Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱང་ནས་སྐད་ཅིག་སྐུར་ཡོད།

Posted on 2011-12-30 By ཁ་བརྡ་ 10 Comments on རྒྱང་ནས་སྐད་ཅིག་སྐུར་ཡོད།

བོད། ལྷ་ཀླུ་གཉན་གསུམ།

ངས་ལོ་ངོ་གཉིས་ལྷག་གི་རིང་དུ་དཀའ་སྤྱད་སྡུག་རུས་ཀྱི་འབད་འབུངས་ཁྲོད་དུ། མི་སྡེ་ཞིག་གི་སྤྱི་ཚོགས་ཁྲོད་ནས་སྤྱིར་བཏང་གི་གྲྭ་བ་ཞིག་གྲྭ་ས་དང་གྱེས་རྗེས་ཀྱི་སྔ་གཞུག་གི་འགྲོ་འདུག་བསྡོད་གསུམ་དང་བསམ་བློ་གཏོང་ཕྱོགས། འཚོ་བའི་ཟ་ཟུར་གྱི་འགྲུལ་བསྐྱོད་གཞིར་བཞག་གིས་དེབ་གཅིག་བྲིས་པ་ཡིན། དེབ་ཀྱི་མིང་ལ་སྦྱིན་བདག་མི་དགོས། གྲྭ་བ་མི་བྱེད་ཅེས་བཏགས་ནས་འགྲོ་སོང་དང་ལས་ཚེགས་སོགས་ལ་མ་འཛེམས་པར་ད་ལྟའི་འཆར་ལེགས་འགྲུབ་བྱུང་ནས། ངའི་ཕ་མ་གཉིས་དང་ནུ་མོ་གསུམ་ནས་རྡོར་གདན་གྱི་དུས་དབང་གནང་སའི་ཁོར་ཡུག་ཞིག་ན་བཙོང་གི་ཡོད། དེབ་རེར་ཧིན་སྒོར་ཉིས་བརྒྱ་དང་སློབ་མ་དང་གྲྭ་བ་སོགས་ལ་དེ་རིང་ནས་བཟུང་། ཧིན་སྒོར་བརྒྱ་དང་ལྔ་བཅུ་བྱས་ནས་བཙོང་ན་འགྲིག་གི་ཡོད་པའི་སྐོར། ཁ་པར་གྱི་ལམ་ནས་དྲིན་ཆེན་ཕ་མ་གཉིས་ལ་ཞུས་པ་ཡིན།

གཞུག་ནས་སྐད་སྐུར་དངོས་ནི་ཀློག་མཁན་དང་དེབ་ཀྱི་མཐའ་འཁོར་དུ་ཡོང་ནས་དེབ་ཉོ་བ་དང་ལྟ་བ་སོགས་བྱེད་མཁན་གྱི་སྤུན་ཟླ་ཕོ་མོ་ཡོངས་ལ་རེ་སྐུལ་ཞིག་མི་ཞུ་ཐབས་མེད་གྱུར་སོང་། དེབ་ཀྱི་ཁ་བྱང་གི་རྒྱབ་ལྗོངས་དང་ནང་དོན་ཤེས་འདོད་ཡོད་ན། དེབ་ཉོས་ནས་ཀློག་པ་དང་། ཉོ་འདོད་མེད་ན་གཏམ་བཟང་ངན་གང་ཞིག་བཤད་འདོད་ཡོད་ན། ངའི་ཕ་མ་གཉིས་ཀྱི་ཞལ་ལ་བལྟས་དེ་ཚིག་ངན་མ་བརྗོད་རོགས། ངའི་ཕ་ལོ་ནི་ཡི་གེ་ཀློག་ཤེས་ཙམ་ལས་ནང་དོན་གོ་མཁན་དེ་འདྲ་མིན། མ་ལོ་ནི་དེ་བས་ཀྱང་ཡིག་རྨོངས་ཡིན། ནུ་མོ་ཡང་ད་ལྟའི་འཆར་སློབ་མ་རེད། དེ་འདྲའི་བོད་ཡིག་གི་ཆུ་ཚད་མེད། སྤུན་ཟླ་སུ་ཡིན་ཡང་། དེབ་དེ་ཡི་སྔ་གཞུག་ལ་གཏམ་བཟང་ངན་གང་ཞིག་བཤད་པར་སྤྲོ་བ་ཡོད་མཁན་དེ་འདྲའི་ཡིན་ན། ཐད་ཀར་ངའི་ཟིན་བྲིས་དངhttp://www.tibettimes.net/blogs.php?id=55&post_id=18747ང་རང་གི་གློག་འཕྲིན་ཁ་བྱང་souloflove538@gmail.comའདིའི་སྟེང་ནས་བཤད་ན་འགྲིག་གི་ཡོད་ལ། དངོས་ནས་དགོས་འཁོའི་ལན་འདེབས་དགོས་ས་འདྲ་ཡིན་ན་ལན་འདེབས་དུས་ཐོག་དུ་བྱེད་ཆོག དེ་མིན་བདག་གི་ཕ་མ་གཉིས་ལ་དོན་མེད་དུ་སེམས་ཁྲལ་བཟོ་མ་ཡོང་ལགས།

ཉོ་འདོད་མེད་པ་དང་ཀློག་འདོད་མེད་པའི་རིགས་ལ། ཨུ་ཚུགས་དང་བཙན་པོ་དབང་ཡོད་དེ་འདྲ་ནམ་ཡང་ཞུ་མི་འཕོད་ལ། ཞུ་གསོལ་ཡང་ག་ལ་ཡོད། ཞུ་སྐུལ་གཅིག་རང་ཡོད་པ་ནི། བདག་གི་སྐད་སྐུར་འདི་དྲ་ལམ་གྱི་སྤུན་ཟླ། དུས་དབང་དུ་ཡོད་མཁན་གྱི་ཟིན་བྲིས་ཀློག་མཁན་དང་ཁ་བརྡ་དྲ་བ་ཀློག་མཁན་ཡོངས་ཀྱིས་བདག་གི་ཚབ་དུ་སྐད་ཆ་འདི་དག་ཉེ་འཁོར་གྱི་སྤུན་ཟླ་དེ་དག་ལ་ཞུ་རོགས་གནོང་། ཉིན་འགའི་སྔོན་དུ་མི་ཁ་ཤས་ཀྱིས་བདག་གི་ཕ་མ་གཉིས་ལ་སྐད་ཆ་རྩུབ་མོ་དེ་འདྲ་བཤད་སྟབས། དྲིན་ཆེན་ཕ་མ་གཉིས་ཀ་སེམས་ཁྲལ་བྱེད་ཀྱིན་པའི་སྒང་རེད་ལགས། སྤུན་ཟླ་ཚོ། ཁྱེད་ཅག་དུས་དབང་དུ་ཆོས་ཞུ་རུ་བཅར་བ་ཡིན་དུས། གལ་སྲིད། བདག་གི་དེབ་ཀྱི་ཁ་བྱང་དེ་ཡི་ཁྱེད་ཅག་གི་ཐུགས་ལ་འཕོག་པ་འདྲ་བྱུང་ཡོད་ན་དགོངས་དག་ཞུ་བ་དང་འབྲེལ། རབ་ན་དེབ་ལ་ཞིབ་དུ་གཟིགས་ནས་བསམ་ཚུལ་ལྷུག་པོར་གསུང་རོགས་ཞུ། གླིང་ཚ་ཚེ་བརྟན་རྡོ་རྗེའམ། སྨྱུག་མིང་། བོད། ཤ་ཁྲག་རུས་གསུམ་ནས་གུས་པ་དང་བཅས་དེ་ཕུལ།

སྣ་ཚོགས།

Post navigation

Previous Post: མཁས་ཅན་གསུམ་གྱིས་རྒྱ་ནག་གི་མི་རིགས་སྲིད་ཇུས་ཇེ་ལེགས་སུ་གཏོང་ཐུབ་ཟེར།
Next Post: མཆོད་མེ་གཟིམ་གི་འདུག

Comments (10) on “རྒྱང་ནས་སྐད་ཅིག་སྐུར་ཡོད།”

  1. ཀརྡོ་གཉེར་ཕྱག་པ་ says:
    2011-12-31 at 6:06 am

    ་་་་གྱེས་རྗེས་ཀྱི་སྔ་གཞུག་གི་འགྲོ་འདུག་བསྡོད་༼སྡོད་༽གསུམ་དང་བསམ་བློ་གཏོང་ཕྱོག་་་་་།
    ། དངོས་གནས་བྱས་ན་འདིར་གསུམ་ལས་གཅིག་ཚང་མི་འདུག་ གང་ཡིན་ཟེར་ན། འདུག་པ་དང་སྡོད་པ་གཉིས་དོན་གཅིག་པས་སོ། །

  2. སྦྲ་རིགས་ཐོགས་མེད། says:
    2011-12-31 at 11:36 am

    ད་ལྟའི་བོད་ཀྱི་ཀློག་པ་བོའི་ཁྲོད་དུ་དེབ་ཀྱི་རྒྱབ་ཤ་ལ་བལྟས་ནས་དེབ་ཀྱི་རིན་ཐང་ཚད་གཞི་ཡོངས་རྫོགས་ལ་སྡོམ་ཚིག་འཇོག་པ་དང་། དེབ་ཀྱི་རྩོམ་པ་བོའི་མིང་ཙམ་ལ་བལྟས་ནས་དེབ་ཀྱི་གནད་དོན་ཧྲིལ་བོར་སྡོམ་ཚིག་འབྲི་བའི་གོམས་སྲོལ་དེ་བོད་སྤྱི་ཚོགས་ཀྱི་ངེས་པར་དུ་འདོར་འོས་པར་མཐོང་།

    སྲོལ་རྒྱུན་བོད་ཀྱི་མཁས་པའི་ཁྲོད་དུ་ཐོག་མར་བརྒལ་བརྟག་དཔྱད་གསུམ་གྱི་ལམ་ནས་ཞིབ་འཇུག་མཐར་ཕྱིན་བྱས་རྗེས། ཐ་མར་གཞི་ནས་དགག་བཞག་རྩོད་སྤོངས་བྱེད་པའི་ལུགས་སྲོལ་ལེགས་པོ་ཞིག་ཡོད་པ་དེ་ང་ཚོས་བསྐྱར་དུ་སློབ་སྦྱོང་བྱེད་དགོས་པར་མཐོང་།

    ལྷག་པར་འབྲི་བ་བོའི་ཡིག་རྨོངས་ཕ་ནུ་མིང་སྲིང་གི་མདུན་དུ་ཚིག་མི་སྙན་པ་སྨྲ་བ་ནི་ཇི་འདྲའི་ཅོལ་ཆུང་གི་གཏམ་ཞིག་རེད་ཨང་། གནས་ལུགས་ཀྱི་ཐོག་དགག་བཞག་བྱེད་འདོད་ན་ཐོག་མར་གཅིག་ཉོས་ནས་ཞིབ་ཀློག་བྱོས། དེའི་རྗེས་གཞི་ནས་དཔྱད་བརྗོད་སྤེལ་བར་རིགས་སོ།།

  3. བསམ་འགྲུབ་ says:
    2011-12-31 at 2:27 pm

    ཁྱེད་རང་ནི། ངས་བལྟས་ན། འུ་ཐུག་པའི་མི་ཞིག་ཡིན་པ་གསལ་པོ་རེད། དེབ་ཅིག་འབྲི་ཐུབ་ན། ཐབས་ཤེས་གཞན་མེད་པར་ཕ་མ་སྤུན་མཆེད་ལ་བཙོང་དུ་འཇུག་པ་ནི་ཧང་སངས་དགོས་པའི་དོན་དག་ཅིག་རེད། རྗེས་སུ་དེ་མ་བྱེད།

  4. ཚེ་རིང་ says:
    2011-12-31 at 3:07 pm

    ཐུགས་ཁག་མི་འདུག་ཡ། དེབ་དེའི་ལྤགས་པ་གཅིག་པོ་ལ་ལྟས་ནས་ཕ་མ་སྤུན་མཆེད་ཡན་ཆད་ལ་ཁ་ངན་ཚིག་ངན་བཤད་ན་མི་འགྲིག་གི བཟང་ངན་གང་ཡང་མ་ཤེས་གོང་གི་སྐྱོན་བརྗོད་ཤུགས་ཆེར་བྱེད་པའི་ལུགས་སྲོལ་དེ་མེད་ན་ཡག་གི དེབ་དེས་བོད་མིའི་སྤྱི་ཚོགས་ལ་ཕན་མ་ཐོག་ན་ཡང་གནོད་བསྐྱལ་གི་མ་རེད་འདོད་གི

  5. རྨ་ཆུའི་སྐལ་བཟང། says:
    2011-12-31 at 3:33 pm

    གྲོགས་པོ་ལེགས་བཀའ་དྲིན་ཆེ།
    བོད་ལྷ་གླུ་གཉན་གསུམ་གྱིས་ཡིན་ན་ཉོས་ནས་ཀློག་ངའི་ཡིན་འོན་ཀྱང་ཤ་ཁྲག་རས་གསུམ་གྱིས་ཡིན་ཧ་གོ་མ་སོང་གང་ལྟར་ངའི་ཁྱེད་གཉིས་མི་གཉིས་ལ་ངོས་འཛིན་ཡོད།

  6. ངག་ཁྲི། says:
    2011-12-31 at 9:19 pm

    ༡བོད་མིའུ་གདུང་དྲུག་འགྲོ་འདུག་༦གླིང་།།
    ༢ལྷ་སྒྲིག་པའི་གྲལ་ནས་བུད་པའི་༧ཚེ།།
    ༣ཀླུ་ཚོགས་པའི་རང་སྐྱོང་འཚོ་བ་༨བརྟན།།
    ༤གཉེན་ཉེ་དུའི་མདུན་སར་ཚིག་མཚོན་༩རྡོ།།
    ༥གསུམ་ལྷན་དུ་འཕངས་པ་རིག་འཛིན་༡༠རྗེ།།

  7. རིན་ ཆེན བཀྲ་ཤིས་ says:
    2012-01-03 at 11:04 am

    དྲ་གྲོགས་ཚོ་བསམ་བློ་ལྷོད་ལྷོད་བྱས་དང། དོན་མེད་མི་གཞན་ལ་ཁ་རྡུང་གཏོང་གིན་མ་འདུག གང་ལྟར་རྩོམ་པ་པོ་ཁོ་རང་ཐུག་ཁག་མི་འདུག་ཡིན་ཡང་། ཁོང་གི་རེ་་སྐུལ་ཡི་གེ་ནང་དུ་ཁོང་གཅེས་ཕ་མ་གཉིས་ལ་དོན་མེད་བསུན་བཙུར་བཟོ་མཁན་དེ་དག་བསམ་བློ་ཡོད་མཁན་ཞིག་མིན་པ་ཐག་གི་ཆོད། དེང་སང་གི་དྲ་འབུ་ནང་ན་ཤེས་ཡོན་དང་མཐོང་རྒྱ་ཡངས་མོ་ཡོད་མཁན་ཧ་ཅང་གི་ཉུང་ཉུང་རེད་འདུག དེ་དག་ནི་རང་ཉིད་དོན་དག་ཏིལ་འབྲི་ཙམ་ཡང་སྒྲུབ་མི་ནུས་པར་ཕ་རོལ་རིག་གཞུང་ལ་དུངས་ཞེན་ཡོད་མཁན་དག་ལ་སེམས་ཤུགས་གཅོག་པ་དང་མི་རིགས་འདིའི་ལས་དབང་ལ་འགན་འཁུར་མི་ཤེས་མཁན་གྱི་བྱིས་བློ་ཅོལ་ཆུང་དག་རེད། རྒྱུ་མཚན་དང་ལྡན་པའི་སྒོ་མཆན་འདབས་རྒྱུ་ཧ་ཅང་གི་གལ་ཆ།

  8. རྣམ་རྟོག་གི་ཚེར་མ་ says:
    2012-01-05 at 3:47 pm

    ཚོང་རྫས་དེ་ཕ་མ་གཉིས་ཀྱི་ལག་ལ་བཞག་སྟེ་ཕ་མ་སེམས་ཁྲེལ་ནང་ལ་ལྷུང་བར་བཅུག་དགོས་དོན་མི་འདུག

  9. རྣམ་རྟོག་གི་ཚེར་མ་ says:
    2012-01-05 at 4:07 pm

    ཕ་མ་སེམས་ལ་དྲན་བཞིན།
    ཕ་མ་སེམས་ཁྲེལ་བཟོས་སོང་།
    བུ་ཁྱོད་སེམས་པ་སྐྱོ་ན།
    གྲུ་བཞིའི་སེམས་གནག་ཡར་བླངས་།

  10. ར་ལོ says:
    2012-01-06 at 8:18 am

    ཉོ་འདོད་མེད་ན་མ་ཉོས་ན་འགྲིག་གི། བཙོང་མཁན་གྱི་ཐོག་ལ་ངན་དམོད་མ་བྱས་ན་འགྲིག་གི། མཆན་བཀོད་མཁན་གྱི་ཐོག་ལའང་ངན་དམོད་མ་བྱས་ན་ཆོག་གི་མ་གཏོགས། གཞན་ཀླ་ཀློ་གཅིག་མཚུངས་སུ་འགྲོ་ཉེས་འདུག་དཱ། ཧཧ་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme