Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ལ་ཨི་ཛི་རལ་བཞིན་རང་དབང་སླར་གསོ་ཡོང་ངེས་ཡིན།

Posted on 2011-12-20 By ཤར་ཕྱོགས་ཁུག་རྟ། 6 Comments on བོད་ལ་ཨི་ཛི་རལ་བཞིན་རང་དབང་སླར་གསོ་ཡོང་ངེས་ཡིན།

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ།

རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་བོད་དོན་ལས་འགུལ་ཚགས་ཚུད་ཡར་རྒྱས་ཡོང་ཐབས་སུ་དམིགས་ཏེ་ལྷོ་ཕྱོགས་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་དང་རྒྱལ་སར་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ཁང་ནས་མཐུན་རྐྱེན་གནང་བའི་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལོ་འཁོར་ལྷན་ཚོགས་སྐོང་ཚོགས་གནང་ཡོད་འདུག
གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༧ དང་ ༡༨ ཉིན་སྦེལ་ཀོབ་སེར་བྱེས་ཡིད་དགའ་ཆོས་འཛིན་གྱི་མགྲོན་ཁང་ནང་ལྷོ་ཕྱོགས་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལོ་འཁོར་ལྷན་ཚོགས་སྐོང་ཚོགས་གནང་བའི་ནང་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་ས་གནས་ཁག་དགུ་ཙམ་ཞིག་ནས་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེས་གཙོས་འཕགས་བོད་གཉིས་ཀྱི་ཁྱོན་མི་གྲངས་མི་ལྔ་བཅུ་བརྒལ་བ་མཉམ་ཞུགས་གནང་ཡོད།
དེ་ཡང་ལྷན་ཚོགས་དབུ་འཛུགས་ཀྱི་མཛད་སྒོར་རྒྱ་གར་པི་རི་པ་ཎར་གྲོང་སྡེ་ལས་ཁུངས་ཀྱི་འགན་འཛིན་ལྕམ་སྐུ་ཤེ་ལ་ཡ་མཆོག་སྐུ་མགྲོན་གཙོ་བོར་མགྲོན་འབོད་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་དོན། བོད་དེ་རྒྱ་མིའི་བཙན་འཛུལ་འོག་གནས་ཡོད་ཀྱང་ད་ལྟ་བོད་མི་རྣམས་ནས་དཀའ་སྤྱད་འབད་བརྩོན་གནང་བ་ལྟར། མ་འོངས་པ་ཡིན་རུང་འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་ནས་མུ་མཐུད་བོད་དོན་འཐབ་རྩོད་གནང་ན། རིང་པོར་མ་ཐོགས་པར་འཛམ་གླིང་གི་རྒྱལ་ཁབ་ཁག་ནས་བོད་ལ་རྒྱབ་སྐྱོར་གྱིས་བོད་ལ་ཨི་ཛི་རལ་བཞིན་རང་དབང་སླར་གསོ་ཡོང་ངེས་ཡིན། དེའི་ཐོག་ང་ཚོ་རྒྱ་གར་བ་སྤྱི་དང་ཡང་སྒོས་ཀར་ཎ་ཊ་མངའ་སྡེའི་སྤུན་ཟླ་རྣམས་ནས་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་བཞིན་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་གིས་གསུང་བཤད་གནང་དོན། རྒྱ་གར་ལྷོ་ཕྱོགས་ཁུལ་བོད་མི་ཁྱོན་ཆེ་ཞིག་གནས་སྡོད་བྱེད་བཞིན་ཡོད་པར་བརྟེན། ལྷོ་ཕྱོགས་ཁུལ་དུ་བོད་དོན་རྒྱབ་སྐྱོར་བ་གང་མང་འཚོལ་ཐབས་བྱ་རྒྱུ་དེ་ནི་ང་ཚོའི་ལས་ཁང་གི་གལ་ཆེའི་ལས་དོན་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད། ཐེངས་འདིར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ལས་འགུལ་ལ་བསྐྱར་ཞིབ་དང་ལྷན་ཚོགས་དེ་དག་གིས་མ་འོངས་བོད་དོན་ལས་འགུལ་གོ་རིམ་དང་ནུས་པ་ལྡན་པའི་ཐོག་ནས་སྤེལ་ཐབས་སུ་ལྷན་ཚོགས་འདི་བཞིན་གོ་སྒྲིག་ཞུས་པ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད། དེ་བཞིན་ས་གནས་འགོ་འཛིན་གྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས།

ཡོང་ཁུངས་བོད་གཞུང་དྲ་བ།

གསར་འགྱུར།

Post navigation

Previous Post: དུས་འཁོར་དབང་ཆེན་གོ་སྒྲིག་ཚ་ཚ་འུར་འུར་གྱིས་གནང་གི་འདུག
Next Post: རྔམ་བརྗིད་རི་བོའི་ཚོགས་རྣམས་ཐོད་ཀྱིས་བསུས་ཞེས་པའི་བོད་བསྒྱུར་དེབ་གསར་ཐོན་ཡོད།

Comments (6) on “བོད་ལ་ཨི་ཛི་རལ་བཞིན་རང་དབང་སླར་གསོ་ཡོང་ངེས་ཡིན།”

  1. ཆོས་འཕེལ་དར་རྒྱས་ says:
    2011-12-20 at 11:08 am

    བོད་ནས་དཀའ་ལས་བྱས་ནས་དུས་དབང་ལ་ཆོས་ཞུ་མཁན་ཚོར་ཆོས་ཡག་པོ་ཞུས་ནས་ཕྱིར་ཕ་ཡུལ་ལ་ལེགས་པོར་ལོག་པའི་རེ་སྨོན་ཡོད། རང་དབང་རང་བཙན་ཟེར་ནས་ཁོ་ཚོ་ལ་འུར་མ་བཙང་ན་བསམ།

  2. ཚངས་དབྱངས། says:
    2011-12-20 at 11:56 am

    རིང་པོར་མ་ཐོགས་པར་འཛམ་གླིང་གི་རྒྱལ་ཁབ་ཁག་ནས་བོད་ལ་རྒྱབ་སྐྱོར་གྱིས་བོད་ལ་ཨི་ཛི་རལ་བཞིན་རང་དབང་སླར་གསོ་ཡོང་ངེས་ཡིན། ངོ་མ་ཨེ་ཡིན་ན། བོད་རྒྱ་ནག་གི་ཆ་ཤས་རེད། ཐོག་མར་ཁས་ལེན་ས་ཡིག་རྒྱག་མཁན་རྒྱ་གར་སྲིད་བློན་ནེ་ཧ་རུ་མ་རེད་དམ། དེ་རྗེས་ནས་གཅིག་མཇུག་གཉིས་མཐུད་ནས་ད་ཆ་འཛམ་གླིང་རྒྱལ་ཁབ་ཚང་མས་རྒྱ་ནག་གི་རྐུབ་ལ་བརྒྱུགས་ཏེ། བོད་རྒྱ་ནག་གི་ཆ་ཤས་རེད། ཅེས་ས་ཡིག་བརྒྱབ་ཟིན་པ་རེད། ད་འབྱུང་རྒྱུ་མེད་པའི་རང་སྣང་སྐྱིད་པོའི་གཏམ་ཡན་འདི་འདྲ་བཤད་ན་དགོས་པ་ཞིག་མེད་པར་མཐོང་།
    ཧ་ཧ་ཧ། རིང་པོར་མ་ཐོགས་པར་འཛམ་གླིང་གི་རྒྱལ་ཁབ་ཁག་ནས་བོད་ལ་རྒྱབ་སྐྱོར་གྱིས་བོད་ལ་ཨི་ཛི་རལ་བཞིན་རང་དབང་སླར་གསོ་ཡོང་ངེས་ཡིན།
    ཧཧཧཧཧརིང་པོར་མ་ཐོགས་པར་འཛམ་གླིང་གི་རྒྱལ་ཁབ་ཁག་ནས་བོད་ལ་རྒྱབ་སྐྱོར་གྱིས་བོད་ལ་ཨི་ཛི་རལ་བཞིན་རང་དབང་སླར་གསོ་ཡོང་ངེས་ཡིན།
    ཧཧཧཧརིང་པོར་མ་ཐོགས་པར་འཛམ་གླིང་གི་རྒྱལ་ཁབ་ཁག་ནས་བོད་ལ་རྒྱབ་སྐྱོར་གྱིས་བོད་ལ་ཨི་ཛི་རལ་བཞིན་རང་དབང་སླར་གསོ་ཡོང་ངེས་ཡིན། ནནནན།རིང་པོར་མ་ཐོགས་པར་འཛམ་གླིང་གི་རྒྱལ་ཁབ་ཁག་ནས་བོད་ལ་རྒྱབ་སྐྱོར་གྱིས་བོད་ལ་ཨི་ཛི་རལ་བཞིན་རང་དབང་སླར་གསོ་ཡོང་ངེས་ཡིན།

  3. ཀརྡོ་གཉེར་ཕྱག་པ་ says:
    2011-12-20 at 1:11 pm

    བོད་རྒྱའི་ཁོངས་སུ་སྡོད་པ་ལས་རྒྱ་གར་ཁོངས་སུ་བསྡད་ན་ཡག་ག །ང་བོད་རིགས་འུ་ཐུག་པའི་ཚིག་རེད།

  4. ཆོས་འཕེལ་དར་རྒྱས་ says:
    2011-12-20 at 4:04 pm

    རྒྱ་ནག་པོའི་འོག་ལ་བོད་ས་ཤོར་ནས་ལོ་༥༠་ལྷག་འགྲོ་བཞིན་ཡོད། བོད་ས་གང་ཙམ་ཞིག་རྒྱ་གར་བོའི་འོག་ལ་སོང་ནས་ལོ་དེ་ལས་མང་ཙམ་སོང་ཡོད། དེ་དེ་བཞིན་བར་ཡུལ། ཕ་ཀེ་སི་ཐན་སོགས་ཀྱི་འོག་ལ་བོད་ས་ཤོར་ཡོད་པ་བརྗོད་མ་དགོས།

  5. ཁ་བའི་ལས་དབང་ says:
    2011-12-20 at 4:19 pm

    དངོས་གནས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ལྷག་བསམ་དང་སེམས་ཤུག་ཡོད་མཁན་དེ་ཚོ་ཡིན་ད་ཡིན་་་་ཡིན་ན་ཡང་ན་རྒྱུན་རང་དོན་མ་གཏོགས་མེད་མཁན་བོད་ནང་ནས་འུར་རྒྱག་དུས་འཚམས་འཚམས་མར་མའི་ཁྲོམ་སྐོར་འདྲའི་འགྲོ་ཁུལ་བྱེད་ཁ་རྒྱག་པ་བཤད་མཁན་དེ་ཚོ་ད་ཡང་གསར་འབྱོར་མང་དུས་གོ་སྐབས་འཚོལ་གྱི་ཡོད་པ་འདྲ་་་་ཨ་ཁ་མི་ངན་དེ་ཚོ་ཡིན་

  6. གསེར་འབྲུག་སྡེར་ལྔ་ says:
    2011-12-20 at 9:42 pm

    《རིང་པོར་མི་ཐོགས་པར་འཛམ་གླིང་རྒྱལ་ཁབ་ཁག་ནས་བོད་ལ་རྒྱབ་སྐྱོར་གྱིས་བོད་ལ་ཨཱི་སི་རཱལ་བྱིན་རང་དབང་སླར་གསོ་ཡོང་ངེས་ཡིན།》 ཞེས་པ་རྒྱ་གར་རྨོའོ་ལགས་ཀྱིས་སྐལ་པ་བཟང་མདོག་ལ། རེད་དེ་རྟེན་འབྲེལ་བཟང་པོར་བརྩི་ཆོག་ལ་དེ་དེ་བཞིན་འགྲུབ་པའི་སྨོན་འདུན་ཡང་ཞུས་ཆོག། འོན་ཀྱང་བོད་འདི་ཨཱི་སི་རཱལ་ལ་མཚུངས་བསྡུར་བྱ་ཐུབ་རྒྱུ་ཁག་པོ་རེད། དཔེར་ན་ཨཱི་སི་རཱལ་ལ་ཆ་མཚོན་ན་ཇིའུ་མི་རིགས་འདི་མི་རིགས་ཀྱི་ལྟ་བ་གཙུག་ཏུ་འཛིན་མཁན་ཞིག་རེད་ལ་དེང་དུས་ཀྱི་ཤེས་ཡོན་ཧ་ཅང་ཚད་མཐོ་བའི་མི་རིགས་ཤིག་ཀྱང་རེད་ལ་དུས་རབས་ཀྱི་སྔོན་ཐོན་གྲས་སུ་སླེབས་མཁན་གྱི་མི་རིགས་ཤིག་ཀྱང་རེད། མ་ཟད་ཇིའུ་མི་རིགས་ནང་ཚན་རིག་མཁས་ཅན་ཧ་ཅང་མང་པོ་ཡོད་པ་རེད་ལ་ཨ་རིའི་ནང་སྐད་སྒྲགས་ཅན་གྱི་ཕྱུག་བདག་མང་པོ་ཞིག་ཇིའུ་མི་རིགས་ཡིན་པ་རེད། བྱས་ཙང་ཨ་རིས་ལོ་རེར་ཨ་སྒོར་ཐེར་འབུམ་མང་པོ་ཨཱི་སི་རཱལ་ལ་གཏོང་གི་ཡོད་པ་རེད། རྒྱལ་ཁབ་ཞིག་ལ་དགོས་ངེས་ཀྱི་ཆ་རྐྱེན་དེ་ཚོ་ཚང་མ་ང་ཚོར་མེད་པ་ཤ་སྟག་རེད་པཱ། ད་དུང་ཨཱི་སི་རཱལ་གྱི་རྩ་ཁྲིམས་ནང་ཆ་བཞག་ན་གཞན་གྱིས་བརྙས་བཅོས་བྱས་ན་མགོ་བོ་མི་སྒུར་ཞེས་འཁོད་ཡོད་པ་རེད་ལ་ལག་ལེན་དངོས་ལ་ཁྱིམ་མཚེས་ཁ་ཆེའི་རྒྱལ་ཁབ་དེ་ཚོར་མགོ་བོ་འབུར་ཙམ་བྱེད་མི་འཇུག་པར་མགོ་ལྕག་བཞུས་བཞུས་པ་རེད། ང་ཚོར་མཚོན་ན་གུང་ཁྲན་ཚང་ལ་མགོ་འབུལ་ལུས་འབུལ་ཞུས་ཚར་བ་མ་རེད་པས། བྱས་ཙང་གུང་ཁྲན་གྱིས་རྒྱུན་དུ་ང་ཚོར་མགོ་ལྕག་བཞུས་དང་བཞུ་བཞིན་པ་རེད། ཇིའུ་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་རིང་གང་སར་མཐའ་འཁྱམས་ནས་རྒྱལ་ཁབ་འདི་ཡིན་མེད་པའི་མི་རིགས་ཤིག་གིས་ཨཱི་སི་རལ་རྒྱལ་ཁབ་འདི་གསར་བསྐྲུན་བྱས་པ་རེད།
    འོན་ཀྱང་ང་ཚོས་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་ཁབ་དེ་སྐྱེལ་ས་གཅིག་ལ་བསྐྱལ་ཚར་བ་རེད། མ་ཟད་ད་དུང་དབུ་ལམ་ལྟ་གྲུབ་སྨྲ་བ་ལ་ལ་ན་རེ། བོད་འདི་ལོ་ངོ་སྟོང་ཁྲག་གོང་གི་བཙན་པོའི་དབང་བསྒྱུར་སྐབས་མ་གཏོགས་བོད་སྤྱི་ལ་ཁྱབ་པའི་རང་བཙན་ཟེར་བ་མེད་པ་འདྲ་ཞིག་གུང་ཁྲན་གྱི་ལབ་པ་ནང་བཞིན་དུས་བབས་དང་ཁ་བརྡའི་ནང་མང་མང་བརྗོད་སོང་། རེད་བཙན་པོའི་དབང་བསྒྱུར་མཇུག་སྒྲིལ་ནས་བོད་བསིལ་བུར་གནས་ནས་ལོ་ངོ་བཞི་བརྒྱ་བཅུ་གཉིས་ཙམ་ནང་བོད་སྤྱི་ལ་ཁྱབ་པའི་དབང་བསྒྱུར་བྱེད་མཁན་མེད་ཀྱང་ཡུལ་ལུང་བྱེ་བྲག་པ་སོ་སོས་དབང་བསྒྱུར་བྱས་པའམ་རྒྱལ་ཕྲན་བསིལ་མ་ཞེས་གནས་པ་མ་གཏོགས་ཕྱི་ནས་བཙན་འཛུལ་གང་ཡང་སླེབས་མེད་པ་རེད།
    དེ་ནས་འགྲོ་མགོན་ཆོས་ཕགས་ནས་དགའ་ལྡན་ཕོ་བྲང་བར་སོག་པོས་འདྲེ་ལག་གཏོག་ཙམ་བརྐྱངས་པ་མ་གཏོགས་ཕྱི་ནས་བཙན་འཛུལ་སླེབས་མེད་པ་གསལ་པོ་རེད། དགའ་ལྡན་ཕོ་བྲང་དབང་བསྒྱུར་ཡང་བོད་ཆེན་པོའམ་ཆོལ་ཁ་གསུམ་ལ་ཁྱབ་མིན་མི་ཤེས་ཀྱང་ཕྱི་ནས་དབང་བསྒྱུར་སླེབས་ཡོད་ན་སུས་དབང་བསྒྱུར་བྱས་པ་རེད། གསལ་པོ་ཤེས་མཁན་ཡོད་ན་ཡག་པོ་ཡོང་ས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme