Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་གཞོན་ནུ་ལྷན་ཚོགས་ལ་ཞེད་སོང་།

Posted on 2012-01-112012-01-13 By ཤར་ཕྱོགས་ཁུག་རྟ། 46 Comments on ང་གཞོན་ནུ་ལྷན་ཚོགས་ལ་ཞེད་སོང་།

ནོར་བུ་ཚེ་རིང་། ༼ སུ་ཇ། ༽
དུས་དབང་གྲུབ་ནས་དེ་རིང་ཉི་མ་གང་བོར་གུར་ནང་དུ་རྐང་པ་ལག་པ་བསྐྱངས་ནས་བསྡད་མོད། སྤྲུལ་སྐུ་བསོད་བྷེ་མཆོག་གི་སྐུ་ཕུང་གི་པར་རིས་ཀྱིས་མགོ་རྔས་ལ་བཞག་ཀྱང་ངལ་མི་སོས་པ་དང་། ཟས་ཁ་ལ་བཞག་ཀྱང་མིད་པ་འགག་འགྲོ་བ་ཞིག་ཆགས་པས། ཚོད་ཚོད་ལ་མ་ཎི་རེ་འདོན་རྒྱུ་དང་སྨོན་ལམ་རེ་རྒྱག་རྒྱུ་ལས་ཅི་བྱ་ཐབས་བྲལ་དུ་གྱུར། དེ་ནི་ཁ་སང་དེ་རིང་འཛམ་བུ་གླིང་གི་བོད་མི་ཚང་མ་དེ་འདྲ་ཞིག་ལོས་ཡིན་ཁར། ཅི་བྱ་ཐབས་བྲལ་གྱིས་ཅི་བྱེད་འདི་བྱེད་མ་རྙེད་པར་ཡོད་པའང་གཅིག་མཚུངས་ལོས་ཡིན། འོན་ཀྱང་། ཡ་མཚར་ཞིང་ཧང་སང་བ་ཞིག་ལ། མི་མང་གི་གུར་གྱི་སྒོ་ཁར་འཁོད་པའི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱང་བསྒྲགས་ས་ཚུགས་སུ། གཞོན་ནུའི་དྲུང་ཆེ་བུད་མེད་སྟངས་སྟབས་ཅན་དེ་དང་གཞན་ཡང་བོད་སྐད་དག་མ་ཞིག་ཀྱང་མི་འཁྱོང་བའི་གསལ་བསྒྲགས་མཁན་གསུམ་གྱིས་དེ་རིང་ཉིན་གང་བོར་ཞལ་འདེབས་ཀྱི་ལས་ལ་བརྩོན་ཞིང་། ཞལ་འདེབས་དང་ཞལ་འདེབས་ཀྱིས་དེ་བས་ཉོབ་ནས་ཐང་ཆད་པ་འདྲ་བ་ཞིག་བྱུང་མོད།
ཁོང་ཚོ་ཡ་ང་བག་ཚ་གང་ཡང་མེད་པར། “ མེ་དྲ་ཞོར་པར”་ཞལ་འདེབས་སྒོར ༡༠༠ གནང་སོང་། ༥༠༠ གནང་སོང་ཞེས་བསྒྲགས་འགོ་བརྩམས། མི་རྣམས་ལངས་ནས་འགྲོ་བ་ཧད་ནས་བསྡད་དེ་གསལ་བསྒྲགས་དེ་ཉན། གསལ་བསྒྲགས་དེས་མུ་མཐུད། “ མེ་དྲ་ཞོར་པར་” “མེས་འཚིག་པར་”དང་། “མེ་སྐྱོན་ཤོར་བ་ལ”ཞེས་གཅིག་རྗེས་གཉིས་མཐུད་ཀྱིས་ཞལ་འདེབས་བསྡུས། དངོས་གནས་བཤད་ན། མེར་ཤོར་བ་དང་མེས་འཚིག་པ། མེ་སྐྱོན་ཤོར་བ་གཅིག་ཀྱང་མེད་པས། རང་ལུས་མེར་བསྲེགས་མཁན་གྱི་སེམས་དཔའ་ཆེན་པོ་དེ་དག་གི་བློས་གཏོང་ལ་ཁ་ཚིག་ཚུད་ཆད་ཀྱིས་ཀྱང་མིང་གང་བྱུང་འདོག་པ་འདིས། ཕྲན་ལ་ཁོང་ཚོའི་ཡ་ཆུང་ཁོག་གི་བོད་དང་བོད་ཀྱི་རྣམ་ཤེས་རྗེན་པར་འཆར་བྱུང་། སེམས་སྐྱོ་བ་ནི་གཟུང་དུ་མེད་ཀྱང་། ཁོང་ཚོས་འདི་ལྟར་མགོ་བསྐོར་དང་ཧམ་བཤད་ཀྱིས་སྒོར་མོ་དང་སྒོར་མོར་འཐམས་འདུག་རྒྱུ་ཅི་ཞིག་ཡིན་ནམ་བསམས་སོང་།
བོད་ནང་གི་རང་ལུས་མེར་སྒྲོན་མཁན་ཚོའི་ཆེད་དུ་ཞལ་འདེབས་བསྡུས་ཆོག་གམ། ཞལ་འདེབས་བསྡུས་ནས་ཅི་ཞིག་བྱེད་ཀྱི་ཡིན་ནམ། གཞོན་ལྷན་འདྲ་བ་ཞིག་ལ་དེའི་མིང་གཡར་ནས་ཞལ་འདེབས་བསྡུ་བའི་དབང་ཚད་ཡོད་དམ། ཁོང་ཚོས་ག་རེ་བྱས་ནས་ལས་ཀ་འདི་འདྲ་བྱེད་ཀྱི་ཡོད་ན།
བོད་མི་ཚོས་ངེས་པར་དུ་བསམ་བློ་གཏོང་དགོས་ཀྱི་འདུག མགོ་རུལ་རྣ་བས་མ་ཚོར་ལྟར་འདི་ལྟར་བདེན་པ་དང་གནས་ལུགས་ལ་ཁྱད་གསོད་བྱེད་མཁན་དག་བག་མེད་ངང་འཇོག་རྒྱུ་ཡིན་ནམ། ༧གོང་ས་མཆོག་གི་རླབས་ཆེན་གྱི་བྱས་རྗེས་ནག་བསུབ་གཏོང་བའི་ལས་ཀ་འདི་འདྲ་མུ་མཐུད་བྱེད་འཇུག་གི་ཡིན་ནམ། བཙན་བྱོལ་བོད་མི་སྤྱིའི་མཚན་ཐོངས་ལ་གནོད་པའི་ཞལ་འདེབས་འདི་འདྲ་བསྡུ་འཇུག་གི་ཡིན་ནམ། བོད་གཞིས་བྱེས་ཁ་བྲལ་དུ་འགྲོ་བའི་ལས་ཀ་འདི་འདྲ་བྱེད་འཇུག་གི་ཡིན་ནམ།
ཐུགས་རྗེ་གཟིགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལགས། ཐུགས་རྗེ་གཟིགས། གཞོན་ལྷན་གྱི་དྲུང་ཆེ་ཨ་ཅག་ལགས། ངས་ཁྱེད་ཚོའི་གསལ་བསྒྲགས་དེ་ཉན་ཐུབ་ཀྱི་མི་འདུག
༢༠༡༢། ༡།༡༡།

རྩོམ་རིག

Post navigation

Previous Post: པཎ་ཆེན་རིན་པོ་ཆེའི་སྐུ་ཕྲེང་བཅུ་གཅིག་པ་གླེང་བ།
Next Post: ཁ་བའི་ཁྲོད་ན།

Comments (46) on “ང་གཞོན་ནུ་ལྷན་ཚོགས་ལ་ཞེད་སོང་།”

  1. ཟེ་མ་ར་མགོ says:
    2012-01-11 at 4:40 pm

    དེར་སྙིང་ཐག་པ་ནས་རྗེས་སུ་ཡི་རངས་ཡོད།

  2. རིན་ཆེན says:
    2012-01-11 at 4:54 pm

    དེ་ཚོ་བོད་ཀྱིས་བསྟན་བཤིག་དངོས་གནས་རེད།

  3. སྦྲ་རིགས་ཐོགས་མེད། says:
    2012-01-11 at 4:54 pm

    སློབ་གྲོགས་ལགས།

    རྡོར་གདན་ཁུལ་དུ་རྒྱུ་མཚན་འདྲ་མིན་ཐོག་ཞལ་འདེབས་སློང་མཁན་༣༦༠ཡོད་པ་མ་ཡིན་ནམ། ཡང་གཅིག་བཤད་ན་སུ་ཇ་སློབ་གྲྭ་ནས་བོད་ཀྱི་གཞོན་ལྷན་དང་དེའི་ཡན་ལག་ཁག་གིས་འཛམ་གླིང་གང་སར་ལས་འགུལ་སྤེལ་དང་སྤེལ་བཞིན་པ་མཐོང་མི་ཐུབ།

    འབྲེལ་ཐག་འདི་ལ་གཟིགས་རོགས། མ་མཐའ་ཡང་ལྡི་ལི་ས་ཁུལ་གཅིག་པོ་ནས་ལས་འགུལ་བརྒྱ་ཕྲག་ཙམ་མཐོང་ཐུབ།
    http://www.youtube.com/Tibetan RTYC protest in Delhi

    གཞོན་ལྷན་གཅིག་པོ་མ་རེད། རང་རེའི་ཆབ་སྲིད་ཚོགས་པ་སུ་ཡིན་ཡང་དུས་ལྟར་ལས་འགུལ་འདྲ་མིན་སྤེལ་ཐུབ་ན་ཞལ་འདེབས་བསྡུས་པར་སྐྱོན་མི་འདུག ཁྱེད་ཀྱིས་ཕལ་ཆེར་ཨ་རིའི་མི་རིགས་ནག་པོ་དག་དང་ཇོས་མི་རིགས་འཐབ་རྩོད་པ་དག་གིས་འཐབ་རྩོད་ཁྲོད་དངུལ་ག་འདྲ་བཟོས་ཡོད་མེད་ཤེས་མེད་པ་འདྲ།

    རྩོམ་ཡིག་འདི་ལ་གཅིག་གཟིགས་རོགས། http://www.freedom_movement/ameback/?P=3256

    དུས་རབས་འདི་འདྲ་ཞིག་ལ་དངུལ་དངོས་མེད་པར་ལས་ཀ་ཅི་ཡང་བྱེད་མི་ཐུབ་པ་ཤེས་པར་མཛོད། རྗེས་མ་གནས་ཚུལ་གང་ཡིན་ཧ་གོ་ལ་མ་གོ་བར་ཁ་ཚོན་ལམ་སང་གཅོད་མི་རུང་། གཞན་ཕན་ཐོགས་པ་རེ་འབྲི་ཐུབ་ན་དགའ་བསུ་ཞུ།

    སུ་ཇའི་སློབ་ཟུར་ཞིག་གིས།

  4. ཀརྡོ་གཉེར་ཕྱག་པ་ says:
    2012-01-11 at 5:34 pm

    ༧གོང་ས་མཆོག་གི་རླབས་ཆེན་གྱི་བྱས་རྗེས་ནག་བསུབ་གཏོང་བའི་ལས་ཀ་འདི་འདྲ་མུ་མཐུད་བྱེད་འཇུག་གི་ཡིན་ནམ། བཙན་བྱོལ་བོད་མི་སྤྱིའི་མཚན་ཐོངས་ལ་གནོད་པའི་ཞལ་འདེབས་འདི་འདྲ་བསྡུ་འཇུག་གི་ཡིན་ནམ། བོད་གཞིས་བྱེས་ཁ་བྲལ་དུ་འགྲོ་བའི་ལས་ཀ་འདི་འདྲ་བྱེད་འཇུག་གི་ཡིན་ནམ། ཟེར།

  5. ཀླུ་སྨྱོན། says:
    2012-01-11 at 7:36 pm

    ཆེ་ས་ཆུང་ས་གཉིས་ཀར་བལྟ་དགོས།

  6. Dorjee says:
    2012-01-11 at 10:41 pm

    གཞོན་ནུ་ཚོགས་པའི་ཞལ་འདེབས་བསྡུས་བ་ལ་མཐའ་གཅིག་ཏུ་བགགས་པ་ཡོད་།བོད་ནས་སྐུ་ལུས་མཆོད་མེར་བསྒྲོན་།རྒྱལ་ཀར་ནས་དངུལ་བཟོ་ས་བྱེད་ན་།གཞོན་ནུ་ཚོགས་པའི་ཞལ་འདེབས་བསྡུས་ན་ཆོག་མོད་།་སྐུ་ལུས་མཆོད་མེར་བསྒྲོན་མི་ཆད་དུ་ཞལ་འདེབས་བསྡུས་རྩ་་བ་ནས་འགྲིགས་གི་མ་རེད་

  7. ཨ་ཁུ་སྟོན་པ། says:
    2012-01-12 at 1:20 am

    ༈ རྒྱལ་ཞེན་ལྷག་བསམ་ཕྱུག་པའི་སེར་སྐྱ་ཕོ་མོ་ཡོང་ནས་ཐུགས་བསམ་རྒྱ་ཆེན་པོར་བཞེས་རོགས། མི་རེས་ཟུང་གིས་དཀྲོགས་གཏམ་ལ་གསན་ཕྱོགས་མ་གནང་རོགས། ང་རང་ད་ལན་དུས་དབང་སྐབས་བོད་ནས་ཡོང་བའི་གཞོན་སྐྱེ་ཞིག་ཡིན།
    ནོར་བུ་ཚེ་རིང་ལགས་ལ་ཞུ་རྒྱུར། ཁྱེད་རང་གི་བཀའ་མོལ་དེ་བོད་རིགས་ནང་ཁུངས་ལ་དཀྲུག་ཤིང་དང༌། བོད་མིའི་ནང་གཞོན་ལྷན་ལ་མི་དགའ་བ་བཟོ་རྒྱུ་དེ་ཁྱེད་རང་གི་བལྟ་བ་རེད་འདུག ཁྱེད་རང་རྒྱ་ནག་གི་རྒྱུགས་ཁྱི་ཞིག་ཡིན་པ་འདྲ། རྒྱ་ནག་གིས་གཞོན་ནུ་ལྷན་ཚོགས་ལ་མི་དགའ་བ་དེ་ཚང་མས་མཁྱེན་གསལ་རེད། ངས་བསམ་པར་གཞོན་ལྷན་གྱིས་ཞལ་འདེབས་བསྡུས་པ་ལ་དགའ་བསུ་མ་གཏོགས་འགག་ཆ་གང་ཡང་མེད། གང་ལ་ཞུས་ན། ད་ཆ་བོད་པའི་སྤྱི་ཚོགས་ནང་ཚོགས་པ་ཁག་བརྒྱ་ཕྲག་ཡོད་ཀྱང་བོད་ཀྱི་རྩ་དོན་ནམ་མཐའ་གཅིག་ཏུ་བོད་རང་བཙན་སླར་གསོ་ཆེད་རྩོད་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས་མ་གཏོགས་མེད། དེ་ལྟར་འཐབ་རྩོད་ཀྱི་ལས་འགུལ་ཆེ་ཆུང་ཇི་འདྲ་ཞིག་སྤེལ་ཀྱང་དངུལ་མེད་དུ་མི་རུང་བ་ཡིན། དེར་བརྟེན་གཞོན་ལྷན་གྱི་ཞལ་འདེབས་བསྡུས་པ་ལ་མཐའ་ཅིག་ཏུ་རྒྱབ་སྐྱོར་དང༌། ཞལ་འདེབས་གནང་མཁན་རྣམས་ལ་སྙིང་ཐག་ནས་ཐུགས་རྗེ་ཞུ་རྒྱུ། གཞོན་ལྷན་ལ་ཞལ་འདེབས་འབུལ་མ་ཐུབ་ཀྱང་དཀྲོགས་གཏམ་གྱིས་རྗེས་སུ་མ་ཚུད་པ་གནང་རོགས། གཞོན་ལྷན་ལ་ཞུ་རྒྱུར། ད་ལམ་དུས་དབང་སྐབས་བོད་མི་ཡོངས་ལ་ཕྱག་རོགས་མཛད་པ་ལ་སྙིང་ནས་གུས་བཏུད་ཡོད། ཐུགས་རྗེ་ཆེ།

  8. ཁྲོ་ཐུང་ says:
    2012-01-12 at 2:37 am

    གནས་ལུགས་དང་འཕྲལ་ཕུགས་སུ་བསམ་བཞིགས་མེད་པའི་སྐད་ཆ་རེད། ལས་འགུལ་ཆེ་ཕྲ་གང་སྤེལ་ན་དངུལ་མེད་ན་ཐབས་ལམ་མེད་དེ་ངེས་པར་དུ་ཤེས་དགོས་པ་ཞིག་རེད།་་ནོར་བུ་ཚེ་རིང་ཟེར་བ་དེ་ཟ་རྒྱུ་དང་གཉིད་རྒྱུ་ལས་བསམ་བློ་གང་ཡང་མེད་མཁན་ཞིག་ཡིན་པ་ཤུགས་ཀྱིས་རྟོགས་ཐུབ། བོད་མའི་ནང་ཁུལ་ལ་དཀྲུག་ཤིང་མ་བྱས་ན་བཟང་།་་ཆོད་མེད་ཀྱི་སྐད་ཆ་མ་བཤད་ན་ལེགས། གཞོན་ལྷན་གྱི་ལས་འགུལ་འདི་མི་རིགས་ཤིག་གི་རྩ་དོན་དང་འབྲེལ་བ་ཡོད་བ་མཁྱེན་པར་བྱོས་ གཞོན་ནུ་ཚོགས་པའི་དངོས་ནས་ད་རེབ་ཞལ་འདེབས་བསྡུས་པ་དེ་ཡག་པོ་རེད་རྒྱབ་སྐྱོར་ཡོད།་གནང་མཁན་རྣམས་ལ་ཐུགས་རྗེ་ཞུ་བཞིན་ཡོད།།

  9. ཨ་ལི་ཀ་ལི། says:
    2012-01-12 at 3:26 am

    ༄། བོད་ནས་སྐུ་ལུས་མེ་མཆོད་འབུལ་བ་དེ་འི་སྙིང་སྟོབས་ལ་བསྔགས་ཡོད། མ་ཟད་འདས་ཟིན་དམ་པ་རྣམས་ཀྱི་ཆེད་བསྔི་སྨོན་ཞ་བཞིན་ཡོད། ཡང་ལ་ལས་དྲ་མཆན་བཀོད་བཏང་ལ་བོད་ནས་གནས་ཚུལ་ཛ་དྲག་ཡོང་རྐྱེན། ང་ཚོས་གཞོན་ནུ་ཞལ་འདེབས་ལ་ཁ་དབྱར་ན་ནས་དགག་པ་ཡོད་ཟེར་མིག་རྒྱངས་མེད་རྟགས་རེད། ང་ཚོས་ཀྱང་ཉི་མ་རིང་པོའི་མི་ཚེ འདི་སྒང་ལ་ལས་དོན་སྤེལ་དགོས་རེད། གཞོན་ནུས་ཞལ་འདེབས་ཞུ་མི་ཆོག་ ཁ་ལག་ཟ་མི་ཆོག་
    སྐྱགས་པ་གཏོང་མི་ཆོག་ཟེར་བསྡད་ན་སྡུག་སྒོམ་གཅིག་པུ་གྱིས་བསྡད་ན་།
    སྤྱིར་ཏང་ཁྱོད་བསམ་ཚུལ་ལ་ཞལ་འདེབས་མ་ཞུས་པ་དག་། ལས་མཚམས་འཇོག་དགོས་པ་རེད་ཟརེ་རྒྱུ་བརྡ་རེད།
    དེ་ཡང་འདས་པོ་ལ་སྙིང་རྗེ་རེད་འདུག་དེ་བསམ་རྒྱུ་ལ་ཡི་རང་ཡོད་ག་ཡང་འདས་ཟིན་དེ་དག་ལ་སྙིང་རྗེ་དང་ཤ་ཚ་ཡོད། འོན་ཏེ་མི་ཚོགས་མང་པོ་དུས་ཚོད་ཐུག་ཐུང་འདི་རིང་ཞལ་འདེབས་ཞིས་སྐབས་བྲལ་ན་ཚོགས་པ་སྐྱིད་སྡུག་ལས་དོན་རྒྱུན་གང་སྐྱོང་དགོས་ས་རེད། དྲི་བ་འདི་གཟིགས། བྱས་ཙང་ད་ལན་རྡོར་གདན་ལ་ཞལ འདེབས་ཞུས་ནཁན་ཚོགས་པ་༣༠༠ ལྷག་ཙམ་འདུག་ག་་བོད་ཚབ་ཚོགས་པས་ཞལ་འདེབས་ཞུ་མཁན་་ག་ཚད་འདུག་གཅིག་གཟིགས་དང་དེ་ཧ་གོ་གིས་ཏརད།
    འཛམ་གླིང་ནང་གང་འདྲ་ལས་དོན་བྱས་དགོས་རེད། བསམ་བློ་ཞིག་གཏོང་དང།
    ཞལ་འདེབས་ཞུསཁན་གཞོན་ནུ་དང་བུ་མེད་སོགས་ནི་ཧང་སང་དགོས་པ་སྤྱི་ཚོགས་ལ་ཕན་ཐོགས་འདུག་ག
    ངས་གཞོན་ནུ་ལས་དོན་ལ་རྒྱབ་སྐྱོར་ཡོད། བུད་མེ་ཚོགས་པ་དང་དགུ བཅུ་གསུམ་གྱི་ལས་དོན་རས་རྒྱབ་སྐྱོར་ཡོད། རྡོ་རྗེ་ཁྱེད་རང་མཆན་བ་རྒྱབ་སྐྱོར་མེད།

  10. ཨ་ལི་ཀ་ལི། says:
    2012-01-12 at 3:28 am

    བོད་ཀྱི་ཆབ་སྲིད་ཚོགས་པ་་་་བཅོས་

  11. Dorjee says:
    2012-01-12 at 3:28 am

    སྐུ་ལུས་མཆོད་མེར་བསྒྲོན་མི་ཆད་དུ་ཞལ་འདེབས་བསྡུས་ན་ཁ་ཐར་བ་ཐོབས་། ལས་འགུལ་ཆེ་ཕྲ་ཁ་ལ་ཐར་བ་ཐོབས་། བོད་ནས་སྐུ་ལུས་མཆོད་བསྒྲོན་མི་ལ་དངུལ་གི་དཀའ་ངན་ཟེལ་ཐབས་མེད་།སྐུ་ལུས་མཆོད་མེར་་དངུལ་དོན་དུ་མིན་པ་ཧ་གོ་དགོས་།

  12. ཀརྨ་ཡེ་ཤེས། says:
    2012-01-12 at 3:46 am

    བློ་རྒྱ་ཁབ་མིག་ལས་་དོགས་པའི་སུ་ཇ་ནོར་བུ་ཚེ་རིང་གི་བསམ་འཆར་ལ་ངོས་ནས་དགག་པ་ཡོད། རྒྱུ་མཚན་གང་ཡིན་ཟེར་ན་འདས་པའི་མི་རྒྱ་ཕྲག་ཕྱེད་ཀྱི་རིང་ལ་བཙན་བྱོལ་བོད་གཞུང་གཙོར་བྱས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོ་ཞིག་ནས་རྒྱ་ནག་གཞུང་གི་ཁ་གཏད་དུ་ལངས་ཁུལ་བྱས་ནས་ཐབས་རྒྱ་ཇུས་སྟོང་གིས་ལས་འགུལ་རབས་དང་རིམ་པ་མང་པོ་ཞིག་སྤེལ་ཁུལ་བྱས་ཀྱང་། དོན་ངོ་མར་རྒྱ་ནག་གཞུང་ཞེད་སྔངས་དང་བློ་ཚབ་བྱེད་ས་གཅིག་པུ་ནི་གཞུང་འབྲེལ་མ་ཡིན་པའི་གཞོན་ནུ་ཚོགས་པ་འདི་གཅིག་པུ་རེད། ཁྱེད་རང་སུ་ཇ་སློབ་གྲྭའི་ར་སྐོར་ཆུང་ཆུང་ནང་ནས་བཙན་བྱོལ་བོད་གཞུང་བཀའ་དྲིན་གྱིས་འབྲས་དང་རྡ་ལི་ཀྲིང་མོག་ལ་ཧབ་ཐོབ་བྱས་ནས་ཟ་ཉལ་གཏོང་གསུམ་གཅིག་པུ་བྱས་བསྡད་པ་ལ་ག་ལ་འདྲ། དེང་སང་གོང་ས་སྐྱབས་མགོན་ཆེན་པོའི་ཆོས་དང་། གཞོན་ནུ་ཚོགས་པས་སྲིད་ཀྱི་ཤུགས་དང་ངོ་རྒོལ་སྐད་འབོད་ཁྱབ་བསྒྲགས་སོགས་ཀྱིས་འཛམ་བུ་གླིང་འདི་ཡི་སྒང་ལ་བོད་ཅེས་པ་ཞིག་གོ་རྒྱུ་བྱུང་ཡོད། དེ་འདྲའི་ལས་ཀ་ཤུགས་ཆེན་པོ་ལ་དངུལ་མེད་ན་གང་ཡང་བྱེད་རྒྱུ་མེད་པ་ནི་ཚང་མས་ཤེས་གསལ་ལྟར་རེད།

    བོད་ཀྱི་བདེན་དོན་ངོ་མ་རྩོད་དགོས་ན་གཞོན་ནུ་ལ་རྒྱབ་རྩ་བྱོས།
    བོད་ཀྱི་འཆི་གསོན་མཐའ་ལས་སྐྱོབས་དགོས་ན་གཞོན་ནུར་འཛུལ་ཞུགས་གྱིས།
    བོད་མིའི་རྡོག་རྩ་གཅིག་སྒྲིལ་བྱེད་བསམ་ན་གཞོན་ནུར་མིག་དཔེ་བལྟོས།
    བོད་མིའི་རང་དབང་མྱུར་དུ་དགོས་ན་གཞོན་ནུར་མཐུན་སྒྲིལ་བྱོས།
    མ་འོངས་བོད་ཀྱི་ལས་དོན་སྒྲུབ་དགོས་ན་གཞོན་ནུར་ཞལ་འདེབས་རྒྱོབ།
    གཞོན་ནུ་རྒྱལ་ལོ།

  13. ཨ་ལྕགས་འབྲུ་མོ says:
    2012-01-12 at 4:09 am

    གཞོན་ནུ་ལྷན་ཚོགས་ཟེར་བ་འདིས་མི་ཚོགས་གང་མང་སར་དངུལ་དང་སྒོར་མོའི་ཆེད་དུ་ས་བསྒྲགས་གནམ་བསྒྲགས་གང་མང་ཞིག་བྱེད་བཞིན་པ་སུས་ཀྱང་མཐོང་ཡོད་ངེས།ད་ནི་ཁྱོད་ཚོར་ལྷག་བསམ་རྣལ་མ་ཞིག་དང་ཤེས་འཇོན་ཚད་ལྡན་ཞིག་ཡོད་ན་རང་གི་ཚོགས་པའི་འགྲོ་གྲོན་དེ་ཚོགས་པའི་ངོས་ནས་གྲ་སྒྲིག་བྱོས་ལ།མི་མང་གི་ལག་ནས་མ་ལེན་རོགས་གནང་།

  14. ཨ་ལི་ཀ་ལི། says:
    2012-01-12 at 4:37 am

    ནོར་བུ་ཚེ་རིང་ཁག་ཡོད་མ་རེད། དགོས་རྒྱུ་ཁོ་རང་ལ་ཤེས་ཡོན་དེ་མི་སྦྱང། མི་དགོས་རྒྱུ་་་གཞན་ལ་སྐྱོན་འདོག་ཐབས་བྱས། ཧཧཧཧཧཧ། དང་པོ་ཁྱོད་རང་སློབ་སྦྱོང་བྱོས། རྒན་ལགས་མ་མཐོང་སར་ནས་ཐ་མག་དང་། ཆང་རག སྐྲ་ལ་ཁ་དོག་འདྲ་མིན་བཟོ་མ་བསྡད། ཧ་གི་སོང་བས། ཡང་ཞུ་ཡག་ལ་བུ་མོ་ལ་མགོ་སྐོར་མ་གནང་

  15. ཤ་ཀླན་བུ says:
    2012-01-12 at 5:40 am

    ནོར་བུ་ཚེ་རིང་ཞུ་བ་ལགས། ཁྱེད་དེ་རིང་ཉིན་གང་བོར་རྐང་པ་ལག་པ་བརྐྱངས་ནས་ཉལ་བསྡད་པ་རེད། ཁ་སང་ཁ་ཉིན་རྐང་པ་ལག་པ་བསྐུམས་ནས་དུས་དབང་ཞུས་པ་རེད། དེའི་རིང་དུ་གཞོན་ནུ་ལྷན་ཚོགས་ཀྱིས་ག་རེ་གནང་གི་འདུག ཁྱེད་ནང་བཞིན་རྐང་པ་ལག་པ་བརྐྱངས་ནས་བསྡད་འདུག་གམ་རྐང་པ་ལག་པ་བསྐུམས་ནས་བསྡད་འདུག ཁྱེད་ཀྱི་རྣ་བ་འོན་འོན་བར་དུ་རྒྱང་བསྒྲགས་ནས་རྒྱང་བསྲིངས་གནང་མཁན་དེ་གཞོན་ནུ་ལྷན་ཚོགས་རེད། ཁྱེད་ཀྱི་ཁ་ལ་བག་ལེབ་དང་ཇ་སྤྲོད་མཁན་དེའི་ནང་དུ་གཞོན་ནུའི་སྟོབས་ཤུགས་ཡོད་པ་རེད། ཁྱེད་རང་ཉིད་ཀྱི་སྲོག་གི་འགན་སྲུང་ཀྱི་ནང་དུའང་གཞོན་ནུའི་ནུས་ཤུགས་ཡོད་པ་རེད། སུ་ཇཱའི་ར་བ་ནས་གཞོན་ནུའི་ལས་དོན་གཞན་རྣམས་མཐོང་མི་ཐུབ་པ་བདེན་དུ་ཆུགས་ཀྱང་མིག་སྔའི་ལས་དོན་འདི་འདྲའང་མཐོང་མི་ཐུབ་ན་སུ་ཇཱ་སློབ་གྲྭའི་སློབ་མར་ཁས་འཆེས་པའི་ཁྱེད་ཀྱི་ཀླད་པར་ནད་གཞི་ཅི་ཞིག་གིས་བཟུང་ཡོད་པ་ཡིན་ནམ།
    ངས་ཁྱེད་ལ་གནད་དོན་འགའ་སྙིང་གཏམ་གྱི་ཚུལ་དུ་བཤད་འདོད་དེ།
    ༡རང་ཉིད་མིའི་དབང་འོག་ཏུ་མ་ཤོར་བར་གྱིས།
    ༢སྦྲ་རིགས་ཐོགས་མེད་ལྟ་བུའི་སུ་ཇཱ་ཚང་གི་བུ་ཕྲུག་ལ་སློབ་སྦྱོང་བྱོས།
    ༣ཁ་ཚོད་ཡོད་ཚོད་མེད་གྲག་པ་ཉུང་དུ་ཐོངས།
    ༤རང་གི་རྨོངས་བློར་འཆར་ཚད་ཚད་མར་ཡིན་སྙམ་པའི་ང་རྒྱལ་དོར་བར་བྱོས།

  16. སྒྲོལ་མ་སྐྱབས་། says:
    2012-01-12 at 7:12 am

    བོད་ནས་སྐུ་ལུས་མཆོད་མེར་སྒྲོན་ནས་ལས་འགུལ་སྤེལ་།ང་ཚོས་སྒོར་མོ་དངུལ་བསྡུས་ནས་ལས་འགུལ་སྤེལ་།སེམས་པ་སྐྱོ་བ་ལ་།གཞོན་ནུ་ལ་ཡིད་ཆད་མེད་པ་ཆག་སོང་ཨ་ཁ་ཨ་ཁ་།་ སྐུ་ལུས་མཆོད་མེར་སྒོར་མོ་ལ་མ་བསྒྱུར་རོག་ཞུ་།

  17. ཚེ་རིང་ says:
    2012-01-12 at 8:01 am

    བོད་མི་མང་པོ་ཞིག་གིས་ཚང་ཁ་ཤིག་ཤིག་ངང་ནས་གཞོན་ནུ་ལྷན་ཚོགས་ལ་ཞབས་འདེབས་གནང་བཞིན་འདུག མི་གཅིག་གཉིས་ཞིག་གིས་དྲ་ཐོག་ནས་དེ་ལ་ངོ་རྒོལ་གྱི་མཆན་ཡིག་བྲིས་བཞིན་འདུག གཞོན་ནུ་ལྷོན་ཚོགས་ཀྱིས་བོད་དོན་འཛམ་གླིང་ཡོངས་ལ་ཁྱབ་པ་ཞིག་བསྒྲགས་བཞིན་འདུག ད་དུང་བོད་མི་མི་ཚོགས་མང་པོ་དེ་འདྲ་ལ་ཞབས་འདེབས་ཡིད་ཚིམ་པ་ཞིག་ཞུ་བཞིན་འདུག རྣམས་པ་ཚོས་གཟིགས་དང་། ཡག་སྡུག་གི་ཁྱད་པར་རྩོད་མི་དགོས་པ་མངོན་སུམ་དུ་མཐོང་ཐུབ་བོ།

  18. ཨོ་རྡོ། says:
    2012-01-12 at 8:02 am

    སུ་ཇ་ནས་ཡིན་པ་ནོར་བུ་ཚེ་རིང་ལགས། ཁྱེད་ཀྱིས་གསུངས་པའི་གཞོན་ནུའི་གསལ་བསྒྲགས་དང་ཞལ་འདེབས་བསྡུ་ལེན་བྱས་པ་དེ་ཡི་དོན་གནས་རྩ་བ་ནས་མ་མཁྱེན་པའི་ཐོག་ནས་གསུངས་པ་ནི་ཧ་ཅང་གི་ནོར་འཁྲུལ་ཆེན་པོ་ཞིག་གནང་འདུག་སྙམ། སྐབས་དེར་གཞོན་ནུས་ཞལ་འདེབས་བསྡུ་ལེན་དེ་བོད་ལ་སྐུ་ལུས་མེར་མཆོད་ཕུལ་མཁན་གྱི་དོན་དུ་མིན་པ་ནི་རང་ཉིད་རྡོར་རྗེ་གདན་དུ་མེད་ནའང་གསལ་པོ་ཤེས་བྱུང། དེ་ནི་སྐབས་དེར་གནས་སྐོར་བ་ཞིག་གི་སྡོད་ཁང་ནང་རྡོ་རླངས་སམ་ LPG ལ་མེ་ཤོར་ནས་ཁོ་ཚོའི་ཅ་དངོས་ཚང་མ་མེར་ཤོར་ཏེ་འགྲོ་སྟངས་སྡོད་སྟངས་མེད་པར་ཆགས་ཡོད་པ་དེ་ལ་ཕན་ཐབས་སུ་ཞལ་འདེབས་སློང་བ་དང། སྐབས་དེར་ཆོས་ཞུ་བ་རྣམས་ཀྱིས་སྙིང་རྗེ་ཆེན་པོས་ཞལ་འདེབས་གནང་མཁན་མ་དྲགས་ནས་མཚམས་འཇོག་བྱེད་དགོས་པ་ཆགས་པའི་གནས་ཚུལ་འདུག མདོར་ན་ཁྱེད་ཀྱིས་གནས་ཚུལ་ཡག་པོ་མ་ཤེས་པར་གཞན་ལ་སྐྱོན་འཛུགས་འདི་ལྟར་གནང་བ་ནི་ཧ་ཅང་གི་བློ་ཕམ་སྐྱེ་གཞི་ཡིན་པས་མ་འོངས་གནས་ཚུལ་གསལ་པོ་ཤེས་པའི་ཐོག་ནས་དྲ་གནས་ཐོག་སྤེལ་གནང་ཡོང་བ་དང། གནས་རྩ་ཆེན་ཞིག་ཏུ་ཆོས་རྩ་ཆེན་ཞིག་ཞུས་ནས་ལས་བཟང་པོ་ཞིག་གསོག་ཐབས་ལས་ལས་ངན་ལ་རྩ་བ་ནས་མ་འཇུག་པར་ཞུ། བཀྲིས་བདེ་ལེགས། ཁ་བརྡས་ཕྱིར་འདོན་མི་གནང་བའི་རེ་བ་ཡོད།

  19. གཡུ་ཐོག་འབངས། says:
    2012-01-12 at 9:12 am

    ཡ་ཡ་ད་གནས་ཚུལ་འདྲ་མི་འདྲ་་དང་། གོ་རྒྱུ་འདྲ་མི་འདྲ། གོ་སྟངས་འདྲ་མི་འདྲ། གོ་བརྡ་འདྲ་མི་འདྲ་སོགས་འདོད་དོན་སྙིང་པོ་དེ་བོད་ཀྱི་བདེ་མཐའ་ལ་དམིགས་ནས་ལས་དོན་སྒྲུབ་པ་ཡིན་ན་དཀྲོགས་གཏམ་གྱིས་་ངལ་བ་ལ་འཛེམས་གཟོན་མི་དགོས་པར་སེམས།

  20. ནོར་བུ་ཚེ་རིང་། says:
    2012-01-12 at 10:07 am

    དོ་སྣང་ཅན་མང་པོ་ཕེབས་འདུག ང་གཞོན་ནུ་ལྷན་ཚོགས་མི་དགའ་བའི་དོན་དག་གཅིག་ཀྱང་མེད། ང་མ་དགའ་ན་དེ་ཅང་གནད་འགག་མ་རེད། གཞོན་ནུས་དུས་དབང་གི་མགོ་མཇུག་བར་གསུམ་དུ་འུར་རྒྱབ། ཅིག་བྱེད་ཀྱི་ཡོད་མདོག་ལས་དོན་ངོ་མ་ཁེ་ཕན་མེད་ན་ལས་ཀ་མི་བྱེད་པའི་ཚོགས་པ་ཡིན་པ་ཧ་ཅང་གསལ་བོ་རེད། དེ་བས་གཞོན་ལྷན་ལ་ལྷག་བསམ་དང་ལར་ཞེན། སློབ་སྦྱོང་གི་གནས་ཚད་ཞན་པ་ནི་གསལ་བོ་རེད།
    ཁྱེད་ཚོས་གོ་སོང་ངམ། ཁ་སང་ནེའུ་ཡོག་གི་བོད་མི་ཞིག་གིས་ཁོང་ཚོར་སྤྲུལ་སྐུ་བསོད་བྷོ་མཆོག་གི་གནས་ཚུལ་སྙན་གསེང་ཞུས་པ་རེད། གང་མགྱོགས་ཁྱབ་བསྒྲགས་བྱས་ན་མི་མང་གིས་མ་ཎི་རེ་འདོན་རྒྱུའང་མྱུར་དུ་ཡོང་གི་རེད་ཅེས་བཤད་ཀྱང་། དོན་གྲུབ་ལྷ་དར་ཟེར་བས་ཕ་ཡུལ་དང་ཕ་མའི་མིང་། ལོ་ཚོད་ས་གནས་སོགས་ཀྱི་དྲི་བ་བཏང་ནས་ཁོང་ཚོས་ཁྱབ་བསྒྲགས་བྱས་མེད། དེ་ང་ལ་ཁུངས་གསལ་བོ་ཡོད། དོན་ངོ་མ་དེ་ལྟར་ཡིན་ཡང་། ངོ་ཚ་སྤུ་ཙམ་མེད་པར་ཞལ་འདེབས་བསྡུས་པ་ནི་མིའི་བྱེད་སྟངས་ཤིག་མ་རེད་བསམས་ནས་ངས་ཁོང་ཚོའི་བྱ་སྤྱོད་ཀྱི་ཟུར་ཞིག་བཏོན་པ་ཡིན། ཁྱེད་ཅག་གིས་ང་བྱིས་པ་ཡིན་རབ་དང་སློབ་སྦྱོང་བྱེད་དགོས་ཚུལ་གསུངས་བ་དེ་གོང་གི་བརྗོད་གཞི་དང་འབྲེལ་བ་མི་འདུག་ལ། ལོ་ཆུང་ན་གནས་ལུགས་གླེང་མི་ཆོག་པ་དང་། སློབ་མ་ཡིན་ན་ཁ་བཙུམས་ནས་འདུག་དགོས་དོན་ཁྱོན་ནས་ཡོད་པ་མ་རེད། དེ་བས་ཚང་མས་དོན་དག་གླེང་ན་ངས་ལན་རྒྱག་ངེས་ཡིན།

  21. ནོར་བུ་ཚེ་རིང་། says:
    2012-01-12 at 10:12 am

    སྦྲ་རིགས་ཐོགས་མེད་ཟེར་བས་སློབ་ཟུར་ཡིན་པས་ཤ་ཚ་གནང་ཞོར། གཞོན་ལྷན་གྱི་ལས་འགུལ་ངོམས་སོ་བྱེད་ཀྱི་འདུག གཞོན་ལྷན་གྱི་ལས་འགུལ་སྤེལ་ཕྱོགས་རེ་རེར་ཞིབ་ཚགས་པོས་གླེང་ན་ད་གཟོད་ལྟ་ས་ཞིག་འདུག་པ་ལས། སྦོམ་བཤད་ཀྱིས་ཁུངས་མི་འཁྱོལ་ཐག་ཆོད་རེད།
    གཞན་ཡང་ད་ཐེངས་ངས་ཞལ་འདེབས་ཀྱི་སྐོར་བཤད་ཡོད་པ་ལས། སྤྱིར་གཞོན་ནུའི་བྱ་སྤྱོད་ཡོངས་ལ་སྡོམ་རྒྱབ་མེད། དེ་ཙམ་རེད།

  22. རྫ་ཚེ་རིང་བཀྲ་ཤིས། says:
    2012-01-12 at 10:47 am

    ནོར་བུ་ཚེ་རིང་གིས་མཆན་བཅུ་དགུ་པར་གསལ་བཤད་ཅིག་ངེས་པར་དགོས་པར་མཐོང་།
    དོན་གྲུབ་ལྷ་དརནས་གནས་ཚུལ་དངོས་རྩད་ཞིབ་སྔོན་དུ་སོང་ནས་ཁྱབ་བསྒྲགས་བྱས་པ་ནི་གཞོན་ལྷན་གྱི་གནས་ཚད་སྐྱོ་བོ་མིན་པའི་རྟགས་ཡག་ཤོས་ཅིག་རེད།
    དངུལ་མེད་ན་ལས་དོན་བྱེད་མི་ཐུབ་པ་དང་། ཞལ་འདེབས་མ་བསྡུས་ན་དངུལ་མི་ཡོང་བ་འདི་ངོ་མ་་ཚོགས་པ་སྒྲིག་འཛུགས་ཀྱི་ཉམས་མྱོང་ཡོད་མཁན་ཞིག་ཡིན་ན་སྙོན་དུ་མེད།
    སྤྱིར་བཏང་གཞན་ལ་ཐེར་འདོན་སྐྱོན་བརྗོད་བྱེད་པ་དེ་ཡག་པོ་ཡིན་ཡང་། དེ་ལ་ཡང་ཁུངས་དང་རྒྱུ་མཚན་ཡོད་པ་དགག་པ་དང་དགོས་པ་རྟོགས་པ་ཞིག་མེད་ན་སྐབས་རེར་རྩ་དོན་ལ་མི་ཕན་པའི་གཞིར་ཡང་འགྱུར།
    མ་མཐའ་ཡང་རྒྱ་དགའ་བའི་རྒྱུ་ཆུང་ཆུང་རེར་འགྱུར་ངེས།
    དེ་ཡང་བསམ་ཚུལ་དང་ཐེར་འདོན་ལ་ཁྱད་པར་ཆེ་བས་གལ་སྲིད་བཤད་དགོས་ན་ཡང་སྙམ་དང་འདྲ་སོགས་ཀྱི་ཚིག་སྤྱད་ནས་དོགས་འདྲིའི་ངོ་བོའི་ཐོག་ནས་སྐད་ཆ་བཤད་ན་དེ་ཡག་པོ་རེད། གཞན་ཉེ་ཆར་ཏྲེ་ཧོར་ཐུབ་བསྟན་གྱིས་དགག་པ་བརྒྱབ་པ་དང་གཅིག་པ་ཆགས་ཀྱི་རེད།
    ལྷག་བསམ་བཅས།

  23. ཀརྡོ་གཉེར་ཕྱག་པ་ says:
    2012-01-12 at 11:43 am

    ད་ལོ་དུས་འཁོར་སྐབས་གཞོན་ལྷན་གྱིས་གཞོན་ལྷན་འཐུས་མི་དང་བླངས་མི་གྲངས་༡༦༥བརྒྱ་དང་དྲུག་ཅུ་རེ་ལྔས་ཞབས་འདེགས་ཞུས་འདུག་པར་དྲང་བླངས་པ་ཚང་མ་ལ་ཐུགས་རྗེ་ཆེ། རྗེས་སུ་ཡི་རང་ཞུའོ། དགེའོ། །

  24. རིག་པའི་བུ says:
    2012-01-12 at 1:22 pm

    གཞོན་ལ་མོས་གུས་ཡོད། ཁེ་ཚོང་མེད་ན་སུས་ཀྱང་ལས་ཀ་མི་བྱེད་པས་ཚོགས་པ་ཞིག་ལྟ་ཅི།་བསམ་ཤེས་ཅན་གྱི་ མི་སྒེེར་ཞིག་གིས་བྱེད་རྒྱུ་མ་རེད།

  25. སྟོབས་ says:
    2012-01-12 at 1:37 pm

    གདན་དོན་ཆེན་པོ་མ་རེད་འུར་ཆེན་བརྒྱག་ནས་ཆེན་པོ་མ་བཟོ་རོགས་
    དབྱེ་ཞིབ་པ་དང་དཔྱད་ཞིབ་པ་ཤ་དག་ཡིན་མདོག་རེད་
    འོས་ཤིང་མཆ༹མས་ཤིག་ལར་སྐྱོན་བརྗོད་བྱས་ན་གཏམ་ལ་རིང་ཐང་ཡོང་
    མ་གཏོགས་གང་བྱུང་བཤད་ན་རྩ་དོན་ལ་ཕན་རྒྱུ་ཁག་པོ་རེད་

  26. ཨ་ལི་ཀ་ལི། says:
    2012-01-12 at 5:04 pm

    ནོ་བུ་ཚེ་རིང་ལགས། ཁྱེད་ཀྱིས་བཤད་རྒྱུ་གཙོ་བོ་དེ་ནི་༼དོན་གྲུབ་ལྷ་དར་ཟེར་བས་ཕ་ཡུལ་དང་ཕ་མའི་མིང་། ལོ་ཚོད་ས་གནས་སོགས་ཀྱི་དྲི་བ་བཏང་ནས་ཁོང་ཚོས་ཁྱབ་བསྒྲགས་བྱས་མེད།༽ སྤྲུལ་སྐུ་འདས་པོ་གནས་ཚུལ་ཞུས་གཏུགས་དོན་རེད་འདུག་ག། ངས་བསམ་པར་ཁྱེད་རང་དེ་ཙམ་གྱིས་གཞོན་ལྷན་ལ་ཞེད་དགོས་ཡག་ཡོད་མ་རེད། གཞོན་ལྷན་ནས་གནས་ཚུལ་དཔང་རྟགས་དངོས་ར་ཡག་པོ་མ་འཕྲོད་པར་ལམ་སང་ཁྱབ་བསྒྲག་བྱེད་ཐུབ་ཀྱིས་མ་རེད་ཡིད་ཆེས་ཀྱང་ལམ་སེང་ཡོང་འདོང་མ་རེད། གང་ལ་ཟེར་ན་དེ་སྔ་ཉིན་ཉིན་གཅིག་ལ་མི་གཉིས་སྐུ་ཕུང་མེ་མཆོད་ཕུལ་བ་ཧང་སང་ཧུན་ཐོར་བསྡད་ཡོད་སྐབས་སུ་ཡང་དེ་ཕྱི་ཉིན་དེ་འདྲ་གནས་ཚུལ་གང་འདྲ་ཡིན་ནམ། ་ཡང་ནོར་བ་ཡིན་བསམ་གྱུ་རེད། ང་ཡང་དང་པོ་གནས་ཚུལ་གོ་བ་དང་ཡིད་ཆེས་བྱུང་མ་སོང་ལ་། གཞན་ལ་བཤད་དུས་ཀྱང་ཡིད་ཆེས་བསླེབས་དཀའ་། ཕྱིས་དྲོ་འདྲ་དཔར་པར་མཇལ་བས་ན་བློ་ཕམ་རངབཞིན་ངང་ནས་དགེ་རྩ་བསྔོ་བ་ལས་ཅི། བྱས་དུས་དཔང་རྟགས་ར་འཕྲོད་སོན་པ་དག་ཁྱབ་བསྒྲགས་མ་ཚད་དགེ་སྒྲུབ་གནང་སོང་བ་ཁྱེད་རང་ག་བ་ཡོད་དམ།
    གཉིས་པས། གཞོན་ནུ་ཤེས་ཡོན་མེད་རབ་འབྲིང་སྣ་ཚོགས་ཡོད་འདོག་རེད། ཤེས་ཡོན་མེད་མཁན་ཀླད་སྟོང་ཅང་ཨ་ཡིན་ནམ། ???དེ་ཚིག་འདིས་ང་ཁྱེད་རང་ལ་གད་མོ་ཤོར་རྒྱུ་ལས་ལན་བཤད་དགོས་པ་སྤུ་ཙམ་མེད།་རྒྱལ་ཕྱི་ནང་ཚང་མད་མཁྱེན་གསལ་རེད། ཁྱེད་རང་སློབ་ཕྲུག་ཡིན་ཟེར་དེ་རྒྱུ་ལུས་བདེན། འོན་ཀྱང་སྨྲ་བརྗོད་རང་དབང་རེད་གནས་ཚུལ་འདི་འདྲ་ཡང་ཡང་བྲིས་དང་། བོད་ཡིག་ཡར་རྒྱས་འགྲོ་གིས་རེད། ཞེད་ཟེར་རྒྱུ་དེ་ནི་ཕལ་ཆེར་གཞོན་ལྷན་ལ་ཁ་གཏད་དང་། ཞེད་སྣང་དང་། ཁོང་ཁྲོ་རྣམ་རྟོག་ལང་མཁན་གཅིག་མ་གཏོགས་གཉིས་ཡོད་མ་རེད། དེ་ནི་ཁྱེད་རང་མ་ཡིན་ངས་ཡིད་ཆེས་། ༡༠༠%་ཐམས་པ་ཡོད།
    འོ་ན་ཁྱེད་ཀྱིས་གཞོན་ལྷན་སྐོར་བཤད་པ་དེ་ནི། ལྷག་བསམ་དང་དགའ་སྡུག་གི་ཚོར་བ་ཞིག་ངོས་འཛིན་ཞུས་ཀྱིས་ཡོད།།

  27. སྦྲ་ནག says:
    2012-01-12 at 5:47 pm

    གོང་གི་རྩོམ་འབྲི་མཁན་འདི་རྒྱ་མིའི་རྒྱུག་ཁྱི་ཡིན་པ་འདྲ། གང་ཡིན་ཟེར་ན་ཁོ་པས་འདི་ལྟར་བཤད་འདུག ༧གོང་ས་མཆོག་གི་རླབས་ཆེན་གྱི་བྱས་རྗེས་ནག་བསུབ་གཏོང་བའི་ལས་ཀ་འདི་འདྲ་མུ་མཐུད་བྱེད་འཇུག་གི་ཡིན་ནམ། བཙན་བྱོལ་བོད་མི་སྤྱིའི་མཚན་ཐོངས་ལ་གནོད་པའི་ཞལ་འདེབས་འདི་འདྲ་བསྡུ་འཇུག་གི་ཡིན་ནམ། བོད་གཞིས་བྱེས་ཁ་བྲལ་དུ་འགྲོ་བའི་ལས་ཀ་འདི་འདྲ་བྱེད་འཇུག་གི་ཡིན་ནམ། ཟེར། མི་འདིའི་དམིག་ཡུག་ནི་བོད་མི་རྣམས་ཁ་ཐོར་སྟོང་བའི་དམིག་ཡུག་རེད། བཙན་བྱོལ་བོད་མི་སྤྱི་ཚོགས་ནང་ཚོགས་པ་རྒྱ་ཡོད་ཀྱང་ཉུང་སྐྱོད་རེད་མ་བཏོག་མང་སྐྱོན་མེད། ཚོགས་པ་དེ་དག་གི་ལས་འགུལ་གང་སྤེལ་ཅང་སྒོར་མོ་མེད་ན་གང་ཡང་བྱེད་ཐབས་མེད། གོང་དུ་ཁག་གཅིག་གི་མི་འདི་ལ་རྒྱབ་སྐྱོར་འདུག་་་རྣམས་སྤྱོད་མེད་པའི་་་་ར་ལུག་དང་གཅིག་པ་རེད་རྗེས་ལུས་རེད།

  28. སྦྲ་ནག says:
    2012-01-12 at 5:55 pm

    ནོར་བུ་ཚེ་རིང་། སུ་ཇ། He is a such hypocrisy.

  29. ཨ་ལི་ཀ་ལི། says:
    2012-01-12 at 6:09 pm

    ངག་ལས།
    ལ་ལ་རང་ནས་ཞལ་འདེབས་ལ་།།
    ཡི་རང་དགའ་སྤྲོས་ངང་ནས་ཕུལ།།
    ལ་ལས་གཞན་གྱི་ཞལ་འདེབས་ལའང་།།
    འཁང་ཞིང་ཕྲག་དོག་བོག་རྒྱལ་འགྱུར།།
    ཅེས་བདེན་པའོ།།

  30. རིན་ཆེན says:
    2012-01-12 at 7:29 pm

    རྩ་རི་གནས་སྐོལ་འགྲོ་བ་མིང་གི་དོན།
    ཚ་གྲང་བཀའ་བ་སྤྱོད་པ་ལྟོ་ཡི་དོན།
    ཛ་ཡེ་གསུང་རབ་ཀློག་པ་ཡོན་གྱི་དོན།
    བ་ལེ་སྟས་ན་ཐམས་ཅད་ནོར་གྱི་དོན།

  31. སྤོབས་པ་མཐའ་ཡས། says:
    2012-01-12 at 7:46 pm

    བཙན་བྱོལ་ནང་ན་མི་ལྔ་བཅུ་ཡན་ཆོད་ལྷན་དུ་འདུ་ས་ཡིན་ནས་བཟུང་སྟེ་གཞོན་ཚོགས་ཀྱི་ཞལ་འདེབས་སྡུད་མཁན་ཡོད་པས་ཁྱབ་མཐའ་གཅོད་ཆོག་པ་ལྟ་བུ་ཞིག་ཡིན་རེད། བལྟས་ཡོང་དུས་སུན་ཡོང་བ་ལྟ་བུའི་ཚོར་སྣང་སྔོན་མ་ནས་བྱུང་མྱོང་། ཞལ་འདེབས་རག་པ་དེ་ཚོ་སྒྲིག་འཛུགས་ཀྱི་དངུལ་རྩིས་ནང་ནང་ཡག་པོ་ཞིག་འགྲོ་ཐུབ་པ་དང་དེ་ཡང་སྤྱི་སྨན་གྱི་འགྲོ་གྲོན་ལ་གཏོང་ཐུབ་པ་བྱུང་ན་སྐྱོན་ཆེན་པོ་རང་ད་མི་འདུག

  32. ནོར་བུ་ཚེ་རིང་། says:
    2012-01-13 at 4:45 am

    གཞོན་ནུས་ཞལ་འདེབས་ཀྱིས་མི་མ་ཚད། ལྷ་འདྲེ་ཚུད་ཆད་ཉོབ་ནས་ངོ་ཚ་ནས་ཡོད་པ་ལོང་པས་ལྟོས་ཀྱང་རྒྱལ་ཁམས་རེད། ཁོང་ཚོས་ད་དུང་ཆོ་མེད་ཀྱི་ཞལ་འདེབས་བསྡུ་སྟངས་ཤིག་སྟེ། ལོ་སར་གྱི་འགྲོ་གྲོན་གཏོང་རྒྱུ་ལས་བོད་རྒྱལ་ཁབ་ཀྱི་རང་བཙན་ཐེབས་རྩ་འཛུགས་ཀྱི་ཡིན་ཟེར། ད་དུང་བོད་གཞུང་ལ་ཕུལ་གྱི་ཡིན་ཟེར། དོན་དངོས་པོར་སྐད་ཆ་འདི་བོད་ཀྱི་རྩ་དོན་གྱི་གེགས་རྡོར་གྱུར་ཡོད་ལ། ༧རྒྱལ་བ་རིན་པོ་ཆེ་དང་བོད་མིའི་སྒྲིག་འཛུགས་ལ་བསམ་བཞིན་ཁྱད་གསོད་བྱས་པ་རེད། སྐད་ཆ་ཆོ་མེད་འདི་འདྲ་བཤད་ནས་ཞལ་འདེབས་སློང་རྒྱུ་ནི་མི་ཁྲལ་ཡོད་ཅིག་གི་སེམས་ལ་མི་དྲན་པ་ཞིག་རེད། ཁོང་ཚོ་མི་མང་གི་འགན་མེད་ཙང་ཟུར་སྡོད་ཀྱིས་རྫིག་གཏམ་བཤད་རྐྱང་བྱེད་པ་ལས་ད་བར་ཅི་ཞིག་འཇོན་ཡོད་དམ། ཁོང་ཚོའི་མང་གཙོའི་ཐོབ་ཐང་གི་ཆབ་སྲིད་ལྟ་གྲུབ་མ་འདྲ་མ་རྒྱུན་འཁྱོངས་བྱ་སྟངས་འདི་ཚད་ལྡན་ཞིག་རེད་དམ། རྡོ་རྗེ་གདན་དུ་༧གོང་ས་མཆོག་གི་གཟིམ་ཆུང་སྒོའི་གཡས་གཡོན་དུ་བོད་རང་བཙན་ཡིན་ཞེས་ཁུ་ཚུར་འཕྱར་བའི་སྦྱར་བྱང་སེར་བོ་མང་པོ་བཀལ་ནས་ཀྱག་ཀྱག་གནང་བ་འདིས། རང་བཙན་རྩོད་ཀྱི་འདུག་གམ། ཀྱག་ཀྱག་བྱེད་ཀྱི་འདུག ཚང་མས་བསམ་བློ་གཏོང་དགོས་ཀྱི་འདུག
    ཆབ་སྲིད་ཀྱི་ལྟ་གྲུབ་གཞན་ཡོང་མི་ཆོག་པ་མེད་ཀྱང་། སློབ་སྦྱོང་མེད་མཁན་དང་སྒོར་མོར་དགའ་མཁན་ཚོས་ལྟ་གྲུབ་གཞན་ཁྱེར་སྟངས་དང་མང་གཙོའི་ཐོབ་ཐང་གི་མཉམ་འོས་འགན་ཁུར་ཐུབ་ཀྱི་མི་འདུག་པས། ང་ཚོ་གཞོན་ནུ་ལྷན་ཚོགས་ལ་བསྐྱར་ཞིབ་བྱ་དགོས་ཀྱི་འདུག

  33. ནོར་བུ་ཚེ་རིང་། says:
    2012-01-13 at 4:48 am

    རང་བཙན་རྩོད་མདོག་བྱེད་པ་མིང་གི་དོན།།
    རྩོད་ལ་དཔའ་རབས་བཤད་པ་སྒོར་གྱི་དོན།།
    ཞལ་འདེབས་ལས་ཀ་བྱེད་པ་ཚར་བའི་དོན།།
    འགན་མེད་འུར་ཤོབ་བཤད་པ་སྐྱག་པའི་དོན།།

  34. རྒྱུན་ལས་ཞིབ་འཇུག་པ། says:
    2012-01-13 at 4:57 am

    ནོར་བུ་ཚེ་རིང་གཙོས་ཁྱེད་ཚོས་ཤ་ཚ་བྱས་ཀྱང་ཕན་ནི་མ་རེད། མི་དེ་ཚོ་སྒོར་མོ་བྱུང་ན་འགྲིག་པ་རེད། སྒོར་མོ་མེད་ན་རྒྱལ་ཁབ་དགོས་ཀྱི་མ་རེད་ལ་རང་བཙན་དེ་བས་ཀྱང་ག་ལ་དགོས། གཞོན་ནུའི་དབུས་རྒྱུན་ལ་སྐད་ཆ་མང་པོ་རེད། ཞིབ་འཇུག་བྱེད་དགོས་པ་ཡོད་པ་རེད། ད་ལྟའི་རྒྱུན་ལས་ལ་ཟེར་གྱི་ཡོད་གདའ། ཤེས་འདོད་ན་ལན་ཞོག་དང་ཟུར་ཙམ་སྨྲ་ངེས་ཡིན།

  35. ཤ་ཀླན་བུ says:
    2012-01-13 at 8:28 am

    ཨ་མ་མ། ནོར་བུ་ཚེ་རིང་ཟེར་བའི་སུ་ཇཱའི་གསོས་ཕྲུག་འདིས་ཁྱེད་ཚོས་ཅི་འཇོན་ཡོད་དམ་ཞེས་ཁ་ཕོ་འདོན་སྟངས་ལ་བལྟས་ན་ཁྱེད་ཀྱིས་བོད་རང་བཙན་ཕྱེད་ཀ་བླངས་ཚར་བར་འདྲ། ངས་ཁྱེད་ལ་དྲི་བ་ཞིག་འདོན། ཁྱེད་ཀྱིས་བོད་ཀྱི་ཆེད་དུ་ད་བར་ཅི་བྱས་ཡོད་དམ། མ་འོངས་པར་ཅི་བྱ་འཆར་ཡོད་དམ། ད་ལྟ་ཅི་བྱེད་བཞིན་ཡོད་དམ། རང་ཉིད་ཀྱིས་ཁ་ཟ་ལྡག་མི་ཐོན་པར་མིའི་བྱེད་རྗེས་ལ་ཕྲག་དོག་འདི་འདྲ་བྱེད་དགོས་དོན་ཨེ་ཡོད་དམ། མི་མང་གིས་རྒྱབ་སྐྱོར་ཡོད་ན་གཞོན་ནུ་ལ་ཞལ་འདེབས་གནང་གི་རེད། རྒྱབ་སྐྱོར་མེད་ན་གནང་གི་མ་རེད། ཁྱེད་བ་ནུ་མ་མ་ན་གོང་ནས་གླང་རླིག་པ་ན་དགོས་དོན་མེད། རང་ཉིད་ཀྱིས་རྒྱབ་སྐྱོར་མེད་ན་མེད་པ་རེད། ང་འདིར་ཡོད་ཟེར་བ་ལྟ་བུའི་སྐད་ཅོར་ཆེན་པོ་རེ་བརྒྱབ་ནས་ཕན་ཐོགས་ཡོད་མ་རེད།
    དུས་དབང་ལྷོད་ལྷོད་རག་པ་གཞོན་ནུའི་དྲིན།།
    གཞོན་ནུར་ཞལ་འདེགས་རག་པ་མི་མང་དྲིན།།
    འགའ་ཞིག་མིག་ཟུང་ཚ་བ་སྡུག་གྱོང་དང་།།
    སྙིང་རླུང་སྟོད་ལ་འཚང་བའང་རང་སྡུག་ཉིད།།

  36. མཚོ་བྱུང་དགྱེས་པའི་དབང་པོ། says:
    2012-01-13 at 12:44 pm

    ཉེ་ཆར་དུས་དབང་སྐབས་གཞོན་ནུའི་དང་ལངས་ཞབས་ཞུ་འདྲ་ཞིག་མཐོང་མ་སོང་། ད་དུང་མ་འོངས་པར་བོད་མི་རྣམས་ཀྱིས་གཞོན་ནུ་ལྷན་ཚོགས་ལ་ཞལ་འདེབས་མུ་མཐུད་འབུལ་རོགས། ཁ་བཤད་དོན་མཐུན་གྱི་ཚོགས་པ་ཞིག་ཡིན་པའི་ཚོར་སྣང་བྱུང་། རང་གིས་དངོས་སུ་མཐོང་བ་དང་ཐོས་པ་དེ་བཞིན་གསར་ལམ་ཁག་སོགས་སུ་ཡང་ཡང་བཀོད་ཡོད་པ་ལྟར་དུས་དབང་སྐབས་གཞོན་ནུས་སྤྱི་ཚོགས་ཞབས་ཞུ་ཡིད་སྨོན་སྐྱེ་དགོས་པ་ཞིག་བསྒྲུབས་སོང། པདྨ་མཁའ་འགྲོའི་ཐུགས་རྗེ་ཆེ་ཞུའི་གསུང་བཤད་ནང་དུའང་གཞོན་ནུ་ལ་ཐུགས་རྗེ་ཆེ་ཞུས་གནང་སོང་། གཞོན་ལྷན་ཚོགས་མི་རྣམས་ཀྱིས་མུ་མཐུད་མདུན་དུ་སྐྱོད་པར་སྐུལ་ལྕག་ཞུ་རྒྱུ་དང་སྤྱི་ཚོགས་ལ་ཕན་པའི་ལས་དོན་རླབས་ཆེན་བསྒྲུབས་གནང་བ་ལ་རྗེས་སུ་ཡི་རངས་དང་བཀའ་དྲིན་ཆེ་ཞུ་ཞུ།

  37. ཨ་ལི་ཀ་ལི། says:
    2012-01-13 at 1:50 pm

    ཡ་ནོར་ཚེ། ད་ཧ་གོ་སོང་། གཞོན་ནུ་ཚོགས་པ་ལ་མི་དགའ་མཁན་རྒྱ་མི་མ་གཏོགས་མེད་བསམ་བྱུང་། ད་སུ་ཇ་སློབ་གྲ་མང་ནས་ཐོན་འདུག་། ད་ལོ་གཞོན་ནུ་ལ་མི་དགའ། སང་ཉིན་བུ་མེད་ཚོགས་པ་ལ་མི་དགའ། དེ་ནས་དགུ་ཅུ་གསུམ་ལ་མི་དགའ། དེ་ནས་བཙན་བྱོལ་གཞུང་ལ་མི་དགའ། ཡང་མཐའ་ལ་རྒྱལ་བ་རིན་པོ་ཆེ་ལ་མི་དགའ་ཡོ་འདོག་རེད་འདུག ཡ་སུ་ཇ་སློབ་གྲ་འམ་ཡང་དགེ་རྒན་ཆེ་གེ་མོ་སོགས་ལྟ་ཚུལ་ནམ??? P

  38. ནོར་བུ་ཚེ་རིང་། says:
    2012-01-13 at 2:40 pm

    དངོས་གནས་གཞོན་ནུར་རྒྱབ་སྐྱོར་བྱེད་མཁན་དག་ནི་གསོ་ཕག་རྐྱང་རྐྱང་རེད་འདུག ཁྱེད་ཚོ་འདྲ་བོར་ཡི་གེ་ན་གཅིག་འབྲི་རྒྱུ་སེར་སྣ་ཡོང་གིན་འདུག་ལ། བོད་ཀྱི་ཡི་གེ་འདིའང་ཁྱེད་ཚོ་དག་ལ་འབྲི་དགོས་དུས་ད་བསོད་ནམས་ཟད་སོང་སྙམ་ནས་ངུ་ཉན་སྤྲོ་བ་ཞིག་ཀྱང་རེད། ཡིན་ཡང་གླེན་ནག་ཚོགས་ལ་ཡང་བསྐྱར་གསར་འགྱུར་ཅིག་བཤད་རྒྱུ་ཡོད་དེ་ཉན་རོགས་གནང་།
    འདང་དགོང་གཞོན་ནུས་ཁྱབ་བསྒྲགས་མཚམས་བཞག་པ་རེད། མཚམས་བཞག་ནས་ཁ་ལག་ཟས་པ་རེད། དེ་ཟ་གདའ་ཟ། འོས་པ་ཞིག་རེད་མོད། མཚམས་དེར་ཚོད་མ་ཟིན་ནས་Dance འཁྲབ་པ་རེད། གཞས་བཏང་བ་རེད། མི་རྣམས་ཧ་ལས་ཤིང་ཧང་སངས་ནས་གཅིག་གིས་གཅིག་ལ་ཤུབ་སྨྲ་བྱེད་ཀྱི་ཡོད་པ་རེད། ང་ཚོ་སྐོར་ཞིག་གིས་ཆེད་དུ་ཆུ་ཚོད་ག་ཚོད་བར་དུ་རྩེད་ཀྱི་འདུག་ལྟོས་པ་ཡིན། ཏག་ཏག་ནམ་ཕྱེད་ཆུ་ཚོད ༡ བར་དུ་གྲོལ་མ་སོང་། ཁོང་ཚོའི་ཤ་གསེང་རུས་གསེང་དུ་ལར་ཞེན་ཞིག་དང་ཡོན་ཏན་ཞིག་མེད་ནོ་ས་རིས་ཐང་གསལ་རེད། གང་ལྟར་མི་འདི་དག་ལ་སྒོར་མོ་ཡོད་ན་འགྲིག་ཐག་ཆོད་རེད།

  39. སྦྲ་རིགས་ཐོགས་མེད། says:
    2012-01-13 at 2:58 pm

    སློབ་ཕྲུག་ནོར་བུ་ཚེ་རིང་ལགས་ཀྱི་ཞབས་མཆན་དག་ཀློག་གིན་ཀློག་གིན་ལན་འབྲི་བའི་འདོད་པ་དེ་ཡང་བརླགས་སོང་། སློབ་གྲོགས་ལགས། དེབ་མང་ཙམ་ཀློག་རོགས་དེ་བཞིན་བོད་ཀྱི་མཁས་པ་དག་གི་གསུང་བཤད་གང་མང་མང་གསན་རོགས། སྐད་ཆ་འདི་གཅིག་པོ་བཤད་འདོད་བྱུང་།

  40. ཨ་ལི་ཀ་ལི། says:
    2012-01-13 at 4:01 pm

    འོ་ད་ཧོ་གིས་འདུག། ནོར་ཚེ་ལབ་རྒྱུ་དེ་། ཁོ་རང་སྒེ་གྱི་ན་ཚ་ཡོད་པ་གོ་སོང་། ཁྱེད་རང་གཞོན་ལྷན་ཚོགས་པ་དང་ལང་ལས་དོན་འཛུལ་འདུག་པ། པ་ཊ་ནས་ཁྱོད་ཀྱི་གཞོན་ནུ་འགྲོ་སོང་གཏོང་བྱེད་སྒོར་༥༠༠༠ མ་ཚང་རེད་ཟེར། ཁ་སང་དང་བླང་ཀས་དོན་ནས་མཐའ་སྤྲད་བཏང་འདུག་ད་དེད་ན་ཚ་དེ་ཤ་་ལན་སྤྲོད་ཡག་རེད་འདུག་པས་། དེ་འདྲ་ཙ་ནས་མ་གནང་རོག

  41. གཡུ་ཐོག་འབངས། says:
    2012-01-13 at 4:27 pm

    ནོར་བུ་ཚེ་རིང་ལགས་ཁྱོད་རང་སྒེར་བསམ་ཁོ་ན་མ་གཏོགས་གཞོན་ནུས་དེ་ཙམ་གྱིས་ཉེས་སྐྱོན་ཞིག་བསགས་པ་མཐོང་ཐོས་མ་བྱུང་། འོན་ཀྱང་དེ་ནི་རང་མཐོང་རང་ངར་ཁོ་ན་ལས་གཞན་ལ་རྒྱུད་སྐུལ་ཚུལ་དུ་གཞོན་ནུར་དམའ་འབེབས་བྱེད་ན་བོད་ཀྱི་བསྟན་པ་དང་ཆབ་སྲིད་གང་ལ་གནོད་པ་ལས་ནམ་ཡང་མི་ཕན་པ་མཁྱེན་དགོས། ཁ་བཤད་ཆུ་ཡི་སྦུ་བ་ལས་སླ་ཡང་། ལག་ལེན་གསེར་གྱི་ཐིགས་པ་དཀའ་མོ་རེད་ད། བུ་ཁྱོད་རང་ས་ངར་རྡོ་ངར་ག་ཚོད་བྱས་ཀྱང་གཞོན་ནུ་ཚོགས་པ་ལ་དེ་ཙམ་མི་གནོད་མོད། ཨབ་རས་རྐྱང་ལ་འཕྲ་ཁ་ཞུས། རྐྱང་ཤེལ་ན་ཡག་མི་འདུག་དེ། ཨབ་རའི་བསམ་སྟངས་ངན་པོ་རེད། ལབ་པ་ནང་བཞིན་རང་མ་རེད་པས།

  42. ཨ་ལི་ཀ་ལི། says:
    2012-01-13 at 4:33 pm

    རྣམ་དཔྱོད་བློ་རིག་བཟང་པོའི་གཞོན་ནུ་ཡིས།།
    ལོ་རྒྱུས་རྒད་པོ་རང་བཙན་གཙང་མ་དེ།།
    ཞག་དང་ཟླ་བ་ལོ་ཡི་འཕྲེང་བ་ལ།།
    འཛམ་གླིང་ཡོངས་ལ་བྲག་ཅ་སྒྲོག་ལ་ལྟོས།

    (ནོར་)འཁྲུལ་ཉོན་མོངས་བློ་ངན་དེས།
    ཕ་བསད་རྒྱ་རྔ་བརྡུང་བའི(་བུ།)
    དམར་པོས་འདོད་དོན་གྲུབ་པའི་(ཚེ།)
    གངས་ལྗོངས་ཅན་ལ་མགུ་བ་(རིང་།)

  43. ལྷག་བསམ་ says:
    2012-01-13 at 4:49 pm

    ནོར་བུ་ཚེ་རིང་། གཤམ་གྱི་དོན་དེ་ཧ་ཨི་གོ།
    嗨,罗布,是你有问题吗?我想你,你是愚蠢的家伙。你妈妈来搞了 !

  44. རྒྱ་མཚོ་ཆེན་པོ་ says:
    2012-01-13 at 4:55 pm

    ངས་བལྟས་ཚོད་ལ་ནོར་ཚེ་ཟེར་བ་རང་གནོངས་ངོས་ལེན་མེད་པའི་ཁར་གླེན་པའི་ཨུ་ཚུགས་ཀྱིས་རང་སྐྱོན་བདེན་བཟོ་མཉམ་དུ་ཁ་ཕྱོགས་གཞན་གཡར་གྱིས་གང་བྱུང་མང་བྱུང་ཁོ་ན་བཤད་མཁན་ཡིན་པ་གསལ་པོ་རེད་འདུག རྒྱུ་མཚན་ནི་གོང་འོག་གི་མཆན་ལས་རྟོགས་ཐུབ། ཁྱོད་རང་ལ་བདེན་ཤས་ཆེ་ན་དངོས་ཡོད་གནས་ཚུལ་སྒང་ནས་གསལ་བཤད་བྱེད་དགོས་དེ་མིན་བརྗོད་དོན་ར་མ་ལུག་ཏུ་བསྲེས་ཏེ་དྲན་པ་འཐོར་བའམ་ཡང་ན་ར་བཟི་བའི་རང་མདོག་བསྟན་ནས་བྲི་པས་དྲྭ་ནང་བློ་ལྡན་ཡོངས་ཀྱིས་ཤེས་ནུས་སོ།

  45. ཆོས་འགྲུབ། says:
    2012-01-13 at 5:01 pm

    ནོར་ཚེ་ལགས། ད་ཨུ་ཚུགས་མ་བྱེད་ཕན་ཐོགས་ཡོད་ནི་མ་རེད། དེ་ལ་ལྐུག་པ་ཨུ་ཚུགས་ཟེར། རྒྱུ་མཚན་ཡང་དག་མེད་པར་ཨུ་ཚུགས་རྐྱང་རྐྱང་གི་ས་ཆོད་ནི་མ་རེད། དེ་བས་སློབ་སྦྱོང་མང་ཙམ་བྱོས། བསམ་དཀར་ཡིན།
    རྒྱུ་མཚན་ཁུངས་བཙན་རག་སོང་ན་གཞི་ནས་དགག་སྒྲུབ་དང་སྐྱོན་བརྗོད་གནང་ཆོག་གི་རེད།

  46. ཚེ་རིང་ནོར་བུ། says:
    2012-01-13 at 5:50 pm

    བསམ་བློ་ཡག་པོ་ཞིག་བཏང་ན་ཁྱོད་ཀྱིས་ཀྱང་གཞན་ཞིག་གིས་ཞལ་འདེབས་ཕུལ་བའི་སྒོར་མོ་སྤྱད་དེ་སློབ་གྲྭ་འགྲོ་བཞིན་པ་མ་ཡིན་ནམ། དེ་མིན་ཁྱོད་སྤྲང་འཁྱམས་ཆགས་ས་བརྟེན་ས་མེད་པ་ཞིག་ཡིན་རྒྱུ་རེད།
    ཁྱོད་ཀྱིས་ཞིབ་མོར་ལྟོས་དང་། བཙན་བྱོལ་ནང་གི་བོད་ཀྱི་གཞིན་ནུ་ཚོགས་པ་ནི་བཙན་བྱོལ་ནང་གི་སྟོབས་ཤུགས་ཆེ་ཤོས་དང་སྤྱི་ཚོགས་སུ་ཕན་ཐོགས་ཆེ་བའི་གྲས་སུ་ཚུད་ཡོད་པ་ཀུན་གྱིས་མཁྱེན་བསལ་རེད། དེར་བརྟེན་ཁྱེད་ཀྱིས་དོན་མེད་དཀྲོགད་གཏམ་མ་བཟོ། དེ་ང་གྲོགས་པོ་ཞིག་གི་རེ་བ་ཡིན།

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme