Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གནམ་གྱི་མིག་ལམ་ན།

Posted on 2011-12-242011-12-24 By ཁ་བརྡ་ 6 Comments on གནམ་གྱི་མིག་ལམ་ན།

(དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན།)

ཉི་མ་འཚོ།

“ཁྱེད་གཉིས་བཟའ་ཚང་ཡིན་པའི་དཔང་རྟགས་འདྲ་བསྟན་རྒྱུ་ཡོད་དམ།”
གཞུང་ཚབ་ཀྱི་ལས་བྱེད་དེའི་སྐད་ཆ་གོ་མ་ཐག བློ་བཟང་འཚབ་འཚུབ་ཏུ་གྱུར་བ་དང་ཟུར་མིག་གིས་ལས་བྱེད་དེར་ལྟ་བཞིན་རང་གི་སྲིང་མོའི་མ་ནེ་ལ་འཇུས་ནས་མཆུ་འདབ་སྦྱར། ལས་བྱེད་དེའི་ངོ་གདོང་ལས་ཡིད་ཆེས་སོང་བསམ་བསམ་གྱི་རྣམ་འགྱུར་གང་ཡང་མ་མངོན་པས། ཁོ་དེ་བས་འཚབ་འཚུབ་ཏུ་གྱུར་ནས་སྲིང་མོའི་མཆུ་ཏོ་ཤུགས་ཀྱིས་འཇིབ་འགོ་བརྩམས། བློ་ཡིད་ལས་འདས་པ་ཞིག་ལ་སྲིང་མོའི་ངོ་གདོང་དམར་ནག་ཏུ་གྱུར་ཏེ་ཕྱི་ལ་བྲོས་སོང་། སྐད་ཅིག་མའི་དུས་ཚོད་དེའི་ནང་ཁ་སང་རང་འགོ་བཙུགས་པ་ལྟ་བའི་བྱས་ཇུས་གང་མང་ཞིག་འཚང་ཁ་ཤིག་ཤིག་གིས་བློ་བཟང་གི་ཀླད་པ་རུ་འཛུལ་འོང་། “ཕུ་བོ་ཁྱེད་ཀྱིས་ང་ངེས་པར་དུ་ཨ་རི་ལ་ལེན་ཐབས་བྱོས།” “སེམས་ལ་བཟུང་ཡོད། གོ་སྐབས་ཡག་པོ་ཞིག་ལ་སྒུགས།” “གོ་སྐབས་དང་གོ་སྐབས་ཟེར་ནས་ང་རྒས་འགྲོ་གི་འདུག ལོ་ལོན་རྗེས་ཨ་རིར་སླེབས་ནའང་རིན་ཐང་མེད་ཀི” “ཤེས་སོང་། ཕུ་བོས་གང་མགྱོགས་ཐབས་ཤེས་བྱ་ངེས། ད་ལས་ཀར་འགྲོ་རན་སོང་། ” བློ་བཟང་གིས་གློག་ཀླད་ཀྱི་ཁ་ཕྱེས་མ་ཐག་སྲིང་མོས་བསྐུར་ཡོང་བའི་སྐད་ཆ་རྙིང་བ་དེ་ཡང་བསྐྱར་སླེབས་སོང་། སྲིང་མོས་ནམ་རྒྱུན་བཞིན་ཨུ་ཚུགས་བྱས་པས་བློ་བཟང་གིས་སུན་སྣང་ལྟ་བུའི་སྐད་ཆ་ཞིག་གིས་མཇུག་བསྡུས་སོང་མོད། “ལོ་ལོན་རྗེས་ཨ་རིར་སླེབས་ནའང་རིན་ཐང་མེད་ཀི སྲིང་མོིའི་སྐད་ཆར་གནས་ལུགས་མེད་པ་གཏན་ནས་མ་རེད། ” ལས་ཀར་འགྲོ་བའི་ལམ་ཁ་ནས་ཁོས་བསམ་བློ་གཏོང་བཞིན་ཆིག་ལབ་ཤོར།

༢

“ཟླ་བ་ཡིན་ནམ། ”
“ཡིན།”
“ང་ཁྱེད་ལ་འདྲི་རྒྱུ་ཞིག་ཡོད།”
“དྲིས་དང་།”
“ཁྱེད་ཀྱིས་སྲིང་མོ་ཨ་རི་འཐེན་པའི་བརྒྱུད་རིམ་དེ་ང་ལ་ཡང་བསྐྱར་ཐེངས་ཤིག་ཤོད།”
“ག་རེ། ཤི་དགོས་རུང་སྲིང་མོ་དང་གཉེན་སྒྲིག་མི་བྱེད་ཟེར་བ་བརྗེད་སོང་བ་རེད་དམ། དེ་རིང་ཁ་པར་གཏོང་རྒྱུར་ངོ་མི་ཚའམ། ཧཧཧཧ”
“མ་རེད། ཨ་་་་་མ་རེད། ད་ཐབས་ཤེས་དེ་ལས་མི་འདུག གྲོགས་པོ།”

༣

“ཕུ་བོ་ཁྱེད་ཀྱིས་ང་ངེས་པར་དུ་ཨ་རི་ལ་ལེན་ཐབས་བྱོས།”
“ཨུམ་་་་། ངས་ལྟ་ཡ།”
“ད་ངས་སྒུག་ཐུབ་ཀྱི་མི་འདུག”
“སྲིང་མོ། ཐབས་ཤེས་གཅིག་འདུག”
“ཤོད་དང་།”
“ཁྱོད་དང་ངེད་གཉིོས་་་་་་་་་་་།”
“ཕུ་བོ་ཤོད་དང་།”
“ངེད་གཉིས་གཉེན་སྒྲིག་བྱས་ན་ད་གཟོད་འཐེན་ཐུབ།”
“གཉེན་སྒྲིག་་་་་་་་།”
“རེད། གཉེན་སྒྲིག་གི་ཡིག་ཆ་ཐོག་ཡོང་ན་ད་གཟོད་སྒོར་མོའི་འགྲོ་སོང་མང་པོ་མེད་ལ། སྟབས་བདེའང་རེད།”
“གཉེན་སྒྲིག་་་་་་་་་་་་།”
“རེད། སྲིང་མོ། ཡོང་འདོད་ན་ཐབས་ཤེས་དེ་ལས་མི་འདུག ད་ང་ལས་ཀར་འགྲོ་རན་སོང་།”
བློ་བཟང་གིས་འཚབ་འཚུབ་ངང་གློག་ཀླད་སྒོ་བརྒྱབ་རྗེས་རང་གི་སྙིང་གི་འཕར་ལྡིང་ལ་ཉན།

༤
“སྔ་དྲོ་བདེ་ལེགས།”
“ཁ་ཡག་མ་བཤད། དེ་ལས་ཐབས་ཤེས་དེ་ག་འདྲ་འདུག་ཤོད་དང་།”
“ཕུ་བོ་དང་གཉེན་སྒྲིག་ན་ངའི་་་་་་་་་་་། ངའི་དགའ་རོགས་ལ་ཇི་ལྟར་བཤད་དགོས།”
“དེར་སྐྱོན་མེད། གཉེན་སྒྲིག་རྫུན་མ་རེད་མོད།”
“གཉེན་སྒྲིག་རྫུན་མ་་་་་་་།”
“རེད། ལོ་ཁ་ཤས་ཀྱི་རྗེས་ནས་འཐོར་ཆོག་གི་རེད། དེ་ནས་་་་་་་་་་་་་།”
“ད་ཤེས་སོང་། ང་འཐད་པ་ཡིན།”
“ཡ་ཤེས་སོང་། ད་ཕུ་བོ་ལས་ཀར་འགྲོ་རན་སོང་།”
བློ་བཟང་གཞི་ནས་ལྷོད་ལ་བབ་སོང་། གློག་ཀླད་ཀྱི་སྒོ་བརྒྱབ་མ་ཐག སྔོན་མ་ནས་ཡོད་པའི་ན་ཚ་ཞིག་སང་དྲགས་སུ་སོང་བ་བཞིན་ལྷོད་ལ་བབ་སོང་།

༥
བློ་བཟང་རྨི་ལམ་ལྟ་བུའི་བསམ་གཞིགས་དེ་ལས་སད་མ་ཐག ཤུགས་རིང་ཞིག་བཏོན་རྗེས་ངོ་གདོང་གི་རྔུལ་ཆུ་ཕྱི་བཞིན་གཞུང་ཚབ་ཕྱི་ལ་རྒྱུགས་སོང་།

བརྩམས་སྒྲུང་།

Post navigation

Previous Post: སྐུལ་ཚིག་དམར་པོ།
Next Post: གསར་བརྗེ་དང་རྙིང་ཞེན།

Comments (6) on “གནམ་གྱི་མིག་ལམ་ན།”

  1. ཀླུ་སྨྱོན། says:
    2011-12-24 at 6:28 pm

    དང་པོ་ནས་གྲ་སྒྲིག་མེད་པས་ལན་པ་རེད། གཞུང་ཚབ་ཁང་དུ་མ་ཡོང་སྔོན་ལ་སྲིང་མོའི་མཆུ་ཏོ་འཇུབ་རྩལ་ཞིག་སྦྱངས་ཡོད་རྒྱུ་ན་ཞབས་འདྲེན་དེ་འདྲ་ཞུ་གི་མ་རེད།

  2. བོད་ཡིག་སྐྱབས། says:
    2011-12-24 at 7:26 pm

    བརྩམས་སྒྲུང་གི་ཁྱད་ཆོས་ཐོན་འདུག འོན་ཀྱང། འདིར་མི་སྣའི་ཁྱད་ཆོས་དང་འགལ་བའི་སྐྱོན་ཆེན་པོ་གཅིག་འདུག དེ་ཁྱེད་ཅག་གིས་ཤེས་སམ། ངོ་མ་དགོད་བྲོ་བོ་ཞིག་རེད། (འོན་ཀྱང་ངས་སུ་ལ་དགོད་བྲོ་བོ་ཞིག་རེད་ཟེར་བ་ཡིན་ནམ)

  3. ཁྱུང་དཀར says:
    2011-12-24 at 9:15 pm

    སྒྲུང་སྙན་པོ་བྱུང་། ཡག་བྱུང་ཟེར་ཡ་ཡིན། ཡིན་ཡང་། གནས་ཚུལ་ཁ་ཤས་རིགས་དངོས་ཡོད་དང་འཚམས་པོ་ཨེ་ཡོད་ན་བསམས་བྱུང་། མ་གཞི་ནས་སྒྲུང་ཟེར་བ་དེ་འདྲ་ཡིན་རྒྱུ་རེད།

  4. འབྲི་རུའི་ཤེས་དཀར་འབུམ་པ་ནས། says:
    2011-12-26 at 8:07 am

    སྒྲུང་ཡག་པོ་འདུག་འདི་འདྲ་བོ་ཞིག་ལ་སྒྲུང་ཟེར་བ་ཡིན་གྱི་རེད།
    མ་གཏོགས་ང་་་་་་ངོ་་་

  5. ཡར་ཁམས་ཁྲི་རྒྱལ། says:
    2011-12-26 at 10:59 pm

    བློ་བཟང་དེ་འདྲིའི་ལྐུག་པ། དྲི་བ་ནི། ཁྱེད་གཉིས་བཟའ་ཚང་ཡིན་པའི་དཔང་རྟགས་འདྲ་བསྟན་རྒྱུ་ཡོད་དམ། ཟེར་བ་མ་གཏོགས་ཁྱོད་གཉིས་ལ་དཔང་རྟགས་འཁྲབ་རྒྱུ་ཡོད་དམ་ཞེས་དྲིས་མི་འདུག བྱས་ཙམ་དཔང་རྟགས་ཡིག་ཆ་སྟོན་མ་ཅུག་པར་མཆུ་ཏོ་ཤུགས་འཇིབ་ཅུག་པ་དེས་སྒྲུང་དེའི་དགོས་དམིགས་བདེ་བླ་ངང་སྒྲུང་འགོ་བརྩམས་པ་དང་དུས་མཉམ་ཀློག་པ་པོར་བསྟན་པ་རེད།།

  6. བོད་པ། says:
    2011-12-27 at 4:02 am

    རྩོམ་པ་པོ་རང་ཉིད་ཀྱིས་མྱོང་ཚོར་ཞིག་འདྲ་བོ་འདུག
    ཉི་མ་འཚོ་ཁྱེད་རང་ཨ་རི་ཡོང་འདོད་ཡོད་ན་ཁ་གསངས་ནས་ཤོད་དང་ངས་འཐེན་ཆོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (78)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (7)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme