Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་ཞུ་བའི་སྒོར་མོ་བཀོག་གི་འདུག

Posted on 2012-01-062012-01-06 By ཁ་བརྡ་ 8 Comments on ཆོས་ཞུ་བའི་སྒོར་མོ་བཀོག་གི་འདུག


ཨ་རིག་འགྱུར་མེད།
ཕྱི་ཚེས་ལྟར་ན་ ༢༠༡༡ ལོའི་ཟླ་ ༡༢ ཚེས་ ༢༥ ཉིན་ང་གནས་མཆོག་རྡོ་རྗེ་གདན་དུ་འབྱོར་བ་དང་། ཉིན་དེའི་དགོང་མོར་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཉེ་འགྲམ་གྱི་ཚོང་ཁང་ཞིག་ནས་ཁ་པར་གྱི་བྱང་བུ་ (Sim Card) ཉོས་པ་ཡིན་ལ། དེ་ཡང་གྲོགས་པོ་ཞིག་གིས་རོགས་རམ་ལ་བརྟེན་ནས་ཉོ་ཐུབ་ཙམ་བྱུང་། ཉིན་དེར་ང་ལྟར་བྱང་བུ་ཉོ་མཁན་ནི་འཚང་ཁ་ཤིག་ཤིག་རེད་ལ། འཚང་ཁ་དགའ་རབ་ཅིག་བརྒྱབས་མཐར་གཞི་ནས་ངས་ཀྱང་གཅིག་ཉོ་ཐུབ་པ་བྱུང་། ངས་ཉོས་པའི་བྱུང་བའི་མིང་ལ་ Uninor ཟེར་བ་དང་དེ་ཉོ་སྐབས་ནམ་རྒྱུན་ལྟར་ཡིག་ཆ་དང་ཕྱེད་པར་སོགས་གང་ཡང་དགོས་ཀྱི་མི་འདུག གཙོ་བོ་སྒོར་མོ་ཡོད་ན་རེག་གི་འདུག

ད་དུང་བྱང་བུ་དེར་དམིགས་བསལ་གྱིས་ཁྱད་ཆོས་ཤིག་ལྡན་པ་ནི་བོད་དང་ཨ་རི་སོགས་ལ་ཁ་པར་བཏང་ན་སྐར་མ་གཅིག་ལ་ཧིན་སྒོར་གཅིག་ལས་དགོས་ཀྱི་མི་འདུག ངྷ་སར་མཚོན་ན་སྐར་ཆ་གཅིག་ལ་ཧིན་སྒོར་ཟུར་ལྔ་བཅུ་ཙམ་ལས་མི་འགྲོ་བའི་བྱང་བུ་ཡང་མང་བོ་ཡོད་མོད། ས་འདིར་འབྱོར་མ་ཐག་པའི་ང་ལ་མཚོན་ན་ Uninor ལྟ་བུ་ཞིག་སྟབས་བདེའི་ངང་རེག་པ་ཙམ་གྱིས་དགའ་བ་བསྒོམས་པ་ཡིན་ལ། མང་མང་ཞིག་ཀྱང་དེ་ལྟར་རེད་འདུག

འོན་ཀྱང་། ཧ་ཅང་སྟབས་མ་ལེགས་པ་ཞིག་ལ་ངས་བྱང་བུ་དེ་བེད་སྤྱོད་བཏང་ནས་ཉིན་གསུམ་ཙམ་ལས་འགོར་མ་སོང་། ཞོགས་པ་ཞིག་ལ་གློ་རྡེག་ཏུ་ཁ་པར་ཕར་འགྲོ་གི་མི་འདུག་ལ། ཚུར་ཡང་ཡོང་གི་མི་འདུག ཚོད་ལྟ་མང་བོ་བྱས་པ་ཡིན་མོད་དེ་ལྟར་རང་རེད།

ཉིན་རྒྱབ་དེར་ཁ་པར་བྱང་བུ་ཁྱེར་ཏེ་སྔར་གྱི་བྱང་བུ་ཉོ་སར་སོང་དུས་ཡང་ཆོས་ཞུ་བ་མང་བོ་ཞིག་གིས་འཚང་ཁ་ཤིག་ཤིག་གིས་ཅིག་བཤད་ཀྱིན་འདུག མི་ཚོགས་མང་དྲགས་པས་ནང་དུ་ཤོང་གི་མི་འདུག་ཀྱང་སྒོ་ནས་ཨུ་ཚུགས་ཀྱིས་སྐེ་ནང་དུ་བསྲིངས་ཏེ་བལྟས་པ་ན། ང་ལྟ་བུ་མང་བོ་མང་བོ་ཞིག་གིས་བྱང་བུ་དེ་སྒོ་བརྒྱབས་འདུག་པ་དང་ད་ལྟ་རང་སྒོ་ཕྱེ་དགོས་ཀྱི་ཡོད། དེ་མིན་ན་སྒོར་མོ་ཕྱིར་སློག་དགོས་ཀྱི་འདུག་ཅེས་རྩོད་རྒྱག་གི་འདུག་ལ། བྱང་བུ་བཙོང་མཁན་གྱིས་ང་ལ་ཐབས་ཤེས་མི་འདུག བཟོ་གྲྭ་རང་གིས་སྒོ་བརྒྱབས་འདུག སང་ཉིན་སྒོ་ཕྱེ་གི་རེད། བརྒྱ་ཆ་བརྒྱ་སྒོ་ཕྱེ་གི་རེད། ཟེར་གིན་འདུག

བར་སྐབས་དེར་ངས་གལ་སྲིད་སང་ཉིན་ད་ཚོད་ད་དུང་སྒོ་མ་ཕྱེ་ན་ག་རེ་བྱ་རྒྱུ་ཡིན། ང་ལ་མཚོན་ན་འདིའི་ནང་དུ་ཧིན་སྒོར་སུམ་བརྒྱ་ཡས་མས་ཡོད། དངུལ་དེ་ཚུར་སློག་གི་ཡིན་ནམ་ཞེས་དྲིས་པར། དེར་ཡོད་ཀྱི་ཆོས་ཞུ་བ་མང་བོས་ཀྱང་རེ་འགས་ཧིན་སྒོར་ལྔ་བརྒྱ་ཡོད་ཟེར་ལ། རེ་འགས་ཉིས་བརྒྱ། རེ་འགས་བརྒྱ་ཟེར་བ་སོགས་སྣ་ཚོགས་བཤད་ཀྱིན་འདུག ཚོང་བདག་གིས་ཡིན་དང་ཡིན། སང་ཉིན་སྒོ་མ་ཕྱེ་ན་ཕྱིར་སློག་གི་ཡིན་ཟེར་བས་ང་ཚོ་སང་ཉིན་ཡོང་རྒྱུ་བྱས་ཏེ་ལོག་ཡོང་བ་ཡིན།

ཕྱི་ཉིན་དེར་བྱང་བུ་དེར་ཚོད་ལྟ་ཐེངས་འགར་བྱས་ཀྱང་སྒོ་ཕྱེས་མ་སོང་ལ། ལས་བྲེལ་འགའི་རྐྱེན་གྱིས་ཚོང་ཁང་དེར་ཡང་འགྲོ་ཁོམ་མ་བྱུང་བས་། ཉིན་གཉིས་པའི་ཉིན་རྒྱབ་ལ་སོང་བ་ཡིན། ཉིན་དེར་ཡང་སྔར་ལྟར་མི་མང་བོ་ཞིག་གིས་འཚང་ཁ་ཤིག་ཤིག་གིས་བྱང་བའི་དཀའ་ངལ་སྐོར་ཞིག་འཆད་ཀྱིན་འདུག ང་ཚོའི་དཀའ་ངལ་ནི་གཅིག་པ་རེད། དང་ཐོག་བྱང་བུ་དེ་བཟང་གི་བསམ་ནས་ཉོས། དེ་ནས་ཉིན་གཉིས་གསུམ་རེར་བེད་སྤྱད་རྗེས་སྒོ་བཀག ད་ལྟ་བྱང་བུ་མེད་པར་མི་དང་མིའི་བར་ལ་འབྲེལ་བ་བྱ་མ་ཐུབ་པར་དཀའ་ངལ་འོག་ལྷུང་ཡོད་པ་དེ་རེད། ང་ཚོའི་ནང་དུ་གྲྭ་པ་དང་བཙུན་མ། སློབ་མ་དང་མི་སྐྱ། གསར་འབྱོར་སོགས་ཐེངས་འདིའི་ཆོས་ཞུ་བའི་རིགས་སྣ་ཚོགས་ཤིག་འདུག

ངས་དེ་རིང་ད་དུང་ངའི་བྱང་བའི་སྒོ་ཕྱེས་མི་འདུག སྒོར་མོ་ཚུར་སློག་ཅེས་བཤད་སྐབས། ཁྱོད་ཀྱིས་ཕྱི་ཤུན་ (Cover) བཟུང་མི་འདུག ཕྱི་ཤུན་སྟེང་དུ་བྱང་བའི་ཨང་གྲངས་དང་ཁ་པར་ཨང་གྲངས་སོགས་ཡོད་པས་སྒོར་མོ་སློག་གི་མ་རེད། ང་ཚོས་བཟོ་གྲྭ་རང་ལ་རྩིས་སྤྲོད་བྱ་དགོས་པ་རེད་ཟེར།

བར་སྐབས་དེར་གྲྭ་པ་ཞིག་གིས་དེས་ན་ང་ལ་ཕྱི་ཤུན་ཡོད། མ་ཟད་ཁྱེད་ཅག་གི་ཐམ་ཀ་ཡང་བརྒྱབས་ཡོད་པ་འདི་རེད། ད་སྒོར་མོ་སློག་ན་འགྲིག་གམ་ཟེར་མོད། ཁྱེད་ཀྱི་བྱང་བུ་དེ་ཁ་སང་རང་བཙོང་བ་ཡིན་པས་ཁག་ཐེག་མི་འདུག གང་ཡིན་ཟེར་ན་ཁ་སང་ཁེ་ཉིན་བཙོང་བའི་རིགས་ལ་ཁག་ཐེག་ཡོད་པ་མ་རེད་ཟེར།

ང་ལ་བྱང་བའི་ནང་དུ་ཧིན་སྒོར་ ༢༨༩ ཙམ་འདུག་ཀྱང་། ཕྱི་ཤུན་མེད་སྐོར་ཞིག་བཤད་དེ་སྤྲད་མ་སོང་ལ། གྲྭ་པ་འགར་ཕྱི་ཤུན་ཡོད་ཀྱང་ཁ་སང་རང་བཙོང་བ་ཡིན་པས་ཁག་ཐེག་མེད་སྐོར་ཞིག་བཤད་དེ་སྤྲད་མ་སོང་།

སྐབས་དེར་ངས་ཁོ་ལ་གལ་སྲིད་ཁྱོད་ཀྱིས་བྱང་བུ་འདི་བཟོ་གྲྭས་སྒོ་རྒྱག་གི་ཡོད་པ་ཤེས་བཞིན་དུ་དང་། འདི་ལ་ཁག་ཐེག་མེད་པ་ཤེས་བཞིན་དུ་ཅིའི་ཕྱིར་བཙོང་གི་ཡོད། དེ་རིང་ནས་བཟུང་བཙོང་མཚམས་བཞག་ན་མི་འགྲིག་གམ་ཅེས་དྲིས་སྐབས། དེ་ངའི་ཚོང་རེད། བཙོང་གི་རེད། ངས་ད་བར་དུ་བསྡོམས་པས་བྱང་བུ་འདི་ལྔ་བརྒྱ་ལྷག་བཙོང་བ་ཡིན་ཟེར།

སྐབས་དེར་ངས་ཁོ་ལ་པར་འགའ་བརྒྱབས་པ་ཡིན། ང་ལ་ཁྱོད་ཀྱིས་ག་རེ་བྱེད་རྒྱུ་ཡིན་ཟེར། ངས་ཁོ་ལ་ཁྱོད་དཔེ་སྡུག་ཅག་རེད། ཁྱོད་ཀྱི་བྱང་བུར་ཁག་ཐེག་མེད་པ་ཤེས་བཞིན་དུ་ད་དུང་ཚོང་དང་སྒོར་མོའི་ཆེད་དུ་འདི་ལྟ་བུའི་ཆོས་ཞུ་བ་མང་བོར་མགོ་བསྐོར་བསླུ་བྲིད་བྱས། འདི་ཧ་ཅང་གི་གསར་འགྱུར་ཆེན་པོ་རེད་ཅེས་བརྗོད།

ཁོས་འགྲིག་གི་རེད། མ་ཟད་ཉེན་རྟོག་པར་སྐད་བཏང་ཡང་འགྲིག་གི་རེད། བཟོ་གྲྭ་རང་གིས་སྒོ་བརྒྱབས་པ་དང་ཁག་ཐེག་མེད་པས་ངས་ཁག་ཐེག་བྱ་ཐུབ་ཀྱི་མ་རེད། ངས་ནི་ཚོང་ལས་གཉེར་གྱིན་ཡོད་སྟབས་བཙོང་གི་ཡོད་པ་ཙམ་ཡིན་ཟེར།

ཉིན་དེར་གྲྭ་པ་ཞིག་གི་བྱང་བུས་ལས་ཀ་བྱེད་མིན་བྱུང་སྟེ་དེ་གཅིག་པུ་ Docomo བྱང་བུ་ཞིག་ལ་བརྗེས་སོང་མོད། དེ་མིན་མང་བོ་ཞིག་ལ་གཏན་ནས་བརྗེ་གི་མི་འདུག་ལ། ཕར་ངར་ན་ཚུར་ཡང་ངར་ཡོང་གི་འདུག་པས་རྒྱལ་འདྲེ་བརྒྱབས་ན་ངོ་ཚ་རེད་ལ། གནས་འདི་ལྟ་བུ་ཞིག་ནས་རང་སེམས་རང་གིས་མནན་ཏེ་བསམ་པ་ཆོས་ཕྱོགས་སུ་བསྒྱུར་ན་བཟང་བ་མེད་འགྲོ་བསམ་སྟེ། ང་ལ་ནི་སྐྱོན་མི་འདུག ཧིན་སྒོར་བརྒྱ་ཤོག་འགས་ཆེན་པོ་བཟོ་གི་མ་རེད། ཅེས་བཤད་རྗེས་ཡོང་བ་ཡིན་ལ། སེམས་ནང་དུའང་ཁོ་རང་ཉིད་ཀྱིས་ཆོས་ཞུ་བ་འདི་འདྲའི་མང་བོ་ཞིག་ལ་མགོ་སྐོར་བསླུ་བྲིས་བྱས་པར་རང་ཉིད་སྡིག་པར་མི་སྐྲག་ན་ང་ཅི་ལ་སྐྲག་སྙམ།

མ་གཞི་ནས་ང་དང་ང་ལྟ་བུ་ཚོས་གནས་འདིར་གསར་དུ་འབྱོར་བ་དང་། འགྲོ་སྟངས་སྡོད་ལུགས་མ་ཤེས་པ་ཙམ་རེད་མ་གཏོགས། བྱང་བུ་བཙོང་མཁན་འདི་ནི་སྤྱིར་བཏང་དྲ་གཉེར་བ་ཞིག་རེད་འདུག་ལ། ཉེ་ཆར་དུས་འཁོར་དབང་ཆེན་ཞུ་མཁན་གྱི་བོད་མི་མང་བོ་འཚང་ཁ་ཤིག་ཤིག་གིས་འབྱོར་བ་མཐོང་རྗེས། བྱང་བུའི་ཚོང་བྲིན་པོ་ཡོད་པ་ཤེས་ཏེ་ Uninor བྱང་བུ་མང་བོ་སྡེབ་ཉོ་བྱས་ཏེ་བཙོང་མགོ་བརྩམས་འདུག་ལ། བྱང་བུ་བཙོང་སྐབས་རྒྱུ་རྔམ་གྱི་དབང་གིས་རྒྱབ་ལྗོངས་ཀྱི་ཡིག་ཆ་དང་ཕྱེད་པར། ཉོ་མཁན་སུ་ཡིན་མིན་ལ་གཏན་ནས་རྒྱུས་ལོན་མ་བྱས་པར་བཙོང་རྐྱང་བྱས་པའི་དབང་གིས། བཟོ་གྲྭས་ཀྱང་སྒོ་མི་རྒྱག་ཐུ་མེད་བྱུང་འདུག

གནས་འདིར་འབྱོར་རྗེས་འདི་ལྟ་བུའི་དད་ལྡན་མང་ཚོགས་ཆོས་ཞུ་བར་མགོ་སྐོར་བསླུ་བྱེད་ཀྱིན་པ་སྣ་ཚོགས་ཤིག་མཐོང་གི་འདུག་ལ། ཁ་ལག་པའི་བར་ནས་མགོ་སྐོར་བསླུ་བྲིད་དང་སྒོའི་ཕྱི་ཁྱིམ་བར་ནས་རྐུ་འཕྲོག་བཅོམ་གསུམ་ཡང་སྣ་ཚོགས་བྱེད་ཀྱིན་འདུག་པས། གནས་འདི་ན་ཤེས་རབ་སྙིང་བོའི་ནང་གི་མིག་མེད་རྣ་མེད། རྣ་བ་མེད། ལྕེ་མེད། ལུས་མེད་ཅེས་པའི་སྟོང་བ་ཉིད་ཀྱི་མེད་དག་ལས། མིག་གིས་བལྟས་ན་ཚུར་མངོན་སུམ་དུ་མཐོང་རྒྱུ་འདུག་པས་མིག་མེད་པ་དང་། རྣ་བ་མེད་པ། སྣ་མེད་པ། ལྕེ་མེད་པ། ལུས་སྨད་མེད་པ། རྐང་པ་ཞ་བ། ལག་པ་ལྡུམ་པ། སྒ་འབུར། ཚིག་འཁྱོག་སོགས་བལྟས་པ་ཙམ་གྱིས་སེམས་ཀྱིས་བཟོད་མི་ཐུབ་པ་མང་བོ་མང་བོ་ཞིག་མཐོང་རྒྱུ་འདུག་པའང་། གནས་རྩ་ཆེན་འདི་ལྟ་བུ་ནས་སྡིག་ལས་བསྒྲུབས་རྒྱུ་མང་སོང་བས་ལོས་ཡིན་སྙམ་ཡོང་།

འདི་ནི་བདག་ཅག་གི་སྟོན་པ་ཐུབ་པའི་དབང་བོ་ཁོང་ཉིད་ཀྱི་ལོ་དྲུག་སྐལ་བ་སྤྱད་སའི་གནས་དང་ཐག་ཉེ་བ་དང་། སྐུ་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་ཡིན་པས་འདི་ནས་དགེ་སྒྲུབ་ཅུང་ཙམ་བྱས་པའང་དགེ་བ་བརྒྱ་འགྱུར་སྟོང་འགྱུར་ཡིན་དང་ཡིན་མོད། སྡིག་པ་བྱས་པ་དག་ཀྱང་དེ་ལྟར་ཡིན་པས་ན་ང་ནི་སྔར་བས་ཀྱང་ལས་འབྲས་ལ་སེམས་བསམ་པའི་སྟེང་ནས་ཡིད་ཆེས་ཤིག་ཀྱང་རང་བཞིན་གྱིས་སླེབས་ཡོང་གི་འདུག་གོ།

རྩོམ་རིག

Post navigation

Previous Post: རྡོར་གདན་དུ་སླེབས་པའི་མཚན་མོ་དེ་ག་རང་ལ་ང་རང་ཧང་སང་སོང་།
Next Post: གུར་རིན་ཡོངས་རྫོགས་ཕྱིར་འབུལ་བྱེད་བཞིན་འདུག

Comments (8) on “ཆོས་ཞུ་བའི་སྒོར་མོ་བཀོག་གི་འདུག”

  1. ཚེ་རིང་ says:
    2012-01-06 at 7:50 am

    དང་པོ་ནས་གཟབ་གཟབ་མ་བྱས་ན་མི་ཚོགས་མང་པོ་འདི་འདྲའི་དཀྱིལ་ལ་མི་བཟང་ངན་འདྲ་མིན་ཡོད་པར་ཤེས་གསལ་རེད། སྐྱེ་བ་སྔ་མ་གནས་མཆོག་འདིར་ཚོགས་ངན་བསག་ན་མི་ཚེ་འདི་ཡང་གནས་འདིར་སྐྱེ་བ་ལེན་དགོས་པར་ཨེ་ཡིན་ན།

  2. ཨ་མཚར says:
    2012-01-06 at 7:54 am

    ཕལ་ཆེར་སོ་སོའི་སྒོར་མོར་ཤ་ཚ་ནས་དྲིན་པ་ཡིན་འགྲོ

  3. ཆོས་འཕེལ་དར་རྒྱས་ says:
    2012-01-06 at 2:42 pm

    ཨ་ཁ་ཁ། སྒོར་མོ་དེ་ཚོ་བུ་གསོ་ཁང་ལ་ཞལ་འདེབ་བྱས་བ་ཡིན་ན་བཟང་བ་ལ། མ་གཞི་ནས་ཆོས་ཞུ་ན་འགྲོ་དུས་ཁ་པར་གྱིས་ག་རེ་བྱེད། སེམས་གནད་ལ་ཕབས་ནས་ཆོས་ལ་མི་ཉན་པར་མགོ་བདེ་བོ་ཚོའི་ཁ་ལ་ཉོན་དང་དེ་ལས་ཡོང་རྒྱུ་མེད།

  4. ཇ་མ་ says:
    2012-01-07 at 3:29 pm

    རྒྱ་གར་ནི་སྤྱིར་བཏང་གི་ཁྲིམས་ལུགས་མེད་ཀྱི་རྒྱལ་ཁབ་ཞིག་ཡིན་པ་ཤེས་གསལ་ཡིན་རྒྱུ་རེད། མྱིག་གི་མཐོང་བཞིན་དུ་ཆུ་ནང་ལ་ལྕེབས་དགོས་པ་འདུག

  5. གཟུར་གནས་པ་ says:
    2012-01-09 at 1:57 am

    འབྱུང་འགྱུའི་ཉེན་ཁ་ཆེན་པོ་འདི་ལ། ཨ་ཁ་ དེང་འདིར་གོང་ས་ཆོག་ནས་དུས་འཁོར་གསུང་བའི་དུས་བཟང་འདི་ལ།
    ཟབ་ཟབ་གནང་ན་མ་རྟོགས་གང་སྐུའི་མཛད་ཕྲིན་རྒྱས་ལ་ངོ་མཚར་གྱི་དཔལ་དང་ལྡན་པ་ལ།
    ལས་ངན་གྱིས་རླུང་འཚུབ་རྒྱབ་ནས་ཆུར་པའི་སྲིད་དོན་གྱི་ལམ་ཁ་ཡངས་པོར་ཕྱེ་ནས་དེ་གར་ལ།
    དུས་ཚོད་ནམ་འཁོམ་ལ་བདེ་གཤེགས་སྙིང་པོའི་རིགས་ཅན་འགའ་ཞིག་ལ་སྙིང་རྗེའི་ཡུལ་ནས་འཕུད་ཅི་ཐུབ་ལ།
    དེ་འདྲི་དགྲ་འདུལ་མཉན་སྐྱོངས་ཀྱི་འཆབ་སྲིད་པ་མཚོ་ས་གནས་གཞན་ལ་གནང་ན་འགྲིག་གི་ཡོད་རེད་ལ།
    དེ་ན་ཟབ་ན་མ་རྟོགས་སྔོན་ཐུབ་པ་སངས་རྒྱས་པའི་དུས་ལ་ཡང་ལྷས་བྱིན་གྱི་འགོ་ཕྲིད་ནས་བདུད་ཀྱི་བུ་མོ་གེག་མོ་
    ལ་སོགས་པས་བར་ཆད་བཙམ་པ་ཞིན་ ཡང་ན་དེ་དག་གི་སྤྲུལ་པ་འམ་སྐྱེ་བ་འདྲ་ཡིན་ན་གང་།
    ཆོས་ཞུ་བ་མང་པོ་ཞིག་གི་སེམས་ངོར་གནས་ས་འདི་གར་དེ་འགྲི་མི་དེ་ཚོ་གཞེ་སྡང་གང་འདྲ་ཡིན་ན་ཞེས་
    སྙིང་རྗེའི་ཡུལ་དུ་གྱུར་ན་ལེགས་ལ་ དེ་ལས་ལྡོག་ན་སློ་འཕམམ་ལས་གང་།

  6. འབྱོར་དགའ་རྒྱལ། says:
    2012-01-09 at 2:32 am

    ཆོས་ཞུ་བ་ཚོར་རོགས་པ་བྱེད་མཁན་དངས་བླང་དང་ཚོགས་པ་མང་པོ་ཡོད་རབས་ཉིན་ལྟར་བཤད་ཀྱིན་འདུག་པས་དེ་ཚོ་ག་པར་འཛུལ་སོང་བ་རེད། ཆོས་ཞུ་བ་ཚོའི་སྒོར་མོ་འཕྲོགས་པ་ཡོངས་རྫོགས་བསྡོམས་ན་ཧིན་སྒོར་འབུམ་ཁ་ཤས་གནས་ཡོད་ཚོད། མི་རྒྱུ་གཉིས་ལ་ལྟ་རྒྱུ་ནི་རོགས་པ་བྱེད་མཁན་ཚོའི་ལས་འགན་རེད།

  7. ལྷ་སྐྱིད། says:
    2012-01-09 at 5:02 pm

    སྙན་པོ་བྲིས་འདུག་ཀྱང་ཚོང་མཁན་སུ་ཡིན། བོད་པ་ཡིན་རྒྱ་གར་ཚོང་པ་ཡིན། གལ་ཏེ་ཁྱེད་རང་གིས་བོད་པ་ཚོར་མགོ་སྐོར་གཏོང་གི་ཡོད་པ་ཤེས་ན། ཚོང་ཁང་དེ་ནས་ཉོ་རྒྱུ་མེད་པ་རེད་ཅེས་གཞོན་ནུའི་དྲིལ་བསྒྲགས་བརྒྱུད་ནས་གསལ་བསྒྲགས་ཤིག་བྱས་ཐུབ་ཡོད་ན། ཕན་ཐོག་བྱུང་ཡོད་ངེས།

  8. ཚེ་རིང་ནོར་བུ། says:
    2012-01-09 at 5:37 pm

    ཁྱེད་དང་གཅིག་མཚུངས་ངས་ཀྱང་ལས་དབང་དེ་མྱོང་དགོས་བྱུང། ཐབས་ཅི་ཡོད། ་་་་་་་་་་་་་་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme