Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙན་ངག་གྱེར་འདོན་གྱི་བརྒྱུད་རིམ་ཁྲོད་ཀྱི་བསམ་ཚུལ་ཐོར་བུ།

Posted on 2011-11-24 By ཁ་བརྡ་ 2 Comments on སྙན་ངག་གྱེར་འདོན་གྱི་བརྒྱུད་རིམ་ཁྲོད་ཀྱི་བསམ་ཚུལ་ཐོར་བུ།

ལྷོ་ཕྱོགས་ཉི་ཟླ་ནས།

རང་ཉིད་ཉམས་ཞུགས་ཞིག་གིས་ངོས་ནས་དྲང་བདེན་གྱི་སྐད་ཆ་འགའ་མ་བཤད་ཐབས་མེད་ཆགས་སོང་། དེང་ཐོག་ནས་རང་ཉིད་ཀྱི་ངོས་ནས་གྱེར་འདོན་གྱི་ལས་འགན་འདི་ལ་རྒྱབ་སྐྱོར་ཆ་ཚང་བྱས་ནས་ཉམས་ཞུགས་བྱས་པ་ཞིག་ཡིན།
ཡིན་ཡང་སྤྱི་ཚོགས་ནང་དུ་དེང་སྐབས་མིག་གི་མ་མཐོང་པར་ལག་པས་རག་ཙམ་གྱིས་སྐད་ཆ་ཁུངས་མེད་མང་པོ་ཞིག་དྲ་ཐོག་འམ་བརྒྱུད་རིམ་མང་པོ་ཞིག་གི་ཁྲོད་དུ་གླེང་བཞིན་པ་ཀུན་གྱི་ཤེས་གསལ་རེད།

རང་ཉིད་ཡིན་ན་ཡང་འགྲན་ཞུགས་མཐའ་མའི་ནང་དུ་ཐོབ་པ་ཙམ་མ་ཟད་མྱོང་ཚོར་ཡང་མང་པོ་ཞིག་ཕྱིན་སོང་། བཀོད་སྒྲིག་གི་ངོས་ནས་ཧ་ཅང་སྤུས་དག་པོ་རེད། ཡིན་ཡང་བརྒྱ་ཆ་བསྡོམས་མཁན་དང་སྐར་གྲངས་སྟེར་མཁན་གྱི་ངོས་ནས་ཞན་ཆ་གང་ཙམ་ཞིག་འདུག་སྙམ་པའི་ཚོར་བ་ཞིག་ཕྱིན་སོང་།
བརྒྱ་ཆ་སྟེར་མཁན་གྱི་ནང་ནས་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལ་མཚོན་ན་ཁོང་གཞོན་སྐྱེས་ཤེས་ཡོན་པ་ཞིག་ཏུ་ངོས་འཛིན་གནང་དང་གནང་བཞིན་པ་རེད། ཡིན་ཡང་དྲང་བདེན་གྱི་བསམ་བློ་ཞིག་དང་དྲང་བདེན་གྱི་ལམ་ཁ་ཞིག་ལ་སྙེག་དགོས་པ་འདི་ཤེས་ཡོན་པ་ཞིག་གི་འོས་འགན་གལ་ཆེན་ཞིག་རེད།
འོན་ཀྱང་ཁ་སང་གི་ཐོབ་སྐར་སྤྲད་སྟངས་ལ་བལྟས་ན་སྤྱི་ཡོངས་ནས་ཁོང་གི་སྐར་ཆ་སྤྲད་དེ་ཧ་ཅང་སྣང་བ་འགྲོ་སོང་། ཡིན་ཡང་བུད་མེད་ལ་ཁྱོན་ནས་ཐོབ་སྐར་མཐོ་དྲག་ནས་དེ་འདྲ་ཞིག་ཨེ་ཡིན་ན་ཐེངས་མང་རང་ཉིད་སེམས་ལ་འཆར་སྣང་མང་པོ་ཞིག་སྤྲད་སོང་། དེ་མིན་གྲྭ་བ་ལ་ཁྱོན་ནས་བརྒྱ་ཆ་མི་སྟེར་མཁན་ཞིག་རེད། དེ་གླེང་གི་མིན།
བུ་རིགས་དག་ལ་འོས་ཤིང་མཚམས་པ་ཞིག་ཐོབ་སྐར་སྤྲད་ཀྱིན་འདུག་པས་སྤྲད་སྟངས་དེ་ལ་དཔག་ན་སྤྱི་ཡོངས་ནས་ཐོབ་སྐར་སྤྲད་སྟངས་ཧ་གོ་ཡོད་པ་ངས་དེ་དག་ལ་ཆ་འཇོག་བྱེད་ཀྱིན་ཡོད། མཐའ་མ་མི་བརྒྱད་ནང་དུ་བུད་མེད་གཉིས་ཡོད་རེད། མཐའ་མ་སྨིན་སྣང་མཛེས་ལ་བརྒྱ་ཆ་ཉུང་ཙམ་སྤྲད་སོང་། དེ་མིན་མོ་རིགས་ཚོ་ཧ་ཅང་མཐོ་རྒྱག་ཆེ་དྲག་ཡོད་རེད།
ངས་ཁོང་གི་ཐོབ་སྐར་སྟེར་ཚད་འདི་ལ་བལྟས་ནས་མི་དྲང་མོ་ཞིག་མ་རེད་ཅེས་བརྗོད་ཐུབ་ས་མ་རེད།

རྩོམ་པ་པོ་གཟུངས་ཕྱུག་སྐྱིད་ལ་མཚོན་ན་ཐོབ་སྐར་སྤྲད་སྟངས་དེ་ཡག་པོ་འདུག་བསམ་སོང་། ཡིན་ཡང་མཐའ་མ་ཨ་རིག་འགྱུར་མེད་ལ་བརྒྱ་ཆ་སྤྲད་སྟངས་དེ་ཅུང་ཙམ་སྣང་བ་འགྲོ་མ་སོང་། སྤྱིར་སྙན་ངག་གྱེར་མཁན་ཁ་ཤས་ཀྱི་འཁྲབ་སྟོན་གྱི་རྣམ་པ་སྟེར་མཁན་ཡང་འདུག ཡིན་ཡང་ཐོབ་སྐར་སྟེར་མཁན་ཚོས་དེ་ཚོའི་རིགས་ལ་སྐར་གྲངས་མཐོ་ཤོས་སྤྲད་ཀྱིན་འདུག
ཨ་རིག་འགྱུར་མེད་ཀྱི་སྙན་ངག་གྱེར་སྟངས་ཏེ་འཁྲབ་སྟོན་གྱི་རྣམ་པ་འདྲ་སླེབས་སོང་། ཡིན་ན་ཡང་ཐེངས་སྔོན་ལ་བརྒྱ་མང་པོ་སྤྲད་ནས་མཐའ་མ་ཐོན་སྐབས་སུ་བརྒྱ་ཆ་ཉུང་ཙམ་སྤྲད་པ་དེ་ཁྱོན་ནས་སྣང་བ་འགྲོ་མ་སོང་། སྙན་ངག་གྱེར་མཁན་ཡང་མི་གཅིག་སྙན་ངག་ཡང་གཅིག་ཡིན་པ་མ་ཟད་གྱེར་སྟངས་ཡང་གཅིག་པ་རེད། བརྒྱ་ཆ་སྟེར་མཁན་ཡང་མོ་རང་རེད།
བསམ་བློ་གང་དྲན་འདི་དྲན་ཞིག་མ་བྱུང་བ་ཡིན་ན་ཐེངས་དྲང་མོ་མ་རེད་ཅེས་ཡང་ལབ་ས་ཞིག་མ་བྱུང་སོང་།

བེ་རི་འཇིག་མེད་དང་བུ་ཆུང་བསོད་ནམས་གཉིས་ཀྱིས་གཡས་གཟར་གཡོན་གཟར་ཅུང་ཙམ་འདུག་ཀྱང་དམིགས་གསལ་གྱི་ལབ་གླེང་བྱེད་འདོད་མ་བྱུང་། མགོ་འཇུག་བར་གསུམ་དུ་ལས་འགན་འདི་ཡག་པོ་ཞིག་བྱུང་སོང་སྙམ་པའི་ཚོར་བ་ཞིག་རང་ལ་ཤུགས་ཆེན་ཕྱིན་སོང་།

དེ་མིན་མཐའ་མའི་སྐར་གྲངས་བསྡོམས་མཁན་དང་ཐོབ་སྐར་སྟེར་མཁན་ཚོའི་བར་འཁྲུག་ནས་གྱེར་འདོན་པ་ཁ་ཤས་ཞིག་ལ་རྡབ་སིག་ཞིག་སྤྲད་སོང་། དེ་དང་འབྲེལ་ནས་དགའ་མིན་འགའ་འདོགས་ཀྱི་སྐད་ཆ་མང་པོ་ཞིག་སྤྱི་ཚོགས་ནང་དུ་བཤད་ཀྱི་འདུག་པས་བརྒྱ་ཆ་བདུན་ཅུ་རྫུན་བཟོ་ཁོ་ན་རེད།
ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུ་ཞེན་ཁོག་དང་ཕྲག་དོག་འགྲན་སེམས་སོགས་ཀྱི་བསླུས་ནས་ལས་འགན་སྤེལ་མཁན་ཡང་ཉུང་རུ་ཕྱིན་ལས་འགན་གྱི་ངོ་བོ་ཡང་ཆུང་རུ་ཕྱིན་ནས་མཐའ་མར་མི་རིགས་རང་གི་གྱོང་འགལ་ཡིན་པ་མ་ཤེས་པར་བོད་གཞུང་ལ་ཡང་ངོ་ལོག་བྱེད་མཁན་ཡང་མང་རུ་འགྲོ་བཞིན་པ་འདི་ཞེ་དྲག་གི་ཐབས་སྐྱོ་བོ་ཞིག་རེད།
བོད་སྤྱི་ལ་ཕན་པའི་ལས་འགན་ཞིག་ཡིན་ན་སེམས་པ་གཅིག་ཏུ་སྒྲིལ་ནས་ནུས་པ་གཅིག་ཏུ་སྤུང་རྒྱུ་འདི་ཞེ་དྲག་གི་གནད་འགག་ཆེན་པོ་ཞིག་རེད་བསམ་སོང་།

སྣ་ཚོགས།

Post navigation

Previous Post: ནང་བསྟན་བསམ་བློའི་རྣམ་དཔྱོད་འགྲན་རྩོད་ཀྱི་བགྲོ་གླེང་ཆེན་མོ།
Next Post: དེ་སྔ་ལས་ལྷག་པའི་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱ་རྒྱུ་ཡིན་པ།

Comments (2) on “སྙན་ངག་གྱེར་འདོན་གྱི་བརྒྱུད་རིམ་ཁྲོད་ཀྱི་བསམ་ཚུལ་ཐོར་བུ།”

  1. གྲྭ་སྨྱོན says:
    2011-11-25 at 1:48 am

    དྲང་བདེན་གྱི་སྐད་ཆ་དང་སྤྱི་ཚོགས་ལ་ཁ་ཕྱོགས་ཏེ་འགན་ཁུར་ཡོད་པའི་དཔྱད་རྩོམ་སྤེལ་བར་འགའ་བཞུ་ཡོད།

  2. སྣྲོན་ངག་ཁྲི། says:
    2011-11-28 at 10:12 am

    མཁྱེན་ཡངས་ལྷོ་ཕྱོགས་ཉི་ཟླ་ལགས།
    ཁྱེད་ཀྱིས་སྐབས་དང་པོའི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་སྙན་ངག་གྱེར་འདོན་ཐད་ཀུན་སློང་རྣམ་པར་དག་པའི་སྒོ་ནས་ཐུགས་ཁུར་ཆེ་བཞེད་ཀྱིས་མྱོང་འཚོར་དང་དགོངས་ཚུལ་
    གསུངས་པ་ལ་ཁོ་བོས་སྙིང་ཐག་པ་ནས་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན་།
    ང་རང་སྙན་ངག་གྱེར་འདོན་གྱི་མཐའ་མའི་རྟིང་རྩོད་འགྲན་སྡུར་གྱི་མཛད་སྒོ་ལ་མཉམ་
    ཞུགས་བྱས་པའི་ཁྲོད་ཐོབ་སྐར་སྤྲོད་མཁན་རྣམ་པ་ལ་དྲང་པོ་ཡིན་མིན་གྱི་སྐོར་ལ་གང་ཡང་ཞུ་དགོས་ཡས་མི་འདུག་ལ་ཞུས་ནས་ཕན་ཐོགས་ཀྱང་གང་ཡང་མེད། གལ་
    སྲིད་དྲང་པོ་མེད་པ་ཡིན་ན་དེ་ནི་། གདན་འདྲེན་ཞུ་མཁན་རྣམ་པའི་སྐྱོན་རེད་སྙམ་གྱི་འདུག་གང་ཡིན་ཅེ་ན་།
    གདན་འདྲེན་ཞུ་བྱའི་མིའི་སྤུས་ཚད་དང་བྱང་ཚད་ལ་མ་གཟིགས་པ་དང་། དེའི་སྐོར་གྱི་འགན་དང་ཁྲིམས་སྒྲིག་གཞི་གང་ཡང་མ་བཟོས་པས་ལན་པ་རང་རེད་སྙམ་མོ།
    ཡིན་ན་ཡང་ཐོབ་སྐར་རམ་བརྒྱ་ཆ་བསྡོམས་མཁན་དང་བར་གྱི་ལས་ཀ་བྱེད་མཁན་དེ་ཚོས་གཟབས་གཟབས་མ་བྱས་པའམ་མགོ་བདེ་དྲན་འཁྲུལ་འདྲ་བྱས་མེད་དམ་སྙམ་པའི་སྣང་བ་ཞིག་དང་ཁོང་ཚོའི་བར་ལ་འགལ་ཟླ་ཞིག་མེད་དམ་སྙམ་པ་ཞིག་བྱུང་བ་ཙམ་མ་
    གཏོགས་དེ་ལ་དཔང་རྟགས་སོགས་གང་ཡང་མེད།
    ཐེངས་དང་པོ་འདི་ལ་རྩ་བའི་ཆ་ནས་དེ་ཙམ་ཡག་པོ་བྱུང་བ་ནི་དགའ་འོས་པའི་གནས་
    ལས་མ་འདས་སོ།།
    གནད་དོན་གཞན་ཞིག་ནི་ཁྱེད་རང་མི་རིགས་ཀྱི་རིག་གཞུང་ལ་ཤ་ཚ་དང་དོ་སྣང་ཡོད་མཁན་ཞིག་གི་ངོས་ནས་བོད་སྐད་དང་བོད་ཡིག་གི་བྱ་ཚིག་བེད་སྤྱོད་གནང་
    སྟངས་དང་། དག་ཆའི་སྐོར་ལ་ངེས་པར་དུ་དོ་སྣང་གནང་དགོས་འདུག་གང་ཡིན་ཟེར་ན་ཁྱེད་ཀྱི་
    རྩོམ་ཐུང་འདིའི་ནང་བྱ་ཚིག་མི་རན་པ་དང་། མི་འཚམས་པ་མང་པོ་ཞིག་བཀོལ་འདུག་པ་དཔེར་ན།།མྱོང་ཚོར་མང་པོ་ཞིག་ཕྱིན་སོང་། ལྟ་བུ་དང་།། ཡང་སྙམ་པ་ཕྱིན་སོང་ལ་སོགས་མང་པོ་ཞིག་བྲིས་གནང་འདུག་པས་དེ་ལ་ཡིད་གཟབ་
    གནང་ནའང་བོད་ཀྱི་སྐད་ཡིག་ལ་མིང་དོན་མཚུངས་པའི་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་
    ཡིན་པས་དེ་ནི་ང་ཚོ་གཞོན་སྐྱེས་ཚོའི་འཇོན་ཚོད་དཔག་ཚོད་ཀྱི་ཉིན་རེའི་བོད་དོན་ལས་
    འགུལ་ཁ་ཡོད་ལག་ཡོད་དེ་ཡིན་པས་དེ་དོན་དགོངས་འཇགས་བཅས་ཕྲན་གོང་མིང་པས་
    འབོད་སྐུལ་ཙམ་དུ་ཕུལ་བའོ།།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme