Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཡིག་སྲུང་སྐྱོབ་བྱིད་རྒྱུ་ནི་ང་རང་ཚོ་བོད་རིགས་གཞོན་ནུའི་འོས་འགན་རེད།

Posted on 2011-12-31 By ཁ་བརྡ་ 5 Comments on བོད་ཡིག་སྲུང་སྐྱོབ་བྱིད་རྒྱུ་ནི་ང་རང་ཚོ་བོད་རིགས་གཞོན་ནུའི་འོས་འགན་རེད།

ཡོན་ཏན་རྒྱ་མཚོ། བོད་འབྱོར།

༄༅། །ཀུན་དང་མཐུན་པ་རྩ་བ་ཡིན་མོད་ཀྱང་།
མཐོང་ཚད་ལད་མོ་བྱས་ན་ཀླད་མེད་ཡིན།
སྐད་རིགས་སྣ་ཚོགས་ཤེས་ན་བཟང་མོད་ཀྱང་།
རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན།

དེང་ སྐབས་རང་ཉིད་དང་གྲོགས་པོ་ཚོ་མཉམ་དུ་བསྐྱོད་སྐབས་ངས་བོད་སྐད་དེ་གཙང་མ་ཞིག་ བརྗོད་བསམ་ནས་ཡུན་རིང་སོང་། ཡིན་ན་ཡང་ཇི་ལྟར་བྱས་ན་ཡང་ཤིན་ཏུ་ནས་དཀའ་བར་མངོན།གང་ལགས་ཞེ་ན་ད་ནི་ཕ་སྐད་ དེ་ནམ་རྒྱུན་འཚོ་བའི་ནང་དུ་བེད་སྤྱོད་བྱེད་རྒྱུ་ཉུང་རང་དྲགས་པས་བརྗེད་པར་ གྱུར་ནས་རང་ཉིད་ངོ་ཚ་པོ་རང་ཞིག་གི་འཚོར་སྣང་འདུག། ངས་བོད་སྐད་བཤད་པའི་སྐབས་སུ་བོད་ཡིག་གི་ཐ་སྙད་མང་པོ་ཞིག་དྲན་གསོ་མ་ཐུབ་པར་ རྒྱ་སྐད་ཀྱི་ཐ་སྙད་དེ་རང་བཞིན་དུ་ཁ་ནས་ཟག་ཡོང་གི་འདུག། ངས་དེ་ལྟ་བུའི་གནས་ཚུལ་འགྱུར་ལྡོག་ཡོང་ཕྱིར་བོད་ཡིག་གི་དཔེ་དེབ་ཀྱང་ཁ་ཤས་བལྟས་ པ་མ་ཟད་རྒྱུན་གཏན་བོད་ཡིག་གླེང་སྟེགས་ནང་གང་མང་འཛུལ་ནས་ཐ་སྙད་གསར་པ་བློ་ལ་ ངེས་པ་དང་རང་ཉིད་ལ་མཁོ་བ་ཆེ་བའི་ཐ་སྙད་རྣམས་ངག་ཏུ་འཛིན་ཐབས་བྱེད་ཀྱི་ཡོད། ངས་རང་ནུས་ཡོད་རྒུ་འདོན་ནས་བོད་ཡིག་དང་བོད་སྐད་ལ་སློབ་སྦྱོང་དང་བསྐྱར་ སྦྱོང་གང་ལེགས་ཞིག་བྱས་པ་ཡིན་ན་སླད་ཕྱིན་རང་འདོད་དང་མཐུན་པའི་འབྲས་བུ་ཞིག་ ཐོན་རྒྱུར་ཡིད་ཆེས་ཆེན་པོ་བཅངས་གི་ཡོད།
འོ་ན་ང་རང་དང་འདྲ་བའི་གཞོན་ནུ་སྟོང་ཕྲག་ཁྲི་ཕྲག་མང་པོ་ཞིག་ལ་དེ་ལྟ་བུའི་གནས་ ཚུལ་ཨེ་ཡོད་དམ།གལ་སྲིད་ཡོད་པ་ཡིན་ན་ཁྱེད་རང་ཚོས་ཇི་འདྲ་བསམ་གྱིན་ཡོདདམ། འཛམགླིང་དུ་སྐད་རིགས་༦༠༠༠ལྷག་ཡོད་མོད། ད་ལྟ་བཀོལ་བྱེད་བཞིན་ཡོད་པའི་སྐད་རིགས་༣༠༠༠ཙམ་ལས་མེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་ཚན་རིག་རྩ་འཛུགས་ཚོགས་པའི་སྐད་རིགས་ཡལ་བའི་ མྱུར་ཚད་ལ་སྔོན་དཔག་བྱས་པ་ལྟར་ན་ཆ་སྙོམས་ཟླ་རེར་སྐད་རིགས་༢རེ་མེད་པར་འགྲོ་ བཞིན་ཡོད།
དེས་ན་ང་ལ་རྟག་ཏུ་འཇིགས་སྐུལ་འདེ་འདྲ་ཞིག་ཡོང་གི་འདུག། གལ་སྲིད་དེ་ལྟར་ལོ་ཟླ་མང་པོ་ཞིག་སོང་བ་ན།ང་ཚོའི་བོད་སྐད་ཡིག་འདི།ང་ཚོའི་ བོད་མི་རིགས་འདི། ངས་བརྗོད་ཀྱིས་མི་ཤེས། ང་རང་ཚོ་བོད་མི་རིགས་ནི་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་སྐད་ཡིག་ཡོད་ལ་ལོ་ རྒྱུས་རིང་ཞིང་རིག་གནས་ཕུན་སུམ་ཚོགས་པའི་མི་རིགས་གཅིག་ཡིན། འོན་ཀྱང་དེང་རབས་ཅན་འཛུགས་བསྐྲུན་བྱེད་པ་དང་འབྱོར་འབྲིང་གི་འཚོ་བ་གསར་ བསྐྲུན་བྱེད་པའི་རྦ་རླབས་ཁྲོད་ང་ཚོས་ཕ་མེས་ཀྱི་བཤུལ་བཞག་རང་ཉིད་ཀྱི་བླ་ སྲོག་འདྲ་བའི་བོད་སྐད་ཡིག་དེ་ཉིན་རེ་བཞིན་བསྐྱུར་འགྲོ་གི་ཡོད་པ་རེད། ཀུན་གྱིས་ཤེས་གསལ་རེད། ད་ལྟ་བོད་ཀྱི་སྤྱི་ཚོགས་ཐོག་འདི་འདྲའི་ཕ་མ་མང་པོ་ཞིག་ཡོད་པ་རེད། ཁོང་རྣམས་ཀྱིས་རང་ཉིད་ཀྱི་ལོ་༥དང་༦ལ་སླེབས་པའི་ཕྲུ་གུས་རྒྱ་སྐད་ཡག་པོ་ཞིག་ བཤད་ཐུབ་པར་སེམས་གཏིང་ནས་སྤྲོ་སྣང་ཆེན་པོ་བྱས་པ་མ་ཟད་ད་དུང་དེ་ཕ་མའི་གཟི་ རྗེད་ཞིག་ལ་ངོས་འཛིན་གྱི་ཡོད་པ་རེད། མ་ཟད་ཕྲུ་གུར་རྒྱུན་དུ་རྒྱ་སྐད་བཤད་རྒྱུའི་རེ་བ་བཏོན་གྱི་ཡོད་པ་རེད། འོན་ཀྱང་ཕྲུ་གུས་རང་མི་རིགས་ཀྱི་སྐད་རིགས་དེ་བཤད་ཐུབ་ཀྱི་མེད་པར་དངངས་སྐྲག་ དང་ངོ་ཚ་ཕར་བཞག། ཐ་ན་དོ་སྣང་ཙམ་ཡང་ཡོང་གི་མེད་པ་རེད། དེ་དག་མཐོང་སྐབས་ཁྱེད་ལ་མྱོང་བ་ཅི་འདྲ་ཞིག་ཡོང་གི་འདུག་གམ། བྱིས་པ་དང་གཞོན་ནུ་ནི་མི་རིགས་ཀྱི་ཕྱིས་འབྱུང་རེད། གལ་ཏེ་བྱིས་པ་དང་གཞོན་ནུར་རང་མི་རིགས་ཀྱི་ཤིེས་བྱ་ཡོན་ཏན་མེད་པ་ན་རང་མི་ རིགས་ཀྱི་ཕྱིས་འབྱུང་གང་ན་ཡོད།
མི་རིགས་ཀྱི་དོན་དག་ཚང་མ་སྐད་ཡིག་རེད། མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་བྱེད་རྒྱུ་རེད། མི་རིགས་ཀྱི་ཁེ་དབང་རེད།
—-པཎ་ཆེན་རིན་པོ་ཆེ་
གལ་ སྲིད་ང་རང་ཚོས་ར་མ་ལུག་གི་སྐད་དེ་དོར་ནས་བོད་སྐད་གཙང་མ་ཞིག་རྟག་ཏུ་བེད་ སྤྱོད་བྱས་པ་ཡིན་ན་དེ་ནི་བདག་ཅག་ཁ་བ་ཅན་གྱི་སྐད་ཡིག་དེར་སྲུང་སྐྱོབ་ཆེན་པོ་ ཞིག་བྱས་པ་རེད།
དེས་ ན་ངས་ར་རང་དང་འདྲ་བའི་བོད་རིགས་གཞོན་ནུ་རྣམས་ལ་རང་གི་ཕ་སྐད་དེ་བེད་སྤྱོད་ གང་མང་གཏོང་རྒྱུའི་རེ་བ་ཆེན་པོ་བཅངས་ཡོད། ཐུགས་རྗེས་གཟིགས།།

སྣ་ཚོགས།

Post navigation

Previous Post: མཆོད་མེ་གཟིམ་གི་འདུག
Next Post: ཤད་ཀྱི་འཕྲོས་གླེང་སྐྲ་འཛིངས་བཤད་བྱེད་འབྲོང་ལྕེ་སྐམ་པོ་ཞེས་བྱ་བ་བཞུགས་སོ།

Comments (5) on “བོད་ཡིག་སྲུང་སྐྱོབ་བྱིད་རྒྱུ་ནི་ང་རང་ཚོ་བོད་རིགས་གཞོན་ནུའི་འོས་འགན་རེད།”

  1. btashi says:
    2011-12-31 at 9:46 pm

    རང་གི་སྐད་ཡིག་རིག་གཞུང་གི་རྨང་གཞི་ཡོད་པའི་ཐོག་ནས་གཞན་གྱི་ཤེས་རིག་ལ་འཇུག་པ་ནི།
    འཐེན་ཤུགས་ཀྱིས་བཟུང་བའི་རྒྱུ་སྐར་མཁའ་དབྱིངས་སུ་རྒྱུ་བ་དང་འདྲའོ།།
    རང་གི་སྐད་ཡིག་རིག་གཞུང་གི་རྨང་གཞི་མེད་པའི་ཐོག་ནས་གཞན་གྱི་ཤེས་རིག་ལ་འཇུག་པ་ནི།
    རྒྱ་མཚོ་ཆེན་མོ་ན་རྒྱུ་བའི་ཉྭ་རིགས་ཆུ་སྲིན་གདུག་པ་ཅན་ཞིག་དང་འཕྲད་པར་ཀུན་ནས་མཚུངས་སོ།།
    རང་གི་སྐད་ཡིག་རིག་གཞུང་གི་རྨང་གཞི་ཡོད་པའི་ཐོག་ནས་གཞན་གྱི་ཤེས་རིག་ལ་འཇུག་པ་ནི།
    གཡུལ་ངོར་བསྐྱོད་པའི་དཔའ་བོར་བཙན་རྫོང་སྲ་བརྟན་ཡོད་པ་དང་འདྲའོ།།
    རང་གི་སྐད་ཡིག་རིག་གཞུང་གི་རྨང་གཞི་མེད་པའི་ཐོག་ནས་གཞན་གྱི་ཤེས་རིག་ལ་འཇུག་པ་ནི།
    དགྲ་བོར་འཕྲད་པའི་རྡར་མ་རང་སྲོག་ཤོར་བ་དང་ཀུན་ནས་འདྲའོ།།
    རང་གི་སྐད་ཡིག་རིག་གཞུང་གི་རྨང་གཞི་ཡོད་པའི་ཐོག་ནས་གཞན་གྱི་ཤེས་རིག་ལ་འཇུག་པ་ནི།
    རླུང་དམར་ཁྲོད་ཀྱི་མར་མེ་འོད་ཀྱི་ཁང་བུ་ན་ཡོད་པ་དང་འདྲའོ།།
    རང་གི་སྐད་ཡིག་རིག་གཞུང་གི་རྨང་གཞི་མེད་པའི་ཐོག་ནས་གཞན་གྱི་ཤེས་རིག་ལ་འཇུག་པ་ནི།
    ལུས་ཟུངས་ཟད་པའི་འགྲུལ་བ་འདམ་ནང་དུ་རྒྱུ་བ་དང་འདྲའོ།།
    རང་གི་སྐད་ཡིག་རིག་གཞུང་གི་རྨང་གཞི་ཡོད་པའི་ཐོག་ནས་གཞན་གྱི་ཤེས་རིག་ལ་འཇུག་པ་ནི།
    ཆ་རྒྱུས་ཅན་གྱི་མཉན་པ་མཚོ་གླིང་དུ་འགྲོ་བ་དང་འདྲའོ།།
    རང་གི་སྐད་ཡིག་རིག་གཞུང་གི་རྨང་གཞི་མེད་པའི་ཐོག་ནས་གཞན་གྱི་ཤེས་རིག་ལ་འཇུག་པ་ནི།
    འཆི་ལ་ཉེ་བའི་ནད་པར་སྨན་ལོག་སྡུད་པ་དང་འདྲའོ།།
    རང་གི་སྐད་ཡིག་རིག་གཞུང་གི་རྨང་གཞི་ཡོད་པའི་ཐོག་ནས་གཞན་གྱི་ཤེས་རིག་ལ་འཇུག་པ་ནི།
    བྱེ་ཐང་གཅོད་པའི་རྔ་མོང་བྱེ་ཀློང་ན་རྒྱུ་བ་དང་འདྲའོ།།
    རང་གི་སྐད་ཡིག་གཞུང་གི་རྨང་གཞི་མེད་པའི་ཐོག་ནས་གཞན་གྱི་རིག་གཞུང་ལ་འཇུག་པ་ནི།
    ལམ་གྲོན་མེད་པའི་མགྲོན་པོ་རྒྱང་རིང་དུ་འགྲོ་བ་དང་འདྲའོ།།
    རང་གི་སྐད་ཡིག་རིག་གཞུང་གི་རྨང་གཞི་ཡོད་པའི་ཐོག་ནས་གཞན་གྱི་ཤེས་རིག་ལ་འཇུག་པ་ནི།
    ལུས་སྟོབས་དར་བའི་ཕོ་གཞོན་དགའ་མར་རྒྱོ་བ་དང་འདྲའོ།།
    རང་གི་སྐད་ཡིག་རིག་གཞུང་གི་རྨང་གཞི་མེད་པའི་ཐོག་ནས་གཞན་གྱི་ཤེས་རིག་ལ་འཇུག་པ་ནི།
    ལུས་ཟུངས་ཟད་པའི་རྒན་པོས་བུ་མོ་གཞོན་ནུ་མར་རྒྱོ་བ་དང་འདྲའོ།།
    རང་གི་སྐད་ཡིག་རིག་གཞུང་གི་རྨང་གཞི་ཡོད་པའི་ཐོག་ནས་གཞན་གྱི་ཤེས་རིག་ལ་འཇུག་པ་ནི།
    རལ་གྲི་ཐོགས་པའི་དཔའ་བོས་དགྲ་མགོ་གཅོད་པ་དང་འདྲའོ།།
    རང་གི་སྐད་ཡིག་རིག་གཞུང་གི་རྨང་གཞི་མེད་པའི་ཐོག་ནས་གཞན་གྱི་རིག་གཞུང་ལ་འཇུག་པ་ནི།
    སྙིང་སྟོབས་མེད་པའི་རྡར་མས་མཚོན་མང་ཐོགས་པ་དང་འདྲའོ།།
    རང་གི་སྐད་ཡིག་རིག་གཞུང་གི་རྨང་གཞི་ཡོད་པའི་ཐོག་ནས་གཞན་གྱི་རིག་གཞུང་ལ་འཇུག་པ་ནི།
    ཕ་མ་བཟང་བོ་ཞིག་གི་བུ་རྒྱུད་ཀྱིས་རང་གི་ཕ་ཁྱིམ་རྣམ་དཔྱོད་ཀྱིས་སྐྱོང་བ་དང་འདྲའོ།།
    རང་གི་སྐད་ཡིག་རིག་གཞུང་གི་རྨང་གཞི་མེད་པའི་ཐོག་ནས་གཞན་གྱི་རིག་གཞུང་ལ་འཇུག་པ་ནི།
    བཙས་མ་ཐག་པའི་ལུ་གུ་སྤྱང་ཚོགས་ཀྱི་ཁྲོད་དུ་ལྷུང་བ་དང་འདྲའོ།།
    རང་གི་སྐད་ཡིག་རིག་གཞུང་གི་རྨང་གཞི་ཡོད་པའི་ཐོག་ནས་གཞན་གྱི་རིག་གཞུང་ལ་འཇུག་པ་ནི།
    ཐང་དཀར་རྒོད་པོས་གཤོག་རྩལ་མཁའ་དབྱིངས་སུ་སྐྱོང་བ་དང་འདྲའོ།།
    རང་གི་སྐད་ཡིག་རིག་གཞུང་གི་རྨང་གཞི་མེད་པའི་ཐོག་ནས་གཞན་གྱི་རིག་གཞུང་ལ་འཇུག་པ་ནི།
    ཕྱི་ཐག་མེད་པའི་དགའ་རོགས་ལམ་བར་ནས་འགྱུར་བ་དང་འདྲའོ།།
    རང་གི་སྐད་ཡིག་རིག་གཞུང་གི་རྨང་གཞི་ཡོད་པའི་ཐོག་ནས་གཞན་གྱི་ཤེས་རིག་ལ་འཇུག་པ་ནི།
    གསེར་ས་འོག་ན་ཡོད་ཀྱང་འོད་ནམ་མཁར་ཤར་བ་དང་འདྲའོ།།
    བོད་ཀྱི་སྐད་ཡིག་རིག་གཞུང་རྒྱལ་གྱུར་ཅིག

  2. མཁའ་ལྡིང་གི་ཞལ་ལྕེ། says:
    2012-01-01 at 4:54 am

    རྔ་བ་རྒྱལ་ཁམས་ཚང་གིས་མདོ་འདྲ་མོ་ཟིག་གསུང་གིན་འདུག

  3. ཀརྡོ་གཉེར་ཕྱག་པ་ says:
    2012-01-01 at 5:26 am

    ཡོན་ཏན་རྒྱ་མཚོ། བོད་འབྱོར། ཆེད་རྩོམ་འདི་དྲང་པོ་དྲང་བཞག་གསུངས་འདུག་ལ། ༡༽ རྔ་བ་རྒྱལ་ཁམས་པ་ནས། རད་སྐད་དང་གཞན་སྐད་བར་གྱི་འབེལ་གཏམ་དི་ཡང་བློ་ལ་ཕན་པོ་ཅིག་བྱུང་སོང་ལགས། ཤུགས་རྒྱོབས་ཤོག་དང་། འབྲས་བུ་མེ་དཔ་ག་ལ་སྲིད། རིགས་པའི་དབང་ཕྱུག་གིས། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ལྡོག་པར་བྱེད། །ཅེས་དང་མཚུངས་པས་་་་་་་

  4. ཚེ་རིང་ says:
    2012-01-02 at 2:21 pm

    བོད་ཡིག་འདི་ནི་བོད་མི་རིགས་ཀྱི་བླ་སྲོག་ཡིན། བོད་སྐད་འདི་ནི་བོད་མི་རིགས་ཀྱི་སྲོག་རྩ་ཡིན། ཕྱི་ནང་གི་བོད་མི་སུ་ཡིན་ཡང་རང་གི་སྐད་ཡིག་མ་རླག་པའི་ཐོག་ནས་མི་རིགས་གཞན་གྱི་སྐད་ཡིག་ལ་འཇུག་པ་ནི་སྙིང་ནས་བཅང་བའི་རེ་བ་ཡིན།
    རང་གི་སྲོག་རྩ་ཤོར་བར་མ་ཤེས་བར་འཇིག་འཇིག་ལྟང་ལྟང་བཤད་པ་ནི་ལ་རྒྱལ་མེད་པའི་ཁྱི་མོ་དང་འདྲ་བ་ཡིན།
    ཁ་ནས་ལ་རྒྱལ་བཤད་ཅིང་དོན་ལ་ལག་ལེན་མེད་པར་མ་གནང་རོག

  5. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-01-02 at 5:33 pm

    ཁྱེད་རྣམས་ཀྱིས་གསུངས་པ་དེ་དག་བདེན་པར་མཆིས། བོད་ཕྱི་ནང་དག་ཏུ་མ་ཟད། རྒྱ་གར་པ་སོགས་འཇིག་རྟེན་མི་རིགས་ཀུན་གྱིས་ཨིན་སྐད་ཤེས་པར་བརྩོན། ཨིན་སྐད་ཤེས་པ་རྣམས་ལ་གྲུབ་འབྲས་སུ་ལས་གླ་རྙེད་པ་སླ་བ་སོགས་རྐྱེན་རྩ་དེ་ཡིན་འདུག
    ཡིན་ཀྱང་ངས་སྔོན་མ་ནས་སྐད་རིགས་ལེགས་སྦྱར་སོགས་སྦྱོང་བ་ན་བོད་སྐད་གཞིར་བཞག་བྱས་ཏེ་སྦྱངས་དང་སྦྱོང་བཞིན་པ་ཡིན། ལོ་ངོ་བཞི་བཅུ་ལྷག་སྔོན། ཝ་ར་ཎ་སིར་ངས་བོད་ཀྱི་སྐད་ཡིག་སྦྱང་དགོས་བཤད་པ་ན། ངས་ཨིན་སྐད་ཁུངས་ཐུབ་པ་ཞིག་མི་ཤེས་ཀྱང་། གཞན་ཨིན་སྐད་གཏན་ནས་མ་ཤེས་པ་ཞིག་གིས་ལྟ་ན། ཤེས་པར་མཐོང་སྟེ། བོད་ཀྱི་དགེ་བཤེས་རྒྱ་གར་དུ་སློབ་དཔོན་ཆེན་པོ་ཆགས་པ་ཞིག་གིས་ཀྱང་ཨིན་སྐད་སྦྱང་དགོས། ཨིན་སྐད་ཤེས་ན་དགེ་མཚན་ཡོད་མེད་ལ་དྭགས་འཇམ་དཔལ་ལྟོས། ཞེས་གསུངས། དེ་བཞིན་དུ། ལ་དྭགས་སུ་ངའི་ཚ་མོ་ཞིག་གིས་རང་གི་ཚ་བོ་ཀུན་ལ་རྒྱ་གར་གྱི་སྐད་དུ་གཏམ་གླེང་བ་ན། ངས་ལ་དྭགས་སྐད་དུ་ཤོད། ཅེས་པར་ཆུང་ངུ་ཀུན་ལ་རྒྱ་གར་སྐད་ཤེས་པའི་ཆེད་དུ་རྒྱ་གར་སྐད་བཀོལ། ཞེས་བཤད་སོང་།
    དེས་ན་རང་རེའི་མི་མངས་དཀྱིལ་དུ་བོད་སྐད་གླེང་བའི་ཁྲིམས་ལུགས་ཤིག་མ་བཟོ་ན། བྱ་བ་འདི་སླ་བ་ཞིག་ཏུ་མ་མཐོང་། ཉེ་དུས་ཁ་བརྡ་ན། བོད་ཀྱི་ས་གནས་ཤིག་ཏུ་བོད་སྐད་དང་བོད་ཡིག་བཀོལ་དགོས་པར་མི་མངས་ཀྱིས་ཁྲིམས་བཟོས་འདུག་ཅེས་བཀླགས། དེ་ཉིད་བདེན་པ་ལག་ལེན་དུ་སྟར་ཐུབ་ཚེ། རང་ཅག་རྣམས་ཀྱི་མིག་དཔེར་འོས་པ་ཞིག་ལགས།
    དེས་ན།
    སྐད་རིགས་སྣ་ཚོགས་ཤེས་ན་བཟང་མོད་ཀྱང་།
    རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན།
    ཞེས་པ་ལྟར་བོད་སྐད་ཡི་གེར་འབྲི་བ་ན། བདག་གིས་སྔོན་རབས་ཀྱི་ཕ་སྐད། ཆོས་སྐད་ན་ལུས་ཡོད་པ་དེ་དག་གཞིར་བཟུང་གང་ཐུབ་བྱེད། ང་སྐྱེས་སའི་ལུང་པ་དེ། ལ་དྭགས་གཤམས་ཕྱོགས་དབེན་པ་ཞིག་ཡིན། དེ་ཡིས་བོད་ཀྱི་གནའ་བོའི་སྐད་རྗོད་སྟངས་དེ་དེ་ན་ལུས་འདུག དེ་ཡིས་བདག་གིས་བྲིས་པའི་ཚིག་བརྗོད་ཅིག ཤེས་བྱའི་དུསདེབ་་ཀྱི་ཐོག་མའི་ཡི་གེ་བྱེད་པོ། བྲག་གཡབ་པ་ཞིག་གིས་གཟིགས་ཏེ། རྒན་འཇམ་དཔལ་གྱི་ཡི་གེ་འདི་དག་ལ་རྒྱ་གཞུང་གི་དབྱིངས་ལྟ་བུ་འདུག་ཀྱང་། མ་ཤེས་མཁན་ཞིག་གིས་འགྲིག་མི་འདུག་ ཅེས་བཤད་ངེས། ཞེས་ལོ་ངོ་ལྔ་བཅུ་ཙམ་སྔོན་དུ་གསུངས་པ་བདེན་པར་མངོན། ད་ལྟ་ཁ་བརྡ་ན་བདག་ལ་བོད་ཡིག་སྦྱངས་དགོས་པ་འདུག ཅེས་ཟེར་མཁན་མང་དུ་མཆིས།
    དེ་དག་གང་ལྟར་ཡང་། ཁྱེད་རྒྱ་ནག་སྐད་མཁྱེན་པ་དག་གིས་བཀའ་འགྱུར་ན་རང་བློ་ལ་བབས་པའི་དཔེ་ཆ་རེ་འདམས་ཏེ། རྒྱ་ནག་སྐད་དང་། བོད་སྐད་གཉིས་བསྡུར་ནས་མདོ་རྒྱ་ཆེར་རོལ་པ་སོགས་ཀློག་ན། རང་གི་ཕ་མེས་ཀྱི་ཕ་སྐད་ལ་ནང་བྱན་ཆུད་པའི་བོད་ཀྱི་མཁས་པའི་དབང་པོར་འགྱུར་ངེས། དེས་ན་དེ་ལྟར་མཛོད་ཅིག ཅེས་ཞུ་བ་་ལགས་སོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme