Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨོ་ལིམ་པིག ༼གཉིས་པ༽

Posted on 2008-07-13 By དགེ་རབ་ No Comments on ཨོ་ལིམ་པིག ༼གཉིས་པ༽

ཚེ་དོན་གྱིས།

ཕྱི་ལོ་༡༩༡༢་ལོ་ཨོ་ལིམ་པིག་རྩེད་འགྲན་སུ་ཝི་ཊོན་གྱི་སུ་ཊ་ཁུ་ཧོམ་(Stockholm, Sweden)ནང་ཚོགས་པ་དང་། རྩེད་འགྲན་འདི་ཞིབ་ཚགས་པོ་དང་འཆར་བཀོད་ཧ་ཅང་ལེགས་པོ་བྱུང་འདུག ཐེངས་དང་བའི་གློག་གི་དུས་ཚོད་ཀྱིས་ཇུས་བཀོད་དང་མི་མང་གིས་གོ་ཐུབ་པའི་སྒྲ་སོགས་བེད་སྤྱད་བཏང་བས་རྩེད་འགྲན་ལ་ཕན་ཐོགས་བྱུང་། ༡༩༡༢་ལོའི་ཨོ་ལིམ་པིག་རྩེད་འགྲན་འདི་ལ་ལུས་རྩལ་མཁན་ཕལ་ཆེར་༢༥༠༠་མཉམ་ཞུགས་དང་རྒྱལ་ཁབ་༢༨་ཀྱི་འཐུས་ཚབ་འདུག

ཕྱི་ལོ་༡༩༡༦་ལོ་ཨོ་ལིམ་པིག་རྩེད་འགྲན་འཇར་མིན་གྱི་སྦིར་ལེན་(Berlin, Germany)དུ་ཚོགས་གཏན་འཁེལ་ཡོད་ཀྱང་། འཛམ་གླིང་དམག་འཁྲུག་དང་པོ་ལ་རྐྱེན་བྱས་ཨོ་ལིམ་པིག་རྩེད་འགྲན་ཕྱིར་འཐེན་གྱིས་ཚོགས་ཐུབ་མེད།

ཕྱི་ལོ་༡༩༢༠་ལོ་ཨོ་ལིམ་པིག་རྩེད་འགྲན་སྦིལ་ཇིམ་གྱི་ཨན་ཊི་ཝིར་(Antwerp, Belgium)དུ་ཚོགས་པ་དང་། འཛམ་གླིང་དམག་འཁྲུག་དང་པོ་མཇུག་སྒྲིལ་ཙམ་ཡིན་སྟབས། འཛམ་གླིང་མི་མང་གིས་ཁྲག་དྲི་བྲོ་བའིོ་སྐྱོ་གནས་ཤིག་མཐོང་ཟིན་པ་རེད། ཨོ་ལིམ་པིག་ཡི་དམིགས་ཡུལ་ནི་རྒྱལ་ཁབ་ཚང་མ་རྩེད་འགྲན་ལ་མཉམ་ཞུགས་བྱེད་ཆོག་པ་དེ་ཡིན་མོད་། སྐྱོ་གནས་འདི་དང་ཆབ་སྲིད་ཀྱི་གནས་སྟངས་ལ་རྐྱེན་བྱས། ཨོ་ལིམ་ཕིི་ཁུ་ལྷན་ཚོགས་ཀྱིས་འཇར་མ་ནི་(Germany)་དང་། ཨུ་སུ་ཊི་རི་ཡ།(Austria) སྦུལ་གཱ་རི་ཡ།(Bulgaria) ཊུར་ཁེ།(Turkey) ཧུན་གཱ་རེ(Hungary)་སོགས་རྒྱལ་ཁབ་རྣམས་རྩེད་འགྲན་དུ་འགྲོན་འབོད་བཏང་མེད། སྐབས་འདི་ནས་བཟུང་། ཨོ་ལིམ་པིག་ཡི་གཞུང་འབྲེལ་དར་ཆ་དེ་བསྒྲེངས་ཡོད་ཀྱང་། མི་མང་ཞིག་གིས་མཐོང་ཐུབ་མེད། རྒྱུ་རྐྱེན་ནི་དམག་འཁྲུག་གི་མཇུག་ཡིན་སྟབས་མི་མང་གིས་རྩེད་འགྲན་གྱི་འཛིན་བྱང་དང་འགྲོ་གྲོན་གྱི་མ་དངུལ་དབེན་སྟབས། ལྟད་མོ་བ་ཉུང་ངུ་ཞིག་མ་གཏོགསའཛོམས་མེད། སྦེལ་ཇིམ་ལ་སྒོར་ས་ཡ་༦༠༠་གྱོང་གུད་བྱུང་འདུག སྐབས་འདི་ལ་ལུས་རྩལ་མཁན་༢༥༠༠་ལས་བརྒལ་བ་དང་། རྒྱལ་ཁབ་ ༢༩་ཡི་འཐུས་ཚབ་འདུག

ཕྱི་ལོ་༡༩༢༤་ལོ་ཨོ་ལོམ་ཕུ་ཁུ་རྩེད་འགྲན་ཧྥ་རིན་སི་ཡི་ཕ་རི་སུ་ནང་ཚོགས་པ་དང་། དེང་རབས་ཨོ་ལིམ་པིག་གསར་འཛུགས་གནང་མཁན་སྐུ་ཞབས་ཁུའུ་སྦིར་ཊིན་གྱིས་རེ་སྐུལ་དང་ཁོང་གི་ལས་གནས་དགོངས་ཞུ་ལ་བརྩི་མཐོང་གནང་དེ་ཕ་རི་སུ་ནང་རྩེད་འགྲན་གནང་འདུག ལོ་འདི་ལ་གྲོས་བསྡུར་མང་བོ་བྱས་རྗེས་དགུན་ཁའི་རྩེད་འགྲན་དེ་འཕར་སྣོན་བྱས། སྲོལ་རྒྱུན་ལྟར་ན་དགུན་ཁའི་རྩེད་འགྲན་དེ་དབྱར་ཁའི་ཨོ་ལིམ་པིག་རྩེད་འགྲན་གྱི་ཟླ་བ་ཁ་ཤས་སྔོན་དུ་ཚོགས། ༡༩༢༤་ལོའི་ཨོ་ལིམ་པིག་རྩེད་འགྲན་འདི་ལ་ལུས་རྩལ་མཁན་༣༠༠༠་ལས་མང་ཙམ་མཉམ་ཞུགས་དང་རྒྱལ་ཁབ་༤༤་ནས་འཐུས་ཚབ་འདུག

ཕྱི་ལོ་༡༩༢༨་ལོ་ཨོ་ལིམ་པིག་རྩེད་འགྲན་དེ་ ནེ་ཐེར་ལེནཌ་ཡི་ཨེམ་སེ་ཊིར་སྒྲེམ་(Amsterdam, Netherlands)དུ་ཚོགས། སྐབས་འདིར་འགྲན་བསྡུར་མཁན་གསར་བ་མང་པོ་ཞིག་ཐོན་པ་དང་། ལྷག་པར་དུ་བུད་མེད་ལུས་རྩལ་མཁན་རྩེད་ར་ཞུགས་པ་ན། ཁུའུ་སྦིར་ཊིན་དང་མི་གཞན་དག་གིས་དེ་དག་ལ་འགོག་རྒོལ་བྱས་པ་དང་། ཁོང་ཚོས་སེམས་འཁྲལ་གནང་བ་ནི་འགྲན་བསྡུར་ཁྲོད་ཀྱི་བུད་མེད་ཚོ་“ཕོ་ཡི་མཚན་ཉིད་ལྡན་པ”ཞིག་ཏུ་འགྱུར་རྒྱུ་དང་། ཁོང་ཚོའི་འཕྲོད་བསྟེན་ཉམས་ཞན་དུ་གྱུར་ནས་བྱིས་པ་སྐྱེས་མི་ཐུབ་པར་ཆགས་སྲིད་སྙམ། སྐབས་འདིེར་ལུས་རྩལ་མཁན་༣༠༠༠་ཙམ་དང་།རྒྱལ་ཁབ་༤༦་ནས་འཐུས་ཚབ་འདུག

ཕྱི་ལོ་༡༩༣༢་ལོ་ཨོ་ལིམ་པིག་རྩེད་འགྲན་དེ་ཨ་རིའི་ལོ་སེ་ཨན་ཇེ་ལི་སི་(Los Angeles, USA)ལ་ཚོགས། སྐབས་འདིར་ཨོ་ལིམ་པིག་རྩེད་འགྲན་དུ་མཉམ་ཞུགས་གནང་མཁན་གཅིག་ཀྱང་མེད་པ་ལྟར་མངོན། རྩེད་འགྲན་དུས་ཚོད་ཀྱི་ཟླ་བ་དྲུག་གི་སྔོན་ལ་རྒྱལ་ཁབ་གཅིག་གིས་ཀྱང་གཞུང་འབྲེལ་གྱི་གདན་ཞུ་ལ་ལན་འདེབས་བྱས་མེད་པ་མ་ཟད། རྒྱལ་ཁབ་མང་བོ་ཞིག་གིས་རྒྱང་རིང་གི་ཨ་མེ་རི་ཁ་ལ་འགྲུལ་བཞུད་བྱེད་རྒྱུ་འགྲོ་གྲོན་མ་དངུལ་གཏོང་དཀའ་བ་བྱུང་།

ཨོ་ལིམ་པིག་ཚོགས་ལ་ཉེ་ཡང་ལྟད་མོའི་འཛིན་བྱང་ཡང་མང་བོ་ཞིག་བཙོང་མ་ཐུབ་པར་ལྷག་ཡོད་སྟབས། ཧོ་ལི་བོའུ་སྒྲི་(Hollywood)ཡི་མི་སྣ་སྐད་གྲགས་ཅན་ཁ་ཤས་ཀྱིས་འཁྲབ་སྟོན་གཟིགས་མོ་འབུལ་རྒྱུ་བྱས་བས་མི་ཚོགས་འདུ་འཛོམས་དང་འཛིན་བྱང་ཉོ་མཁན་མང་བོ་བྱུང་། གྲོང་ཁྱེར་འདིར་རྩེད་འགྲན་ཆེད་དུ་ཨོ་ལིམ་པིག་གྲོང་གསེབ་ཟེར་བ་ཞིག་གསར་བསྐྲུན་བྱས་ནས། ལུས་རྩལ་མཁན་ཕོ་མོ་སོི་སོར་སྡོད་ཁང་དང་ཟ་ཁང་སོགས་ཧ་ཅང་གྲ་རྒྱས་པོ་ཞིག་བཀོད་སྒྲིག་བྱས། ཐེངས་འདིའི་ཨོ་ལིམ་པིག་རྩེད་འགྲན་དུ་ལུས་རྩལ་མཁན་༡༣༠༠་ཙམ་དང་། རྒྱལ་ཁབ་༣༧་ནས་འཐུས་ཚབ་འདུག

ཕྱི་ལོ་༡༩༣༦་ལོ་ཨོ་ལིམ་པིག་རྩེད་འགྲན་དེ་འཇན་མིན་གྱི་སྦིར་ལེན་(Berlin, Germany)་དུ་ཚོགས་གཏན་འཁེལ་དུས། ཧི་ཊི་ལེར(Hitler)གྱིས་འཇར་མིན་དབང་བསྒྱུར་བྱེད་རྒྱུ་བསམ་ཡུལ་དུ་འཁོར་མེད། རྩེད་འགྲན་འདི་ལ་རྒྱལ་སྤྱིའི་བགྲོ་གླེང་ཤུགས་ཆེན་བྱུང་བ་དང་། རྒྱལ་ཁབ་མང་བོ་ཞིག་གིས་ཨོ་ལིམ་པིག་རྩེད་འགྲན་ལ་མཉམ་ཞུགས་མི་བྱེད་རྒྱུ་བྱས། ལྷག་པར་དུ་ཨ་རི་ནས་ཤུགས་ཆེན་པོས་ངོ་རྒོལ་གྱིས་མཉམ་ཞུགས་མི་བྱེད་རྒྱུ་བྱས་ཀྱང་། མཐར་མ་རྩེད་འགྲན་ལ་ཉེ་སྐབས་འགྲོན་འབོད་ངེས་ལེན་བྱས་འདུག

འཇར་མིན་ནཱ་ཙེ་(Nazi Germany)གཞུང་གིས་དུས་སྟོན་འདི་ཁོང་ཚོའི་ལྟ་བ་དྲིལ་བསྒྲགས་དང་ཁྱབ་སྤེལ་བྱེད་རྒྱུའི་ལམ་ཞིག་ཏུ་མཐོང་ནས་ལས་རྩལ་རྩེད་ར་གསར་རྒྱག་དང་། ཆུ་རྐྱལ་རྫིང་བུ་བཟོ་བ། ལུས་རྩལ་མཁན་ཚོ་སྡོད་ས་བཀོད་སྒྲིག་གནང་ཡོད། རྩེད་འགྲན་སྐབས་ནཱ་ཙེ་ཡི་མཚོན་རྟགས་དར་ཆ་དང་འཕྲད་དར་གང་སར་བསྒྲེངས་ནས་འཛམ་གླིང་ལ་ནཱ་ཙེ་གཞུང་གི་གདོང་གཤིས་དེ་ངོམས་ཅི་ཐུབ་བྱས། རྩེད་འགྲན་འདི་ནི་བརྙན་འཕྲིན་ཐོག་མངོན་པ་དང་བོ་རེད། སྐབས་འདི་ལ་ཨོ་ལིམ་པིག་དཔལ་འབར་བརྒྱུད་སྤྲོད་དེ་རྩོད་རྙོག་ཅན་དུ་གྱུར། ༡༩༣༦་ལོའི་ཨོ་ལིམ་པིག་རྩེད་འགྲན་འདིོར་ལུས་རྩལ་མཁན་༤༠༠༠་ཙམ་དང་། རྒྱལ་ཁབ་༤༩་ནས་འཐུས་ཚབ་མཉམ་ཞུགས་གནང་།

ཕྱི་ལོ་༡༩༤༠་ལོ་ཨོ་ལིམ་པིག་རྩེད་འགྲན་དེ་ཉི་ཧོང་གི་ཀྲོ་ཁཱོ་(Tokyo, Japan)་དུ་ཚོགས་རྒྱུ་གཏན་འཁེལ་བྱས་ཡོད་མོད།སྐབས་དེར་ཉི་ཧོང་ནི་ཨེ་ཤི་ཡ་ནང་དམག་འཁྲུག་གི་ཚ་རླབས་ཆེ་བའི་སྐབས་དང་། འཛམ་གླིང་དམག་འཁྲུག་གཉིས་བ་འགོ་བཙུགས་སྟབས། ཨོ་ལིམ་པིག་རྩེད་འགྲན་ཕྱིར་འཐེན་བྱས།

ཕྱི་ལོ་༡༩༤༤་ལོ་ཨོ་ལིམ་པིག་རྩེད་འགྲན་དེ་འཛམ་གླིང་དམག་འཁྲུག་གཉིས་པ་རྐྱེན་བྱས་ཚོགས་ཐུབ་མེད།

ཕྱི་ལོ་༡༩༤༨་ལོ་ཨོ་ལིམ་པིག་རྩེད་འགྲན་དེ་དབྱིན་ཇིའི་ལོན་ཊོན་(London, England)དུ་ཚོགས། སྐབས་དེར་འཛམ་གླིང་དམག་འཁྲུག་གཉིས་པ་མཇུག་རྫོགས་ཡོད་ཀྱང་། ཡུ་རོབ་ནང་དམག་འཁྲུག་ཁྲོད་ཀྱི་གཏོར་བཅོམ་དང་གོད་ཆགས་མུ་མཐུད་ལྷག་ཡོད་ལ། རྒྱལ་ཁབ་མང་བོ་ཞིག་གི་ནང་དཔལ་འབྱོར་ཉམས་རྒུད་དང་མི་དམངས་བཀྲོས་ལྟོགས་གིས་མནར་བཞིན་པ་རེད། དབྱིན་ཇིའི་གཞུང་གིས་རྩེད་འགྲན་གྱི་མཐུན་རྐྱེན་རྣམས་ཚད་བཀག་བྱས་ནས། ལུས་རྩལ་མཁན་ཚོས་རང་ཉིད་ཀྱི་ཟ་མ་དང་། མཁོ་ཆས་རྣམས་ཁྱེར་ཡོང་རྒྱུ་དང་། ཞལ་འདེབས་སྤྲོད་པར་མོས་མཐུན་བྱས།
ལུས་རྩལ་ར་བ་སོགས་འགྲན་བསྡུར་བྱེད་སའི་ཁང་བ་དང་སྡོད་ས་གསར་བ་ཅི་ཡང་མེད་པར་། ལུས་རྩལ་མཁན་སྐྱེས་བ་རྣམས་དམག་སྒར་དུ་སྡོད་ས་བཀོད་སྒྲིག་དང་བུད་མེད་ཚོ་ལྷོ་ཡུལ་སློབ་གྲྭ་ཆེན་མོའི་(Southland, College)སློབ་ཕྲུག་ཉལ་ཁང་དུ་བཀོད་སྒྲིག་བྱས། ཨོ་ལིམ་པིག་འདི་ལ་འཇར་མིན་དང་ཉི་ཧོང་ལྟ་བའི་གདུག་རྩུབ་ཅན་གྱི་བཙན་འཛུལ་མཁན་རྩེད་འགྲན་ལ་འགྲོན་འབོད་བཏང་མེད།

ཕྱི་ལོ་༡༩༤༨་ལོའི་ཨོ་ལིམ་པིག་ཡི་རྩེད་འགྲན་འདི་དུས་ལྟར་ཚོགས་དགོས་མིན་ཐད་བགྲོ་གླེང་མང་བོ་བྱས་ཀྱང་། མཐར་མར་རྩེད་འགྲན་འདི་དུས་ལྟར་ཚོགས་ཐུབ་པ་མ་ཟད་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་སྙན་གྲགས་ཆེན་པོ་བྱུང་། སྐབས་འདིར་ལུས་རྩལ་མཁན་ཕལ་ཆེར་༤༠༠༠་དང་རྒྱལ་ཁབ་༥༤་ཡི་འཐུས་ཚབ་མཉམ་ཞུགས་གནང་འདུག

འགྱུར་རྩོམ།

Post navigation

Previous Post: ཁ་བརྡ་ལ་ཁ་བརྡ་བྱེད་པ།
Next Post: ན་གཞོན་གཞས་པ་ལྷུན་གྲུབ་དང་༼བོད་མིའི་སྐྱིད་སྡུག་མཉམ་མྱོང་༽ཞེས་པའི་འོད་སྡེར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme