་མི་སེར་གཅིག་པུ་ཙམ་མིན་པར་བོད་རིགས་སྤུན་ཟླ་འགའི་ཚོང་ཁང་ཡང་མེར་སྲེག་ཐེབས་ཡོད།༽ ལ། འདི་ལྟ་བུའི་ཞི་རྒོལ་ཆེན་མོ་དེའི་ནང་དུ་ནོར་འཕྱུག་ཅུང་ཙམ་རེ་ཡོད་སྲིད་པ་ནི་རྒྱ་ནག་ཧན་མི་རིགས་ཀྱི་སྤུན་ཟླ་ཚོས་དཀྱེལ་ཡངས་དང་བཟོད་སྒོམ་བྱེད་དགོས་པ་ལས། ནོར་འཕྱུག་ཆུང་ཚེགས་འདི་ལྟ་བུར་བརྟེན་ནས་ཕན་ཚུན་དགྲ་རུ་ལངས་མི་རུང་ཞིང༌། དེ་བས་ཀྱང་རྒྱ་ནག་གིས་དྲིལ་བསྒྲགས་ཡིག་ཆ་ཡོད་ཚད་འདི་ཕྱོགས་སུ་གཏད་དོན་རིགས་གཉིས་ཀྱི་སྤུན་ཟླ་ཕན་ཚུན་དགྲ་རུ་ལངས་འཇུག་པའི་བྱེད་ཐབས་གདུག་རྩུབ་ཅན་ཞིག་ཡིན་པས། ང་ཚོ་གཏན་ནས་མགོ་མི་རྨོངས་པར་དཔུང་རྡང་སྤྲེལ་ཏེ། སྐྱིད་ན་སྐྱིད་མཉམ་དང་སྡུག་ན་སྡུག་མཉམ། ཐུན་མོང་ལ་དབང་བའི་རང་དབང་གི་ཁོར་ཡུག་ཅིག་བསྐྲུན་པར་ཐུན་མོང་གིས་འབད་བརྩོན་བརྟེན་དགོས་སོ། །
བོད་རིགས་སྤུན་ཟླ་རྣམས་ཀྱིས་རྩོད་བཞིན་པ་ནི་འགྲོ་བ་མིའི་གཞི་རྩའི་རང་དབང་དང་སྨྲ་བརྗོད་རང་དབང༌། ཆོས་ལུགས་དད་མོས་རང་དབང་སོགས་རེད་ལ། རྒྱ་ནག་ཧན་མི་རིགས་ཀྱི་སྤུན་ཟླ་ཚོ་ལའང་འདིས་ཕོངས་བཞིན་ཡོད་པས་ང་ཚོ་ཐུན་མོང་གི་འབད་བརྩོན་དང་ཐུན་མོང་གི་སྟོབས་ཤུགས། ཐུན་མོང་གི་དམིགས་འདུན་གཅིག་ཏུ་གཏད་དགོས་ལ་ཕན་ཚུན་དཔུང་རྡང་སྤྲེལ་དགོས། མི་རིགས་ལྔ་བཅུ་ལྷག་གིས་གྲུབ་པའི་རྒྱ་ནག་རྒྱལ་ཁབ་འདི་ཉིད་གླིང་ཆེན་ཨེ་ཤ་ཡ་དང༌། འཛམ་གླིང་ནང་དུས་ཡུན་རིང་བོར་གནས་དགོས་ཤིང༌། བོད་ཀྱང་རྒྱལ་ཁབ་འདིའི་མངའ་ཁོངས་ཀྱི་རང་དབང་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་ལྡན་པའི་རང་སྲིད་རང་སྐྱོང་ཞིག་གི་འོག་འཚོ་དགོས། འབྱུང་འགྱུར་བོད་ཀྱི་དཔལ་འབྱོར་ཚོང་ལས་དང་ཕྱི་འབྲེལ། དམག་དོན། བདེ་འཇགས་བཅས་ཀྱི་ཐད་དུ་རྒྱ་ནག་དབུས་གཞུང་གིས་འགན་ལེན་དང༌། བོད་ད་ལྟའི་མི་སེར་སྤེལ་ཡུལ་རིང་ལུགས་ནས་ལེགས་བཅོས་དང༌། རང་དབང་ལྡན་པ་ཞིག་ཡོང་ཆེད་རྒྱ་ནག་ཧན་མི་རིགས་ཀྱི་སྤུན་ཟླ་རྣམས་ཀྱི་རྒྱབ་སྐྱོར་དང་རོགས་རམ་མཁོ། དེ་ནི་ང་ཚོ་ཐུན་མོང་གི་ཁེ་ཕན་ཡིན་ལ། འཛམ་གླིང་སྟེང་གི་འགྲོ་བ་མིའི་རིགས་ཀྱིས་ཕན་ཚུན་བསམ་ཤེས་དང་དཀྱེལ་ཡངས་པའི་སྒོ་ནས་གནད་དོན་ཐག་གཅོད་བྱས་པའི་དམིགས་དཔེ་ཞིག་ཀྱང་ཡིན།
འདས་ཟིན་པའི་ལོ་རྒྱུས་ཁྲོད་དུ་ང་ཚོར་མཉམ་མྱོང་ཡོད་པ་བཞིན་ཕན་ཚུན་མཐུན་སྒྲིལ་དང་དཔང་པ་མཉམ་གཤིབ་ནི། གཡུལ་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་ཡིན་ལ། འདི་ལྟ་བུའི་སྟོབས་ཤུགས་དགོས་ན་ང་ཚོ་ངེས་པར་དུ་དཔུང་རྡང་སྤྲེལ་དགོས། རྒྱ་ནག་དབུས་གཞུང་གིས་དྲིལ་བསྒྲགས་དང་རྫུན་བཟོའི་ཡིག་ཆ་ཁག་ནི། ང་ཚོ་ཐུན་མོང་གིས་གདོང་ལེན་བྱ་དགོས་ཤིང་ནོར་འཕྱུག་འབྱུང་སླ་བའི་གནད་དོན་ཡིན་སྟབས། ཕྱོགས་གཉིས་ཀས་འདིའི་ཕྱོགས་སུ་ནན་ཏན་དང་ངེས་ཤེས་རྙེད་དགོས་པ་མ་ཟད། འབྱུང་འགྱུར་གྱི་རྒྱ་ནག་རྒྱལ་ཁབ་དེ་བདེ་འཇགས་དང་བོད་གཙོས་རྒྱ་ནག་གི་གྲངས་ཉུང་མི་རིགས་ཁག་ལ་རྒྱ་ནག་ཧན་མི་རིགས་དང་གཅིག་མཚུངས་ཀྱི་བདེ་སྐྱིད་དང་རང་དབང་ཡོང་རྒྱུར་འབད་དགོས་པར་རིགས་སོ། །

གཉིས། འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་གཅིག་མཚུངས་སུ་ཡོད་དགོས།
ད་ལྟ་བོད་རྒྱ་མི་རིགས་གཉིས་ཀྱི་སྤུན་ཟླ་སུ་ཡིན་ཡང་འགྲོ་བ་མིའི་རིགས་ཐུན་མོང་ལ་དབང་བའི་སྨྲ་བརྗོད་རང་དབང་དང༌། ཆོས་དད་རང་དབང༌། འགྲོ་འདུག་རང་དབང༌། བྱ་སྤྱོད་རང་དབང༌། བྱེད་སྒོ་རང་དབང་སོགས་མེད་བཞིན་དུ་ཨུ་ཚུགས་ཀྱིས་མདུན་ནས་མདུན་དུ་བསྐྱོད་པར་མི་འདོད་པ་ངས་ཏན་ཏན་ཤེས་ཀྱི་ཡོད་ལ། གནད་དོན་འདི་དག་ནི་བོད་མི་རིགས་གཙོས་པའི་གྲངས་ཉུང་མི་རིགས་ཁག་གིས་གནད་དོན་ཞིག་མིན་པར། རྒྱ་ནག་ཧན་མི་རིགས་ཀྱི་སྤུན་ཟླ་གཙོས་རྒྱ་ནག་རྒྱལ་ཁབ་ཧྲིལ་བོའི་མི་དམངས་ཀྱིས་ཐག་གཅོད་དཀའ་བའི་གནད་དོན་ཞིག་རེད།
དུས་རབས་ཉེར་གཅིག་འདིར་ང་ཚོས་གཡས་གཡོན་དང་ཁྱིམ་མཚེས་རྒྱལ་ཁབ་གང་དུ་བལྟས་ཀྱང༌། དམར་ཕྱོགས་པའི་ལྟ་བས་དབང་བསྒྱུར་བའི་རྒྱལ་ཁབ་མང་དག་ཅིག་མང་གཙོ་དང་རང་དབང་ཅན་དུ་འགྱུར་གྱིན་ཡོད་ལ། ཟླ་འགའི་གོང་དྲག་དམག་ཁོ་ནས་དབང་བསྒྱུར་བའི་པ་ཀི་སི་ཐན་གྱི་སྲིད་འཛིན་མུ་ཤ་རབ་ཧཕུ་ཡང་རྒྱལ་ཡོངས་འོས་འདེམས་ཁྲོད་ཕམ་ཉེས་བྱུང་བ་དེས། རྒྱལ་ཁབ་དེ་མང་གཙོ་ཚད་ལྡན་གྱི་ལམ་དུ་འགྲོ་བར་སྟ་གོན་བྱས་ཤིང༌། ཨ་རིའི་མི་རིགས་ནག་པོའི་བུ་རྒྱུད་དུ་འཁྲུངས་པའི་སྲིད་འཛིན་ཨོ་བྷ་མ་ཡང་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་བོའི་བདག་པོར་གྱུར་ཏེ། མི་རིགས་ནག་པོའི་ལོ་རྒྱུས་སྟེང་མི་རིགས་དཀར་བོས་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་ཐོབ་ཏེ་ཡང་དག་པའི་དམངས་གཙོ་དང༌། རང་དབང་བཅས་ལ་ལོངས་སུ་སྤྱོད་ཐུབ་པ་དེས། ཨ་རི་ནི་འཛམ་གླིང་གི་རྒྱལ་ཁབ་ཀུན་གྱི་དམིགས་དཔེར་འོས་པའི་མང་གཙོ་ཚད་ལྡན་གྱི་རྒྱལ་ཁབ་གཅིག་པུ་དེ་ཆགས་པ་རེད།
དེ་ལྟར་ཉིན་རེ་ནས་ཉིན་རེར་འཛམ་གླིང་གི་ཤར་ནུབ་རྒྱལ་ཁབ་མང་དག་ཅིག་དམར་ཕྱོགས་ནས་མང་གཙོར་འགྱུར་གྱིན་པ་དང༌། མང་གཙོ་ནས་མང་གཙོ་ཚད་ལྡན་དུ་འགྱུར་བཞིན་པའི་སྣང་ཚུལ་འདིས་འབར་མ་དང་རྒྱ་ནག་ལྟ་བུའི་དམར་ཤོག་པའི་ལྟ་བ་འཛིན་པའི་རྒྱ་ཁབ་རེ་ཟུང་མཁྲེགས་གཟུགས་སུ་སྡོད་ཐབས་བྲལ་བ་གསལ་སྟོན་བྱས་ཡོད། རྒྱ་ནག་ནི་འཛམ་གླིང་སྟེང་མི་གྲངས་མང་ཤོས་ཨང་གཉིས་པ་རེད་ལ། དུས་རབས་ཉེར་གཅིག་པའི་སྐབས་འདིར་འདི་ལྟ་བུའི་མི་གྲངས་མང་བོ་ཞིག་དུས་ནམ་བར་དུ་དྲག་མཚོན་དང་མེ་མདས་ཁ་ལོ་བསྒྱུར་རམ།
ལྷག་པར་གྲངས་ཉུང་མི་རིགས་ཕར་ཕུད་པའི་རྒྱ་ནག་ཧན་མི་རིགས་ཀྱི་སྤུན་ཟླ་རང་ཉིད་ཚོར་ཡང་འགྲོ་བ་མིའི་ཐོབ་ཐང་དང༌། མང་གཙོ། འདམས་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མེད་ཅིང༌། གསར་འགྱུར་རང་དབང་དང་བརྡ་འཕྲིན་རང་དབང་ནི་དེ་བས་ཀྱས་གཏན་བྲལ་དུ་སོང་གཤིས། རྒྱ་ནག་ཧན་མི་རིགས་ཀྱི་སྤུན་ཟླ་རྣམས་ཀྱིས་ཀྱང༌། བོད་ལྟ་བུའི་གྲངས་ཉུང་མི་རིགས་རེ་ཟུང་གིས་ཅིའི་ཕྱིར་ཤ་ཁྲག་དང་ཚེ་སྲོག་གི་འགྲོ་གྲོན་གཏོང་བཞིན་པ་ཚོར་དགོས་པར་འདོད།
འདི་ལོར་བོད་ལྟ་བུའི་གྲངས་ཉུང་མི་རིགས་ཤིག་སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་གི་ཁ་གཏད་དུ་ལངས་པ་དེས། བོད་ལ་རྒྱ་ནག་ཧན་མི་རིགས་ཀྱི་སྤུན་ཟླ་ལས་ཀྱང་རང་དབང་གི་ཁོར་ཡུག་དང༌། བདེ་སྐྱིད་འཚོ་བ་མེད་པ་གསལ་སྟོན་བྱས་ཡོད་ལ། སྐབས་དེར་རྒྱ་ནག་ཧན་མི་རིགས་ཀྱི་སྤུན་ཟླའམ། ཆབ་སྲིད་པ་དང་རྩོམ་པ་བོ། ཁྲིམས་རྩོད་པ་མི་སུམ་ཅུ་ཙམ་གྱིས་བོད་དོན་བཟང་ཕྱོགས་ནས་ཐག་གཅོད་རྒྱུར་རྒྱ་གཞུང་ལ་རེ་སྐུལ་སྙན་ཞུ་ཕུལ་བ་དེས། བོད་རྒྱ་སྤུན་ཟླ་མི་རིགས་ཀྱི་ཕན་ཚུན་ལ་བཅངས་པའི་འདུ་ཤེས་དང༌། དཀྱེལ་ཡངས་པའི་བསམ་བློའི་ལྟ་ཚུལ་མཚོན་ཡོད་མོད། རྒྱ་ནག་ཧན་མི་རིགས་ཀྱི་སྤུན་ཟླ་ཧྲིལ་བོ་སྐབས་དེར་འགྲོ་བ་མིའི་རང་དབང་དང༌། ཐོབ་ཐང་རྩོད་ལེན་པ་རྣལ་མ་ཞིག་ཆགས་མ་ཐུབ་པའི་ཁར། རྒྱ་གཞུང་གི་གཡོ་ཇུས་འོག་ཤོར་ཏེ་བོད་རིགས་སྤུན་ཟླ་རྣམས་ལ་དགོས་མེད་ཀྱི་ཁོང་ཁྲོ་དང༌། ཕན་མེད་ཀྱི་ཞེ་མཁོན་བཅངས་ཡོད་པས་འདི་ལྟ་བུའི་བསམ་བློ་ངེས་པར་དུ་དོར་འོས།

གསུམ། བོད་རྒྱ་ཇི་ལྟར་མཉམ་གནས་བྱ་དགོས་སམ།
ད་ལྟ་རྒྱ་གཞུང་གིས་བོད་རྒྱ་མི་རིགས་གཉིས་ཁ་བྲལ་དུ་གཏོང་བའི་སྦྱོར་བ་མང་དག་ཅིག་བརྩོན་པ་ལས། མཉམ་གནས་ཀྱི་བྱེད་སྒོ་གང་ཡང་སྤེལ་གྱི་མེད་ལ། གནད་དོན་འདི་མུ་ནས་མུ་རུ་སོང་ཚེ། ནམ་ཞིག་བོད་རྒྱ་གཉིས་འཛམ་གླིང་སྟེང་ཁ་བྲལ་གྱི་རྒྱལ་ཁབ་རེ་ཆགས་རྒྱུ་ལས་གདམ་ཀ་གཞན་ཉིན་མོའི་སྐར་མ་ཙམ་དུ་ཟད། དེ་བས་ཀྱང་རྒྱ་གཞུང་གིས་ྋགོང་ས་མཆོག་ལ་བསྐུར་འདེབས་དང་མཚན་སྨད་སྣ་ཚོགས་བྱེད་བཞིན་པ་དེས། བོད་རིགས་སྤུན་ཟླ་རྣམས་ཀྱི་སེམས་ཀྱི་གཏིང་ཟབ་ས་རུ་དྲག་སྐྱེལ་དཀའ་བའི་རྨ་ཁ་བཟོ་བཞིན་ཡོད་ལ། རྨ་ཁ་འདི་ནི་མི་ལོ་ལྔ་བཅུའི་རིང་ན་ཟུག་གིས་བསྐྲུན་ཞིང༌། རྣག་ཁྲག་གིས་ཁེངས་པའི་སྟེང༌། ཞི་བདེ་དང་འཆམ་མཐུན་གྱི་སྨན་སྣ་མེད་པར་དྲག་པོའི་དམག་དང་མེ་དམའི་རྡེའུས་ནི་ནམ་ཡང་གསོས་ཐབས་བྲལ་སྟབས། ངའི་སྤུན་ཟླ་ཉིས་བརྒྱ་ལྷག་གིས་ཚེ་སྲོག་གི་འགྲོ་གྲོན་གཏོང་བར་དཔའ་མ་ཞུམ། བློ་མ་ཕངས་པ་རེད།
དེ་ན་རྒྱ་ནག་ཧན་མི་རིགས་ཀྱི་དམའ་རིམ་སྤུན་ཟླ་རྣམས་ཀྱིས་རྒྱ་གཞུང་གིས་བྱེད་སྟངས་འདི་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་དང་རོགས་འདེགས་བྱེད་དམ། ཡང་ན་བོད་མི་རིགས་ཀྱི་སྤུན་ཟླ་ཉམ་ཐག་རྣམས་ཀྱི་བདེན་རྒྱབ་བདེན་ལངས་བྱེད་དམ། གང་གདམ་ཡང་རང་དབང་རེད་ལ། གཅིག་ཤོས་ནི་འཇིགས་སུ་རུང་བའི་གཡུལ་འགྱེལ་ཞིག་གདམ་པ་དང༌། གཞན་དེ་ནི་འཛམ་གླིང་ཞི་བདེ་དང༌། རྒྱ་ནག་འཆམ་མཐུན། སྤུན་ཟླ་མི་རིགས་ཀྱི་བདེ་སྐྱིད་གདམ་པ་རེད། གང་ལྟར་ཀྱང༌། མདོར་དྲིལ་ན་ང་ཚོ་ཚང་མས་བློ་རིག་སྒྲིམ་ཏེ་གདམ་དགོས་པ་ནི་འདི་གཉིས་ལས་མེད།
བོད་ཀྱི་དབུ་ཁྲིད་ྋགོང་ས་མཆོག་གི་གཙོས་བོད་རིགས་སྤུན་ཟླ་རྣམས་ཀྱིས་བོད་རྒྱ་མཉམ་གནས་ཀྱི་ལམ་བུ་འདི་འདམ་ནས་ཡུན་རིང་སོང་ཞིང༌། ད་ནི་རྒྱ་ནག་མི་དམངས་དཀྱུས་མས་ཁ་གྲགས་འོས་པའི་དུས་ཡིན། རྒྱ་གཞུང་གིས་ནི་ད་བར་མཁྲེགས་བཟུང་བྱས་ཡོད་ལ། དེ་ནི་མིག་ཡོད་བཞིན་དུ་གཡང་གཟར་ལ་མཆོང་བ་ཙམ་ལས་སྟོབས་ཆེན་དང༌། མི་འབོར་མང་བོའི་རྒྱ་ཁབ་ཅིག་གི་གཞུང་ངོས་ཀྱི་བྱེད་སྟངས་ཤིག་གཏན་ནས་མིན། ཟླ་འགའི་སྔོན་ཁམས་ཕྱོགས་སུ་ལོ་ན་ཧ་ཅང་གཞོན་པའི་གཞོན་སྐྱེས་གསུམ་གྱི་བརྙན་འཕྲིན་ཁང་ཞིག་ཏུ་འགད་རྫས་བཞག་པ་དེས། ཁོང་ཚོ་ལྟ་བུའི་ན་གཞོན་ཚོས་ཀྱང་བོད་མི་རིགས་འདི་དང༌། འདིའི་བདག་པོ་ྋགོང་ས་མཆོག་གི་ཆེད་དུ་ཅི་ཞིག་བྱེད་དགོས་ཀྱང༌། བྱེད་ཐུབ་པའི་སྙིང་སྟོབས་ལྡན་པ་དེ་བསྟན་པ་རེད་ལ། དེ་བས་ཀྱང༌། ད་ནི་བོད་མི་རིགས་ཨུ་ཐུག་ཐབས་ཟད་དུ་འགྱུར་བཞིན་པ་བསྟན་པ་རེད། ྋགོང་ས་མཆོག་གིས་ཀྱང་ཉེ་ཆར་ནས་ད་ནི་ཁོང་གིས་ད་བར་འབད་བརྩོན་རྒྱུན་འཁྱོངས་གནང་བའི་འབྲས་བུར། རྒྱ་ནག་གིས་དང་ལེན་དང་བསམ་ཤེས་མ་བྱས་ཐོག བོད་རྒྱ་འབྲེལ་མོལ་ཡང་ཆབ་སྲིད་ཀྱི་གར་སྟེགས་ཤིག་ཏུ་བསྒྱུར་དང་སྒྱུར་བཞིན་པར་ཐུགས་ཕམ་ཡོད་སྐོར་ཤུགས་ཆེར་གསུང་གི་ཡོད་ལ། བོད་མི་རིགས་ཧྲིལ་བོ་འདི་ལྟར་ཨུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་ཚར་དུས་བོད་རྒྱ་མཉམ་གནས་ནི་ཡོང་ཐབས་བྲལ་བ་ཞིག་གོ།
ཡིན་ནའང༌། ངས་རེ་བཞག་ལྷག་མ་ནི་ད་དུང་རྒྱ་ནག་ཧན་མི་རིགས་ཀྱི་ཆབ་སྲིད་པ་དང་ཤེས་ཡོན་ཅན་གྱི་སྤུན་ཟླ་ཚོའི་སྟེང་དུ་ཡོད་ལ། ད་ནི་ཁོང་ཚོས་རྒྱ་ནག་རྒྱལ་ཁབ་ཆེན་མོའི་འབྱུང་འགྱུར་གྱི་བདེ་འཇགས་དང༌། འཆམ་མཐུན་གྱི་སྤྱི་ཚོགས། བདེ་སྐྱིད་ཀྱི་རྒྱལ་ཁབ་ཅིག་བསྐྲུན་ཆེད། བོད་དོན་ཐོག་ལག་པ་འཆང་དགོས་པའི་དུས་སོ། །

ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༡༢ ཚེས་ ༡༤ དགོང་མོར་མཇུག་གྲུབ་པར་བྱས།

རྩོམ་རིག

Post navigation

Previous Post: བོད་ལྗོངས་ཉིན་རེའི་ཚགས་པར་གྱི་རྩོམ་ཞིག
Next Post: དོ་ནུབ་ཀྱི་མུན་པ།

Comments (6) on “བོད་རྒྱ་མི་རིགས་གཉིས་ཇི་ལྟར་མཉམ་གནས་བྱེད་དམ།”

  1. meshen says:
    2009-04-27 at 5:25 am

    གྲོགས་པོ་ཨ་རིགས་ལགས། ཁམས་བཟང༌། རྒྱ་ནག་ཧན་མི་རིགས་ཀྱི་དམའ་རིམ་མང་ཚོགས་ཚོའི་ནང་ན་བོད་དང་རྒྱ་ཞེས་གནའ་ནས་ཁ་ཁ་ཡིན་པའི་གོ་རྟོགས་ཡོད་མཁན་ག་ཚོད་ཙམ་་ཡོད་པ་ཁྱེད་ཀྱིས་ཚོད་བགམ་བྱེད་ཐུབ་བམ། དམའ་རིམ་མང་ཚོགས་ཀྱིས་བོད་ཀྱི་ས་ཐོག་ནས་འཚོ་བ་སྐྱེལ་བཞིན་འདི་བོད་ཀྱི་ས་ཆ་ཡིན་ནི་རེད་ཟེར་མཁན་ག་ཚོད་ཙམ་ཡོད་རྒྱུ་རེད། ཁོང་ཚོ་བོད་ཀྱི་ས་ཐོག་ནས་བསྡད་དེ་བོད་པ་ཚོ་དངོས་གནས་བཀའ་དྲིན་ཆེན་པོ་ཡིན་ཟེར་མཁན་ག་ཚོད་ཙམ་ཡོད་རྒྱུ་རེད། ཁོང་ཚོའི་མིག་ནང་གི་བོད་པ་ཚོ་ཁོང་ཚོའི་རྐང་འོག་གི་ས་གཞི་ཆེན་པོ་དེའི་བདག་པོ་རེད་འདོད་མཁན་གྱི་མི་ག་ཚོད་ཡོད་རྒྱུ་རེད། དེ་འདྲ་ཞིག་མེད་པའི་རྒྱུ་མཚན་གྱིས་རྒྱ་ནག་གཞུང་གིས་རང་གི་ཧན་མི་དམངས་ཚང་མ་ལྡེབ་སྤོར་གྱིས་བོད་ཀྱི་ས་ཐོག་ལ་བཞག་སྟེ་འདི་ང་ཚོ་ཀྲུང་གོའི་ས་ཆ་ཡིན་ཞེས་བཤད་ནའང་ཀླད་པ་ཚོས་མེད་པའི་རྒྱ་ནག་གི་དམའ་རིམ་མང་ཚོགས་དེ་དག་གིས་འདི་ང་ཚོ་ཀྲུང་གོའི་ས་ཆ་ཡིན་འདོད་ནས་རང་སྣང་གང་ཤར་གྱིས་བོད་ཀྱི་ས་ཐོག་ན་སྐྱིད་ཉལ་བརྒྱག་གི་ཡོད་པ་རེད། གལ་སྲིད་བོད་དང་རྒྱ་གཉིས་མཉམ་གནས་མཉམ་འདུག་བྱེད་དགོས་ཀྱི་ཡོད་པ་ཡིན་ན། དང་པོར་ང་ཚོས་དམའ་རིམ་མང་ཚོགས་ཚོའི་བསམ་བློ་མ་དག་པ་དེ་ལ་བསྒྱུར་བཅོས་གཏོང་གི་འཇུག་དགོས་ཀྱི་ཡོད་པ་རེད་བསམས་ཀྱི་འདུག དེ་ལྟར་མ་བྱས་པ་ཡིན་ན་སྐྱོན་ཅི་ཞིག་ཡོད་པ་རེད་ཟེར་ན། རྗེས་ཕྱོགས་མི་རབས་གཉིས་གསུམ་ཞིག་གི་རྗེས་སུ་བོད་རྒྱ་གཉིས་ཀྱི་མི་དམངས་ཚང་མས་འདི་ཀྲུང་གོའི་ས་ཆ་ཡིན་ཟེར་རྒྱུ་ཞིག་གི་ཡོང་སྒོ་ལས་ཅི་ཡང་ཡོང་རྒྱུ་ཡོད་པ་མ་རེད། དེ་འདྲ་ཞིག་མ་རེད་དམ། ངས་ཁྱེད་ལ་དཔེ་ཞིག་གི་སྒོ་ནས་བཤད། ཁྱེད་ཀྱི་ཁང་པ་ངས་བཙན་གྱིས་འཕྲོགས་ཏེ་ཁྱེད་རང་ལོ་མང་པོ་ཞིག་གི་རིང་ལ་ཕྱི་ལོགས་སུ་འཁྱམས་ནས་བསྡད། རྗེས་སུ་ངེད་གཉིས་ཀྱི་བར་ལ་འབྲེལ་མོལ་བྱུང་ནས་ངེད་གཉིས་མཉམ་འདུག་བྱེད་རྒྱུར་མོས་མཐུན་བྱུང༌། འོན་ཀྱང༌། ངེད་གཉིས་མཉམ་འདུག་གི་རིང་ལ་ངའི་བུ་ཕྲུག་ཚོས་རྟག་ཏུ་ཁང་པ་འདི་ངེད་ཚང་གི་ཨ་ཕས་བསྐྲུན་པ་རེད་འདི་ངེད་ཚང་གིས་ཡིན་ཞེས་ཡིན་མདོག་གིས་ཁྱེད་ཀྱི་བུ་ཕྲུག་ཚོ་ལ་དེ་ལྟར་བཤད་པས་ཁྱེད་ཀྱི་བུ་ཕྲུག་ཚོས་ཀྱང་ཡིན་པར་འདོད་ནས་དེ་ལྟར་བཤད། དེས་ན་ཁྱེད་ཀྱི་ཁྱིམ་ས་ཁྱིམ་ཡུལ་དོན་མེད་དུ་ངའི་ལག་ལ་ལྷུང་སྟེ་གཏན་ནས་གཏན་དུ་ང་ལ་བདག་སོང་བ་དེས་ཁྱེད་ཀྱི་སེམས་ལ་གཏུ་ཐུག་གི་ན་ཟུག་ཅིག་ཀྱང་སྐྱེས་ཀྱི་མི་འདུག་པར་ད་དུང་ཡང་མུ་མཐུད་ནས་དགྲ་ངོ་ལ་འཛུམ་བསྟན་ཏེ་བཟོད་སྒོམ་གྱི་རྟུལ་ཞུགས་ཀྱིས་དེ་ལྟར་སྡོད་འདོད་ཡོད་དམ། འདི་ངའི་དོགས་པ་ཙམ་ཡིན། སྐུ་ཉིད་ལ་ཚེགས་མེད་ན་དོགས་སེལ་བྱེད་རོགས། བདེ་མོ། རྗེས་ནས་ཡང་ཡང་མཇལ། མི་ཞུན་ནས།

  2. གཅན་དཔལ་ལྡན། says:
    2009-04-27 at 6:11 am

    ྑཁྱེད་ཀྱིས་བཤད་པ་དེར་རྒྱུ་མཚན་འདུག་ཀྱང་།ཁོ་བོས་བསམ་པར་བོེད་རྒྱའི་གནད་དོན་ཐག་བཅད་དེ་ཞི་བདེའི་མཉམ་གནས་ཐུབ་རྒྱུར་དུས་ཡུན་རིང་པོ་ཞིག་དགོས་པར་མ་ཟད།མིག་སྔར་གྱི་རྒྱ་རིགས་རིང་ལུགས་ཀྱིས་བརྟུལ་ཞུགས་འཛིན་སྟངས་ལ་བལྟས་ཡོང་ན་ཕལ་ཆེར་རེ་བ་མེད་པ་འདྲ་བོ་ཞིག་མཐོང་གི་འདུག།ང་ལ་མཚོན་ན་qqདང་skypeསོགས་བརྒྱུད་ནས་རྒྱ་ནག་དང་ཕྱི་སྡོད་རྒྱ་རིགས་སོགས་ལ་འབྲེལ་བ་བྱེད་རྒྱུར་དགའ་བོ་ཡོད་པར་མ་ཟད།ལྷག་པར་དུ་དྲ་རྒྱ་བརྒྱུད་རྒྱ་རིགས་མི་མང་གིས་བོད་དོན་ལ་འཛིན་པའི་ལྟ་ཚུལ་རྒྱུས་ལོན་བྱེད་མཁན་ཞིག་ཀྱང་ཡིན།འབ་་་་་་་་་་་་་་་་་འབྲེལ་འདྲིས་བྱས་པའི་ཉམས་མྱོང་ལ་གཞིགས་ན་རིགས་འདྲ་མིན་ཞིག་ཡོད་དེ།ཁ་ཅིག་གིས་དངོས་ཡོད་གནས་ཚུལ་ཤེས་ཀྱང་ཞེན་ཁོག་གིས་ང་ཚོས་བདེན་ཁ་མ་མི་སྤྲོད་གཞན་ད་དུང་རང་བཙན་དང་ལམ་དབུ་མ་གང་ཡིན་རུང་རྒྱབ་སྐྱོབ་ལས་ལྡོག་སྟེ།ཁ་རྡུང་གཏོང་བ་དང་མངོན་མཚང་འདྲི་བ་སོགས་བྱས་ཏེ་ངེད་ཕྱོགས་ནས་བཤད་པའི་སྐད་ཆར་དོ་སྣང་དེ་ཙམ་མི་བྱེད་ལ།ནང་དགོས་སུ་ད་ལྟ་རྒྱ་ནག་ནང་ཡོད་པའི་རྒྱ་རྣམས་ལ་མཚོན་ན་ཕར་དྲི་བ་འདོན་སྐབས་སུ་ཕལ་ཆེ་བས་ཆབ་སྲིད་ཤེས་ཀྱི་མེད་ཅེས་ལན་འདེབས་ཀྱི་མི་འདུག།འདིས་རྒྱབ་ལྗོངས་ནས་ཤེས་ཐུབ་པ་ནི་རྒྱ་རིགས་དེ་དག་ལ་རིགས་ཞེན་གྱི་དབང་གིས་ང་ཚོ་སྟེ་རང་རིགས་ལ་དགའ་བོ་མེད་པར་མ་ཟད།སྣོད་བཅུད་ཀྱིས་ཕྱུག་པའི་བོད་འདི་ཧམ་ཟ་བྱེད་འདོད་ཡོད་པ་རྟོགས་ཐུབ།ཡང་འགའ་ཤེས་ནས་བོད་རིགས་ཡིན་ལབ་དུས་ཚམ་ཚོམ་མེད་པར་གུང་ཁྲན་གྱིས་བོད་ལ་སྒོར་མོ་དུང་ཕྱིར་ག་ཚོད་ཅིང་བཏང་ཡོད་ཅེས་ཁེངས་སྤོབས་ཀྱིས་བ࿊࿊࿊ཤད་ཀྱིན་འདུག།ཁ་སྔོན་རྒྱ་ནག་སྐམ་ས་ནས་ཡོང་བའི་མིང་ལ་ཀྲོའུ་རེས་ཞེས་པའི་རྩོམ་པ་པོ་དེས་རྒྱ་ནག་གཞུང་ཙམ་མིན་པར་མི་མང་གི་བསམ་བློའི་གོ་རྟོགས་དང་གནས་སྟངས་ལ་བལྟས་ཡོང་ན་ཡང་རྒྱ་ནག་མང་གཙོ་ཅན་དུ་བསྒྱུར་བ་འམ་བོད་དོན་ཐད་དོན་ཕན་ལྡན་པའི་རོགས་འདེགས་ཞུ་རྒྱུར་རེ་བ་མེད་ལུགས་གསུངས་ཡོད་པ་རེད།དེའི་ཕྱིར།འདིར་ངས་དྲ་གྲོགས་རྣམས་པར་ཞུ་འདོད་པ་ནི།་བོད་རྒྱ་མཉམ་གནས་བྱེད་རྒྱུར་གཞུང་འབྲེལ་གྱིས་དཀལ་ངལ་ཙམ་ཞིག་མིནཔར་གཞི་རིམ་རྒྱ་རིགས་མང་ཚོགས་ཁྲོད་ནའང་འདོད་པམེད་མཁན་མང་ངོ།ཡིན་ཡང་རྒྱ་རིགས་ནང་བོད་དོན་ལ་དོ་སྣང་ལྡན་མཁན་ཡང་གང་འཚམ་ཞིག་ཡོད་དོ།་འབྲེལ་བ་བྱེད་ས་གཞན་ཞིག་ནི་རྒྱ་རིགས་མང་ཚོགས་ཡིན་ཞེས་གོང་ས་མཆོག་གིས་གསུངས་ཡོད་ཀྱང།ནམ་ཞིག་རྒྱ་རིགས་ཀྱིས་རྒྱབ་སྐྱོར་རེག་པའི་ཉིན་དེ་ལ་བོད་མི་རིགས་མི་ཉམས་པའི་ངེས་པ་མེད་པས་དེར་ཡང་མནོ་བསམ་བཞེས་དགོས་པར་སྙམ་མོ།་བཀའ་དྲིན་ཆེ།

  3. གཅན་དཔལ་ལྡན། says:
    2009-04-27 at 6:41 am

    ་་་་ནོར་བཅོས་་་་་བདེན་ཁ་མི་སྤྲོད་པ་ལས་གཞན།་་་་་དྲི་བར་ལན་འདེབས་ཀྱི་མི་འདུག།་་་་་་སྒོར་མོ་དུང་ཕྱུར་ག་ཚོད་ཅིག།
    ྒགཞན་དུ་ན།འགྱུར་མེད་ལགས་ཀྱིས་གོང་གི་རྩོམ་ཡིག་ནང་ཅུང་ཙམ་གོ་ནོར་ཐེབས་ཡོད་པ་འདྲ་ཞིག་མཐོང་སོང་།་་༼གལ་ཏེ་བོད་དོན་ཐག་བཅད་པ་ཡིན་ན།ཕྱི་འབྲེལ་དང་རྒྱལ་སྲུང་མ་གཏོགས་གཞན་ཚང་མ་བོད་མི་རང་ངོས་ནས་འགན་ལེན་བྱེད་རྒྱུ་ཡིན་པ་འབྲེལ་ཡོད་ཡིག་ཆ་ཁག་ན་གསལ་ཡོད།་དཔེར་ན།ཤེས་ཡོན་དང་འཕྲོད་བསྟེན།རིག་གཞུང་དང་དཔལ་འབྱོར་སོགས་བོེད་པ་རང་ངོས་ནས་འགན་ལེན་དགོས་པ་སོགས་རེད།༽

  4. མི་ཞུན། says:
    2009-04-28 at 1:23 am

    དྲ་གྲོགས་གཅན་དཔལ་ལྡན་གྱིས་བཤད་པ་ལ་བདེན་ཤེད་ཆེན་པོ་འདུག ངས་ཁྱེད་ཀྱི་སྐད་ཆ་ལ་རྒྱབ་འདེགས་བྱེད་ཀྱི་ཡིན། རྒྱ་རིགས་དམའ་རིམ་མང་ཚོགས་ཀྱི་མི་སྣ་མང་པོ་ལ་འབྲེལ་བ་བྱས་ནས་དངོས་དོན་གང་ཡིན་་ངོ་སྤྲོད་བྱས་ཏེ་ཁོང་ཚོའི་བསམ་བློ་ལ་བསྒྱར་བཅོས་བྱེད་རྒྱུ་ནི་སྐབས་བབ་ཀྱི་ང་ཚོ་ན་གཞོན་དག་གིས་འདེགས་ཐུབ་པའི་རླབས་ཆེན་གྱི་ལས་ཀ་ཞིག་མ་རེད་དམ།་ གྲོགས་པོ་གཅན་དཔལ་ལྡན་ལགས་ལ་རྗེས་སུ་ཡི་རངས་ཡོད། མུ་མཐུད་དུ་དེ་ལྟར་བྱེད་རོགས།

  5. ཨ་རིག་འགྱུར་མེད། says:
    2009-04-29 at 3:16 am

    ད་ལྟ་ལས་བྲེལ་ཅུང་ཙམ་ཡོད་པས་མི་ཁོམ་མོད། ཁྱེད་གཉིས་ཀྱི་བསམ་ཚུལ་ལ་ངས་ཀྱང་བསམཚུལ་ཞིག་བཤད་ཆོག རྗེས་ནས་ཡིན་ད།

  6. རྒྱལ་མཚན་ནས། says:
    2009-05-01 at 7:51 am

    བོད་རྒྱ་མི་རིགས་གཉིས་མཉམ་གནས་དགོས་ན།ད་ཡོད་རྒྱ་མི་རིགས་ལ་ཕྱི་ཕྱོགས་ཀྱི་གསར་འགྱུར་ཁག་ཉན་ཐུབ་པའི་རང་དབང་གི་འཁོར་ཡུག་ཅིག་བསྐྲུན་དགོས་རྒྱུ་གལ་འགངས་ཤིན་ཏུ་ཆེ།དཔེར་ན།BBC .CNN རྒྱ་ནག་གཞུང་གིས་རྒྱ་རིགས་མི་དམངས་ལ་རྒྱ་གཞུང་ཁོ་ནའི་དྲིལ་བསྒྲགས་ལ་ཡིད་ཆེས་སླེབས་ཆེད་བཙན་དབང་གི་ཐོགས་ནས་ཕྱི་རྒྱལ་རང་དབང་ཅན་གྱི་གསར་འགྱུར་ཁག་བཀག་འདོོམས་བྱེད་དང་བྱེད་བཞིན་པ་དེས་རྒྱ་ནག་མི་དམངས་ཕུགས་རྒྱང་རིང་གནོད་ཚབས་བཟོས་ཡོད།གོང་དུ་དྲ་གྲོགས་ཞིག་གིས་གསུངས་པ་བཞིན་ངེད་ཚོ་རྒྱ་ཡི་སྐད་ཡིག་ཤེས་མཁན་བོད་པའི་གཞོན་སྐྱེས་ཚོས་QQསོགས་ཀྱི་བརྒྱུད་ལམ་ནས་བརྩེ་དུངས་དང་ཆགས་བསྲེས་ཀྱི་སྐོར་ཁོ་ན་གླེང་མ་བསྡད་པར་རྒྱ་ནག་གཞུང་གི་དྲང་བདེན་མིན་པའི་གསར་འགྱུར་གྱི་ལྐོག་གཡོ་ངན་བྱུས་དག་འཐེར་འདོན་བྱས་ནས་བོད་ཀྱི་དངོས་ཡོད་གནས་ཚུལ་དང་ལྷག་པར་གོང་ས་མཆོག་ནས་རྒྱ་མི་རིགས་ལ་མཐུན་སྒྲིལ་བྱེད་དགོས་སོགས་ཀྱི་བཀའ་སློབ་རབས་དང་རིམ་པ་གནང་བ་དག་རྒྱ་རིགས་དྲ་གྲོགས་ཚོས་ཤེས་རྟོགས་ཐུབ་པ་བཟོ་དགོས་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ།གོང་ས་མཆོག་ནས་ཀྱང་རྒྱ་ནག་གཞུང་ལ་ཡིད་ཆེས་ཆུང་རུ་འགྲོ་གི་འདུག་རྒྱ་ནག་མི་དམངས་ལ་ཡིད་ཆེས་བརླག་མེད་ཅེས་གསུངས་པ་དེར་ཡང་རྒྱལ་བ་དགྱེེས་པའི་མཆོད་སྤྲིན་དུ་འགྲོ་གྱུར་ངེས་པས་ཐུགས་རྗེ་ཆེ།
    希望你们用实际行动来指引那些被中共猛骗的广大的汉族兄弟姐妹.让他们知道真正的达赖喇嘛和他的政府和人民.这些都是为了避免汉藏两个民族之间的冲突.谢谢.

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme