Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྷ་སྐྱིད་སྒྲོལ་མ་དང་རེག་དུག་ན་ཚ།

Posted on 2011-12-122011-12-13 By འཚོ་བྱེད་བུ 5 Comments on ལྷ་སྐྱིད་སྒྲོལ་མ་དང་རེག་དུག་ན་ཚ།

གཅན་ཡེ་རྒྱམ།

གཉིས་པ།

༡༩༩༣ལོའི་སྟོན་ཁ་གནམ་གཤིས་ཧ་ཅང་ཡག་ལ་དྲོད་གྲང་ཚད་སྙོམས་པའི་སྐབས་དེར་བོད་ཀྱི་སུ་ཚོང་བ་རྣམས་ཕྱོགས་བཞི་མཚམས་བརྒྱད་ནས་སུ་ཊ་ལེན་པར་ལོ་ལྡི་ཡ་ནའི་གྲོང་ཁྱེར་དུ་སླེབས་བཞིན་ཡོད་སྟབས། ལོ་ལྡི་ཡ་ནའི་གྲོང་ཁྱེར་གྱི་ཕྱོགས་གང་སར་བོད་རིགས་མཐོང་རྒྱུ་ཡོད་པ་མ་ཟད།  ལོ་ལྡི་ཡ་ནའི་མགྲོན་ཁང་དང་ཟ་ཁང་མང་དག་ཅིག་ལ་ཚོང་ཡག་པའི་སྒང་དང་།  སྐབས་དེར་ལཱ་ལཱ་ཁ་ཤས་ཤིག་ཉིན་མཚན་ཀུན་ཏུ་གཉིད་ཆག་ལྟོ་བྲལ་གྱིས་ལས་ལ་བརྩོན་བཞིན་ཡོད་ལ།  བོད་རིགས་སུ་ཚོང་བ་རྣམས་ཀྱིས་ཀྱང་རང་རང་གི་མ་རྩ་ལས་བརྒལ་ཏེ་ལ་ལའི་རྩ་ནས་སུ་ཊའི་བུ་ལོན་མང་ཙམ་བླངས་ཏེ་ལོ་འདིའི་ནང་ཚོང་མང་ཙམ་རྒྱག་རྒྱུ་དང་།  ཁེ་བཟང་མང་ཙམ་ལེན་རྒྱུའི་རེ་བ་དང་སྨོན་ལམ་རྒྱག་བཞིན་ཡོད། །ལྷ་སྐྱིད་སྒྲོལ་མ་ཡང་གཞིས་ཆགས་ཀྱི་མི་ཁ་ཤས་དང་མཉམ་དུ་ལོ་ལྡི་ཡ་ནར་འབྱོར་ཏེ་ཚོང་དཔོན་ནམ་ལཱ་ལཱ་སྒྲམ་ནའི་རྩར་བཅར་ནས་དོ་པོ་ལྔ་ཉོས་པ་དང་སྦན་འདྲ་བཅུ་གཉིས་ཅན་གྱི་དོ་པོ་གཉིས་བུ་ལོན་དུ་བླངས། ། ལཱ་ལཱ་ཞང་རི་ལ་ཡི་རྩར་བཅར་ནས་དོ་པོ་ལྔ་ཉོས། སྦན་འདྲ་བཅུ་གསུམ་ཅན་གྱི་དོ་པོ་གཉིས་བུ་ལོན་བླངས་ནས་བསྡུ་གསོག་ལེགས་པར་བྱས་རྗེས་རོགས་པ་གཞན་དང་མཉམ་དུ་ཐོན་ཆོག་གི་གྲ་སྒྲིག་ཨང་གསར་བྱས། མཚན་མོ་ཞིག་གི་ཆུ་ཚོད་བཅུ་གཉིས་ཟིན་པ་དང་དོ་པོ་རྣམས་མེ་འཁོར་འབབ་ཚུགས་སུ་འོར་འདྲེན་བྱས། ལམ་འགྲོ་རྒྱུགས་ནས་མགོ་དམར་བོ་གཅིག་ཀྱང་མ་ཐུག་པས་མེ་འཁོར་འབབ་ཚུགས་སུ་འབྱོར་བའི་བོད་རིགས་རྣམས་ཀྱིས་སྐད་ཆ་སྙན་པོ་དང་དགོད་བྲོ་བའི་གནས་ཚུལ་རེ་གླེང་བཞིན་གདོང་ལ་འཛུམ་གྱིས་ཁེངས་ནས་ཡོད་ལ། ཞོགས་པ་སྔ་བོ་ནས་ཨ་སམ་སོ་ཕྱོགས་སུ་འགྲོ་མཁན་གྱི་བོད་རིགས་རྣམས་ཀྱིས་དུས་ཚོད་ལྟར་དོ་པོ་བརྗིད་ཚད་འཇོག་པ་དང་། དོ་རྟགས་བརྒྱབ་པའི་དོད་པོ་རྣམས་ལེགས་པར་སྒྲིག་ནས་ཡོད། ། མེ་འཁོར་སླེབས་ལ་ཉེ་བའི་སྐབས་དོ་པོ་འོར་མཁན་གླ་བའམ་ཀུའུ་ལེ་རྣམས་ཚུར་བསྐོང་ནས་གྲ་སྒྲིག་བྱས་པ་དང་མེ་འཁོར་འབྱོར།  བང་རིམ་ལྟར་མེ་འཁོར་ནང་བླུགས་ནས་ལྷ་སྐྱིད་སྒྲོལ་མའི་མཚམས་ལ་སླེབས་པ་དང་དེ་ཀའི་ལས་བྱེད་ཅིག་གིས་སྒོ་བཀག་ནས་དེ་རིང་གི་འདིའི་ནང་ཤོང་མ་སོང་། ཐེངས་རྗེས་མའི་ནང་གྲ་སྒྲིག་བྱས་ཟེར་ནས་སྒམ་ཆེན་དེའི་སྒོ་བརྒྱབ་ནས་འགྲོ་གྲབས་བྱེད། ལྷ་སྐྱིད་ཀྱིས་དོ་པོ་རྣམས་ལྷག་ན་ང་བུད་མེད་ཅིག་གིས་གང་བྱེད་དགོས་རེད་བསམ་བཞིན་ཨུ་ཚུགས་མཐའ་སྐྱེལ་གྱིས་ངའི་དོ་པོ་རྣམས་ཤོང་དགོས་སྟངས་དང་ང་ལ་རོགས་པ་མེད་པའི་དཀའ་ངལ་ག་ཚོད་བཤད་ཀྱང་། དེ་ལས་མང་ཙམ་ཞིག་ལས་བྱེད་དེས་འགྲེལ་བཤད་བརྒྱབ། ། སྐབས་དེར་ཕོ་གསར་ཅིག་ཐོན་ནས་ལས་བྱེད་དེ་ལ་ཐུགས་རྗེ་གཟིགས། ད་ནི་འདིར་མི་ཚང་གཉིས་ཀྱི་དོ་པོ་མ་གཏོགས་ལྷག་མི་འདུག འདི་ནང་ལ་དག་དག་ཤོང་བ་འདུག་ཅེས་ཞུ་བ་འཐེན། ། ལྷ་སྐྱིད་ཀྱིས། ཨེ་ཕོ་གསར། ཏོག་ཙམ་སྒུག་དང་། ཐོག་མར་ངའི་དོ་པོ་ཤོང་གི་མི་འདུག་ཟེར། བར་ཆད་གཏོང་དགོས་དོན་ག་རེ་འདུག རིམ་པར་བཤད་ད་ཟེར་བས། ཕོ་གསར་དེས། ལགས་ཡིན། ལགས་ཡིན་ཟེར་བཞིན་འཇམ་ཅག་གེར་བསྡད། ། ལྷ་སྐྱིད་དང་གཞིས་ཆགས་གཅིག་པ་རྣམས་ཕྱིན་ཏེ་ལས་བྱེད་འགོ་ཁྲིད་ལ་ཡར་ཞུས་བྱས་ཀྱང་མ་ཕན་
སྟབས། ཕོ་གསར་དེར་ང་ཚོ་བོད་རིགས་གཅིག་པ་ཡིན་པས་ཁྱེད་རང་གཉིས་ཀྱིས་གཅིག་གིས་གཅིག་ལ་རོགས་རམ་བྱེད་དགོས་པའི་བསླབ་བྱ་ནན་པོ་བྱས། ཕོ་གསར་དེའི་ངོ་ཤེས་རྣམས་ཀྱང་ལྷ་སྐྱིད་ཀྱི་རྩར་ཡོང་ནས་ལྷ་སྐྱིད་ལ་སེམས་གསོ་དང་ཕོ་གསར་ཡག་པོ་ཡོད་རབས་དང་། ཡ་རབས་ཡིན་རབས་བཤད། གང་ལྟར་ཚར་བ་ནི་ཚར་བ་རེད། སེམས་སྡུག་བྱས་ནས་ཡོང་ཡག་ཡོད་པ་ཞིག་ནི་མ་རེད། ཡིན་ནའང་། ངས་ཉི་མ་བདུན་ག་འདྲ་སེ་བསྐྱལ་དགོས་རེད་ཟེར་བཞིན་སྡུག་སྐད་རྒྱབ། རོགས་པ་རྣམས་ཨ་སམ་སོ་ ཕྱོགས་སུ་ཤར་བསྐྱོད་བྱས། དོན་འགྲུབ་དང་ལྷ་སྐྱིད་གཉིས་ནས་དོ་པོ་བཅོལ་བའི་འཛིན་ཡིག་བླངས་ནས་ཕྱི་རོལ་ཏུ་ཐོན། མགྲོན་ཁང་ཞིག་གི་ཕྱོགས་སུ་འགྲོ་བའི་སྐབས། ལྷ་སྐྱིད་ནས། ཨེ། ཕོ་གསར། འདིའི་སྔོན་ང་འཚབ་བེ་འཚུབ་བེ་སྐད་ཆ་འདྲི་རྒྱུ་བརྗེད་འདུག ཁྱེད་རང་གི་མིང་ལ་ག་རེ་ཟེར་གི་ཡོད། གཞིས་ཆགས་ག་བ་ནས་ཡིན། མཐོང་མྱོང་མྱོང་འདྲ་ཞིག་འདུག་ཟེར་བར། ། ཕོ་གསར་དེས་ངའི་མིང་ལ་དོན་འགྲུབ་རྒྱལ་བོ་ཟེར། ང་གཞིས་ཆགས་ག་གེ་མོ་ནས་ཡིན། ཁྱེད་རང་གིས་ང་ལ་ངོ་སྤྲོད་བྱེད་དགོས་དོན་མེད། ཁྱེད་ཀྱི་མིང་ལ་ལྷ་སྐྱིད་སྒྲོལ་མ་ཡིན་པ་དེ་རིང་ཤེས་སོང་།  མ་གཞི་སུ་ཊ་བཙོང་སར་ཁྱེད་རང་གི་མིང་ལ་མཛེས་མ་ལགས་ཞེས་འབོད་སྲོལ་འདུག་ཅེས་ཟེར།  ། ལྷ་སྐྱིད་ཅུང་ཁ་སྐྱེངས་བའི་རྣམ་འགྱུར་དང་བཅས་ཁ་ནས་མཛེས་མ་ལགས་ཡིན་ནམ་ཅིག་ཟེར་གི་ཟེར་བཞིན་མགོ་སྨད་དེ་སྡོད། ཅུང་ཙམ་ནས་མགོ་བོ་ཡར་བཀྱགས་ཏེ་དོན་འགྲུབ་རྒྱལ་བོ་ལ་ཞིབ་ལྟ་བྱས། ། དོན་འགྲུབ་རྒྱལ་བོ་གཟུགས་སྟོབས་ཆེ་བས་མ་ཟད།  དཔུང་ཞེང་ཡང་ཆེ།  གདོང་པ་ཆེ་ལ་མིག་གཉིས་ཆེ་ཞིང་དཀྱུས་རིང་བ།  སྣའི་གཟེངས་མཐོ་བ། ཁ་ཤ་མཐུག་པ་སོགས་སྟག་ཤར་གསར་བུ་མཐོང་བས་ཡིད་དུ་འོང་བ་ཞིག་ཡོད་ལ།   མ་གཞི་ནས་ཁོང་རང་བཞིན་དང་གཤིས་ཀ་འཇམ། མི་སུ་དང་སྐད་ཆ་ཤོད་པའི་སྐབས་སྐད་གདངས་དམའ་ཞིང་ལྷོད་ཤ་དང་ལྡན་ལ།  སྐད་ཆ་གང་ཤོད་པ་དེ་དྲང་བོར་ཤོད་མཁན་ཞིག་ཡིན་པས་མི་རིགས་སུ་གཅིག་གིས་ཀྱང་དགའ་མོས་མི་བྱེད་མཁན་མེད། ཁོང་གི་ལག་ཏུ་ག་རེ་ཡོད་ཀྱང་མཉམ་ཟ་མཉམ་འཐུང་བྱེད་མཁན་ཞིག་ཡིན་པས་མི་ཚོས་ཁོང་གི་མིང་ལ་དྲི་མེད་ཀུན་ལྡན་ཟེར་ཞིང་། ཁོང་གཞུང་དྲང་ཤིང་ཡ་རབས་ཚུལ་མཐུན་ཞིག་ཡིན་པས་མི་སུ་ཡིན་རུང་སེམས་མི་ཤོར་མཁན་མེད། ། དོན་འགྲུབ་རྒྱལ་བོ་དུས་ནམ་ཡང་ཉ་བེ་ཉོབ་བེ་མེད་པར་གྲུང་ཤ་དོད་པོའི་ངང་ཡོད་ལ། གདོང་ལ་འཛུམ་གྱིས་བསུ་བཞིན་ཡོད་པ་དེ་དག་ཁོང་གི་དམིགས་བསལ་ཁྱད་ཆོས་ཤིག་ཡིན་ལ།  གཡོ་སྒྱུ་རྩ་ནས་བྱེད་མི་ཤེས་པ་དེ་ནི་ཁོང་གི་ཡོན་ཏན་གཞན་ཤིག་རེད། ། ལྷ་སྐྱིད་ནག་འཐོམ་མེར་ཡོད་པའི་སྐབས་དོན་འགྲུབ་ནས། ལྷ་སྐྱིད་ལགས། ད་ངེད་གཉིས་འགྲོ་དང་། མགྲོན་ཁང་བཙལ་བར་འགྲོ  མགྲོན་ཁང་བཙལ་རྗེས་ཁ་ལག་ཟ་བར་འགྲོ་ཟེར་བར།  ལྷ་སྐྱིད་ནས་ལགས་ཡིན། ད་འགྲོ་དང་། མ་གཞི་ཁ་སང་ང་ཚོ་སྡོད་སའི་མགྲོན་ཁང་དེ་ཡག་པོ་ཞིག་འདུག་ཟེར་བར། དོན་འགྲུབ་ནས། མ་རེད། མེ་འཁོར་འབབ་ཚིགས་ཀྱི་ཉེ་འགྲམ་ཤིག་ལ་ཡག་གི་རེད། ལམ་ཐག་རིང་པོ་ཤིག་ལ་སོང་ནས་གང་ཡོང་ཟེར་བར་ལྷ་སྐྱིད་ཡིད་འཐད་བྱུང་། ། དོན་འགྲུབ་ཀྱིས་མགྲོན་ཁང་བཙལ་བཞིན་མདུན་དུ་བསྐྱོད་པ་དང་། ལྷ་སྐྱིད་རྗེས་སུ་འབྲང་བཞིན་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་། ང་རང་གཅིག་པོས་ཁང་མིག་གཉིས་ལེན་ན་འགྲོ་སོང་ཆེ་བ་དང་། ངེད་གཉིས་མཉམ་དུ་ཁང་མིག་གཅིག་ནས་བསྡད་ན་ཕོ་གསར་འདི་མི་གང་འདྲ་ཡིན་མིན་མི་ཤེས་བས་གང་འདྲ་བྱས་ན་དགའ་ཡོང་བསམ་བཞིན་བསྐྱོད། ། མགྲོན་ཁང་གཙང་མ་ཡག་པོ་ཤིག་ཏུ་སླེབས་སོང་། དོན་འགྲུབ་མགྲོན་གཉེར་གྱི་རྩར་བཅར་ནས་ཉལ་ཁྲི་གཉིས་ཅན་ཞིག  ཁྲུས་ཁང་ཡོད་ས་ཤིག་དགོས་ཟེར་བར། །མགྲོན་གཉེར་བས་མཚན་གཅིག་ལ་སྒོར་གྱ་ལྔ། ཁང་མིག་ཨང་གྲངས་ ༢༠༧ རེད། ཐོག་མར་ཁྱེད་རང་གཉིས་ཀྱིས་ཁང་མིག་འདི་ལ་འདོད་པ་ཡོད་མེད་གཟིགས་དང་ཟེར་བར། ། དོན་འགྲུབ་ནས་ཁང་མིག་ནང་ཞིབ་ལྟ་དང་བཅས་མགྲོན་ཁང་ཞབས་ཞུ་བར་ཡག་པོ་འདུག  འགྲིག་འདུག་ཟེར་བཞིན་ཞབས་ཞུ་བ་ཕྱིར་ལོག་བཏང་། ། ལྷ་སྐྱིད་ནས་ངེད་གཉིས ཁང་པ་གཅིག་གི་ནང་ཉལ་དགོས་རེད་པས་ཟེར་བར།  ། དོན་འགྲུབ་ནས་ཁྱེད་རང་གིས་གཟིགས་ན། ངེད་གཉིས་ཉི་མ་མང་པོ་བསྡད་ན་འགྲོ་སོང་ཆེ་བར་དོགས་ནས་འདི་ལྟར་བསམ་པ་ཡིན་ཟེར་བར། ལྷ་སྐྱིད་ནས་ཚིག་གཅིག་ཀྱང་མི་གསུང་བར་རྡོག་ཁྲེས་སྒེའུ་ཁུང་རྩར་ཡོད་པའི་ཉལ་ཁྲིའི་སྟེང་གཡུག་སྟེ། གདོང་ལ་མི་སྡུག་པ་དང་ཉོབ་སྣང་གི་ཉམས་ཤིག་ཤར་བཞིན་ཉལ་ཁྲིའི་ཟུར་ངོས་ནས་གན་ཀྱལ་དུ་ཉལ་ཏེ་ཉོབ་སྣང་གི་རྣམ་པ་ཞིག་སྟོན་བཞིན་འདུག ཁོང་གཉིས་ཀྱིས་གཟུགས་པོ་ཆུ་བཤལ་བཏང་རྗེས་ཟ་ཁང་དུ་ཁ་ལག་ཟ་རུ་ཕྱིན། ཁ་ལག་ཟ་བའི་སྐབས་དང་བསྟུན་དོན་གྲུབ་ཀྱིས་ལྷ་སྐྱིད་ཉོབ་ནས་བསྡད་ཡོད་པ་མཐོང་སྟེ་སྒྲུང་གཏམ་ཁ་མཚར་རེ་ཟུང་དང། སློབ་གྲྭའི་སྐབས་ཀྱི་སྒྲུང་གཏམ་སྙན་པོ་རེ་བཤད་པས་ལྷ་སྐྱིད་མིག་ཆུ་བཤིལ་བཞིན་གད་མོ་ཡང་ཡང་ཤོར། ། ཉིན་དང་པོར་ཁོང་གཉིས་ཀྱིས་སྐད་ཆ་སྙན་པོ་རེ་ཟུང་དང་། གཞིས་ཆགས་ངོ་སྤྲོད། དོན་འགྲུབ་ཀྱི་ནང་མིའི་སྐོར་ལ་བཀའ་མོལ་ལྷོད་ལྷོད་ངང་གནང།ད་དུང་ཉི་མ་མང་པོ་བསྐྱལ་དགོས་སྟབས་དོན་གྲུབ་ཀྱི་སྒྲུང་གཏམ་སྙན་པོ་དེ་དག་ལ་ཉན་རྒྱུ་ལས་གཞན་གང་ཡང་མ་མཆིས། དགོང་དྲོ་ཁོང་གཉིས་གློག་བརྙན་ལ་བལྟ་རུ་ཕྱིན། དོན་གྲུབ་གློག་བརྙན་བལྟ་རྒྱུར་དགའ་ཞིང། ལྷ་སྐྱིད་ཀྱང་དེ་བཞིན་ལགས་པས་
དགོང་དྲོའི་ཆུ་ཚོད་དེ་གློག་བརྙན་ཁང་དུ་སྐྱེལ།  ། དགོང་མོ་ཉལ་རན་པའི་སྐབས་ལྷ་སྐྱིད་ཀྱིས་མོ་རང་གི་ལོ་རྒྱུས་ཐུང་ངུ་ཤིག་བཤད། ང་འཛིན་གྲྭ་བདུན་པ་ནས་སློབ་གྲྭ་མཚམས་འཇོག་དགོས་འཁེལ་སོང་། ང་རང་ཁྱིམ་ཚང་གི་བུ་ཕྲུག་ཆེ་མགོ་དང། ཁྱིམ་གྱི་དཀའ་ངལ་གྱི་དབང་གིས་ཕ་མ་གཉིས་ལ་རོགས་རམ་བྱས་པ་ཡིན།  རང་ལོ་བཅོ་བརྒྱད་གཞོན་ནུ་དར་མའི་ལང་ཚོ་གཅེས་སྤྲས་བྱེད་ཤེས་པའི་དུས་ལ་སླེབས་སྐབས། ཕ་མའི་བཀའ་ལས་གཉེན་སྒྲིག་གིས་ཁྱིམ་གཞིས་ཟིན། ལོ་བཅུ་དགུ་ལ་བུ་མོ་རྒན་པ་སྐྱེས། རང་ལོ་ཉེར་གཅིག་ལ་བུ་མོ་ཆུང་བ་སྐྱེས། རང་ལོ་ཉེར་གསུམ་ལ་བུ་
ཞིག་སྐྱེས་པས་བུ་ཕྲུག་གསུམ་ཡོད་ལ། ད་ལྟའི་ཆར་བུ་གུ་གསུམ་སློབ་གྲྭར་འགྲོ་བཞིན་པའི་སྒང་ཡིན། ངའི་ཁྱོ་ག་གཞུང་གི་ལས་བྱེད་ཡིན་ལ། ཁོང་གུང་སེང་ཤིག་ལ་ཡོང་ན་མ་གཏོགས་ཁྱིམ་གྱི་ལས་འགན་ཆ་ཚང་ང་རང་རང་གིས་འཁུར་ནས་ཡོད། ། ང་ཚོའི་ཁྱིམ་ཚང་གི་འཚོ་བ་ཚོང་ལ་བརྟེན་ནས་རོལ་བཞིན་ཡོད་པས་ཐོག་མར་སོ་ཊ་ཉོ་ཚོང་གི་མ་རྩ་གཉོམ་པའི་ཁེ་འབབ་ལ་བརྟེན་ནས་འཚོ་བ་སྐྱེལ་བ་ཡིན་ལ། སོ་ཊ་བཙོང་བའི་སྐབས་སྐྱེ་བ་སྔོན་མའི་ལས་བཟང་པོའི་བཀའ་དྲིན་ལས་ང་རང་གིས་མི་གཞན་ལས་མང་བ་བཙོང་གི་ཡོད་སྟབས་གང་འགྱོགས་ཀྱིས་མ་རྩ་མཐོ་རུ་ཕྱིན་པ་དང་། ཁེ་བཟང་ཡང་ཡག་ཏུ་ཕྱིན་པས་ལོ་ཤས་སྔོན་ནས་མ་རྩ་གཞན་ལ་བརྟེན་མ་དགོས་པར་ཚོང་རྒྱབ་པས་ཚོང་ཡག་པོ་བྱུང་། དེར་བརྟེན་ལོ་སྔོན་མའི་ནང་སྡོད་ཁང་ཡར་རྒྱས་བཏང་སྟེ་སྡོད་ཁང་ཁ་གཙང་བ་ཤིག་རྒྱབ་པ་ཡིན། གཞི་རྒྱ་ཆེ་བའི་འཁོར་ཡུག་ཤིག་སྐྲུན་རྒྱུ་ནི་ངའི་བསམ་བློར་
འཁོར་མི་ཐུབ་པ་ཞིག་ཡིན་ནའང་། ངའི་ཁྱིམ་མིར་ཚོར་རན་པའི་ཁང་ཆུང་དེ་ཅུང་ཡར་རྒྱས་བཏང་ནས་།ཉལ་ཁང་བཞི་དང་། མགྲོན་བསུ་ཁང་། ཐབ་ཚང་།  ཁྲུས་ཁང་དང་གཙང་སྤྱོད་བཅས་རྒྱ་ཆེ་རུ་བཏང་བས་ང་རང་འདོད་པ་ཁེངས་པ་ཞིག་རྒྱག་ཐུབ་པ་བྱུང་ལ། ཁྱིམ་ཆས་རྣམས་གསར་ཉོ་དགོས་ཁང་པ་རེ་རེའི་ནང་གྲལ་འགྲིག་པོའི་ངང་ལེགས་པར་སྒྲིག་ནས་ཡོད།ཁང་པའི་རྒྱབ་མདུན་གཡས་གཡོན་ཀུན་ཏུ་སྤང་དང་མེ་ཏོག་གིས་ལེགས་པར་བཙུགས་ནས་ཁྱིམ་གྱི་ཕྱི་ནང་གཉིས་སུ་ཁྲ་ཆིལ་ལེར་བཟོས་ཡོད་པས།  ད་བཟོད་ངས་ཕྱིར་མདངས་ཤིག་རྒྱབ་ན་ང་ཁྱིམ་འདི་རུ་སླེབས་ནས་ལོ་ངོ་བཅུའི་རིང་དཀའ་ལས་རྒྱབ་ནས་འབྲས་བུ་ཡག་པོ་ཤིག་བྱུང་ཡོད་སྙམ་ནས་དགའ་སྤོབས་གཉིས་ཀ་ཡོང་གི་འདུག ད་ངས་བཤད་འདོད་པ་དེ་ཡིན།  ངས་བཤད་ཚར། ད་ཁྱེད་རང་གི་ལོ་རྒྱུས་ཐུང་ངུ་ཤིག་གསུང་དང་།  ། འོ་རེད། ང་ལ་དྲི་བ་ཞིག་ཡོད། ཁྱེད་རང་ལ་དགའ་བོ་ཡོད་དམ། ཆང་ས་ག་དུས་རྒྱག་རྩིས་ཡོད་དྲིས་པར། ། ཕ་མས་བཙལ་ཡོད་པ་འདྲ། ངས་གང་ཡང་བསམ་བློ་གཏོང་རྒྱུ་མ་བྱུང་། ཡིན་ནའང་། ང་ལ་ཁྱེད་རང་འདྲ་བའི་སྐྱེ་དམན་ཞིག་རེག་ན་འགྲིག་པ། མི་ཚེ་གང་མཚམས་ཉལ་ནས་བསྡད་ན་འགྲིག་ས་རེད་ཟེར་བཞིན་ཀུ་རེའི་ཚུལ་དུ་གདོང་ལ་འཛུམ་གྱིས་བསུས། ། ལྷ་སྐྱིད་ནས་བཀའ་མོལ་མཚམས་བཞག་ནས་ང་རང་གཉིས་ཉལ་ན་ཟེར་བཞིན་ཉལ་བར་སྟ་གོན་བྱེད། ། དོན་འགྲུབ་ཀྱིས། དངོས་གནས་ཁྱེད་རང་གྱོང་སེ་བྱུང་ཟེར་བཞིན་བསྟོད་བསྔགས་དང་འབྲེལ་ད་དུང་ཡང་མུ་མཐུད་དུ་སྐད་ཆར་ཉན་འདོད་བྱེད། ། ལྷ་སྐྱིད་ནས། དོན་འགྲུབ་ཁྱེད་རང་ཉལ་དུས་གློག་མ་བསོད་རོགས། གློག་མེད་པའི་ནག་ཁུང་ནང་ང་ཉལ་ཐུབ་ཀྱི་མེད་ཟེར་བར།  ། དོན་འགྲུབ་ནས། སྐུ་མཁྱེན་ད་ཡིན་ན། གློག་མ་བསད་ན་ང་རྩ་ནས་གཉིད་ཐུབ་ཀྱི་མེད། ཁྱེད་རང་མིག་གཉིས་བཙུམ་ནས་ཉལ་དགོས་པ་ནི་གཅིག་པ་རེད།  ། ལྷ་སྐྱིད་ནས། དེ་ག་རང་རེད། ཁྱེད་རང་གི་མིག་གཉིས་བཙུམ་ན་ནག་ཁུང་ཆགས་འགྲོ་གི་རེད། གློག་ཡོད་མེད་ཁྱད་པར་གང་ཡང་ཡོད་མ་རེད། གློག་མེད་ན་ང་དངོས་གནས་གཉིད་ཐུབ་ཀྱི་མེད། དོན་འགྲུབ་ཀྱིས། ལེགས་སོ། ངས་ཚོད་ལྟ་བྱས་ཆོག་ཟེར་བཞིན་ཉལ་ནས་རྒྱུན་རིང་ཕྱིན་ནའང་གཉིད་ཁུལ་ཐབས་བྲལ། ཅུང་མ་འགོར་བར་ལྷ་སྐྱིད་གཉིད་ལ་གཡུར་ཞིང་འཁུན་སྒྲ་འབྱིན་པ་དང་། ཚ་བ་ཆེ་བས་ཉལ་ཆས་མར་བཤུས་པས་ནུ་འབུར་ཟུང་སྟོད་གོས་ལྗང་ཁྲ་དེའི་འོག་ནས་འཐོན་གྲབས་བྱེད་བཞིན་འདུག་པས། དོན་འགྲུབ་འདོད་པས་མྱོས་ཏེ་ཡང་ཡང་ལྟ་འདོད་བྱས་པས་གཉིད་མ་ཐུབ་པའི་འཁང་ར་ཅི་ཡང་མེད་པར་ཆུ་ཚོད་ནས་ཆུ་ཚོད་རིམ་གྱིས་བསྐྱལ།  །  ལྷ་སྐྱིད་ཀྱི་ཞལ་རས་ཟླ་བ་སྒོར་མོ་འཚམས་རེར་འཛུམ་པ་དང་འཚམས་རེར་བསྣག་པ་སོགས་ལ་ག་ཚོད་བལྟས་ཀྱང་ངོམས་པ་མེད་པར་དོན་འགྲུབ་ཀྱིས་མི་དྲན་དགུ་དྲན་གྱི་འདོད་སེམས་དེ་ཉིད་རིམ་གྱིས་མནར་ཏེ་གཟུགས་པོ་ཡོངས་བཟི་བ་ལྟར་གྱུར།

 

བརྩམས་སྒྲུང་།

Post navigation

Previous Post: སྙན་ངག་གི་བསྟན་བཅོས་བཀྲ་ཤིས་མི་ཟད་པའི་དབྱངས་སྙན་ཞེས་བྱ་བ།
Next Post: སྒྲོལ་མའི་དུང་སྒྲུབ་ཀྱི་ཚོགས་བརྡ།

Comments (5) on “ལྷ་སྐྱིད་སྒྲོལ་མ་དང་རེག་དུག་ན་ཚ།”

  1. མངའ་རིས་ཕྲིན་ལས། says:
    2011-12-13 at 3:14 am

    ད་བྱས་ན་ལྷ་སྐྱིད་ལ་ཨེ་ཙི་ན་ཚ་སྤྲད་མཁན་དེ་ཕལ་ཆེར་དོན་གྲུབ་རྒྱལ་པོ་ཡིན་ས་རེད། ཁོ་ཁྱོན་ནས་གཉིད་མ་ཁུག་ན་མཐའ་མ་འུ་ཐུག་སྟེ་ལྷ་སྐྱིད་ལ་རེ་དགོས་བྱུང་ཡོད་པ་ཐག་ཆོད་རེད་འདུག དངོས་གནས་སྙན་པོ་བྲིས་འདུག་ཐུགས་རྗེ་ཆེ་ཡེ་རྒྱམ་ལགས་ཡི་རངས་ཡོད། ད་དུང་མུ་མཐུད་ནས་ཡིན་ད།

  2. ཀརྡོ་རབ་འབྱམས་པ་ says:
    2011-12-13 at 6:31 am

    དུག་ཡོད་ཚད་ལ་སྨན་གཅིག་ཀྱང་ཡོད་དགོས་པ་ཐག་བཅད་ཐུབ། ག་དུས་ཡིན་ན་ཡང་རེ་བ་དེ་བརླག་རྒྱུ་ཡོད་མ་རེད། ཕྱི་རྒྱལ་གཏམ་དཔེའི་ནང་ལ། སྨན་བཅོས་ལས་གཟབ་གཟབ་གལ་ཆེ་ཞེས་པ་དེ་དྲན་དུ་བཅུག་སོང་།

  3. རྒྱ་མཚོ་ཆེན་པོ་ says:
    2011-12-14 at 2:26 pm

    སྙན་པོ་འདུག མུ་མཐུད་ཡ།

  4. སྙེ་ལྷའི་ཐུགས་སྲས། says:
    2012-05-01 at 12:38 pm

    མུ་མཐུད་ནས་བྲིས་དང་སྒུག་བསྡད་ཡོད།

  5. འབྲོང་ར་ says:
    2016-12-20 at 12:22 am

    སྒྲུང་ཐུང་འདིའི་མགོ་འཛུགས་སྟངས་དང་རྒྱས་བསྡུ་རན་པོ་ཞིག་འདུག་སྟེ་མཇུག་བསྡུ་སྟངས་ལ་ཁ་མ་ཚང་བའི་ཆ་ཞིག་འདུག ཁ་བྱང་དང་འབྲེལ་མེད་དོན་གཞན་འདྲ་ཞིག་འདུག ཡང་མིན་ན་སྒྲུང་འདི་མཇུག་རྫོགས་མེད་པ་འདྲ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme