Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་ལུས་མེ་མཆོད་འབུལ་བའི་འགན་རྒྱ་གཞུང་གིས་འཁྱེར་དགོས་ལ་ཁོང་ཚོའི་མངོན་འདོད་སྒྲུབ་པའི་འགན་ཡང་རྒྱ་གཞུང་ལ་ཡོད།

Posted on 2012-01-152012-01-15 By dhatsenpa 5 Comments on རང་ལུས་མེ་མཆོད་འབུལ་བའི་འགན་རྒྱ་གཞུང་གིས་འཁྱེར་དགོས་ལ་ཁོང་ཚོའི་མངོན་འདོད་སྒྲུབ་པའི་འགན་ཡང་རྒྱ་གཞུང་ལ་ཡོད།

སུས་ཀྱང་མ་བསྐུལ་རང་འགུལ་གྱིས་རྒྱུན་མ་ཆད་པར་སྤེལ་བཞིན་པའི་རང་ལུས་མེ་མཆོད་ཀྱི་རླབས་ཆེ་བའི་ལས་འགུལ་འདི་མཚམས་ཞོག་ཟེར་ནས་ཁྱེད་ཚོས་ལབ་ཀྱི་ཡོད་དམ། རྒྱལ་བ་རིན་པོ་ཆེ་ལའང་དེ་དོན་ཞུ་གི་ཡོད་དམ།
ཧོབ་ཏེ་བལྟས་ན། ཁྱེད་ཀྱི་བྱ་སྤྱོད་དེ་ནི་གཞན་སྲོག་སྐྱོབས་ཐབས་ཀྱི་བྱ་བ་ཡག་པོ་ཞིག་རེད། ཅུང་ཟད་བསམ་པ་ཡིན་ན་དེ་ནི་འགན་མ་ཁྱེར་བའི་བསམ་སྤྱོད་ཅིག་རེད། ང་ལ་མཚོན་ན། ཛ་དྲག་ཆེ་བའི་སྐབས་འདིར་རང་ཉིད་ཀྱི་ཕྲག་པར་ལྷུང་བའི་ལས་འགན་དེ་མ་སྒྲུབ་པར་གཞན་ལ་ཁྱེད་ཚོའི་ལས་འགུལ་དེ་མཚམས་ཤོག་ཟེར་ནས་བཤད་མི་ཐུབ་ལ་དེ་ལྟར་བཤད་རྒྱུའི་ཐོབ་ཐང་ཡང་ང་ལ་མི་འདུག་སྙམ། རྒྱལ་བ་རིན་པོ་ཆེ་ལའང་དེ་ལྟར་གསུང་རྒྱུའི་འོས་བབ་ཡོད་པ་མ་རེད་འདོད།
དེ་ཡང་ཐོག་མར་ང་ཚོས་ཅིས་ཀྱང་ཤེས་དགོས་པ་ཞིག་དང་ངེས་པར་བསྒྲུབ་དགོས་པའི་དོན་དག་གཅིག་འདུག ཁོང་ཚོས་དེ་ལྟར་རང་ལུས་རྩ་ཆེན་དེ་ཕངས་པ་མེད་པར་མེ་མཆོད་གཏོང་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ། ཁོང་ཚོའི་མངོན་འདོད་དང་ཐུགས་རེ་ངོ་མ་དེ་ཅི་ཞིག་ཡིན་པ་དེ་ངེས་པར་ཤེས་དགོས་པ་ཞིག་རེད། དེ་ཤེས་པ་ཡིན་ན། ཁོང་ཚོའི་མངོན་འདོད་དང་ཐུགས་རེ་སྒྲུབ་པའི་འགན་དེ་སུ་ལ་ཡོད་པ་རེད་དེ་ཤེས་དགོས་པ་རེད། གལ་སྲིད། ཁྱོད་ཀྱིས་དེ་ཤེས་ཀྱི་ཡོད་ན། ཕར་ཕྱོགས་ཀྱི་འགན་གང་ལ་ཡོད་པའི་གཞུང་དེ་ལ་དམིགས་ནས་སྐད་ཆ་བཤད་ན་འཚམས་པ་ལས་ཚུར་བཙན་བྱོལ་གཞུང་ལ་མདའ་ཁ་གཏོད་པ་ནི་ནོར་བར་མངོན།
ཁོང་ཚོས་ག་རེ་བྱས་ནས་རང་ལུས་མེ་མཆོད་འབུལ་གྱི་ཡོད་པ་རེད། དེ་ནི་གཞིས་བྱེས་བོད་མི་ཀུན་ལ་རྒྱུས་ཡོད་ཀྱི་དྲི་བ་ཞིག་རེད། དེ་ནི་སུས་ཀྱང་ཤེས་པའི་དྲི་བ་རྙིང་བ་ཞིག་ལས་མ་འདས། ཕར་མེ་མཆོད་གཏོང་བ་དེ་ནི། མའོ་ཙེ་ཏུང་གིས་བཤད་པ་ལྟར། གང་དུ་གཉའ་གནོན་ཡོད་ན་དེ་རུ་ངོ་རྒོལ་ཡོད་ཅེས་ལབ་པ་ལྟར། རྒྱ་གཞུང་གིས་བོད་ནང་དམ་དྲག་བཙིར་གནོན་ཆེ་བ། དོན་མེད་པར་ཉེས་མེད་ལ་གཅར་རྡུང་བྱེད་པ། རང་གི་མངོན་འདོད་བརྗོད་པ་ཙམ་ལའང་བཙོན་འཇུག་མནར་གཅོད་ཡ་ང་བ་གཏོང་བ་སོགས་མི་རིགས་ལ་འདྲ་མཉམ་མེད་པར་གཉའ་གནོན་ནར་མར་གཏོང་བཞིན་ཡོད་པ་དེས་ཡིན་པ་ཡོངས་གྲགས་དང་ཀུན་ཤེས་རེད།
ལྷག་པར་དུ། མེ་མཆོད་གཏོང་མཁན་ཕལ་ཆེ་བས་རེ་འདུན་གཅིག་རང་གཅིག་འདོན་ཀྱི་ཡོད་པ་ནི། རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས། ཁོང་གི་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་གསུངས་ནས་རང་ལུས་མེ་མཆོད་གཏོང་བ་དེ་རེད། དེས་གུང་གཞུང་གི་སྦས་པའི་ཀླ་ཀློའི་བྱེད་སྤྱོད་ཚང་མ་གསལ་བར་བསྟན་འདུག་པ་རྒྱལ་སྤྱིའི་ཐོག་ནས་མཐོང་གི་ཡོད་པའི་རེ་བ་ཡོད། མདོར་དེད་ན། འཛམ་གླིང་ཐོག་ཡོངས་གྲགས་ཀྱི་རླབས་ཆེ་ཞིང་ཞི་བདེ་དོན་གཉེར་མཁན་གྱི་མི་སྣ་གལ་ཆེན་ཞིག་ཕར་གདན་འདྲེན་ཞུ་རོགས་ཟེར་ནས་སྐད་ཆ་ཙམ་བཤད་པའི་ཆེད་ཀྱང་ཚེ་སྲོག་གི་འགྲོ་སོང་མ་བཏང་ན་ཡོང་གི་མེད་པ་དེ་གསལ་བར་མཐོང་གི་འདུག་ག སྐད་ཆ་དེ་ཙམ་བཤད་པའི་ཆེད་གསོན་པ་ལས་ཤི་བ་འདེམས་པ་དེའི་རྒྱབ་ལོགས་སུ་བཟོད་པར་དཀའ་བའི་མནར་གཅོད་ཡ་ང་བ་ཞིག་གིས་བལྟས་བསྡད་ཡོད་པ་གསལ་བོ་རེད་འདུག་ག ཨ་འཛམ་བུ་གླིང་གི་མི་རྣམས།
ད་དེ་ཡིན་ན། ང་ཚོའི་ལས་འགན་གང་ཡིན་དེ་གསལ་བོ་རེད། ཐོག་མར་ཁོང་ཚོར་ལས་འགུལ་དེ་མཚམས་ཞོག་མ་ལབ་པའི་སྔོན་དུ། ཁོང་ཚོས་རང་སྲོག་བློས་བཏང་ནས་རེ་འབོད་ཞུ་བཞིན་པའི་མངོན་འདོད་དེ་འགྲུབ་པར་ལས་ཀ་སྣ་རེ་ངེས་པར་སྒྲུབ་དགོས་པ་མཐོང་། ཁོང་ཚོའི་རང་ལུས་མེ་མཆོད་ཕུལ་བའི་འགན་དེ་རྒྱ་གཞུང་གིས་འཁུར་དགོས་པ་དང་ཁོང་ཚོའི་མངོན་འདོད་སྒྲུབ་པའི་འགན་ཡང་རྒྱ་གཞུང་ལ་ཡོད། དེས་ན། གཞུང་སྒེར་ཚང་མའི་མདའ་ཁ་མདུང་ཁ་དེ་རྒྱ་གཞུང་ལ་གཏད་ཅིང་སྐད་ཆ་རྒྱ་གཞུང་ལ་བཤད་དགོས་པར་འདོད། རྒྱ་གཞུང་གིས་འགན་མི་འཁྱེར་བའི་བྱེད་སྤྱོད་ངན་པ་དང་ཀླ་ཀློའི་སྤྱོད་པ་དེར་སྟངས་འཛིན་བྱེད་པའི་འགན་རྒྱལ་སྤྱིའི་གཞུང་སྒེར་མི་སྣ་ཡོངས་དང་ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ལ་ཡོད་པས། རྒྱ་དང་མཉམ་འབྲེལ་རྒྱ་ཚོགས་གཉིས་ཀྱིས་གཙོས་པའི་འབྲེལ་ཡོད་ཁག་ལ་རང་གིས་གང་ཤེས་པའི་སྐད་ནང་སྙན་ཞུའི་སྦྲགས་ཡིག་དམར་པོ་ཆར་དུ་ཕོབས་ཤིག
མི་ཡི་མི་ཚེ་ཟེར་བའི་རྩ་ཆེན་པོ།།
དལ་འབྱོར་ལུས་རྟེན་ཟེར་བའི་དོན་ཅན་པོ།།
གཉེན་ཉེའི་བརྩེ་དུང་ཟེར་བའི་རྩིས་ཅན་པོ།།
རང་དབང་ཆེད་དུ་རྩྭ་བཞིན་འདོར་འདི་མཚར།།

རྩོམ་རིག

Post navigation

Previous Post: རྔ་བའི་སྐྱ་སེར་མི་མང་ཁྲོད་མེ་མདའ་རྒྱབ་འདུག
Next Post: རང་ལུས་མེར་སྲེག་པ་ལས་གཞན་ཅི་ཞིག་བྱེད་ཆོག་གམ།

Comments (5) on “རང་ལུས་མེ་མཆོད་འབུལ་བའི་འགན་རྒྱ་གཞུང་གིས་འཁྱེར་དགོས་ལ་ཁོང་ཚོའི་མངོན་འདོད་སྒྲུབ་པའི་འགན་ཡང་རྒྱ་གཞུང་ལ་ཡོད།”

  1. ཅོ་རི་ཉི་མ། says:
    2012-01-15 at 12:43 am

    རེད་རེད་་་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་ཁ་གཅིག་གྲགས་ཀྱི་འབོད་ཚིག་གཅིག་ཡོད་པ་ནི་རྒྱལ་བ་རིན་པོ་ཆེན་བོད་ལ་གདན་འདྲེན་ཞུ་དགོས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལ་འཁོད་དགོས་ཞེས་པ་འདིར་རེད།

    འདི་ཡི་གོ་དོན་ངོ་མ་༧གོང་ས་མཆོག་བོད་ཀྱི་རྒྱལ་ཁང་ཕོ་བྲང་པོ་ཏ་ལའི་ནང་དུ་ཁྲི་ལ་འཁོད་ཞེས་པའི་དོན་རེད། གཞན་བལྟ་སྐོར་གཅིག་ཕེབས་ཤོག་ཞེས་པའི་དོན་དག་མ་རེད། ངས་ཆུང་བྱིས་པའི་དུས་ནས་གོ་བསྡད་པ་ནི་ངའི་དྲིན་ཆེན་མས་ཞོགས་ཡང་ལང་དུས་ཕྱག་གསུམ་དང་དགོང་མར་ཉལ་སྐབས་སུ་ཕྱག་འཚལ་ནས་སྨོན་ལམ་བརྒྱབ་བསྡད་པ་ནི་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལ་འཁོད་པ་ཤོག་ཞེས་དང་བོད་ལ་རང་དབང་གི་ཉི་མ་ཤར་བ་ཤོག་ཞེས་པ་དེར་ཡང་གོ་མྱངས་ཡོད།

    སྐབས་དེ་དུས་ངས་ཨ་མ་ལ་དྲིས་མྱངས་ཡོད། རྒྱལ་བ་རིན་པོ་ཆེན་ཁྲི་ལ་འཁོད་པ་ཤོག་ཞེས་ཟེར་ན་ག་རེ་རེད་དམ་ཞེས་དྲིས་དུས་ཨ་མས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་པོ་ཏ་ལའི་ནང་དུ་ཁྲི་ལ་འཁོད་ཐུབ་སོང་ན་བོད་རང་བཙན་ཐོབ་ཀྱི་རེད་ཞེས་གསུངས་མྱངས་ཡོད། གལ་སྲིད་རྒྱལ་བ་རིན་པོ་ཆེན་བོད་ལ་གདན་འདྲེན་ཞུ་དགོས་ན་བོད་དོན་བདེན་མཐའ་བསལ་ཐུབ་པ་བྱེད་དགོས། དེ་མིན་པའི་བལྟ་སྐོར་ཞིག་ཕེབས་པའི་ཆེད་དུ་རང་ལུས་མེ་བསྲེགས་བཏང་བ་མ་རེད་འདོད་དོ།།

  2. ཅོ་རི་ཉི་མ། says:
    2012-01-15 at 12:54 am

    རེད་རེད་་་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་ཁ་གཅིག་གྲགས་ཀྱི་འབོད་ཚིག་གཅིག་ཡོད་པ་ནི་རྒྱལ་བ་རིན་པོ་ཆེན་བོད་ལ་གདན་འདྲེན་ཞུ་དགོས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལ་འཁོད་དགོས་ཞེས་པ་འདིར་རེད།

    འདི་ཡི་གོ་དོན་ངོ་མ་༧གོང་ས་མཆོག་བོད་ཀྱི་རྒྱལ་ཁང་ཕོ་བྲང་པོ་ཏ་ལའི་ནང་དུ་ཁྲི་ལ་འཁོད་དགོས་ཞེས་པའི་དོན་རེད། གཞན་བལྟ་སྐོར་གཅིག་ཕེབས་ཤོག་ཞེས་པའི་དོན་དག་མ་རེད། ངས་ཆུང་བྱིས་པའི་དུས་ནས་གོ་བསྡད་པ་ནི་ངའི་དྲིན་ཆེན་ཨ་མས་ཞོགས་ཀ་ཡར་ལང་དུས་ཕྱག་གསུམ་དང་དགོང་མོ་མར་ཉལ་སྐབས་སུ་ཕྱག་འཚལ་ནས་སྨོན་ལམ་བརྒྱབ་བསྡད་པ་ནི་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལ་འཁོད་པ་ཤོག་ཞེས་དང་བོད་ལ་རང་དབང་གི་ཉི་མ་ཤར་བ་ཤོག་ཞེས་པ་དེར་ཡང་ཡང་གོ་མྱངས་ཡོད།

    སྐབས་དེ་དུས་ངས་ཨ་མ་ལ་དྲིས་མྱངས་ཡོད། རྒྱལ་བ་རིན་པོ་ཆེན་ཁྲི་ལ་འཁོད་པ་ཤོག་ཞེས་ཟེར་ན་ག་རེ་རེད་དམ་ཞེས་དྲིས་དུས་ཨ་མས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་པོ་ཏ་ལའི་ནང་དུ་ཁྲི་ལ་འཁོད་ཐུབ་སོང་ན་བོད་རང་བཙན་ཐོབ་ཀྱི་རེད་ཞེས་གསུངས་མྱངས་ཡོད། གལ་སྲིད་རྒྱལ་བ་རིན་པོ་ཆེན་བོད་ལ་གདན་འདྲེན་ཞུ་དགོས་ན་བོད་དོན་བདེན་མཐའ་བསལ་ཐུབ་པ་བྱེད་དགོས། དེ་མིན་པའི་བལྟ་སྐོར་ཞིག་ཕེབས་པའི་ཆེད་དུ་རང་ལུས་མེ་བསྲེགས་བཏང་བ་མ་རེད་འདོད་དོ།།

  3. ཅོ་རི་ཉི་མ། says:
    2012-01-15 at 1:23 am

    ཨོ་ཡ་་་་རྩོམ་པ་པོས་མའོ་ཀྲུང་ཞིའི་བཤད་ཡོང་དུས་སུ་ཅིག་དྲན་སད་བྱུང་་། མའོ་ཡི་མཚན་ཉིད་རིག་པའི་གསུང་རྩོམ་ལས། འགལ་ཟླ་ལ་དབྱེ་བ་གཉིས་བཤད་ཡོད། མི་དམངས་ནང་ཁུལ་གྱི་འགལ་ཟླ་དང་དགྲ་ཕྱོགས་ཀྱི་འགལ་ཟླ་གཉིས་བཤད་ཡོད། དང་པོར། མི་དམངས་ནང་ཁུལ་གྱི་འགལ་ཟླ་དེར་གྲོས་མོས་ཀྱི་ལམ་ནས་བསལ་དགོས་པ་བཤད་ཡོད། དགྲ་ཕྱོགས་ཀྱི་འགལ་ཟླ་ལ་དྲག་རྒོལ་བྱེད་དགོས་པ་བཤད་ཡོད།

    མའོ་ཡི་རྗེས་འཇུག་པ་དེང་སང་གི་གུང་ཁྲན་ཏང་གིས་རྒྱ་བོད་ཀྱི་འགལ་ཟླ་འདིར་དགྲ་ཕྱོགས་ཀྱི་འགལ་ཟླ་ལ་བརྩིས་ནས་དྲག་རྒོལ་བྱས་ཀྱི་ཡོད། དེ་འདྲ་ཡིན་དུས་སུ་གུང་ཁྲན་ཏང་གི་ལངས་ཕྱོགས་ཁུངས་གཏུགས་ས་ངོ་མ་མའོ་ཡི་ལྟ་གྲུབ་རེད་འདོད། དེར་བོད་དོན་འཐབ་རྩོད་པ་ཚོས་ཤེས་དགོས་པའི་གནད་འགག་གཅིག་རེད་འདོད་དོ།།

  4. ཀརྡོ་གཉེར་ཕྱག་པ་ says:
    2012-01-15 at 5:06 am

    རྒྱ་མི་ལས་བྱེད་ཚོས་སྔར་ཁྱི་ཤ་བཟའ་བ་ལྟར། ད་བོ་ད་མིའི་མི་ཤ་ཟོས་ཤིག

  5. བྱམས་པ་ says:
    2012-07-02 at 1:29 am

    རྒྱལ་འཚོང་པ་མདའ་ཚན་པས་རྒྱལ་གཅེས་ཀྱི་གཏམ་བཤད་པར་སུ་ཡིད་ཆེས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme