Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙན་ངག་གྲོག་རོང་ནང་གི་མི་ཚེའི་གདངས་གླེང་བ།

Posted on 2011-12-03 By ཁ་བརྡ་ 2 Comments on སྙན་ངག་གྲོག་རོང་ནང་གི་མི་ཚེའི་གདངས་གླེང་བ།

(སྙན་ངག་གི་འགྱུར་རིམ་ཞིག)
རས་པ།
[སྙན་ངག་ནི་ལུགས་ཅི་ཡང་མེད་ཅིང་། ཚུགས་ཀ་གང་ཡང་མི་དགོས་པའི་ལབ་ལོབ་ཐན་ཐུན་རེ་ཡིན་ན། འདི་ཉིད་རིག་ཚན་ཞིག་གི་ངོས་ནས་ནམ་ཞར་གླེང་ཐབས་མེད་ཅིང་། དགག་རྒྱག་ཚོགས་འདུ་ཞིག་བསྡུས་ནས་ས་སྐྱ་པཎ་ཆེན་ལ་སྙན་ངག་རིག་པ་རིག་གནས་ཆུང་བ་ལྔའི་ནང་ནས་ཕྱིར་འཐེན་བྱེད་དགོས་པའི་གནས་ལུགས་བཤད་ཆོག འོན་ཀྱང་། ལས་འགུལ་དེ་འདྲ་མ་སྤེལ་བའི་སྔོན་དུ་ད་དུང་སྙན་ངག་ལ་རང་གི་འཇིག་རྟེན་ཞིག་ཡོད་པས་ང་ཚོས་འཇིག་རྟེན་དེའི་གླེང་ཕྱོགས་ཡང་གཞན་དང་མ་འདྲ་བ་ཞིག་སྤེལ་ཏེ། རང་ཉིད་ཀྱི་ལྟ་ཚུལ་རྒྱུད་འགོད་བྱས་མ་ཆོག་པའི་རྒྱུ་མཚན་ཅི་ཡང་མེད་པ་ཡིན། ]
མི་ལོ་དུ་མའི་ཡར་སྔོན། སྣང་བ་སྣ་རྩེར་འཁྱིལ་པའི་སྐབས་སུ་ངས་རང་ཉིད་ཀྱི་སྙན་ངག་གླེང་ཞིང་། རང་གི་སྙན་ངག་ལ་གྲུབ་མཐའ་ཞིག་ངོས་ལེན་བྱས་པ་ཡིན། དེ་དག་ཐམས་ཅད་མངོན་མཚོན་དང་བསྡུས་གཟུགས་ཀྱི་དབར་དུ་སྐེ་དགག་མ་ཐེབས་ཙམ་གྱི་ཚོར་བ་དེ་རང་ལས་གཞན་ཅི་ཡང་མེད་ཅིང་། ཐ་ན་བོད་མི་རྣམས་བཤད་ལ་དགའ་བའི་འགན་འཁུར་ཡང་མེད་པ་ཡིན། དོན་དངོས་བཤད་ན་སྐབས་དེར་སྨྱོན་པ་ཞིག་ཡིན་ཟེར་ཡང་ཆོག་པ་སྟེ། ཕྱི་རོལ་གྱི་བྱ་དངོས་མང་དག་ཅིག་ལ་ཁ་བརྡ་བྱས་པའི་སྣང་ཚུལ་དེ་སྤྱི་དམངས་ཀྱི་སྤྱོད་ཚུལ་དང་མ་འདྲ་བ་ཞིག་ཡིན། འོན་ཀྱང་། སྐབས་དེར་རྗེ་བཙུན་མི་ལ་རས་པ་དང་ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་ཁག་ཅིག་གིས་རང་བྱུང་ཁམས་ཀྱི་སྐྱེས་དངོས་མང་དག་ཅིག་ལ་ཁ་བརྡ་གནང་སྟེ་ལོ་ངོ་ཧ་ཅང་མང་པོ་འདས་ཟིན་པ་རེད།
མཚམས་ཤིག་ཏུ་ངའི་སྙན་ངག་གི་བརྗོད་བྱ་ནི་ཚོར་བའི་བུད་མེད་ཀྱི་ངོར་འཕེལ་ཞིང་། ཚོར་བའི་བུད་མེད་ལས་བྱུང་བའི་རྩོམ་མཁན་གྱི་ཚོར་བ་སླར་ཡང་རྨི་ལམ་གྱི་ངོ་བོར་ལྡོག་པར་བྱས་ཡོད། འདི་ནི་མིའི་འཚོ་བ་ཡོངས་སུ་རྫོགས་པའང་ཡིན། སྐབས་དེར་ངས་གྲོགས་པོ་སྙན་ངག་པ་དག་ལ་སྙན་ངག་གི་ཚོར་བ་ཆུ་ཚོད་ཉེར་བཞིའི་རིང་ཉུལ་ཞིབ་བྱས་ཏེ་འཚོ་བ་ནི་ཉིན་གྱི་མངའ་ཐང་ནས་གཉིད་ལམ་གྱི་མངའ་ཐང་བར་མཐུད་དགོས་པའི་ལྟ་ཚུལ་བཏོན་པ་ཡིན། སྐབས་ཐོག་དེར་ངས་ཚོར་བ་མེད་པའི་མི་རིགས་ཀྱི་ལ་རྒྱ་གླེང་མྱོང་མེད་ཅིང་། བྲག་རི་བརྩིགས་པ་ལྟ་བུའི་རིགས་པའི་གཞུང་ལུགས་ལའང་དད་མོས་ཞུས་མྱོང་མེད། མི་ཚེ་ནི་གདངས་ཤིག་ཏུ་འགྲེལ་བཤད་ཀྱིས་རང་དབང་བའི་ངོ་བོར་ཡོངས་སུ་འཐིམས་པར་བྱས་ཏེ་སྙན་ངག་གླེང་ཞིང་། སྙན་ངག་བྲིས་པ་ཡིན། དེ་ནས་བཟུང་ངས་ང་རང་སྙན་ངག་པ་ཞིག་མ་རེད་གཏན་ནས་བསམ་མ་མྱོང་།
ངས་<<གདངས་སུ་སྨྲ་བའི་འཚོལ་དཔྱོད་>>ཀྱི་ནང་དུ་རང་ཉིད་ཀྱི་ལྟ་ཚུལ་ཅི་ཡིན་བྲིས་ཟིན་པའི་སྙན་ངག་དཔེར་མཚོན་དུ་བཀོད་དེ་འགྲེལ་བཤད་བྱས་རྗེས་<<སྦྲང་ཆར་>>གྱི་སྙན་ངག་པ་ཞིག་གིས་”ཅི་ཡང་གོ་གིན་མི་འདུག་”ཅེས་གླེང་འདུག འོན་ཀྱང་། ཁོ་ཚོས་སྒྱུ་རྩལ་གྱི་ཚད་གཞི་འདི་འདྲ་ཞིག་ཡིན་པ་ཤེས་ཡོད་སྲིད། ངས་མུ་མཐུད་ནས་ཉིན་མཚན་གཉིས་ཀྱི་འཚོ་བའི་སྒྱུ་རྩལ་ཐད་དུ་སྨྱུག་ཁ་སྐོར་ཞིང་། ཡིད་གཟུགས་ལ་བརྟེན་ནས་ནང་སེམས་འགྲེལ་བཤད་བྱེད་པ་དང་། ནང་སེམས་ཀྱི་འགྱུ་བས་ཕྱི་རོལ་གྱི་མཐོང་སྣང་ངོས་འཛིན་བྱེད་པའི་དབར་འགལ་ཟླ་མེད་པའི་སྙན་ངག་ཁ་ཤས་འབྲི་ཐུབ་པ་བྱུང་ཡང་། གུས་པའི་ཀློག་མཁན་ཁག་ཅིག་གིས་”འདི་ནི་ཁྱོད་ཁོ་ནར་དབང་པའི་སྐད་བརྡ་ཅིག་རེད་”ཅེས་གོ་ས་ཅི་ཡང་མེད་པའི་སྡོམ་ཚིག་བཀོད་བྱུང་། དེ་ཡིན་ཡང་། ཁོ་ཚོའི་ཁྲོད་དུ་ངས་བཀོལ་བའི་ཚིག་ཚུན་ཆད་འདྲ་བཤུས་ཀྱིས་རང་ཉིད་ཀྱི་བརྩམས་ཆོས་གྲུབ་པར་བྱས་ཡོད་པ་ངས་མཐོང་བྱུང་།
ངས་རང་ཉིད་ཀྱི་སྙན་ངག་ས་ལ་བརྡབས་པའི་སྤོ་ལོ་བཞིན་འཕར་སྟངས་མ་འདྲ་བ་ཙམ་གྱི་ངོར་འཇོག་འདོད་མེད་ཅིང་། སྙན་ངག་དེ་སྤྱི་ཚོགས་དང་ཁ་བྲལ་བའི་རྩེད་མོའི་རིགས་ཤིག་ཀྱང་བྱེད་འདོད་མེད། ངས་རང་ཉིད་ཀྱིས་གསར་དུ་དཔར་བསྐྲུན་བྱས་པའི་སྙན་དེབ་<<ཁེར་རྐྱང་གི་འགྲུལ་བཞུད་>>བསྐྱར་ཀློག་བྱས་ཤིང་། དེ་ཡི་ཁྲོད་དུ་ཀློག་པ་པོའི་བསམ་གཞིགས་ལ་བར་སྟོང་བཞག་ཡོད་པའི་སྣང་ཚུལ་ཞིག་ལ་དོ་སྣང་བྱུང་། སྣང་ཚུལ་འདི་ལ་ཐབས་བྱུས་ལྡན་པའི་བཀོད་འདོམས་བྱས་པ་ཡིན་ན། ཀློག་མཁན་གྱི་བསམ་གཞིགས་ནུས་པ་གསོ་སྐྱོང་བྱེད་པའི་སྒྱུ་རྩལ་བླ་ན་མེད་པ་ཞིག་ཆགས་ངེས་ཤིང་། སྙན་ངག་སྤྱི་ཚོགས་དང་ཁ་མི་བྲལ་བའི་ཐབས་ལམ་ཞིག་ཀྱང་ཆགས་ཐུབ། སྐབས་དེ་ནི་ཕྱི་ལོ་༢༠༠༦ ལོ་མགོ་ཡིན་ཞིང་། དེ་ནས་བཟུང་ངས་སྙན་ངག་ལ་འཛིན་པའི་ལྟ་ཚུལ་ནི་”སྙན་ངག་ནི་ཀློག་པ་པོར་དྲི་བ་འཁོར་སྲིད་པའི་སྒྱུ་རྩལ་བརྩམས་ཆོས་ཤིག་མ་ཡིན་པར་རྣོ་ངར་ཅན་གྱི་དྲི་བ་འདོན་པའི་སྒྱུ་རྩལ་ཞིག་ཡིན་དགོས་པ་རེད”ཅེས་པ་འདི་ཡིན་ཞིང་། ཕྱི་ལོ་ ༢༠༠༦ དཔྱིད་ཟླ་ར་བ་ནས་ལྟ་ཚུལ་འདིས་ངའི་ཀླད་པ་ཡོངས་སུ་ཁེངས་པར་བྱས་ཡོད། ད་ལྟ་ད་དུང་འདི་ནི་ཧ་ཅང་གི་རྒྱུ་མཚན་ལྡན་པ་ཞིག་ཏུ་མཐོང་གིན་ཡོད། དེ་ཡིན་ཡང་། སྙན་ངག་པའི་ནང་སེམས་ཀྱི་འགྱུ་བ་ནི་བརྩམས་ཆོས་ཀྱི་ཚོར་བའི་སྙིང་བོ་རུ་བསྡུས་ཡོད་ཅིང་། སྙན་ངག་གི་ཡིད་འགུགས་ནུས་པའང་དོགས་བསྐྱེད་དྲི་ཚིག་གི་འགྱུར་ཁུགས་སུ་སྒྲིག་སྦྱོར་བྱེད་དགོས་པ་རེད།
ངས་སྙན་ངག་གིས་བཏོན་པའི་རྣོ་ངར་ཅན་གྱི་དྲི་བ་རྣམས་ཀློག་པ་པོའི་བསམ་གཞིགས་ཀྱི་བར་སྟོང་དུ་རྒྱུན་ལྡན་མིན་པའི་ངོས་འཛིན་གྱིས་མཚོན་པར་བྱས་ཤིང་། དེ་ལ་འབད་བརྩོན་བྱས་པ་ཡིན། ཡུལ་གྱི་གྲོགས་པོ་ཁག་ཅིག་ལ་འདིའི་ཐད་བགྲོ་གླེང་བྱེད་དུས་”ཁྱོད་ཀྱི་སྙན་ངག་གི་ཕུགས་བསམ་ནི་རྩོམ་མཁན་གྱི་བསམ་བློ་སྟོན་པ་གཙོ་བོར་བྱེད་ཀྱི་མེད་པར་དེ་ལ་དྲི་བ་འཁོར་བ་གཙོ་བོར་བྱེད་ཀྱི་འདུག་”ཅེས་ཟེར་ཞིང་། གལ་སྲིད་འདི་འདྲ་ཡིན་ན་དེང་རབས་སྙན་ངག་གི་ཡབ་ཆེན་རྣམས་ནས་བུ་ཕྲུག་ལ་ཐུག་པའི་བར་དུ་ང་ལ་མཐུན་ཕྱོགས་མེད་སྲིད། དགག་པ་རྒྱག་མཁན་གྱི་སྙན་ངག་པ་ཞིག་གིས་ང་ལ་”ཁྱོད་ཀྱིས་ནང་གི་དམར་དམར་པོ་ཕྱི་རུ་མི་སྟོན་པར་སྙན་ངག་ཀླད་པས་འབྲི་བཞིན་འདུག་”ཅེས་གསུངས་ཀྱང་ངས་དེ་ལ་ངོས་ལེན་ཞུས་མེད།
སྙན་ངག་གི་རང་བྱུང་ཉམས་འགྱུར་ནི་མི་ཕལ་བའམ་དེང་གི་དྲ་ལམ་ཉུལ་མཁན་ཕལ་མོ་ཆེས་རྟོགས་ཐུབ་པ་ཞིག་མིན། རྒྱ་ནག་གི་སྙན་ངག་པ་ཞིག་གིས་”སྙན་ངག་གཅིག་འབྲི་བ་ནི་མ་ཡིས་བུ་བཙའ་བ་ལྟ་བུའི་སྡུག་བསྔལ་དང་འགྲོགས་ནས་ཡོད་”ཅེས་གསུངས་པ་བཞིན། སྙན་ངག་ཅིག་གི་ཕྱི་ནང་ཡོངས་སུ་རྒྱུས་ལོན་བྱེད་པ་ནི་བུ་ཕྲུག་ཅིག་གཉོར་སྐྱོང་བྱེད་པའི་རྒྱུད་རིམ་གྱི་དཀའ་ངལ་དང་ཆ་འདྲ་བོ་ཡོད། དཀའ་ངལ་འདི་ལ་གདོང་ལེན་བྱེད་པར་སྔོན་འགྲོའི་གྲ་སྒྲིག་མི་ཉུང་བ་ཞིག་དགོས་པ་དང་། དཀའ་ངལ་འདི་ལས་རྒྱལ་ཁ་ཐོབ་མིན་ཡང་སྙིང་སྟོབས་ཆེན་པོ་ཞིག་ལ་རེག་ལས་ཡོད། དེའི་རྐྱེན་གྱིས་བོད་ཀྱི་སྙན་ངག་གི་སྣང་ཚུལ་ཐད་སྙན་ངག་རང་སྟེང་ལས་བརྒལ་བའི་གདེངས་འཇོག་བྱེད་སྲོལ་ཞིག་དང་། སྙན་ངག་ཅིག་གི་འཐབ་རྩོད་ཀྱི་གོ་རིམ་དང་ཚོར་བ་ལ་ཤེས་རྟོགས་མེད་པར་ཆེ་མཐོང་སྤྲོད་པ་དང་དམའ་འབེབས་བྱེད་པ་བཅས་ནི་ཕྱེ་མ་ལེབ་བྱ་རྒྱལ་ཁྱུང་ཆེན་དུ་འུར་བསྒྲགས་པ་ལས་གཞན་ཅི་ཡང་མིན་ཞིང་། བསྟོད་རྩོམ་ལ་རྣོ་ངར་ཅན་གྱི་དགག་རྒྱག་སླེབས་པའི་རང་རེའི་རྩོམ་སྟེགས་སྟེང་སྣང་ཚུལ་འདི་འོས་འཚམས་མིན་པ་རེད།
བོད་ཀྱི་སྙན་ངག་དཔེ་དེབ་ནི་གསང་སྤྱོད་ནང་གི་གཙང་ཤོག་ཆག་པ་གཅིག་གི་རིན་ཐང་ཡང་མེད་པའི་ཚད་དུ་སླེབས་ཤིང་། བོད་ཀྱི་སྙན་ངག་ནི་སྙིགས་རོར་ཕུད་པའི་ཁ་ཟས་ཀྱི་ལྷག་འཕྲོ་ཞིག་ལས་ཅི་ཡང་ཡིན་མི་སྲིད་པའི་དུས་སྐབས་འདིར། ཡང་ན་སྣང་ཚུལ་འདིས་རྐྱེན་པས། ངས་རང་གི་སྙན་ངག་ལ་ཀློག་མཁན་ཡོད་མེད་དང་དོ་སྣང་བྱེད་མཁན་ཡོད་མེད་ཐད་སེམས་འཁུར་བྱེད་པའི་དགོས་པ་མེད་ཅིང་། ངའི་སྙན་ངག་གིས་ཀློག་མཁན་ཞིག་གི་བསམ་བློར་འཚོ་ཟས་སྤྲོད་ཐུབ་པར་ཡིད་ཆེས་ཀྱང་བྱས་མྱོང་མེད། དེ་དང་མཉམ་དུ་རང་གི་ཚོར་བ་ཁེ་ཕན་ཅན་གྱི་ཞིབ་འཇུག་རིག་ཚན་ལ་འཁོར་ཞིང་། ཞིབ་ཚགས་ལྡན་པའི་ཞིབ་འཇུག་གི་ལས་རིམ་ལ་གོམས་འདྲིས་བརྟེན་པ་ཡིན། ད་ནི་ལོ་ངོ་ལྔ་ཟིན་སོང་།
སྟོན་རླུང་གིས་འཁྱེར་བའི་ལོ་མའི་སྣང་ཚུལ་ལས་ངས་ཆོས་ཉིད་ཅི་ཡང་བཙལ་མི་ཤེས་ལ། ཁ་བས་ས་གཞི་གཡོགས་པའི་དགུན་དུས་སུ་ང་ལ་སྡུག་རྩུབ་ཀྱི་སྣང་བའང་མ་བྱུང་། འོན་ཀྱང་། མཚམས་ལན་རེར་རྟ་མཆོག་གི་བང་ལ་བསྡེབས་པའི་བྱིས་དུས་ཀྱི་རྨི་ལམ་སླར་ཡང་རྨིས་ཤིང་། དྲོད་སྐྱིད་ལྡན་པའི་ཨ་མའི་ཕྱག་ཟུང་གི་བྱིལ་བྱིལ་ཡང་ཡང་དྲན། དེ་ཡི་རྐྱེན་གྱིས་ང་ལ་སྒུག་སྒུག་པའི་རྗེས་སུ་སྙན་ངག་རེ་ཡོད་ཅིང་། སྙན་ངག་རེ་རེ་བ་ནི་རང་དབང་དང་འཇིག་རྟེན་ལྟ་སྟངས་ཀྱི་ཚོར་བར་གཏོགས་པ་ཡིན་པས་བྱིས་བློའི་དྭངས་གཙང་གི་ཚོར་བ་ཡོོད་མེད་བཤད་དཀའ། དེ་ལ་སྐྱོན་ཡང་མཐོང་གི་མེད་དེ། མི་ཚེ་ནི་རྣམ་རྟོག་གིས་སྒྲོ་བཏགས་པའི་ངོས་འཛིན་གྱིས་འཚོ་བར་བཞེད་པའི་ཐད་དགག་སྒྲུབ་ཀྱི་གཏན་ཚིགས་ཅི་ཡང་རྙེད་ཀྱི་མི་འདུག འོན་ཀྱང་། སྙན་ངག་གིས་ང་དོར་མི་སྲིད།
༢༠༡༡།༩།༡༥ཉིན་བྲིས།
༢༠༡༡།༡༢།༣ཉིན་བཅོས།

རྩོམ་རིག

Post navigation

Previous Post: ཨ་ཕ། སེམས་གཏིང་གི་འབོད་ཚིག
Next Post: རྟའུ། ཁྱོད་ཀྱི་ལོག་སྐད། སུ་ཡིས་གོ་སོང་། གང་གིས་ཚོར་སོང་།

Comments (2) on “སྙན་ངག་གྲོག་རོང་ནང་གི་མི་ཚེའི་གདངས་གླེང་བ།”

  1. གདོན། says:
    2011-12-04 at 3:04 am

    དེང་སྐབས་ཀྱི་སྙན་ངག་པ་ཚོས་ཁྱི་ལབ་རྒྱག་རྒྱུ་ལས་ཅི་ཡང་མི་འཇོན།
    དཔེར་ན་ཁྱོད་ལྟ་བུ་རེད།
    ཁ་ནས་བཤད་པ་ལས་ལག་ལེན་ཏིལ་འབྲུ་ཙམ་ཡང་མེད་ཡ་་་་

  2. རས་པ། says:
    2012-10-18 at 12:34 pm

    གནའ་ནས་ད་བར་སྙན་ངག་པས་ལས་རིགས་བཟོ་བསྐྲུན་གྱི་རྣམས་གྲངས་གང་ཡང་བྱས་མྱོང་ཡོད་པ་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (2)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme