Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕྱི་ཚེས་ ༡༤ ཉིན་མེར་སྲེག་སྐོར་གྱི་གནས་ཚུལ་ཁ་གསལ།

Posted on 2012-01-182012-01-21 By དབང་ཕྱུག་ 4 Comments on ཕྱི་ཚེས་ ༡༤ ཉིན་མེར་སྲེག་སྐོར་གྱི་གནས་ཚུལ་ཁ་གསལ།

ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༤ ཉིན་གྱི་བོད་ནང་གི་དུས་ཚོད་ ༡།༣༠ ཙམ་ལ་བོད་ཨ་མདོ་རྔ་པའི་ཨ་འདུས་ཥེ་བ་སྡེ་བའི་རྒྱ་མཚོ་ཚང་གི་ཕ་རྒྱ་མཚོ་དང་མ་ལྷ་ཆུང་གཉིས་ཀྱི་བུ་བློ་བཟང་འཇམ་དབྱངས། རང་ལོ་ ༢༢ ཡིན་པ་ཁོང་གིས་རྔ་པ་རྫོང་མཁར་གྱི་བཞི་མདོའི་གསང་སྤྱོད་ཅིག་གི་ནང་ནས་ལུས་ཡོངས་ལ་ས་སྣུམ་བྱུགས་ཤིང་རང་ལུས་མེ་རུ་བསྒྲོན་ཏེ(༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས་)ཞེས་པའི་འབོད་ཚིག་སྒྲོག་བཞིན་གོམ་བགྲོད་བྱས་ཡོད་པ་དང་། སྐབས་དེར་གཡས་གཡོན་གྱི་ཉེན་རྟོག་པ་དང་དམག་མི་རྣམས་ཀྱིས་ཁོང་ལ་ལྕགས་མདུང་འཛེར་མ་ཅན་སོགས་ཀྱིས་མེ་གསོད་རྒྱུའི་ཚབ་ཏུ་གཅར་རྡུང་དྲག་པོ་བཏང་བ་དང་། རས་དཀར་པོ་ཞིག་གིས་བཀབ་ནས་ཉེན་རྟོག་པ་དམག་མིས་རྡོག་རྫིས་བྱས་པ་སོགས་དེར་ཡོད་བོད་མི་རྣམས་ཀྱིས་བཟོད་ཐབས་བྲལ་ནས་རང་སྲོག་ལ་མ་འཛེམ་པར་གོ་མཚོན་ཆ་འགྲིག་ཡོད་པའི་དམག་དཔུང་གི་གི་གདོང་ལ་ལངས་ནས་ཁོང་ང་ཚོ་ལ་རྩིས་སྤྲོད་དགོས་ཚུལ་ཤུགས་ཆེ་བཤད་དེ་ཁོང་བཙན་ཁྲིད་བྱེད་པའི་ལམ་ཁ་རང་ནུས་གང་ཡོད་ཀྱིས་བཀག་ཀྱང་། མི་མང་གི་རེ་འདུན་ལ་ཉན་འཇོག་རྩ་བ་ནས་མ་བྱས་པར་མ་ཟད། མི་མང་གང་བྱུང་འཛིན་བཟུང་དང་གཅར་རྡུང་བྱས་ཤིང་། ལྕགས་མདུང་འཛེར་མ་ཅན་བེད་སྤྱོད་ཀྱིས་གཅར་རྡུང་ཐེབས་པའི་མི་མང་པོ་རྨས་སྐྱོན་ཚབ་ཆེན་ཕོག་ཡོད་ལ། རྨེའུ་རུ་མའི་རུ་ཆེན་གཉིས་པའི་དགའ་ཚང་གི་ཆོས་ཀྱི་ཟླ་བ་རྔ་པ་རྫོང་སྨན་ཁང་དུ་ཡོད་ཀྱང་ཕལ་ཆེར་གསོན་པོ་ཡོང་རེ་མེད་པ་ལྟ་བུའི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པ་དང་། དེ་བཞིན་ཕོ་སར་གཉིས་ལ་གཅར་རྡུང་སྐབས་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ཅིང་། བུད་མེད་ཅིག་གི་མིག་ཡ་གཅིག་ལོང་བ་བཟོས་ཡོད་འདུག མེ་མདས་རྨས་སྐྱོན་ཕོག་པ་བུད་མེད་གཉིས་ཡོད་པ་ལས་གཞན་གསལ་པོ་ཤེས་རྟོགས་མ་བྱུང་ཡང་མི་མང་པོས་དེ་ལས་མང་བ་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད་པ་དང་། མི་མང་གི་མཐོང་སར་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་ཀྱང་མིང་སོགས་གསལ་པོ་ཤེས་རྟོགས་མ་ཐུབ།

ཕྱི་ཚེས་ ༡༥ ཉིན་རྔ་པའི་ཁྲོམ་གཞུང་སོགས་ལ་བོད་མི་ཚོར་འཇིགས་སྐུལ་གྱི་སྦྱར་ཡིག་ཆེན་པོ་མང་པོ་སྦྱར་ཞིང་། དམག་མི་དང་ཉེན་རྟོག་པས་ཁྲོམ་གཞུང་སོགས་ལ་དོག་ཟོན་ནན་མོ་བྱས་ནས་ཡོད་ཀྱང་ཉིན་དེར་རྔ་པའི་ཁྲོམ་གཞུང་སོགས་ལ་བོད་མི་ཚོས་ལོ་སར་ཚེས་གཅིག་ཉིན་ཚོང་ཁང་དང་ཟ་ཁང་ཚང་མ་སྒོ་ཕྱེ་དགོས་པ་དང་། མི་མང་གིས་ཁྲོམ་གཞུང་ནས་ལྟོ་སྐྱ་གོས་ཧྲིལ་བྱས་ཏེ་མྱ་ངན་གྱིས་ལོ་གསར་པ་བསུ་དགོས་ཚུལ་འཁོད་པའི་ཡི་གེ་མང་པོ་གཏོར་ཡོད་འདུག

གོང་དུ་བཤད་པ་ལྟར་རང་ལུས་མེར་སྲེག་གཏོང་མཁན་ཁོང་སྐབས་ཐོག་དེར་ཉེན་རྟོག་པ་སོགས་ཀྱིས་གཅར་རྡུང་ཚོད་མེད་བྱས་པ་སོགས་ལ་བརྟེན། ཕྱི་ཚེས་ ༡༦ ཉིན་ཁོང་འབར་ཁམས་ནས་སྐུ་གྲོངས་ཡོད་པ་དང་། ཕྱི་ཚེས་ ༡༧ ཉིན་ཁོང་གི་ཕ་དམ་པ་རྒྱ་མཚོ་དང་གཉེན་ཉེ་སྐོར་ཞིག་འབར་ཁམས་ལ་སྐུ་ཕུང་ལེན་ཏུ་སོང་ཡོད་ཀྱང་ལག་སོན་བྱུང་ཡོད་མེད་ཤེས་རྟོགས་མ་ཐུབ།

རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་བློ་བཟང་འཇམ་དབྱངས་ལགས་ཆུང་ཆུང་སྐབས་ཨ་འདུས་དགོན་པར་གྲྭ་བ་བྱས་ཤིང་། རྗེས་སུ་རྔ་པ་རྫོང་བོན་ཚེ་སློབ་གྲྭ་༼སློབ་ཆུང་གསུམ་པ་༽སོགས་སློབ་མཐར་ཕྱིན་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ལོར་མང་ཚོགས་རང་བཞིན་གྱི་ཕ་སྐད་གཙང་མའི་བགྲོ་གླེང་ཞིག་ཥེ་བ་སྡེ་བར་འཚོགས་པའི་གོ་སྒྲིག་བྱེད་མཁན་གྱི་ཕ་སྐད་རྒྱུན་འཛིན་ཚོགས་པའི་ཚོགས་མི་གཙོ་བོ་ཞིག་དང་། སྐབས་དེའི་བགྲོ་གླེང་གོ་སྒྲིག་བྱེད་སྐབས་རྒྱ་མིས་གནོན་ཤུགས་དང་འཇིགས་སྐུལ་མང་པོ་བྱེད་མྱོང་སའི་བོད་མི་ཞིག་ཡིན་པ་དང་།

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༧ ལ།

གསར་འགྱུར།

Post navigation

Previous Post: བཀའ་བློན་ཁྲི་བར་འདྲི་བ།
Next Post: འཐབ་ཕྱོགས་གཅིག་གྱུར་གྱི་གཡོ་ཇུས་གསར་བ།

Comments (4) on “ཕྱི་ཚེས་ ༡༤ ཉིན་མེར་སྲེག་སྐོར་གྱི་གནས་ཚུལ་ཁ་གསལ།”

  1. ཇ་མ་ says:
    2012-01-18 at 2:15 pm

    གང་ན་དྲགས་གནོན་ཡོད། དེ་ལ་ངོ་རྒོལ་ཡོད།

    བོད་མི་ཚོ་ཉལ་ནས་མ་འདུག་ཡར་ལོངས་ཤིག
    བོད་མི་ཚོ་ཉན་ནས་མ་འདུག་ཡར་ལོངས་ཤིག
    ང་ཚོས་དྲང་བདེན་གྱི་དར་ཆ་སྒྲེངས་ནས།
    ང་ཚོས་བདེན་ལུགས་ཀྱི་ཁུ་ཚུར་ཕྱར་ནས།
    མཐུན་སྒྲིལ་གྱི་དཔུང་བ་མཉམ་སྦྲེལ་ནས།
    ཚུར་རྒོལ་ལ་གནོད་ཤུགས་སྤྲོད་དགོས།
    ང་ཚོའི་རྒྱལ་ཁབ་དང་མི་མང་གི་ཆེད་དུ།
    འཇིགས་སྐྲག་དང་འཆི་བ་ལ་གདོང་ལེན་བྱེད་དགོས།

  2. དབང་འདུས། says:
    2012-01-20 at 12:38 am

    རང་ལ་གཅེས་སྲོག་གཏོང་བའི་བློ་སྤོབས་དང་ཆོད་སེམས་མེད་བཞིན། གཞན་དག་མགོ་བོ་འཁོར་དུ་མ་འཇུག་རོགས། འོན་ཀྱང་ལྷག་བསམ་དང་བསྟོད་བསྔགས་གནང་བ་ལའང་ཕན་པ་ལོས་ཡོད།

  3. དབང་འདུས། says:
    2012-01-20 at 12:40 am

    ངས་ཇ་མ་ལགས་ལ་ཞུས་པ་མིན། སྤྱིར་བསམ་ཚུལ་ཙམ་བཤད་པ་ཡིན། གནས་ཚུལ་ཡག་ཉེས་གང་ཡང་བཤད་དགོས་ལ། མི་མང་མགོ་གོ་རྨོངས་སུ་མི་འཇུག་པར་འདས་མ་འོངས་དོན་རྐྱེན་གསལ་པོར་ངོ་སྤྲད་ནས་ལས་དོན་སྒྲུབ་འཇུག་རྒྱུ་དེ་ནི་ནམ་ཡང་འགྱོད་པ་སྐྱེ་མི་སྲིད་པའི་རང་བཞིན་ཅན་ཞིག་ཡིན།

  4. དབང་འདུས། says:
    2012-01-20 at 12:46 am

    ལས་དོན་གང་ཞིག་ང་ཚོས་སྒྲུབ་མི་ནུས་ངེས་ཅན་ཞིག་ཡིན་ན་གནས་སྐབས་རིང་མི་མང་ཉེན་ཁ་ལས་ཡོལ་ཐབས་བྱེད་རྒྱུ་གལ་ཆེ། ནམ་ཞིག་དཔལ་འབྱོར་དང་སྲིད་ཀྱི་འཕོ་འགྱུར་སོགས་ཕྱོགས་ཡོངས་ནས་གོ་སྐབས་བརྙེད་པའི་རེ་བ་བྱུང་ཚེ་ལས་དོན་གང་ཡང་འཇིགས་ཞུམ་མེད་པར་སྒྲུབ་དགོས།
    དབྱིན་ཇི་མི་མང་འབུམ་གཅིག་ཙམ་གྱིས་རྒྱ་གར་གྱི་རང་བཙན་ལོ་སུམ་བརྒྱར་ཉལ་བའི་ལོ་རྒྱུས་ལ་བལྟས་ན་ང་ཚོས་གནས་སྟངས་འདི་ལས་སླ་བོ་ཞིག་རྩ་བ་ནས་མིན། དེས་ན་མི་མང་གི་གཅེས་སྲོག་མེ་ལ་སྦར་བ་འགོགས་ཐབས་བྱེད་དགོས་པ་ལས། དེ་ལ་རྗེས་སུ་ཡི་རང་དང་བསྟོད་བསྔགས་སྣ་ཚོགས་ཕུལ་ནས་གཞན་ཡང་ལམ་དེར་འཇུག་པའི་སྲིད་དོན་སྒྲུབ་ན་མི་ལེགས་པ་འདྲ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme