Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་དང་བོད། རྒྱལ་རོང་དང་རྔ་བ།

Posted on 2011-11-26 By ཁ་བརྡ་ 27 Comments on རྒྱ་དང་བོད། རྒྱལ་རོང་དང་རྔ་བ།


སྣང་རྒྱལ་ཤེས་དགེ།
ཉིན་འགའི་སྔོན་ལ་བོད་ནས་གསར་དུ་འབྱོར་བའི་རྒྱལ་རོང་བ་ཞིག་ལ་བོད་ཀྱི་གནས་སྟངས་སྐོར་དང་ལྷག་པར་དུ་ཨ་མདོ་རྔ་བའི་སྐོར་ལ་སྐད་ཆ་འགའ་རེ་དྲིས་པ་ཡིན། སྟབས་ལེགས་པ་ཞིག་ལ་ཁོ་རྔ་བར་ལོ་མང་པོར་སྡོད་མྱོང་ཡོད་པར་མ་ཟད་ཉེ་ཆར་གྱི་དོན་རྐྱེན་ཁག་གི་སྐབས་སུའང་ཁོ་རྔ་བ་ན་ཡོད་འདུག རྔ་བའི་སྐད་ལ་བྱང་ཆ་ཐོན་པའི་ཁོའི་ཁ་ནང་ནས་ནམ་རྒྱུན་གསར་ལམ་ཁག་ནས་སྒྲོག་བཞིན་པའི་གནས་ཚུལ་ཁག་ཐོས་པ་ལས་གཞན་འདི་འདྲ་ཞིག་ཀྱང་བཤད་བྱུང་སྟེ། ད་ལྟའི་རྔ་བ་རྫོང་གི་དྲག་ཆས་ཉེན་རྟོག་རུ་ཁག་དང་རྫོང་སྤྱི་བདེ་ཅུས་ཀྱིས་རྒྱལ་རོང་ནས་ཕོ་གསར་ལས་མེད་མང་པོ་བསྡུ་རུབ་བྱེད་བཞིན་ཡོད་པ་དང་། དེ་ལྟར་བྱེད་མཁན་གཙོ་བོ་རྒྱལ་རོང་ནས་སྐྱེས་ཤིང་བོད་རིགས་ཡིན་པ་(yang huaའདི་བོད་མིང་ཡིན་ནམ་རྒྱ་མིང་ཡིན་ཤེས་མ་སོང་།)ཟེར་བའི་ཉེན་རྟོག་པ་དེ་ཡིན་འདུག་ཅིང་། ཁོས་རྒྱལ་རོང་ཁྲོ་ཆུའི་ཕོ་གསར་མང་པོ་བསྡུ་རུབ་བྱས་སྟེ་ཁོ་ཚོ་ལ་སྤྱི་ཚོགས་རྙིང་པའི་སྐབས་རྔ་བའི་རྨེའུ་རྒྱལ་པོས་ཁྲོ་ཆུ་ལ་དམག་དྲངས་ནས་མི་མང་པོ་བསད་ཡོད་པས། ད་ལྟ་ང་ཚོས་དགྲ་ཤ་ལེན་རྒྱུའི་གོ་སྐབས་ཡག་པོ་ཡོད་ཚུལ་བཤད་དེ་སློབ་གསོ་རྒྱག་བཞིན་ཡོད་འདུག་པ་དང་། ཕོ་གསར་རྣམས་རྔ་བར་མ་བཏང་སྔོན་ལ་ཁྲོ་ཆུ་རང་ནས་ཁོང་ཚོ་ལ་མཛད་སྒོའང་རྒྱ་ཆེ་ཙམ་བྱེད་བཞིན་ཡོད་འདུག ་ཅིང་། གནས་སྟངས་དེར་རྒྱལ་རོང་གི་ཡུལ་མིའི་ནང་དུ་གླེང་ཕྱོགས་མང་པོ་ཡོད་འདུག (yang hua)ཟེར་བ་འདི་སྔོན་མ་ནས་གྲྭ་བ་ཚོར་སྡང་ཟུག་ཆེན་པོ་བྱེད་མཁན་ཞིག་ཡིན་ཞིང་། ༢༠༠༨།༠༣།༡༦། ཉིན་གྱི་རྔ་བའི་ལས་འགུལ་ཁྲོད་མི་མང་པོ་དམར་གསོད་གཏོང་མཁན་ཡང་ཁོ་དང་ཁོའི་མངག་པའི་ཁྲོ་ཆུ་བ་ཚོ་རེད་ཅེས་དམངས་ཁྲོད་དུ་གླེང་གི་ཡོད་འདུག དཔའ་བོ་བཀྲ་བྷེས་རང་ལུས་མཆོད་མེར་འབུལ་སྐབས་ཀྱི་འདྲ་པར་ཐོག་གི་ཉེན་རྟོག་པའི་ཁྲོད་དུ་ཁ་ཚུརའཁོར་ནས་ལག་པ་བརྐྱང་བསྡད་མཁན་དེ་ཁོ་རེད་ཟེར། ད་དུང་དེའི་མཐའ་འཁོར་གྱི་ཉེན་རྟོག་པ་རྣམས་ཀྱང་ཁོས་རྒྱལ་རོང་ཁྲོ་ཆུ་ནས་ཁྲིད་ཡོང་བའི་ཕོ་སར་དག་རེད་ཟེར།

གསར་འགྱུར།

Post navigation

Previous Post: མི་ཡི་སེམས་ཁམས།
Next Post: སྨོན་ལམ་ཆེན་མོ་སྔ་ཕྱིའི་རྟེན་འབྱུང་ལས་བརྩམས་པའི་གཏམ་བཤད།

Comments (27) on “རྒྱ་དང་བོད། རྒྱལ་རོང་དང་རྔ་བ།”

  1. བྲག་ཞོལ་སྤེན་པ། says:
    2011-11-26 at 7:46 am

    གནས་ཚུལ་འདི་རིགས་དཔང་རྟགས་ར་སྤྲོད་གསལ་པོ་མེད་པར་གང་བྱུང་བཤད་ན།ལུང་ཚན་ཕན་ཚུན་བར་འཁོན་འཛིངས་དང་ཁྲག་སྦྱོར་ཡོང་ཉེན་ཡོད་པས་གཟབ་དགོས་སྙམ།

  2. ཆོས་འཕེལ་དར་རྒྱས་ says:
    2011-11-26 at 8:46 am

    འདི་འདྲའི་ཁོངས་ལོང་གསལ་ལ་མི་གསལ་བའི་གནས་ཚུལ་ལ་ངོ་རྒོལ་ཡོད། གནའ་སྔའི་གྱོད་གཞི་སྔོག་ནས་ད་ལྟའི་བོད་སྤྱི་བའི་དོན་ལ་མི་ཕན་བསམ། མ་གཞི་ནས་དབྱངས་དཔལ་༼yang hua༽ཟེར་བ་ཁོང་ཐོག་མར་རྔ་བ་རྫོང་གི་གྲོང་བརྡལ་ཞིག་ལ་སྨན་པ་བྱས་ནས་རྒྱུན་རིང་བོར་བསྡད་པ་དང་དེ་ནས་སྤྱི་ཚོགས་བདེ་འཇག་ལས་ཀ་ལ་འབད་ནས་ཐོག་མར་རྔ་བ་རྫོང་འབྲོག་ཕྱོགས་ཀྱི་རྐུན་ཅག་རྣམས་རྩ་མེད་བཟོས། ཁོང་དང་ཁོང་འདྲ་བའི་བཀའ་དྲིན་ལ་རྔ་བ་རྫོང་འབྲོག་ཕྱོགས་སུ་རྐུན་ཅག་ཇེ་ཉུང་ལ་སོང་ཡོད།

  3. ཕུར་པ་སྐྱབས། says:
    2011-11-26 at 12:10 pm

    གནས་ཚུལ་འདི་དངོས་ཡོད་ཡིན་པ་རྒྱལ་རོང་གི་མི་མང་པོས་དངོས་སུ་མཐོང་འདུག འགའ་རེས་ཕོ་སར་ཚོར་བསླབ་བྱའང་བརྒྱབ་འདུག་མོད། དེའི་ལན་དུ་ཁྱོད་ཚོ་ལྐུག་པ་རེད། དེང་སང་སློབ་གྲྭ་ཆེན་མོ་བ་ཚོ་ལའང་ལས་ཀ་མི་རེག་པའི་སྐབས་འདི་འདྲ་ཞིག་ལ་གོ་སྐབས་འདི་འདྲའི་བཟང་པོ་ཞིག་འཆོར་དུ་འཇུག་ག་ལ་རུང་། ཟེར་བཞིན་འདུག་ཟེར། འདི་རྒྱ་གཞུང་གི་ཇུས་ངན་ཞིག་ཡིན་པར་མ་ཟད་(yang hua)རང་ཉིད་ཀྱི་གོ་ས་འཕར་ཆེད་དུའང་རེད། དེར་བརྟེན་ང་དང་ང་འདྲ་བའི་རྒྱལ་རོང་བ་ཚོས་རང་ཉིད་ཀྱི་འབྲེལ་ཡོད་ཁག་ལ་གནས་ལུགས་གསལ་བཤད་བྱེད་རྒྱུ་ཤིན་ཏུ་གལ་ཆེ་བ་ལས་རྒྱ་གཞུང་གིས་གང་བྱས་ཀྱང་ཁ་བཙུམ་ནས་བསྡད་ན་འགྲིག་ཐབས་མེད། གནའ་སྔ་མོའི་གྱོད་སྔོག་མཁན་རྒྱ་གཞུང་དང་དབྱངས་དཔལ་ཡིན་པ་ལས་རྩོམ་པ་པོ་ག་ལ་ཡིན། སྤེན་པ་དང་ཆོས་འཕེལ་གཉིས་ཀྱིས་བསླབ་བྱ་རྒྱག་ས་ནོར་འདུག རྩོམ་ཡིག་འདི་འདྲ་སྤེལ་བ་ནི་ཧ་ཅང་དགོས་མཁོ་ཆེ་ལ་གལ་གནད་ཆེ་བ་ཡིན།

  4. ཆོས་འཕེལ་དར་རྒྱས་ says:
    2011-11-26 at 12:37 pm

    ཡག་པོ་འདུག དེ་ན་བུ་རྒོད་པོ་ནང་དཀྲུག་གཏོང་རོགས། སྐད་ཆ་བཤད་ལུགས་ལ་བལྟས་ན་སྔོན་རྔ་བའི་འབྲོག་ཕྱོགས་ཀྱི་རྐུན་མ་ཞིག་རྒྱ་གར་ལ་བྲོས་ཤོལ་འབྱོར་བ་མིན་ནམ།

  5. སྤོབས་པ་མཐའ་ཡས། says:
    2011-11-26 at 1:37 pm

    གོང་དུ་མི་ཁ་ཤས་ཤིག་གིས་དཔང་རྟགས་སྟོན་དགོས་ཞེས་བཤད་འདུག དཔང་རྟགས་འདྲ་པར་དང་བཅས་པ་འདི་ན་བསྟན་འདུག དེ་ལས་ལྷག་པའི་དཔང་རྟགས་ག་རེ་དགོས།

  6. ཕུར་པ་སྐྱབས། says:
    2011-11-26 at 2:10 pm

    ནང་དཀྲུགས་གཏོང་མཁན་ཡང་དཔལ་ལ་རྗེས་སུ་ཡི་རངས་འབུལ་མཁན་ཚོར་ཡང་དཔལ་དང་མཉམ་པའི་དགེ་བ་འཐོབ་པར་འགྱུར་རོ། ཧ་ཧ་ཧ།

  7. ཆོས་འཕེལ་དར་རྒྱས་ says:
    2011-11-26 at 3:00 pm

    ཨོ་ལགས་སོ། ཀ་ཉག་ཚེ་རིང་ལགས།
    ད་བར་ཉིད་ནས་གང་ཐུབ་ཀྱིས་རྔ་བའི་གནས་ཚུལ་ཁོངས་ལྡན་སྤེལ་ཡོད་པས་ད་ཐེངས་ཡང་བདེན་རྒྱུ་རེད། དེ་འདྲ་ཡིན་དུས་མཐུ་དང་ནུས་བ་ལྡན་པའི་ཀིརྟི་དཔལ་རྩཀ་གྱིས་མགྱོག་པོར་དབྱངས་དཔལ་ཁོའི་སྙིང་ཁྲག་བཞེས་བར་ཤོག།

  8. གཅན་བཟོད་རྒྱམ། says:
    2011-11-26 at 3:37 pm

    ང་ཚོ་བོད་གངས་ཅན་ལྗོངས་ལྷ་དང་སྲུང་མ་ཁྲི་འབུམ་ཡོད་ལ། ལྷག་པར་བོད་གཞུང་བསྟེན་སྲུང་རྣམ་གཉིས་དེ་ལ། བོས་ན་ཨ་དང་བཅོལ་ན་ཡ་ཟེར་བ། ལྷ་གསོན་པོ་ཐུགས་མོ་ཡོད་ན་yang hua ཟེར་བ་ལྟ་བུའི་བོད་མི་རིགས་ལ་བཙན་གནོན་གྱི་སྟེང་ལ་ནང་དཀྲུགས་སློང་མཁན་འདི་འདྲ་བ་དགོས་པ་མེད་པས་ན། ད་ལྟ་ཉིད་དུ་ལྔ་བའི་ལམ་དུ་བརྫངས་ན་ཅི་མ་རུང་། རྔ་བ་དང་རྒྱལ་རུང་ཕྱོགས་ན་བུ་དཔའ་རེ་ཡོད་ན་yang hua ཟེར་བའི་མི་ངན་འདིའི་མགོ་ཐུ་བླངས་དང་ཅིས་མི་ཆོག བོད་མི་ཚོ་ནི་ནང་ཁུལ་གསོད་རེས་གཏུབ་རེས། གཤགས་རེས་ལ་དཔའ་བ་ལས་འདི་ལྟ་བུར་ཐད་ཀྱིས་གཤགས་ནས་གཏུབ་དང་ན་ལོས་ཆོག

  9. བྲག་ཞོལ་སྤེན་པ། says:
    2011-11-26 at 4:16 pm

    བོད་མི་ནང་ཁུལ་མཐུན་པོ་དང་ཆིག་སྒྲིལ་ཡོང་དགོས་ན་མི་ངན་རེ་ཟུང་གི་བྱས་ཉེས་ལུང་པ་ཅིག་ལ་མ་གཡོག་ན་ཡག་པོ་མེད་དམ།གྲྭ་ཀ་ཉག་ཚེ་རིང་མཆོག་ནས་གནས་ཚུལ་གནད་ཅན་མང་པོ་འཚོལ་སྡུད་བརྒྱུད་བསྒྲགས་གནང་གི་ཡོད་ཙང་།གོང་གསལ་མི་དེ་རྒྱལ་རོང་ཁྲོ་ཆུ་ནས་ཡིན་པ་ཏན་ཏན་བདེན་རྒྱུ་རེད་སྙམ།
    འོན་ཀྱང་།ད་ལྟ་བར་བརྒྱུད་ལམ་ཁག་དང་བོད་ནས་ཡོང་གང་ཅིའི་ཁ་ནས་བར་སྐབས་རྔ་པ་ན་འབར་ཁམས་དང་རྐ་ཁོག་མཛོད་དགེ་སོགས་རྫོང་ཁག་མང་པོའི་ལས་བྱེད་སུམ་བརྒྱ་ལྷག་གིས་རྒྱ་གཞུང་གི་མངོན་འདོད་ལས་དོན་སྒྲུབ་བཞིན་པ་དང་།རྒྱ་དམག་ཁྲི་ཚོ་བརྒལ་པ་གཏན་སྡོད་བྱས་ཏེ་བོད་མིར་དྲག་གནོན་བྱེད་བཞིན་སོགས་མ་གཏོགས།རྒྱལ་རོང་ཁྲོ་ཆུའི་ཕོ་སར་དེ་འདྲ་མང་པོ་ཅིག་དྲག་གནོན་དུ་ཡོང་ལུགས་གསུང་པ་བདེན་པ་ཨེ་ཡིན་ན།
    ཁྲོ་ཆུའི་ཕོ་སར་སྡུག་ཅག་གཅིག་ཡོད་པ་དེས་ཁྲོ་ཆུ་ཚོ་རྔ་པར་དྲག་གནོན་མཁན་རེད་འདྲ་པོ་དངོས་གནས་བདེན་དཔང་ཁུངས་བཙན་མེད་ན་བོད་ནང་ནས་ལུང་ཚན་བར་སྐྱི་གཡའ་བའི་ཁྲག་སྦྱོར་རིགས་ཡོང་མི་སྲིད་པ་མ་རེད་ད།
    དེ་དུས་རྒྱ་གུང་བྲན་གད་མོ་དགོད་བཞིན་བོད་ནང་དམེ་བྱས་པའི་ལྟད་མོ་ལ་རོལ་གྱི་རེད།གོང་དུ་སྤོབས་མཐའ་ལགས་ནས་བདེན་དཔང་པར་འདུག་གསུངས་པ་བརྒྱ་གོ་གཅིག་ཆོད་རེད་ལགས།དེ་འདྲ་རྔ་པའི་མི་ཡང་ས་གནས་ཁ་ཤས་ནང་རྒྱ་མིའི་རྒྱུགས་ཁྱི་བྱེད་མཁན་ཡོད་པ་རེད་ལགས།
    རང་ཉིད་རྔ་པ་དང་རྒྱལ་རོང་གང་ནས་ཀྱང་མིན་རུང་བོད་མི་ནང་ཁུལ་ལ་ནང་དམེ་སྡུག་ཅག་རེ་མི་ཡོང་ཆེད་ལྷག་བསམ་རྣམ་དག་གིས་བྲིས་པ་ཡིན།
    བོད་ནང་གི་མི་ཚོ་དང་ལྷག་པར་རྔ་པ་སེར་སྐྱ་ཚོས་བོད་རྩ་དོན་ཆེད་སྡུག་བསྔལ་མྱོང་རྒྱུ་མང་དྲག་མེད་ན་ཉུང་གཏན་ནས་མེད།ད་བཙན་བྱོལ་ནང་གི་ཁ་རྒྱགས་པ་ཅན་ཚོས་ཡང་རྒྱལ་རོང་དང་རྔ་པ་གཉིས་ཀའི་བར་ནང་འཁྲུག་གི་སྡུག་མུན་གསར་པ་ཅིག་འཐིབས་མ་བཅུག་ན་བསམ།

  10. ཕུར་པ་སྐྱབས། says:
    2011-11-26 at 4:41 pm

    སྤེན་པ་ལགས། འདིར་རྩོམ་པ་པོ་དང་མཆན་འདེབས་མཁན་སུ་གཅིག་གིས་ཀྱང་ཁྲོ་ཆུས་རྔ་བར་དྲག་གནོན་བྱས་སོང་ཟེར་གྱི་མི་འདུག དེ་ལས་ལྡོག་སྟེ་ཁྲོ་ཆུའི་མི་དམངས་ཁྲོད་བསམ་ཚུལ་མང་པོ་ཡོང་བཞིན་པ་དང་ཕོ་སར་དེ་ཚོར་སློབ་གསོ་རྒྱག་མཁན་བྱུང་ཡོད་པའི་གནས་ཚུལ་བཀོད་འདུག དེ་ཙམ་ལའང་ཉན་མི་ཤེས་པར་ནང་དཀྲུགས་སློང་གིན་འདུག་མ་ཟེར། ནང་དཀྲུགས་སློང་མཁན་གཙོ་བོ་(yang hua)ཡིན་པ་གསལ་པོར་བཤད་འདུག རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་དང་འདྲེ་ཡི་སེམས་ལ་མ་ཤར་སྔོན་ནས་ནད་པའི་སེམས་ལ་དྲན་འདུག་པ་འདི་ཡག་རྟགས་ཤིག་མ་རེད་ལ་ལེགས་ཉེས་མི་འབྱེད་པར་དབྱངས་དཔལ་གྱི་རྒྱབ་ལ་ལང་རྐྱང་བྱེད་པ་དེ་དེ་བས་ཀྱང་ཐབས་སྐྱོ་བོ་ཞིག་རེད།

  11. བྲག་ཞོལ་སྤེན་པ། says:
    2011-11-26 at 5:00 pm

    ཕུར་སྐྱབས་ལགས།ངས་བྲིས་པའི་མཆན་ནང་དུ་རྔ་པ་མི་མང་ལ་གདུང་སེམས་མཉམ་བསྐྱེད་བྱས་ཏེ་དྲག་གནོན་མཁན་ཕོ་སར་དེ་སྡུག་ཅག་རེད་ཅེས་དངོས་སུ་སྨྲོས་ཡོད།དེ་འདྲ་བྲིས་བཞིན་དུ་གཡང་དཔལ་ལ་རྒྱབས་ལངས་བྱེད་རྐྱང་ཅེས་མི་དཀར་པོ་ལ་ཞྭ་ནག་པོ་མ་གཡོག་རོགས།
    མ་གཞི་ཁྱོད་རྒྱལ་རོང་པ་ཅིག་ཡིན་ཁུལ་གྱི་འཁྲབ་སྟོན་དེ་འདྲ་གནང་དགོས་མི་འདུག་ག།རྒྱལ་རོང་གིས་རྔ་པར་དྲག་གནོན་བྱས་ལུགས་གོང་རྩོམ་ནང་༼ཁོས་རྒྱལ་རོང་ཁྲོ་ཆུའི་ ཕོ་གསར་མང་པོ་བསྡུ་རུབ་བྱས་སྟེ་ཁོ་ཚོ་ལ་སྤྱི་ཚོགས་རྙིང་པའི་སྐབས་རྔ་བའི་ རྨེའུ་རྒྱལ་པོས་ཁྲོ་ཆུ་ལ་དམག་དྲངས་ནས་མི་མང་པོ་བསད་ཡོད་པས། ད་ལྟ་ང་ཚོས་དགྲ་ཤ་ལེན་རྒྱུའི་གོ་སྐབས་ཡག་པོ་ཡོད་ཚུལ་བཤད་དེ་སློབ་གསོ་རྒྱག་ བཞིན་ཡོད་འདུག་པ་དང་། ཕོ་གསར་རྣམས་རྔ་བར་མ་བཏང་སྔོན་ལ་ཁྲོ་ཆུ་རང་ནས་ཁོང་ཚོ་ལ་མཛད་སྒོའང་རྒྱ་ཆེ་ ཙམ་བྱེད་བཞིན་ཡོད་༽ཅེས་འཁོད་འདུག་པ་འདི་ཅི་རེད།
    སོ་སོའི་ལུང་པ་ལ་ཞེན་ཁོག་ཡོད་ན་སོ་སོའི་ཡུལ་མི་སྡུག་ལ་མི་སྦྱར་རྒྱུ་གལ་ཆེ་ཤོས་རེད་ལགས།

  12. ཕུར་པ་སྐྱབས། says:
    2011-11-26 at 6:35 pm

    སྤེལ་པ་ལགས། ད་ཁྱོད་ཀྱིས་སྐད་ཆ་དེ་ཙམ་ལའང་གོ་བ་ལེན་ཤེས་ཀྱི་མེད་ན་གླེང་མོལ་བྱེད་རྒྱུའི་རྨང་གཞི་མི་འདུག དེ་བས་ཁྱོད་ཀྱིས་གོང་གི་ཚིག་དེར་འགྲེལ་བཤད་ཅིག་བྱོས་དང་ངས་ཁྱོད་ལ་ཡིན་མིན་གྱི་གོ་བརྡ་ཞིག་སྤྲོད་ཆོག ང་རྒྱལ་རོང་བ་ཞིག་ཡིན་མིན་ཐད་་དགོས་གལ་བྱུང་ན་བདེན་དཔང་སྟོན་ངེས་ཡིན། འོན་ཀྱང་འདིར་དེ་གནད་འགག་ཆེན་པོ་མ་རེད། བཤད་བཞག་པ་ཞིག་ལ་ཉན་མི་ཤེས། བཤད་དགོས་པ་ཞིག་ནི་བཤད་མི་ཤེས། དེ་འདྲའི་མི་ཞིག་ལ་གླེང་མོལ་བྱས་དང་མ་བྱས་ཅང་མི་འདུག

  13. མགོན་པོ་ཕྱག་གཉིས་པ། says:
    2011-11-26 at 7:15 pm

    འདི་འདྲ་བའི་གསར་འགྱུར་གསར་པ་དང་གསལ་པོ་མཁོ་སྤྲོད་གནང་བར་བཀའ་དྲིན་ཆེ། ཡིན་ནའང། རྩོམ་མིང་འདོགས་སྟངས་དང་རྗོད་བྱེད་ཀྱི་ཚིག་དང་དེས་གཞན་ལ་གོ་བ་ཇི་འདྲ་ཞིག་སྤྲོད་མིན་ལ་ཅུང་ཟད་གཟབ་དགོས་སའང་ཆུང་ཙག་རེ་ཡོད་པ་འདྲ།
    རྩོམ་གྱི་ནང་དོན་ནི། ཁྲོ་ཆུ་ནས་ཡིན་པའི་མི་ངན་ཞིག་གིས་ཕ་ཡུལ་གཅིག་པའི་མི་སྐོར་ཞིག་ལ་ངན་སྐུལ་དང་དེ་དག་ལོག་ལམ་དུ་བཀོལ་བའི་ཚུལ་ཡིན་པས་མི་སྒེར་བ་ཞིག་ལ་ཐུག་འདུག་ཀྱང་། རྩོམ་གྱི་མིང་ལ། རྔ་བ་དང་རྒྱལ་རོང་ཞེས་ཡུལ་ཚོའི་མིང་གཙོ་བོར་བཟུང་ནས་བྲིས་འདུག་པ་འདི་དེ་འདྲའི་ལན་པོ་ཞིག་ཏུ་མཐོང་མ་སོང་། ཡིན་ནའང་། གསར་འགོད་པའི་ཀུན་སློང་མ་དག་པར་ངོས་འཛིན་གྱི་མེད།

  14. རིག་འབྱུང་རྒྱ་མཚོ says:
    2011-11-26 at 10:07 pm

    ལྷ་སྲུང་ལ་རེ་བ་བཅོལ་ན་ཁོང་གི་རླུང་རྟ་རྒུད་རྒྱུ་ལས་ལྡོག་སྟེ་རླུང་རྟ་དར་ངེས་རེད། དེ་ལས། མི་འདི་ཚོ་རིགས་གསོད་ཐུབ་ན་དགེ་བ་ལས་སྡིག་པ་མེད་པ་གནས་ལུགས་གང་ལ་ཞུགས་ན་གསལ་བོ་རེད། བདེན་པ་ལ་རྒྱལ་ཁ་ཐོབ་ཆེད། བུ་རྒོད་ཅིག་ཁོང་ལྐོག་གསོད་བྱེད་པ་སྨོན། ངའི་རེ་བ་ཡིན། ང་ལ་གོ་སྐབས་ཤིག་ཤར་ན་དེ་ལྟར་བྱེད་ངེས་རེད།

  15. རིག་འབྱུང་རྒྱ་མཚོ says:
    2011-11-26 at 10:10 pm

    ལྷ་སྲུང་ལ་རེ་བ་བཅོལ་ན་ཁོང་གི་རླུང་རྟ་རྒུད་རྒྱུ་ལས་ལྡོག་སྟེ་རླུང་རྟ་དར་ངེས་རེད། དེ་ལས། མི་འདི་ཚོ་རིགས་གསོད་ཐུབ་ན་དགེ་བ་ལས་སྡིག་པ་མེད་པ་གནས་ལུགས་གང་ལ་ཞུགས་ན་གསལ་བོ་རེད། བདེན་པ་ལ་རྒྱལ་ཁ་ཐོབ་ཆེད། བུ་རྒོད་ཅིག་གིས་ཁོང་ལྐོག་གསོད་བྱེད་པ་སྨོན། ངའི་རེ་བ་ཡིན། ང་ལ་གོ་སྐབས་ཤིག་ཤར་ན་དེ་ལྟར་བྱེད་ངེས་རེད།

  16. སྒྲོན'མེ' says:
    2011-11-27 at 3:20 am

    དྲ’གྲོགས’ཚོ། གནས’ཚུལ’ག’ག’རེ’ཡིན’ན’ཡང’གོ’མ’ཐག’ཧོརབ’རྒྱུག’མ’བྱེད། དེང’སྐབས’རྒྱ’གཞུང’གིས’ཇུས’ངན’འདྲ’མི’འདྲ’
    བྱེད’སྲིད’པས’གཡོ’འོག’ཏུ’མ’འཚུད’པ’བྱེད’དགོས། དྲ’གོྲགས’ཚོས’ཚིག’བེད’སྤྱོད’གཏོང’སྟངས’ལ’གཟབ’དགོས’ མང’ཚོགས’ནང’དཀྲུག’རྐྱེན’དུ’མི’འགྲོ’བ’ཞིག’ངེས’
    པར’དུ’བྱེད’དགོས། མི’སུ’དང’སུ’ཡིན’ན’འགན’ཡོད’རེད།

  17. བྲག་ཞོལ་སྤེན་པ། says:
    2011-11-27 at 4:59 am

    ཕྱུགས་ར་ཁུ་བྱུག་ལགས་ནས་གསུངས་པ་ལ་མངོན་པར་བསྟོད་དོ།ཕུར་སྐྱབས་ཟེར་པ་ཁྱོད་བཤད་ན་གོ་བ་མེད་མཁན་དང་ལྷག་བསམ་དྲང་པོའི་རྒྱུ་མཚན་ལ་ཉན་ཤེས་མི་གནང་མཁན།གང་བྱུང་དུ་མི་ལ་མཐོང་ཆུང་དང་ཁྱད་བསོད་བྱེད་མཁན་ཅིག་རེད་འདུག
    དེ་འདྲ་བྱས་ཏེ་ཁྱེད་རང་ལ་བདེ་སྐྱིད་འདྲ་ཡོད་ན་ཡག་པོ་རེད།ཁྱེད་རང་གིས་གང་འདོད་གྱིས་ཤིག།ཁྱད་པར་གང་ཡང་མེད་ལགས།
    རྗེས་ཕྱོགས་ཉིད་ནས་གསུངས་པ་ཁག་ལན་འདེབས་ཀྱང་བྱེད་རྒྱུ་མིན་ལགས།ང་རང་དྲ་ཐོག་འདིར་བློ་བསྐྱེད་རེ་ཨེ་རག་བསམ་ནས་ཡོང་པ་ལས་མིང་རྫུན་མ་རེའི་འོག་གབ་ནས་ཕན་ཚུན་ལ་སྡང་ཟུག་བརྙས་བཅོས་བྱེད་སེམས་གཏན་ནས་མེད་ལགས།

  18. དྲི་མེད་ཟླ་བ། says:
    2011-11-27 at 7:40 am

    རྔ་པ་ཞོ་བཞིན་ཆགས་བསྡོད་དུས་ཁྲག་བཞིན་སུ་གི་དཀྲུག་གི་ཡོད་ངོ་ཚོ་བོད་ནང་གི་མི་དང་གསར་འབྱོར་རྣམས་གི་མཁྱེན་གསལ་རེད། ཡིན་ན་བོད་ནང་གི་བོད་མིས་ཁེ་ཕན་དང་སྲུང་སྐྱོབས་ཆད་དུ་ལྷག་བསམ་རྣམ་དག་གི་སྐད་ཆ་བཤད་དུས་རྒྱ་གུང་ཁྲན་ནང་བཞིན་རང་དབང་གི་སྐད་ཆ་དང་དྲ་རྒྱ་ལ་དམ་གྲག་བྱས་ནས་གཤད་ས་མི་འདུག། བློ་ཕམ་ཡོད།

  19. ཕུར་པ་སྐྱབས། says:
    2011-11-27 at 4:40 pm

    ལན་མེད་པ་ནི་ཕམ་པ་ཀུན་གྱི་མཐར་ཐུག་པའོ། རྒྱུ་མཚན་མེད་པ་རྨོངས་པ་ཀུན་གྱི་མཐར་ཐུག་པའོ། ཕོ་ཚོད་འབའ་ཞིག་བྱེད་པ་ནི་སྨྱོས་པའི་ནང་ནས་མཐར་ཐུག་པའོ། མི་ཤེས་བཞིན་དུ་ཧོར་རྒྱུག་བྱེད་པ་ནི་ཉེན་ཁ ཀུན་གྱི་མཐར་ཐུག་པའོ། མཐར་ཐུག་པ་དེ་དག་འདོར་བའི་ཐབས་ཕུལ་དུ་ཕྱུང་བ་ནི་བསམ་ཤེས་དང་ཉན་ཤེས་ཉིད་དོ། ལྟ་ཤེས་དང་དཔྱོད་ཤེས་ཉིད་དོ། འབྲི་ཤེས་དང་བཤད་ཤེས་ཉིད་དོ། དེས་ན་དེ་དག་དང་དུ་ལེན་པར་བྱའོ། འབད་པས་ལེན་པར་བྱའོ། དེ་ནི་ཐབས་མཐར་ཐུག་པའོ། དེ་ནི་ཤེས་རབ་མཐར་ཐུག་པའོ།

  20. གྲྭ་སྨྱོན says:
    2011-11-27 at 5:03 pm

    འདི་ལྟར་དཔྱད་རྩོམ་སྤེལ་བར་བཀའ་དྲིན་ཆེ། འོན་ཀྱང་ཡིད་གཟབ་བྱ་དགོས་པ་ཞིག་ལ་རང་གི་མི་རིགས་པར་ལ་དཀྲུགས་ཤིང་བཟོ་བཞིན་ཡོད་པ་མིན་ནམ། དཔྱད་དགོས་པ་ཞིག་རེད།

  21. བོད་དགའ་ says:
    2011-11-27 at 8:55 pm

    དེ་དང་དེ་འདྲ་བའི་བོད་མི་ཁ་ཤས་ཡོད་ཡོད་པ་རེད། yang hua ཁོ་པས་རྒྱ་དམར་གྱི་དངུལ་དངོས་རྗེས་སུ་བརྒྱུག་ནས་ལྔ་པའི་མི་མང་ལ་མནར་སྤྱོད་གཏོང་བཞིན་པའི་གནས་ཚུལ་བཤད་པར། བོད་མི་ནང་ཁུལ་དཀྲུག་གཞི་རེད་ཟེར་བ་ནི་རང་ཉིད་ཕྱོགས་ཞེན་ཁོ་ན་ལས་སྲོང་པོའི་དྲི་ཙམ་ཡང་མེད་པའི་མངོན་བརྟགས་རེད། དཔེར་ན་ལྷ་སའི་བཙོན་ཁང་ནང་ཆབ་སྲིད་བཙོན་པར་མནར་སྤྱོད་གཏོང་མི་གཞིས་རྩེ་སོགས་ས་ཁུལ་གཞན་ནས་རྐང་བཙུགས་ནས་འཇོག་པ་ནི། རྒྱ་དམར་གྱིས་བོད་མི་ནང་ཁུལ་དཀྲུགས་ཤིང་སློང་བའི་གཡོ་ཇུས་ཡིན་པ་ལྟར་ལྔ་པ་ཁུལ་ལ་དེ་ལྟ་བུའི་གཡོ་ཇུས་མེད་པ་ཤོས་ཐུབ་བམ།། །།

  22. ཨ་རུ་ར། says:
    2011-11-27 at 9:01 pm

    དཔྱད་རྩོམ་སྤེལ་མཁན་དགེ་བཤེས་རྒྱལ་སྣང་། yang hua བོད་མིང་ཞིག་མ་རེད་ལ་བོད་་པ་ཞིག་དེ་ལས་ཀྱང་མ་རེད། ༡༩༥༩ལོའི་རྗེས་སུ་རྒྱ་མི་མང་བོ་བོད་ཀྱི་ས་ཐོག་ཏུ་སྐྱེས་ཡོད། རྒྱ་རོང་ནས་འཚར་ལོང་བྱུང་བའི་གཞོན་སྐྱེས་ཚང་མ་བོད་པ་མིན། རྒྱ་དང་བོད་གཉིས་ལོ་རྒྱུས་ཐོག་ནས་ཐ་དད་ཡིན་པ་ལས། རྒྱ་རོང་དང་རྔ་བ་གཉིས་བོད་རིགས་རྩམ་ཟན་གཅིག་པ་ཡིན།
    གུང་ཁྲན་ཏང་གིས་བོད་ལ་བཙན་གནོན་བྱས་པ་དེ་ཚིག་གཅིག་ཙམ་་མི་བརྗོད་པར་བོད་མི་ནང་ཁུལ་དཀྲུག་ཐབས་བྱས་པ་དེ་བློ་ཕམ་གྱི་གཞི་ལས་མ་འདས།
    དཔྱད་རྩོམ་སྤེལ་མཁན་དང་རྔ་བའི་སྐད་ལ་བྱང་ཆ་ཐོན་པའི་གནས་ཚུལ་བཤད་མཁན་ཟུང་ག་འདྲ་????????????????

  23. ཨ་རུ་ར། says:
    2011-11-27 at 9:04 pm

    ཁྱེད་རང་གཉིས་ལ་རྒྱ་ནད་རེ་ཕོག་མེད་དམ།

  24. རེ་བ་ says:
    2011-11-27 at 9:15 pm

    འགའ་ཞིག་ལ་དངོས་ཡོད་གནས་ཚུས་བཤད་ན། དེ་ལ་དཔྱད་པ་ཙམ་ཡང་མེད་པར་སྐྱོན་བརྗོད་ཁོ་ན་བྱེད་པ་ནི་ཕྱོགས་ཞེན་ཁོ་ན་ལས་ལེགས་ཉེས་འབྱེད་པའི་ཤེས་རབ་རྩ་བ་ནས་མེད་པ་ཞིག་ཏུ་མངོན།། །།

  25. སྤྲུལ་སྐུ་དབང་ཆེན says:
    2011-11-28 at 1:21 am

    ད་འདི་རིགས་དངོས་གནས་ཡོང་སྲིད་པ་ཞིག་རེད་བསམ་གི། ཐབས་ཤེས་དཀའ་མོ་རེད།

  26. ཕུར་པ་སྐྱབས། says:
    2011-11-28 at 3:10 pm

    yang hua ཟེར་བ་འདི་བོད་རིགས་ཤིག་མིན་པའི་སྨོན་ལམ་འདེབས། རྒྱས་བོད་ལ་སྡང་ཟུག་བྱས་པ་འདི་སྙིང་ན་བ་ཞིག་ལོས་ཀྱང་ཡིན་ཏེ་དེ་ལས་ཀྱང་སྙིང་ན་བ་ཞིག་ནི་བོད་ཀྱིས་བོད་ལ་སྡང་ཟུག་བྱེད་པ་དེ་རེད།

  27. ཕྱུགས་རྭ་ཁུ་བྱུག says:
    2011-11-28 at 4:54 pm

    དྲ་གྲོགས་རྣམས་པ་་་་་་་དངོས་ཡོད་ཀྱི་བཤད་ན་རྒྱ་དམར་བོས་ཐབས་བྱུས་འདི་དྲན་འཕྲུལ་ཧ་ཅང་སྐྱེན་པས་་་་་་གཞིས་བྱེས་བར་དང་དགོན་སྡེ་བར་ལུང་ཚན་བར་ཚོགས་པ་སྐྱིད་སྡུག་བར་སོགས་གང་འཛུལ་ཐུབ་ཀྱང་ངེས་པར་དུ་བུ་ག་ཕུག་ཉེན་ཡོད་པས་ད་ལྟའི་དུས་འདིར་མི་རེ་ངོ་རེ་ནས་ཡིད་གཟབ་བྱེད་རྒྱུ་གལ་ཆེ་དེར་མ་ཟད་དེང་སང་དངུལ་གྱི་འགྲོ་གྲོན་ཕོན་ཆེན་བཏང་ནས་བསླུ་བྲིད་བྱེད་ཀྱིན་ཡོད་པ་ལག་ལྟར་བྱེད་བཞིན་པའི་སྐབས་ལགས་ན་དེ་ལ་སུ་ཡིན་རུང་དྭོགས་ཟོན་བྱ་དགོས་སྙམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme