Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་ཤུགས་ཆིག་སྒྲིལ་གླུ་གཞས་དགོང་ཚོགས།

Posted on 2012-01-08 By ཁ་བརྡ་ 9 Comments on སེམས་ཤུགས་ཆིག་སྒྲིལ་གླུ་གཞས་དགོང་ཚོགས།


གསར་འགོད་པ་རྡོ་རྗེ་ཚེ་རིང་གིས།
སྤྱི་ཟླ་༡ཚེས་༧རེས་གཟའ་སྤེན་པ།
ཕྱི་དྲོར་ཆུ་ཚོད་༧གྱི་སྟེང་བོད་ཀྱི་ན་གཞོན་དེང་རབས་གཞས་པ་བློ་ཚེ་བརྟན་དང་རྟ་མགྲིན་ཚེ་བརྟན། འཇམ་དབྱངས་བཀྲ་ཤིས། བློ་བཟང་བདེ་ལེགས། ཡེ་ཤེས་ནོར་བུ། བསྟན་འཛིན་ཆོས་རྒྱལ། སོག་ཤོད་དར་རྒྱས། བསྟན་ནོར་སོགས་ཀྱིས་འདི་ག་རྡོར་གདན་༼རྙིང་མ་དགོན་པའི་ཉེ་འགྲམ་༽དུ་༼སེམས་ཤུགས་ཆིག་སྒྲིལ་གླུ་གཞས་དགོང་ཚོགས་༽ཞེས་པའི་རིག་རྩལ་སྤྲོ་ཚོགས་ཤིག་བཀོད་སྒྲིག་བྱས་ཡོད་པ་དང་ནང་འཛུལ་འཛིན་བྱང་༼པ་སེ་༽གཅིག་རེར་ཧིན་སྒོར་༥༠ རེད་འདུག་ལ་དེར་འདུས་ཀྱི་མི་དམངས་གྲངས་འབོར་ཆིག་སྟོང་མ་ཟིན་ཙམ་ཞིག་ཡོད་འདུག
གཤམ་དུ་གསར་འགོད་པས་དེང་རབས་ན་གཞོན་གཞས་པ་ཁ་ཤས་སུ་༼ད་ལན་གྱི་གླུ་གཞས་དགོང་ཚོགས་འདིའི་དགོས་པ་དང་དམིགས་ཡུལ་ཅི་ཡིན་དྲིས་པར།༽
གཞས་པ་བསྟན་ནོར་ལགས་ཀྱིས་གསུང་དོན། བོད་ཕྱི་ནང་གཉིས་ཀྱི་བོད་མི་གང་མང་འདིར་འཛོམས་ཡོད་པས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་ལ་རྗེས་དྲན་དང་ཕན་ཚུན་ལ་ཆིག་སྒྲིལ་གྱི་རྣམ་པ་ཞིག་སྟོན་པས་ཕྱིར་དུ་ཡིན་ཞེས་གསུངས་སོ།། གཞས་པ་རྟ་མགྲིན་ཚེ་བརྟན་ལགས་ཀྱིས་དྲིས་ལན་གསུང་དོན། ང་ཚོས་འདི་འདྲ་ཞིག་བཀོད་སྒྲིག་བྱེད་དོན་ནི་ན་ནིང་བོད་ནང་དུ་སྐུ་ལུས་མེར་མཆོད་ཕུལ་བའི་རྒྱལ་གཅེས་པ་ཚོར་གདུང་སེམས་མཉམ་བསྐྱེད་དང་གུས་འདུད་ཞུས་པའི་ཆེད་དུ་ཡིན་ཟེར། གཞས་པ་འཇམ་དབྱངས་བཀྲ་ཤིས་ལགས་ཀྱིས་གསུང་དོན། སྤྱིར་བཏང་བོད་ནང་གི་རྒྱལ་གཅེས་པ་དག་ལ་གདུང་སེམས་མཉམ་གནས་དང་་ལྷག་པར་ཁ་སང་ཡང་བོད་ཨ་མདོ་རྔ་བ་ནས་སྐུ་ལུས་མེར་མཆོད་བཏང་ཡོད་པར་འདི་ན་ང་ཚོས་སེམས་ཤུགས་མ་ཆགས་པར་ཆིག་སྒྲིལ་གྱིས་གནས་ཡོད་པ་གསལ་འདེབས་དང་ཞར་ནས་ང་དང་ང་འདྲ་བའི་ན་གཞོན་གཞས་པ་དག་ནམ་ཞིག་རང་ཉིད་ཀྱི་རྐང་འགོར་ལངས་ཐུབ་པའི་གོ་སྐབས་ཤིག་ཡོད་པར་རེ་བ་བརྒྱབས་པ་ཡིན་ཟེར།
གཞས་པ་སོག་ཤོད་དར་རྒྱས་ལགས་ཀྱིས་དྲིས་ལན་གསུང་དོན། སྤྱིར་བཏང་ད་ལན་གྱི་དུས་འཁོར་དབང་ཆེན་ཞུ་བར་སྐལ་བ་ལྡན་པ་ཡིན་མོད། ང་རང་གིས་བསམ་ན་འདིར་དུས་དབང་གཅིག་པུ་མ་ཡིན་པར་བོད་མི་གང་མང་ཕན་ཚུན་མཇལ་ནས་བོད་རང་གི་བདེ་སྡུག་གླེང་མོལ་བྱེད་པ་དང་བསམ་ཚུལ་བརྗེ་རེས་བྱེད་རྒྱུ་གཙོ་བོ་རེད་བསམ་ལ།དེ་རིང་ང་ཚོ་གཞས་པ་ཁག་ཅིག་གིས་འདི་འདྲ་ཞིག་བཀོད་སྒྲིག་བྱེད་དགོས་དོན་ཡང་འུ་ཅིག་གིས་སྐྱིད་པོ་གཏོང་རྒྱུ་གཅིག་པུ་མ་ཡིན་པར་བོད་ཀྱི་སྒྱུ་རྩལ་རིག་གནས་དར་སྤེལ་གཏོང་དགོས་ན་ངེས་པར་དུ་དེར་རྒྱབ་སྐྱོར་དང་འཁོར་ཡུག་ཅིག་དགོས་ཡོད་པས་ད་ལན་བོད་ཕྱི་ནང་གི་སེར་སྐྱ་མི་མང་མང་པོ་ཞིག་ཕེབས་ཡོད་པ་དང་སྟབས་བསྟུན་ནས་འདི་འདྲ་ཞིག་བཀོད་སྒྲིག ་ཞུས་པ་ཡིན་ཞེས་གསུངས།

གསར་འགྱུར།

Post navigation

Previous Post: མགོ་ལོག་དར་ལག་རྫོང་གི་བཟོད་པ་སྤྲུལ་སྐུས་རང་ལུས་མེར་སྲེག་བཏང་འདུག
Next Post: རེབ་གོང་ནས་དེ་རིང་སློབ་མའི་ལས་འགུལ་སྐབས་ཀྱི་པར།

Comments (9) on “སེམས་ཤུགས་ཆིག་སྒྲིལ་གླུ་གཞས་དགོང་ཚོགས།”

  1. སྐྱུྐྱུ་རྩི་ནས། says:
    2012-01-08 at 10:59 pm

    བོད་ནང་དུ་རང་ལུས་ཞུགས་མེར་ཕུལ་བའི་གནས་ཚུལ་ལ་བསམ་ན་གཞས་གཏོང་བའི་དང་ག་དེ་ལོག་སོང་།

  2. ཟེ་མ་ར་མགོ says:
    2012-01-09 at 4:27 am

    དངུལ་གྱི་ཆེད་མ་ཡིན་པ་ཤོག

  3. དོལ་སྨྱོན། says:
    2012-01-09 at 5:22 am

    གདུང་སེམས་མཉམ་སྐྱེད་དང་ཆིག་སྒྲིལ་གྱི་རྣམ་པ་སོགས་ཡིན་ན་དངུལ་ལེན་དགོས་དོན་མི་འདུག་ག
    གཞས་པ་ཚོ་དབུལ་པོ་དེ་ཙམ་ཡིན་རྒྱུ་མ་རེད་པ།
    ཁ་དོན་མི་མཚུངས་པའི་བྱེད་སྟངས་རང་རེད།

  4. ཇ་མ་ says:
    2012-01-09 at 1:32 pm

    བོད་ཀྱི་གཞས་བ་གཞས་མ་ཚོའི་དེ་འདྲའི་འདུ་ཚོགས་སྐོང་ཐུབ་ན་ཡག་པོ་རེད། དེ་ཡང་མི་རིགས་ཞིག་གི་ཁྱད་ཆོས་རེད།

  5. ཁྱུང་སེང་བུ། says:
    2012-01-09 at 4:24 pm

    བོད་ཀྱི་གཏམ་དཔེ་ལ། ཆ་ཚང་ལྷ་བ་བྱས་པ་ཡིན་ན། ལྷ་བཞེས་སུ་ཡིས་བྱེད་དགོས་རེད། ཞེས་པ་ལྟར་ཆ་ཚངས་ཕྱོགས་གཅིག་ལ་ཐོམ་ན་མ་འགྲིག་པ་རེད། ལས་རིགས་དང་ལས་འགུལ་སྣ་ཚོགས་ཡོད་རྐྱེན་ཕྱོགས་ཡོངས་ནས་གོང་འཕེལ་ལ་འགྲོ་དགོས་པ་རེད། གཞས་བ་ ལྷན་རྒྱས་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན། སེམས་གཏིང་ནས་ཡིན། དེང་སང་གི་དུས་ཚོད་འདིར་དཔལ་འབྱོར་མེད་ན་ལས་དོན་སྒྲུབ་པར་དཀའ་ངལ་ཡོད་པ་ཀུན་གྱིས་མཁྱེན་གསལ་ཡིན་པས་རྣམ་པ་ཚོས་དངུལ་ག་ཚོས་བསྡུ་ཐུབ་ན་ཡག་པོ་རེད། ལས་དོན་དེ་ལས་རྒྱ་བསྐྱེད་ཆོག་གི་རེད། དངུལ་ལ་ཧ་ལས་དགོས་མ་རེད་དེང་སང་གི་དུས་ཚོད་འདིར། མི་རེར་སྒོར་ལྔ་བཅུ་གང་ཡང་མ་རེད། ད་དུང་ཉུང་དྲག་པ་རེད། རྡོར་གདན་དུ་རིན་གོང་ཉུང་བའི་ས་གནས་ག་བ་འདུག་བསམ་བློ་གཏོང་ཤེས་མཁན་ཞིག་ཡིན་ན་ཧ་གོ་གི་རེད།

  6. རིག་པའི་བུ says:
    2012-01-10 at 2:47 pm

    བོད་ཀྱི་གླུ་གཞས་རྒྱུན་གནས་ཐུབ་དགོས་ན་དེ་སྐྱེད་སྲིང་བྱེད་པ་དཔལ་འབྱོར་མེད་དུ་མི་རུང་བས་གླུ་བ་ཚོར་རྒྱབ་སྐྱོར་གྱི་ཆེད་དུ་ཞབས་འདེབས་ཕུལ་མ་ཐུབ་ཀྱང་གཞས་རིན་སྤྲོད་དགོས་བ་འདོད།

  7. dojong says:
    2012-01-10 at 2:51 pm

    དྲ་གྲོགས་རྣམས་པ་ཚོ་ལ་ཞུ་རྒྱུ། ཐུགས་ནས་གང་དྲན་དང་ཞལ་ནང་གང་ཐོན་གསུང་ན་ཅུང་མི་ལེགས། གཞན་ཕན་གྱི་བློ་ཡོད་དགོས་པ་ནི་གལ་ཆེའོ།

  8. ཇ་མ་ says:
    2012-01-10 at 6:35 pm

    དང་པོ་རང་ཉིད་ཆེན་པོ་ཆགས་ནས་གཞན་ལ་རོགས་པ་བྱེད་ཐུབ་ན་འགྲིག་པ་རེད། རང་ཉིད་ཆུང་ཆུང་ཡིན་ན་གཞན་ལ་རོགས་པ་ཆེན་པོ་བྱེད་ཐུབ་པ་མ་རེད་བསམ།

  9. dojong says:
    2012-01-11 at 4:58 am

    རང་གཞན་གཉིས་ཕན་གྱི་བློ་ཡོད་ན་འགྲིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme