Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མིག་ཆུ་དབང་མེད་དུ་བཞུར།

Posted on 2012-01-11 By ཁ་བརྡ་ 16 Comments on མིག་ཆུ་དབང་མེད་དུ་བཞུར།

འབའ་སྲས།

དེ་རིང་ངའི་མིག་ཆུ་རང་དབང་མེད་པར་བཞུར་སོང་། སྤྱིར་ན་ངའི་མིག་ཆུ་ནི་ཧ་ཅང་འདོན་དཀའ་བ་ཞིག་ཡིན། དེ་རིང་གི་མིག་ཆུ་འདི་བཙན་གྱིས་བཀག་ཀྱང་མང་དུ་བཞུར་སོང་། ངའི་མིག་ཆུ་བཞུར་མ་ཐག་ངའི་དགེ་རྒན་མདུན་དུ་རྒྱུགས་ཡོང་ནས་གང་བྱས་སོང་། གང་བྱས་སོང་ཞེས་ནན་གྱིས་དྲིས། ངའི་མིག་ཆུ་མང་ནས་མང་དུ་ཕྱིན་པ་མ་ཟད་ངུ་སྐད་ཀྱང་ཤོར་སོང་། དགེ་རྒན་དང་སློབ་གྲོགས་ཚང་མ་རིག་རིག་ཏུ་གྱུར།

ངའི་དགེ་རྒན་བུད་མེད་ལོ་ཆུང་ཞིག་ཡིན་ལ། ངའི་འཛིན་གྲྭའི་ནང་རྒྱལ་ཁབ་བརྒྱད་ནས་ཡོང་བའི་མི་རིགས་མ་འདྲ་བ་དྲུག་ལས་གྲུབ་པའི་བསྡོམས་པའི་སློབ་མ་བཅུ་བཞི་ཡོད། ངའི་ངུ་སྐད་མཐོ་རུ་ཕྱིན་པས་དགེ་རྒན་ཡང་ཧ་ལས་ནས་སློབ་གྲྭའི་འགན་འཛིན་སྐད་གཏོང་དུ་ཆས་སོང་། ཅུང་མ་འགོར་བར་ངའི་དགེ་རྒན་དང་སློབ་གྲྭའི་འགན་འཛིན་གཉིས་འཛིན་གྲྭའི་ནང་བསླེབས་ནས་ང་ལ་ག་རེ་བྱས་སོང་ཞེས་ཡང་ཡང་དྲིས་བྱུང་། ངས་ཁ་བརྡ་དྲ་ངོས་ཀྱི་པར་དེ་གསུམ་བསྟན་པ་ལས་ཅི་ཡང་བཤད་མ་ཐུབ། ཁོ་ཚོ་ཚང་མས་ཚང་ཁ་ཤིག་ཤིག་གིས་པར་ལ་ལྟ་བཞིན་འདུག

ཁོང་ཚོས་ང་ལ་འདི་ག་རེ་རེད། ག་རེ་བྱས་པ་རེད། ཁོང་མེ་ལ་བསྲེགས་འདུག ཁྱེད་ཀྱི་ནང་མི་ཞིག་རེད་དམ། མེ་ལ་བསྲེགས་དགོས་པའི་རྒྱུ་མཚན་བཅས་དྲིས་བྱུང་། ང་ངུ་བཞིན་ངུ་བཞིན་ཁོང་ངའི་ནང་མི་ཞིག་མིན། ཁོང་ང་དང་རིགས་གཅིག་པའི་བོད་པ་ཞིག་རེད། ཁོང་སྤྲུལ་སྐུ་ཞིག་རེད། ཁོང་གི་མིང་ལ་སྤྲུལ་སྐུ་བསོད་བྷོ་ཟེར། ཁོང་རླབས་ཆེ་བའི་མི་སྣ་ཞིག་རེད། ཁོང་མེ་ལ་བསྲེགས་འདུག རྒྱ་གཞུང་གིས་བཙན་གནོན་བྱས་པས་མེ་ལ་བསྒྲོན་པ་རེད། ཁོང་གི་ཆེད་དུ་མ་རེད། བོད་མི་ཡོངས་རྫོགས་ཀྱི་ཆེད་དུ་རེད། རྒྱ་གཞུང་གིས་བོད་ལ་བཙན་གནོན་བྱས་ཏེ་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་རང་གིས་མེ་ལ་བསྒྲོན་དགོས་ཐུག་པ་རེད་ཅེས་བཤད། དེ་མ་ཐག་ཧོང་ཀོང་ནས་ཡོང་བའི་རྒྱ་མི་སློབ་གྲོགས་ཤིག་གིས་བདེན་པ་རེད་གུང་ཁྲན་ཏང་གིས་བོད་མི་ལ་སྡིགས་རྩུབ་གཏོང་བཞིན་པ་ངས་ཤེས་ཀི་ཡོད། ང་རྒྱ་ཡིན་ཡང་རྒྱ་ནག་སྲིད་གཞུང་ལ་གཏན་ནས་མི་དགའ། རྒྱ་ནག་སྲིད་གཞུང་གིས་མི་ཤ་ཟ་གི་རེད། མི་ཁྲག་འཐུང་གི་རེད། ངའི་ཤ་ཁྲག་རྒྱ་ཡིན་ཡང་ང་རྒྱ་ཡིན་ཟེར་རྒྱུ་ངོ་ཚ་གི་འདུག དེ་བས་ང་ཧོང་ཀོང་ཡིན་ཟེར་བ་ལས་རྒྱ་མི་ཡིན་ཟེར་གི་མེད་ཅེས་བཤད་བྱུང་།

དེ་ནས་སློབ་གྲྭའི་འགན་འཛིན་གྱིས་ང་ལ་སེམས་མ་སྐྱོ། ཁྱེད་རང་ཚོ་ལ་ཏཱ་ལའི་བླ་མ་ཡོད་རེད། ང་ཏཱ་ལའི་བླ་མ་ལ་ཧ་ཅང་དགའ། ཏཱ་ལའི་བླ་མ་འཛམ་གླིང་སྟེང་གི་ཞི་བདེ་དེད་དཔོན་རེད། ཁོང་ལ་ཞི་བདེ་བཟང་རྟགས་འཐོབ་པ་ངས་དྲན་གི་འདུག ངས་ཏཱ་ལའི་བླ་མས་བརྩམས་པའི་དཔེ་དེབ་བཀླགས་མྱོང་། ཁོང་གི་སེམས་པ་ཧ་ཅང་རྒྱ་ཆེན་པོ་རེད། ཁོང་གིས་བོད་གཅིག་བུ་མ་རེད་འཛམ་པོ་གླིང་ལ་བསམ་བློ་གཏོང་གི་འདུག་ཟེར། ངས་མིག་ཆུ་ཕྱིས་ཤོར་དུ་རེད། རེད་ཅེས་ཟེར་བ་ལས་ཅི་ཡང་བཤད་མ་ཐུབ།

སློབ་གྲྭའི་འགན་འཛིན་གྱིས་ང་ལ་སེམས་གསོ་འདི་ཙམ་བྱས་ནས་ཕྱིར་བུད་སོང་། དགེ་རྒན་དང་སློབ་གྲོགས་ཚང་མས་ང་ལ་འདི་ལྟར་དྲིས་བྱུང་། ད་བོད་པ་ཚང་མས་ཅི་ཞིག་བྱེད་ཀི་རེད། ཁོང་གི་ཆེད་དུ་མ་ཎི་འདོན་གི་རེད། ཡང་ན་གཞན་ཞིག་བྱེད་ཀི་རེད། ཁྱོད་ཀྱིས་ཅི་ཞིག་བྱ་བརྩི་ཡོད་ཟེར། དྲི་བ་འདི་ནི་ཆེས་ལྗིད་ཁོག་ཆེ་བ་ཞིག་རེད་ཨང་།

སློབ་གྲྭ་གྲོལ་རྗེས་ངས་ལམ་བར་དུ་རང་ཉིད་ཀྱིས་ཅི་ཞིག་བྱ་དགོས་སམ། ཅི་ཞིག་བསྒྲུབ་དགོས་སམ། བསམ་བཞིན་བསམ་བཞིན་ནང་དུ་བསླེབས། ནང་དུ་སླེབས་མ་ཐག་མཆོད་མེ་རྐང་གཅིག་བསྒྲོན། མཆོད་མེ་འོད་སྣང་ཇེ་གསལ་ནས་ཇེ་གསལ་རེད། མཆོད་མེ་འོད་སྣང་དང་འགྲོགས་ནས་ང་གཉིད་དུ་གཡེར། ངའི་རྨི་ལམ་དུ་གཉིད་མི་རུང་། གཉིད་མི་རུང་། བོད་པ་ཚང་མ་གཉིད་མི་རུང་ཞེས་སྐད་འབོད་བྱེད་བཞིན་འདུག

སྣ་ཚོགས།

Post navigation

Previous Post: ཁ་བའི་ཁྲོད་ན།
Next Post: བཀའ་བློན་ཁྲི་བ་དང་གསུང་ཆོས།

Comments (16) on “མིག་ཆུ་དབང་མེད་དུ་བཞུར།”

  1. ཀླུ་སྨྱོན། says:
    2012-01-11 at 11:42 pm

    ང་ཚོའི་ལས་ཀ་འབྲི་མར་མཆོད་མེ་སྤར་རྒྱུ་དེ་རེད།
    འབྲི་མར་མཆོད་མེ་གཅིག་འབར་ཚར་རྗེས་འབྲི་མར་མཆོད་མེ་གཞན་ཞིག་སྤར་རྒྱུ་དེ་རེད།
    ཁོང་ཚོའི་ལས་ཀ་མི་ལུས་མཆོད་མེར་སྤར་རྒྱུ་དེ་རེད།
    མི་ལུས་མཆོད་མེ་གཅིག་གཟིམས་ཚར་རྗེས་མི་ལུས་མཆོད་མེ་གཞན་ཞིག་སྤར་རྒྱུ་དེ་རེད།

  2. འབའ་སྲས། says:
    2012-01-12 at 12:49 am

         ཚེ་སྲོག་གི་མཆོད་མེ། ༼གཞས་ཚིག༽

    བཙན་པོའི་སྙིང་སྟོབས་ལས་འཁྲུངས་པའི།
    ང་ཡི་གཅེན་པོ།
    དམར་བོའི་མེ་དཔུང་གི་དཀྱིལ་ནས།
    རྒྱ་ནག་པའི་སྒོ་དྲུང་བརྡུང་བཞིན།
    ཚེ་སྲོག་མཆོད་མེ་ལ་བསྒྲོན་སོང་།
    ཨོཾ་མ་ཎི་པདྨོའི་ཧོུཾ། ་་་ ་་་

    ཁྱེད་ནི་བདེན་དོན་གྱི་དཔང་ཡིག
    ཁྱེད་ནི་རྟག་བརྟན་གྱི་རྡོ་རིང་།
    བོད་རྒྱལ་ལོ། ་་་ ་་་

    མི་རིགས་ཀྱི་རྣམ་ཤེས་སྦྲུམ་པའི། 
    ང་ཡི་གཅེན་མོ།
    དམར་བོའི་མེ་དཔུང་གི་དཀྱིལ་ནས།
    བོད་སྐྱོབས་ཀྱི་འབོད་སྒྲ་སྒྲོག་བཞིན།
    ཚེ་སྲོག་མཆོད་མེ་ལ་བསྒྲོན་སོང་།
    ཨོཾ་མ་ཎི་པདྨོའི་ཧོུཾ། ་་་ ་་་

    ཁྱེད་ནི་བདེན་དོན་གྱི་དཔང་ཡིག 
    ཁྱེད་ནི་རྟག་བརྟན་གྱི་རྡོ་རིང་།
    བོད་རྒྱལ་ལོ། ་་་ ་་་

  3. ཚེ་རིང་ says:
    2012-01-12 at 5:14 am

    བོད་དཔལ་བོ་དཔལ་མོ་རྣམས་ཀྱི་ཚེ་སྲོག་མེ་ལ་བསྒྲོན་པས་ད་ལས་ཀ་ཅི་ཞིག་བྱེད་དགོས་སམ་ཅེས་པའི་དྲི་བ་དེ་རང་གིས་རང་ལ་མང་པོ་ཞིག་དྲིས་པ་ཡིན། ཡིན་ན་ཡང་ལན་དོན་མཐུན་ཞིག་མ་ཐུབ།

    དཔལ་བོ་དཔལ་མོ་རྣམས་ཀྱི་ཚེ་སྲོག་དང་རིན་ཐང་མཉམ་པའི་ལས་ཀ་ཞིག

  4. འབའ་སྲས། says:
    2012-01-12 at 8:08 am

    རེད་ཡ། ཁོང་ཚོས་ད་དུང་སྐུ་ལུས་ཀྱི་སྒྲོན་མེ་ཅི་ཙམ་སྦར་རྒྱུ་ཡིན་ནམ། ང་ཚོས་ཤིང་མར་གྱི་མཆོད་མེ་ཅི་ཙམ་བསྒྲོན་དགོས་སམ། ད་དུང་མིག་ཆུ་ཅི་ཙམ་འདོན་དགོས་སམ། སྐུ་ལུས་ཀྱི་སྒྲོན་མེ། འདས་མཆོད་ཀྱི་མར་མེ། སྐྱོ་གདུང་གི་མིག་ཆུ། ནམ་ཞིག་མཚམས་འཇོག་ཐུབ་བམ།

  5. ཀརྡོ་གཉེར་ཕྱག་པ་ says:
    2012-01-12 at 8:43 am

    སྐུ་ལུས་ཞུགས་མེར་མ་མཆོད།
    མིག་ནས་མིག་ཆུ་མ་གཏོང་།
    ཤིང་མར་མར་མེས་ཕན་ཅི་ཡོད།
    རྡོག་རྩ་ཅིག་སྒྲིག་དྲིལ་གྱིས་།
    ཞི་བའི་ངོ་རྒོལ་མུ་མཐུད་གྱིས།
    ཁྲིམས་མཐུན་ཐོབ་ཐང་རང་དབང་ལོངས། །

  6. དར་ལྕེ་ཟད་པོ།། says:
    2012-01-12 at 9:55 am

    འབའ་སྲས་ལགས་ཀྱི་ཉིན་ཐོ་ཀློག་དུས་ང་ཡང་མགྲིན་པ་བརྣངས་ནས་མཆི་མ་ཤོར་སོང་།།

  7. དམག་ལོག་ says:
    2012-01-12 at 2:16 pm

    སྐྱེས་པ་རླབས་ཆེ་ཞིང་ཤི་བ་གཟི་བརྗིད་ཆེ། མའོ་ཙེ་ཏུང་གིས་གསུངས།

  8. ཇ་མ་ says:
    2012-01-12 at 2:20 pm

    ཚེ་ཕྱི་མ་མ་བསམ་པར་ཚེ་འདིའི་ཆེད་དུ་བྱ་བ་ཡག་པོ་ཞིག་སྒྲུབ་དགོས།

  9. མཁས་གྲུབ says:
    2012-01-12 at 2:37 pm

    ཉིད་ཀྱིས་དངོས་སྒྲུང་དེ་ཀློག་གིན་ཀློག་གིན་ང་ངུ་ཤོར་སོང་། ང་ངུ་གིན་ཡོད། ཁ་སེང་རྒྱ་ནག་གཞུང་ཚབ་མདུན་དུ་འབྲི་མར་གྱི་མཆོད་མེ་རེ་བཞག་ཡོད། དེ་དུས་ང་ངུས་མེད། ང་ཚོས་སེམས་ཤུགས་དང་སྤོབས་པའི་མཆོད་མེ་སེམས་ནང་ལ་རྟག་ཏུ་འབར་དགོས། སེམས་ཀྱི་མཆོད་མེ་ལ་མུན་པ་སེལ་བའི་ནུས་པ་ཡོད། རྟག་བརྟན་གྱི་མཆོད་མེ་རེ་རེ་སེམས་ལ་སྤར་ཏེ་མི་རིགས་ལ་གསོན་ལམ་བཙལ་དགོས་ལ་འཇིག་རྟེན་འདིར་ཞུ་བདེ་བསྐྲུན་དགོས།

  10. ལྗང་སྨྱུག says:
    2012-01-12 at 2:56 pm

    འབར་སྲས་ཀྱིས་བྲིས་པའི་དངོས་སྒྲུང་དེ་ཀློག་གིན་ཀློག་གིན་རང་དབང་མེད་པར་མིག་ཆུའི་ཐིག་ཕྲེང་འགའ་བྲང་སྟེང་ནས་ཟག་སོང་། ཡིན་ནའང་ང་སྡོད་སའི་ཁང་མིག་ཏུ་འདྲིས་ཆེར་མ་སོང་བའི་མི་ཁ་ཤས་ཤིག་ཡོད་སྟབས། གློར་བུར་དུ་མི་རྒན་ཞིག་ངུས་ན་ཁོང་ཚོ་ཧོན་འཐོར་འགྲོ་བསམ་སྟེ། སྡུག་བསྲན་གང་ཐུབ་བྱས་ཀྱང་འགྲིན་པ་བརྣངས་ཏེ་སྣ་ཆུ་འཛགས་ནས་བཟོད་མི་ཐུབ་པའི་ཚད་དུ་སླེབས་སོང་བས། ལམ་སང་ལངས་ཏེ་གསང་སྤྱོད་དུ་ཕྱིན་ནས་དམ་པ་ཁོང་གི་རླབས་ཆེན་གྱི་མཛད་རྗེས་ལ་བསམ་སྟེ་ཡིད་ཚིམས་པ་ཞིག་ངུས་ཡིན། བོད་མི་རིགས་ཀྱི་ཆེད་དུ་ཁོང་གིས་སྐུ་སྲོག་འཕངས་མེད་དུ་བཏང་བར་ངས་མ་ཎི་རེ་དང་ཁོང་གི་ཆེད་དུ་གློག་གི་མཆོད་མེ་རེ་སྦར་ངེས་ཡིན། ཨོཾམཎིཔདྨེཧཱུྂ།

  11. གཡུ་ཐོག་འབངས། says:
    2012-01-12 at 3:28 pm

    ང་ངུ་། ཁྱོད་ངུ་། ང་ཁྱོད་ཚང་མ་ངུ་ད། ད་དུང་འབའ་སྲས་ལགས་ཀྱིས་ངུ་རྒྱུ་ཡོད་པའི་རྩོམ་སྒྲུང་གང་མང་སྤེལ་རོགས། དེ་ནས་ང་ཚོ་ཚང་མ་ཡང་བསྐྱར་ངུ་དགོས། ད་ངུ་ཡག་གི་དུས་ཚོད་རེད། ངུ་ཡག་ལས་ཐབས་གཞན་མེད། ད་ངུས་ཕ་བཟང་གི་བུ། ད་ངུས་མ་བཟང་གི་བུ་མོ། ངོ་ཚོ་མཉམ་དུ་ངུ་དགོས། ང་ཚོ་ནི་སྐྱིད་སྡུག་གཅིག་པ་རེད། ངུས་ངུས་ངུས་ངུས་ངུས་ངུས་ངུས་ངུས་ད་ངུས་བོད་པ་ཚོ།

  12. འབའ་སྲས། says:
    2012-01-12 at 3:53 pm

    ཁ་སང་ང་ངུ་ཤོར་བ་རེད། དེ་རིང་འགའ་ཤོས་ཤིག་ངུས་པ་རེད། སང་ཉིན་ང་ཚོ་ཚང་མ་ངུ་རྒྱུ་ཡིན་ནམ། མ་རེད། གཏན་ནས་མ་རེད། སང་ཉིན་ང་ཚོ་ཚང་མ་སྤྲོ་སྐྱིད་ཀྱི་གད་མོ་དགོད་པའི་ཉིན་རེད། ཨེ་རེད།

  13. རིན་ཆེན says:
    2012-01-12 at 4:42 pm

    རྒྱ་རིགས་གི་ལུང་པ་ཁ་ཤས་གི་ནང་ལ་མི་ཤི་ཚར་རྗེས་ངེས་པར་དུ་ངུ་དགོས་གི་འདུག། ངུ་ཉན་གི་མི་གླ་ཡ་ཡོད་གི་འདུག་ཁ་ཤས་གི་ཁོ་ཚོའི་ཤི་བའི་རོ་འདུན་ལ་ངུ་ཉན་གླ་གི་འདུག།

  14. འབའ་སྲས། says:
    2012-01-12 at 5:35 pm

    རྒྱ་རིགས་དེ་ལྟར་ངུ་བ་ནི་ལུགས་སྲོལ་རེད། ང་ཚོ་ངུ་བ་ནི་སྐྱོ་གདུང་ཡིན། ཁོ་ཚོ་ངུ་བ་ནི་བཙན་གྱིས་བཞུར་དུ་བཅུག་པའི་ཕྱི་ཡི་མིག་ཆུ་རེད། ང་ཚོ་ངུ་བ་ནི་ནན་གྱིས་བཀག་ཀྱང་མ་ནུས་པའི་སེམས་གཏིང་གི་མིག་ཆུ་རེད། མིག་ཆུ་དང་མིག་ཆུ་ག་ལ་འདྲ།

  15. རིན་ཆེན says:
    2012-01-12 at 7:09 pm

    འབའ་སྲས་ཁྱེད་རང་རྒྱལ་གར་ལུང་པ་ལ་སྐྱེས་པའི་མི་བུ་ཞིག་ཡིན་ངེས། སོང་ཙམ་བོད་ནང་གི་དུས་སང་གི་གནས་ཚུལ་ཅུང་ཉམས་མྱོང་མེད་པ་འདྲ་ཡིན་ན་ཡང་བོད་ནང་ལོགས་གི་སྤུན་ཟླ་དེ་ཚོའི་ཆད་དུ་མི་ཆུ་གཏང་བ་ནི་ཤིན་ཏུ་བཀའ་དྲིན་ཆེ་ལགས། གནས་ཚུར་ཛ་དྲག་དེ་འདྲ་པོ་ལ་རྒྱོབ་སྐྱོར་དང་ཤ་ཞན་ལས་ཡིན། སྐད་ཆ་གྲང་པོ་བཤད་ན་ང་ནི་བོད་ནས་ཡོང་ཉན་ཞིག་དང་བོད་ནང་གི་གནས་ཚུལ་ལ་ཉམས་མྱོང་ཡོད་ཙམ། མི་ཆུ་ཤོར་གི་མི་འདུག་གང་ཡིན་ཟེར་ན་བོད་ནང་ལོགས་ལ་དེ་སང་ཁོང་ཚོའི་ས་ཞིང་ཁོང་པ་ས་ཆ་སོགས་སོ་སོའི་རང་དབང་དང་ཐབ་ཐོང་བདག་སྐྱོང་དང་སྲུང་སྐྱོབས་བྱས་ཤེས་ན་འགྲིག་ཐག་ཆོད་ཡོད་རེད། གལ་སྲིག་མ་ཤེས་ན་རྒྱ་དམར་པའི་ཁྲིམས་ལུག་ག་རེ་ཡོད་ཚོང་མས་འཁྱེན་གསལ་རེད། ང་ནི་གངོས་གནས་རྒྱལ་གར་གྲོང་གསེབ་ལ་ཡོད་པའི་བོད་རིགས་སྤུན་ཟླ་དེ་ཚོའི་གནས་ཚུལ་མ་སྙན་པ་གོ་དུས་སྙིང་རྗེ་གི་འདུག་གང་ཡིན་ཟེར་ན་ཁོ་ཚོ་མི་ཡུལ་ལུང་པ་ལ་ལྟོ་གོས་འཚོལ་དགོས་དུས་མི་ཡི་བརྙས་བཅོས་དང་ཐོང་ཆུང་།
    སྡུག་གླ་པ་དེ་ཚོས་བརྙས་བཅོས་དང་དཔུང་བསྒྲིགས་བྱས་གི་འདུག། དེ་ནི་ང་ཡི་ཕྱོགས་ལྷུང་མེད་པའི་སྐད་ཆ་ཡིན། དེ་སང་སྐད་ཆ་དྲང་པོ་བཤད་ན་བདེན་པ་ཐོབ་ཟེར་བ་ཡིན་ཀྱང་བོད་ལ་བཤད་ཡ་ཞིག་ལ་དྲང་གཏང་བཤད་ན་མི་དགའ་དབྱུག་པ་རྒྱོབ་ན་ཁྱི་མི་དགའ་ཟེར་བ་ཞོལ་ཡོད་རེད།

  16. ཨ་ནུ་ཐང་བསོད་ནམས says:
    2012-01-12 at 10:17 pm

    ནུབ་ཕྱོགས་ཀྱི་མི་ཚོས་རིན་ཐང་ཅན་གྱི་མིའི་འདས་སྐར་ནི་སྐྱེས་སྐར་ལས་ཀྱང་རིན་ཐང་ཆེ་བ་འདོད་ཅིང་། གོང་དུ་གཤེགས་པའི་དཔའ་རྒོད་རྣམས་ཀྱི་རྣམ་ཐར་ནི་དེ་ལས་མ་འདས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme