Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཐབ་ཕྱོགས་གཅིག་གྱུར་གྱི་གཡོ་ཇུས་གསར་བ།

Posted on 2012-01-182012-01-18 By ཤར་ཕྱོགས་ཁུག་རྟ། 4 Comments on འཐབ་ཕྱོགས་གཅིག་གྱུར་གྱི་གཡོ་ཇུས་གསར་བ།

ཁྲེན་ཆོན་གོ་ཡིས་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་འགྱུར་ལས་དོན་ཐད་མཆན་བཀོད་བཀའ་སློབ་གནང་བ།

བོད་ལྗོངས་རླུང་འཕྲིན། — བོད་ལྗོངས་འཕྲིན་དྲ།
2012-1-17 16:08:45

ཉེ་དུས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཡིས་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་འགྱུར་ལས་དོན་ཐད་མཆན་བཀོད་བཀའ་སློབ་གནང་ནས་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་འགྱུར་ཚན་པས་བསྐོང་འཐེན་བྱེད་ཐུབ་པའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་ཐ་དག་བསྐོང་འཐེན་བྱེད་པ་དང༌། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་ཐ་དག་ལ་མཐུན་སྒྲིལ་བྱས་ནས་ཆེས་ཡོངས་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་འགྱུར་རྒྱུན་ཆད་མེད་པར་སྲ་བརྟན་བཏང་སྟེ། བོད་ལྗོངས་མཆོངས་བསྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཆགས་པ་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
ཁྲེན་ཆོན་གོ་ཡིས་མཆན་བཀོད་བཀའ་སློབ་ནང་འདས་ཟིན་པའི་ལོ་གཅིག་ནང་ལྗོངས་ཡོངས་ཀྱི་རིམ་ཁག་འཐབ་ཕྱོགས་གཅིག་འགྱུར་ཚན་པས་ལྟེ་བ་དང་དམ་པོར་བསྟུན་པ་དང་ཁྱོན་ཡོངས་ལ་ཞབས་ཞུ་བྱས་ནས་དངོས་ཐོག་བདེན་འཚོལ་དང་བསྒྱུར་བཅོས་གསར་གཏོད། མི་རིགས་ཆོས་ལུགས། དགོན་སྡེའི་དོ་དམ། ཏང་ཕྱི་རོལ་གྱི་མི་སྣ། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར། ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླ། འཐབ་ཕྱོགས་གཅིག་འགྱུར་གྱི་རིག་གནས་སོགས་ལས་དོན་ཁག་ལ་གོམ་སྟོབས་གསར་པ་སྤོས་པ་དང་གྲུབ་འབྲས་གསར་པ་ཐོབ་ནས་ལྗོངས་ཡོངས་ཀྱི་གོང་འཕེལ་དང་བརྟན་ལྷིང་གི་ཁྱོན་ཡོངས་སྲུང་སྐྱོང་བྱ་ཆེད་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཡོད་པ་རེད་ཅེས་མཛུབ་སྟོན་གནང་བ་དང༌། ཁྲེན་ཆོན་གོ་ཡིས་ད་ལོའི་འཐབ་ཕྱོགས་གཅིག་འགྱུར་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་དོན་སྙིང་ཆེན་པོ་ལྡན་ཡོད་པས་ལྗོངས་ཡོངས་ཀྱི་རིམ་ཁག་འཐབ་ཕྱོགས་གཅིག་གྱུར་ཚན་པས་ངེས་པར་དུ་མཐུན་སྒྲིལ་ཆེན་པོ་དང་མཉམ་སྦྲེལ་ཆེན་པོའི་བརྗོད་དོན་ཁོང་དུ་ཆུད་པ་བྱས་པ་དང༌། ཚན་རིག་དང་མཐུན་པའི་གོང་འཕེལ་ལ་ཞབས་ཞུ་དང་རང་ངོས་ཚན་རིག་དང་མཐུན་པའི་གོང་འཕེལ་ཡོང་བ་བྱེད་པའི་གལ་ཆེའི་ལས་འགན་ཁོང་དུ་ཆུད་པ་བྱས་ནས། ཁྱོན་ཡོངས་ལ་རྒྱང་བལྟ་དང་བསམ་ཕྱོགས་གསར་གཏོད། ཉམས་མྱོང་ཕྱོགས་སྡོམ། ཆོས་ཉིད་དམ་འཛིན་བཅས་བྱེད་པ་དང༌། མཐུན་སྒྲིལ་མཉམ་ལས་དང་སློབ་གསོ་འཁྲིད་སྟོན། རོགས་རམ་ཞབས་ཞུ་བཅས་ཀྱི་ནུས་པ་ཆེན་པོ་གསུམ་འདོན་སྤེལ་ཡག་པོ་བྱེད་པ། ཤེས་ལྡན་མི་སྣ་གཅིག་འདུས་དང་་བློ་གྲོས་གཅིག་བསྡུས། ནུས་པ་ཆེན་པོ་ལྡན་པ། འབྲེལ་བ་རྒྱ་ཆེ་བ་བཅས་ཀྱི་དགེ་མཚན་ཆེ་བ་བཞི་བེད་སྤྱོད་ཡག་པོ་བྱེད་པ། ཏང་སྲིད་དབར་དང་མི་རིགས། ཆོས་ལུགས། རིམ་གྲས། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླ་བཅས་ཀྱི་འབྲེལ་བ་ཆེན་པོ་ལྔ་ཐག་གཅོད་ཡག་པོ་བྱེད་པ་བཅས་བྱས་ནས་འཐབ་ཕྱོགས་གཅིག་འགྱུར་གྱི་ཚན་རིག་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང༌། འཐབ་ཕྱོགས་གཅིག་འགྱུར་ལས་ཀའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།
དེ་ཡང་གཅིག་ནས་ལྟེ་བའི་ལས་དོན་ལ་ཞབས་ཞུ་བྱ་རྒྱུའི་ཐད་མཆོངས་སྐྱོད་གསར་པ་ཡོང་བ་བྱ་རྒྱུ་སྟེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་དང་དམ་པོར་བསྟུན་ནས་འཐབ་ཕྱོགས་གཅིག་འགྱུར་གྱི་དམིགས་བསལ་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་རང་ལྗོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྱོང༌། རིག་གནས་འཛུགས་སྐྱོང༌། སྤྱི་ཚོགས་འཛུགས་སྐྲུན། ཤེས་དཔལ་འཛུགས་སྐྱོང༌། ཏང་འཛུགས་སྐྱོང་བཅས་ལ་ཁྱོན་ཡོངས་ནས་ཞབས་ཞུ་བྱེད་དགོས་པ་དང༌། གཉིས་ནས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ནུས་པ་གསར་པ་ཐོན་པ་བྱ་རྒྱུ་སྟེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་ཕྱོགས་བཅུའི་ཐད་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་དོན་འཁྱོལ་ཡག་པོ་བྱས་ནས། བརྟན་ལྷིང་སྲུང་སྐྱོང་གི་ཡུན་རིང་ཕན་འབྲས་ཐོན་པའི་སྒྲིག་གཞི་འཛུགས་དགོས་པ། གསུམ་ནས་དགོན་སྡེའི་དོ་དམ་ཞབས་ཞུར་ཤུགས་སྣོན་རྒྱག་རྒྱུའི་ཐད་གྲུབ་འབྲས་གསར་པ་ཐོབ་པ་བྱ་རྒྱུ་སྟེ། རྒྱུན་ཆད་མེད་པར་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཏེ་གཅིག་བྱས་པ་དྲུག་གི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང༌། དགུ་ཡོད་པའི་ལས་གཞི་ལག་བསྟར་ཏན་ཏིག་བྱེད་པ། གྲྭ་བཙུན་ཚོའི་སྨན་བཅོས་འགན་བཅོལ་དང་རྒན་གསོའི་འགན་བཅོལ་ཁྱོན་ཡོངས་ལ་གང་མགྱོགས་ཁྱབ་པ་བྱེད་པ། ཞི་མཐུན་དཔེ་སྟོན་དགོན་སྡེ་འཛུགས་སྐྱོང་དང་རྒྱལ་གཅེས་ཁྲིམས་སྲུང་སྔོན་ཐོན་གྲྭ་བཙུན་དཔྱད་འདེམས་བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ་བཅས་བྱས་ནས་དགོན་སྡེ་དོ་དམ་ཡག་པོ་དང་བརྟན་ལྷིང་ཡོང་བ། ཞི་མཐུན་ཡོང་བ་བཅས་བྱེད་དགོས་པ། བཞི་ནས་ཆོས་ལུགས་བྱ་བ་ཚད་ལྡན་བཟོ་རྒྱུའི་ཐད་ཕན་འབྲས་གསར་པ་ཐོན་པ་བྱེད་རྒྱུ་སྟེ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་འཛད་ཕྱོགས་དང་རྒྱལ་ཁབ་ཀྱི་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུའི་ཁྲིམས་ལུགས་ཁྲིམས་སྲོལ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང༌། སློབ་གསོ་དང་སྣེ་འཁྲིད། འགྱུར་བ་གཏོང་རྒྱུ་བཅས་ཀྱི་གཙོ་བོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། གནས་ངེས་མེད་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་མཁན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཆོས་ལུགས་བྱེད་སྒོ་གཙང་བསེལ་དང་ཚད་ལྡན་བཟོ་བ། བོད་ཀྱི་ནང་བསྟན་སློབ་གླིང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཡང་སྲིད་བཙལ་འཚོལ་དོ་དམ་ཚད་ལྡན་བཟོ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པ། ལྔ་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་མ་གཏོང་རྒྱུའི་ཐད་གྲུབ་འབྲས་གསར་པ་ཐོབ་པ་བྱེད་རྒྱུ་སྟེ་ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་མི་རིགས་ས་ཁོངས་རང་སྐྱོང་་ལམ་ལུགས་རྒྱུན་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱེད་སྒོ་གཏིང་ཟབ་སྤེལ་བ། མི་རིགས་ཁག་སྐྱིད་སྡུག་མཉམ་མྱོང་དང་ལས་དབང་གཅིག་མཐུན། གཅིག་སེམས་གཅིག་སྦྲེལ་བཅས་ཡོང་བ་བྱེད་རྒྱུར་སྐུལ་མ་གཏོང་བ་བཅས་བྱེད་དགོས་པ། དྲུག་ནས་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གོང་་འཕེལ་གཏོང་རྒྱུའི་ཐད་འགག་སྒྲོལ་གསར་པ་ཡོང་བ་བྱེད་རྒྱུ་སྟེ། བཟོ་ཚོང་མཉམ་འབྲེལ་རྩ་འཛུགས་ཀྱིས་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་དང་འབྲེལ་བ་བྱེད་པའི་ཟམ་པ་དང་སྒྲོགས་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལྗོངས་ཡོངས་ཀྱི་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གོང་འཕེལ་ཆེན་པོ་དང་གོང་འཕེལ་མགྱོགས་པོ་ཡོང་བ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་པ། བདུན་ནས་ཏང་ཕྱི་རོལ་གྱི་འཐུས་མིའི་དཔུང་ཁག་འཛུགས་སྐྱོང་ཐད་བྱ་ཐབས་གསར་པ་ཡོད་པ་བྱེད་རྒྱུ་སྟེ། མཐོང་བ་དང་གསོ་སྐྱོང༌། བེད་སྤྱོད། དོ་དམ་བཅས་ཀྱི་ལྷུ་ཚིག་བཞི་དམ་འཛིན་བྱས་ནས་ཐོག་མཐའ་བར་གསུམ་དུ་རང་རེའི་ཏང་དང་གཅིག་འགྱུར་ཡོང་བ་དང་ཆབ་སྲིད་ཐད་བློ་བརྟན་འགྱུར་མེད། སྦྱང་ཚད་མཐོ་བ་བཅས་ཀྱི་ཏང་ཕྱི་རོལ་གྱི་འཐུས་མིའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་པ། བརྒྱད་ནས་རྒྱལ་ཁབ་ཕྱི་ནང་གི་བོད་རིགས་སྤུན་ཟླའི་འཐབ་ཕྱོགས་གཅིག་འགྱུར་རྒྱ་ཆེར་གཏོང་བའི་ཐད་རྣམ་པ་གསར་པ་ཐོན་པ་བྱ་རྒྱུ་སྟེ། བསྐོང་འཐེན་བྱེད་ཐུབ་པའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་ཐ་དག་བསྐོང་འཐེན་བྱེད་པ་དང་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་ཐ་དག་ལ་མཐུན་སྒྲིལ་བྱས་ཏེ་ཆེས་ཡོངས་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་འགྱུར་རྒྱུན་ཆད་མེད་པར་སྲ་བརྟན་གོང་འཕེལ་བཏང་ནས། བོད་ལྗོངས་མཆོངས་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཆགས་པ་བྱེད་དགོས་པ་བཅས་རེད།།
རྩོམ་སྒྲིག་པ་བསོད་སྒྲོན།

༼ རྒྱ་ནག་ཕྱོགས་ལ་དོ་སྣང་ཅན་ཚོས་ལྟ་གལ་ཆེ་བར་མཐོང་སྟེ་འདིར་བཀོད་ཡོད། ༽

གསར་འགྱུར།

Post navigation

Previous Post: ཕྱི་ཚེས་ ༡༤ ཉིན་མེར་སྲེག་སྐོར་གྱི་གནས་ཚུལ་ཁ་གསལ།
Next Post: དབུ་མའི་ལམ་ཟེར་བ་དེ་ག་རེ་རེད?

Comments (4) on “འཐབ་ཕྱོགས་གཅིག་གྱུར་གྱི་གཡོ་ཇུས་གསར་བ།”

  1. དྲན་མེད་གླང་སྨྱོན། says:
    2012-01-18 at 4:21 pm

    ཐུགས་རྗེ་ཆེ་ཡག་པོ་བཀོད་འདུག།

  2. བདག་པོ། says:
    2012-01-19 at 11:11 am

    མི་ངན་དེ་ཚོའི་སྐད་ཆར་བདེན་པ་འཛིན་ཡག་ཡོད་པ་མ་རེད།
    ཆུ་དཀྲོག་ནས་མར་ཐོན་ཡས་ཡོད་པ་མ་རེད།

    རྫུན་མའི་ལུང་དྲངས་ན་རྫུན་མ་མ་གཏོགས་ཆགས་ཡས་མེད།

  3. སོག་མདའ་བཅུ་ says:
    2012-01-19 at 4:46 pm

    འདིར་བཀོད་་པ་ཐུགས་རྗེ་ཆེ་ང་ཚོའི་ངེས་པར་དུ་ཤེས་དགོས་བ་རེད་།་བོད་ནང་གི་ལས་དོན་ཐམས་ཅད།

  4. བཀྲ་ཤིས། says:
    2012-01-20 at 2:07 pm

    ཁོས་གཙོ་བོ་དགེ་འདུན་པ་དོ་དམ་བྱེད། ཕྱི་རྒྱལ་ལ་ཡོད་པའི་བོད་པ་ཚུར་འགུག་ཐབས་བྱེད། བོད་པ་འབྱིངས་ལ་མགོ་སྐོར་གཡོགས་ཟེར། བོད་པ་སྟངས་འཛིན་བྱེད་པར་འདི་འདྲ་ལས་སླ་པོ་ཡོད་ཨེ་ཡོད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme