Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་གཞོན་དང་རྒྱུན་ལས་ཚོ་ལ་རེ་འབོད་ཞུ་ཡིག

Posted on 2011-11-242011-11-26 By དབང་ཕྱུག་ 8 Comments on མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་གཞོན་དང་རྒྱུན་ལས་ཚོ་ལ་རེ་འབོད་ཞུ་ཡིག

ཤ་བོ་ཚེ་རིང་།

བལ་ཡུལ་རྒྱལ་ས་དང་རྡི་ལི་གཉིས་ན་རང་རིགས་མདོ་སྨད་པ་ཁག་ཅིག་གིས་བོད་ནས་ཕེབས་མཁན་ཚོར་ལམ་སྟོན་རོགས་རམ་གནང་བཞིན་པ་ལ་རྗེས་སུ་ཡི་རང་ཞུ་བ་དང་སྦྲགས་རེ་འབོད་ཞུ་བྱ།
ད་ལྟ་བོད་ནས་རྒྱ་གར་ནང་ཆོས་ཞུ་མཆོད་མཇལ་ལ་ཕེབས་མཁན་ཉིན་རེ་བཞིན་འབྱོར་བཞིན་པ་དང་། ལྷ་ས་དང་བལ་ཡུལ། བལ་ནས་རྒྱ་གར་བར་གྱི་ལམ་ཁ་ན་ཉི་མ་རྟག་པར་འགྲུལ་བཞུད་བྱེད་བཞིན་ཡོད་པའི་ཁྲོད་རང་རིགས་མདོ་སྨད་ཀྱི་རོང་འབྲོག་ས་ཁུལ་མང་པོ་ནས་རྒྱལ་བ་ཐམས་ཅད་མཁྱེན་པའི་ཞལ་མཇལ་གསུང་མཇལ་ཞུ་བ་དང་། དུས་འཁོར་དབང་ཆེན་ཞུ་བ། རྒྱ་བལ་གྱི་ནང་པའི་གནས་ཆེན་ཁག་ལ་གནས་སྐོར་བྱེད་པ་བཅས་དོན་ཆེན་གསུམ་འདིའི་ཆེད། རྒན་དར་གཞོན་གསུམ་སྐྱ་སེར་དབྱེར་མེད་མང་དག་ཅིག་འབྱོར་བཞིན་པ་ཚོར་མཚོན་ན། ཨ་མདོ་ནས་ལྷ་སར་སླེབས་པ་ནས་སྐད་བརྡ་མི་འཕྲོད་པའི་དཀའ་ངལ་ཡོད་སྟབས། ལྷ་ས་ནས་རྒྱ་གར་བར་གྱི་ལམ་ཁ་དང་སྡོད་ས་དག་ན་དཀའ་ངལ་མང་པོ་ཞིག་མྱངས་དང་མྱོང་གིན་ཡོད་པ་དེ་ངས་ཞུ་མ་དགོས་པར་ཁྱེད་རང་ཚོ་ཚང་མས་མཁྱེན་གསལ་ལྟར་ཡིན།
མདོ་སྨད་དབུས་རྒྱུན་སྐབས་རེ་རེའི་ཚོགས་ཆེན་ཚོགས་སྐབས་དང་། གྲོས་ཆོད་ཡི་གེ་འགོད་སྐབས། གཞིས་ལུས་རྒྱ་ཆེའི་མི་མང་ཟེར་བ་ཞིག་བཤད་ཀྱི་ཡོད་པ་དང་། བོད་ནང་གི་བོད་མིའི་རེ་བ་སྟོང་ཟད་དུ་གཏོང་མི་རུང་ཚུལ་ད་བར་དུ་བཤད་པ་རེད། ད་བོད་ནང་གི་བོད་མི་ཚོ་འདི་ཕྱོགས་ལ་མཇལ་སྐོར་དང་དུས་དབང་ཞུ་བར་སླེབས་ཡོང་སྐབས། ལམ་ཁ་ན་སྐད་བརྡ་མ་འཕྲོད་པའི་དཀའ་ངལ་དང་། དཀའ་ངལ་དེའི་འོག་ནས་དངུལ་ཁ་བསླུས་ཤོར་བ་དང་། ཅ་ལག་བོར་སྟོར། ད་དུང་སྡུག་ས་ནས་བཤད་ན། བལ་ཡུལ་དང་རྒྱ་གར་ས་མཚམས་ནས་དངུལ་བཅོམ་འཕྲོག་ཤོར་བ། ལམ་ཁ་ནས་ཆུ་ཚ་བོ་ཞིག་དགོས་པ་ན་དེ་ཡང་བརྡ་མ་འཕྲོད་ནས་མི་རག་པའི་དཀའ་ངལ་འཕྲད་བཞིན་ཡོང་གི་ཡོད་པ་རེད། དཀའ་ངལ་ཚང་མ་ཁྱེད་རང་ཚོས་སེལ་ཐུབ་ཀྱི་མ་རེད། སེལ་ཐབས་ཀྱང་ཡོད་པ་མ་རེད། ཡིན་ནའང་། བལ་ཡུལ་རྒྱལ་ས་དང་། བལ་བོ་དང་རྒྱ་གར་ས་མཚམས། རྡི་ལི་བཅས་ནས་ལམ་སྟོན་གནང་མཁན་དང་། རོགས་པ་གནང་མཁན་རེ་མདོ་སྨད་དབུས་རྒྱུན་ལས་ཁང་གིས་བཀོད་སྒྲིག་ཐུབ་ཀྱི་རེད་ལ། ཐབས་ཤེས་ཀྱང་བྱེད་ཐུབ་ཀྱི་རེད། ང་ཚོ་མདོ་སྨད་དབུས་རྒྱུན་ལས་ཁང་གིས་ད་བར་དུ་གཞིས་ལུས་རྒྱ་ཆེའི་མི་མང་གི་ཆེད་དུ་ཅིག་ཅིག་མུག་མུག་ཟེར་བ་དེ་ཚོ་ད་རེས་དོན་ངོ་མའི་བྱ་སྤྱོད་ཀྱི་སྟེང་ནས་ལག་བསྟར་རེ་བྱེད་པ་གལ་ཆེ་གི ད་རེས་བོད་ནས་ཕེབས་མཁན་ཚོར་དབུས་རྒྱུན་ལས་ཀྱིས་ཐུགས་རྗེ་དང་བརྩེ་བ། བྱམས་སེམས་རེ་གནང་རྒྱུ་ཡོད་ན་གནང་རན་རེད། གལ་སྲིད་དབུས་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་ཀྱིས་མཇལ་སྐོར་ཆོས་ཞུ་བ་བོད་ནས་ཕེབས་མཁན་ཚོའི་དཀའ་ངལ་འདི་ཚོ་སེལ་ཐབས་གནང་བའི་དབང་དུ་བཏང་ནའང་། ཨ་མདོ་བ་ཚོས་དབུས་སྐད་མི་གོ་བའི་སྟབས་ཀྱིས་དབུས་རྒྱུན་ལས་ཀྱིས་དབུས་གཞོན་ནུ་ལྷན་ཚོགས་ལ་ཨམ་སྐད་ཀྱིས་ལམ་སྟོན་བྱེད་མཁན་མཁོ་སྤྲོད་རོགས་པ་ངེས་པར་ཞུ་དགོས་པ་རེད། དེ་ངས་མ་ཞུས་ཀྱང་རྣམ་པ་ཚོ་མཁྱེན་པའི་བདག་པོ་རྐྱང་ཡིན་པས་ངེས་པར་མཁྱེན་ངེས་པ་རེད། བརྒྱ་བཤད་སྟོད་བཤད་མདོར་བསྡུས་ན། རྒྱ་གར་ནང་གནས་སྐོར་ཆ་ཚང་ལ་ལམ་སྟོན་རོགས་པ་སོགས་གནང་མི་ཐུབ་པའི་དབང་དུ་བཏང་ནའང་། བལ་ཡུལ་རྒྱལ་ས་ནས་རྒྱ་གར་རྡོ་རྗེ་གདན་བར་དང་། ཡང་ན་བཞུགས་སྒར་རྡ་རམ་ས་བར། རྡ་རམ་ས་ལ་ནས་རྡོ་རྗེ་གདན་བར་གྱི་འགྲུལ་བཞུད་སྟབས་བདེ་པོ་ཞིག་ཡོང་ཆེད། སྣེ་ཤན་རྒྱུས་སྟོན་པ་གང་འཚམ་ཞིག་གོ་སྒྲིག་ཞུ་ཐུབ་པ་ཡིན་ན། གཞིས་ལུས་མི་མང་ལ་ཞབས་འདེགས་ཕྲན་བུ་ཞིག་རེད། དེའི་ཆེད་དུ་ད་རེས་ངེས་པར་དུ་མིག་རྒྱང་རིང་པོ་ཞིག་ལ་གཟིགས་ཐུབ་པ་ཞིག་གནང་རོགས་ཞེས་འབོད་སྐུལ་ཞུ་བ་ཡིན། དེ་རིང་བར་དུ་མདོ་སྨད་དབུས་རྒྱུན་ལས་ཁང་གིས་ད་ལོར་ངེས་པར་དུ་གཞིས་ལུས་རྒྱ་ཆེའི་མི་མང་གི་ཆེད་དུ་ལས་ཀ་ཞིག་བཀོད་སྒྲིག་བྱེད་ཀི་རེད་ལ། གོ་སྐབས་ཤིག་ཀྱང་ད་ལོར་ཡོད་པ་རེད་བསམ་ནས་སྒུག་བསྡད་པ་ཡིན། གྲག་འགུལ་གང་ཡང་མི་འདུག་སྟབས། འབོད་སྐུལ་འདི་ཞུ་དགོས་ཚགས་སོང་། ཞུ་སྟངས་མ་ཤེས་པ་འདྲ་བྱུང་ཡོད་ན། དགོངས་འགལ་མེད་པ་མཁྱེན།

འཕྲིན་ཡིག

Post navigation

Previous Post: ས་མཐའ་ནས་ཙོང་ཁ་པར་ཕུལ་བའི་ཚིག་འགའ།
Next Post: ནང་བསྟན་བསམ་བློའི་རྣམ་དཔྱོད་འགྲན་རྩོད་ཀྱི་བགྲོ་གླེང་ཆེན་མོ།

Comments (8) on “མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་གཞོན་དང་རྒྱུན་ལས་ཚོ་ལ་རེ་འབོད་ཞུ་ཡིག”

  1. གསང་གྲོལ། says:
    2011-11-24 at 7:19 pm

    འབོད་སྐུལ་ཞུས་བ་ཡག་པོ་འདུག ད་རུང་གལ་ཆེན་ནང་གི་འགངས་ཆེན་ཞིག་ནི་དུས་དབང་སྐབས་རྒྱལ་བའི་གསུང་ཆོས་ཨམ་སྐད་ནང་སྒྱུར་རྒྱུ་ཡིན་མིན་ད་ལྟ་ནས་གྲ་སྒྲིག་དང་འབོད་སྐུལ་བྱ་རྒྱུ་མ་བརྗེད་རོགས།

  2. ཀརྨ་ཡེ་ཤེས། says:
    2011-11-24 at 7:32 pm

    ཞུ་སྟངས་མ་ཤེས་པ་གང་ཡང་མི་འདུག་ཕ་བཟང་བུ། དེ་ངོ་མ་རེད། ད་རེས་མདོ་སྨད་དབུས་རྒྱུན་ལས་ཁང་ནས་གསར་འབྱོར་སྤུན་ཟླ་རྣམས་ལ་ཞབས་ཞུས་སྒྲུབས་དགོས་པ་ནི་འོས་འགན་ཞིག་རེད།

  3. འདོད་ལྷ་ཁམས་པ། says:
    2011-11-24 at 11:03 pm

    རེད། རེད། ཁ་ཚ་དགོས་གཏུགས་ཟེར་བ་ཞིག་ཡོད་པ་དེ་་་ད་རེས་རེད།
    དབུས་རྒྱུན་ཟེར་བ་ཞིག་ཡོད་པ་དེ་ཡོད་གོ་ཆོད་པ་ཞིག་བྱེད་དགོས་པ་རེད།

  4. new york lobsang says:
    2011-11-25 at 12:24 am

    ༄༅། །དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་ནས་སློབ་ཡོན་གསལ་བསྒྲགས། གསལ་བསྒྲགས།
    ༄༅།། །མཁྱེན་ཡངས་མདོ་ཁམས་ཆུ་བཞི་སྒང་དྲུག་ས་གནས་རྒྱུན་ལས་ཁག་གི་ཚོགས་གཙོ་དབུས་རྒྱུན་ལས་ལྷན་རྒྱས་མཆོག་གི་དྲུང་དུ།་
    ཆེད་ཞུ། དགོངས་མངའ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་རིམ་པའི་ནང་ཤེས་ཡོན་སྐོར་འཐུས་ཤོར་ཆེན་པོ་ཕྱིན་ཡོད་པ་སོགས་བཀའ་ནན་ཕེབས་པ་སོང་། མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་ངོས་ནས་རང་རང་ནུས་པ་ལ་དཔག་པའི་བཀའ་ཡའི་ཆ་ཤས་ཕྲ་མོ་ཙམ་སྒྲུབས་ཐུབ་པའི་རེ་བ་ཞུས་ཏེ་ཆུ་སྒང་ཚོགས་པའི་ན་གཞོན་སློབ་ཕྲུག་གྲངས་ ༢༠ ལ་སློབ་ཡོན་འབུལ་རྒྱུ་ཐག་ཆོད་བྱུང་བ་ལྟར་སྔོན་དུ་གསལ་བསྒྲགས་ཞུས་ཟིན་འདུག་ཀྱང་། ས་གནས་ཁག་འགའ་ཤས་ནང་ས་གནས་རྒྱུན་ལས་ཁག་གི་བརྒྱུད་ནས་གསལ་བསྒྲགས་འཐུས་གཙང་མ་བྱུང་བ་སོགས་ལ་བརྟེན། ད་ལམ་དབུས་རྒྱུན་ཚོགས་ཐེངས་གཉིས་པའི་སྐབས་བཀའ་བསྡུར་ཐག་གཅོད་བྱུང་བ་ལྟར་ ༢༠༡༢ ཟླ་ ༡ ཚེས་ ༣༡ བར་མཐའ་མའི་འཚང་སྙན་འབུལ་རྒྱུའི་དུས་ཚདཕྱིར་འགྱངས་གནང་གཏན་འཁེལ་ཡོད།
    མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་དོན་འགྲུབ་གླིང་གཞིས་ཆགས་སུ་རྒས་གསོ་ཁང་ཡོད་པ་དེའི་ནང་རྒས་ཁོག་མི་གྲངས་དྲུག་གསར་དུ་འཛུལ་བཞུག་བྱ་ཡུལ་ས་མིག་སྟོང་པ་ཡོད་ན་ས་གནས་རྒྱུན་ལས་ཁག་གི་བརྒྱུད་ནས་རྒྱབ་གཉེར་དང་ལོ་རྒྱུས་འདྲ་སྤར། ཆུ་སྒང་ལག་དེབ་ངོ་བཤུས་བཅས་ ༢༠༡༢ ཟླ་ ༡ ཚེས་ ༣༡ ནང་ཚུད་འབུལ་དགོས། གོང་གསལ་སློབ་ཡོན་དང་རྒས་གསོ་ཁང་དུ་གསར་ཞུགས་བཅས་ཀྱི་འཚང་སྙན་གོང་གི་དུས་ཚད་ནང་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་འབུལ་འབྱོར་ཐུབ་པ་དགོས། དེ་རྗེས་འཚང་སྙན་འབུལ་འབྱོར་བྱུང་རིག་ངོས་ལེན་ཞུ་རྒྱུ་མིན་པ་བཅས་ཀྱི་གསལ་བསྒྲགས་སུ། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ ༢༠༡༡ ཟླ་ ༡༡ ཚེས་ ༡
    ཟླ་ཚེས་འདི་བའི་ནང་ལ་ཚངས་མས་ཐུགས་གནང་ཡོང་བར་མཁྲེན་བཅས་ཨ་རིའི་ནིའུ་ཡོག་ཆུ་སྒང་དྲུང་ཆེ་བློ་བཟང་ནས།

  5. ཨ་ར་དཀར་པོ says:
    2011-11-25 at 2:22 am

    རྒྱུན་ལས་ཀྱི་ངོས་ནས་རོགས་པ་བྱེད་རྒྱུ་གལ་ཆེན་པོ་རེད་མོད་དེ་ཙམ་གྱིས་མི་འགྲིག་པར་དུས་དབང་ལ་འགྲོ་མཁན་ཚང་མས་སོང་ས་བསྡད་ས་ནས་བོད་ནས་ཕེབས་མཁན་སྐད་ཀྱི་དཀའ་ངལ་ཡོད་མཁན་སུ་དང་སུ་ཡིན་ཀྱང་གང་ཐུབ་ཀྱིས་རོགས་པ་རེ་བྱེད་རྒྱུ་གལ་ཆེ།

  6. སྒྲོན'མེ' says:
    2011-11-25 at 4:03 am

    ཤ’བོ’ཚེ’རིང’གིས’འབོད’སྐུལ’ཡག’པོ’ཞུ’འདུག ཐུགས’རྗེ’ཆེ’ཞུ’བ’ཡིན།
    གཞི’ལུས’ཆོལ’གསུམ’བོད’རིགས’སུ’ཞིག’ཡིན’རུང’འདི’རུ’ཕེབས’ཚེ’
    དཀའ’ངལ’ཅི’ཞིག’འཕྲད’ན’དེ’ལ’རོགས’རན’བྱ’རྒྱུ’ནི’འདིར’བཞུགས
    ‘བོད’མི’ཡོངས’ཀིྱ’ལས’འགན’རེད། དེ’ནང’ནས’ཀྱང’སྐབས’སུ’བབས’པའི’ལས’ཀྱི’
    གནས’མོ’བ’རྣམས’ཀྱི’གཡེལ’དུ’མེད’པའི’ལས’འགན’རེད།
    གསང’གོྲལ’གྱིས’གསུངས’བའང’བདེན’པ’རེད། རྒྱལ’བའི’གསུང’སྐད’གོ’རྒྱུ’
    གལ’ཆེན’ནང’གི’དོན’ཆེན’རེད’།སྔ’ས’ནས’གྲ’སྒྲིག’བྱ’རྒྱུ’གལ།
    དེར’མ’ཟད’ཚོགས’པ’དང’སྤྱི’སྒར’སུ’ཞིག’ཡིན’རུང’གཞི’ལུས’སྤུན’ཟླ’རྣམས’ལ
    རྒྱལ’སྤྱིའི’དམངས’གཙོ’དང’རང’དབང’གི’ཁེ’ཕན།ཁྱད’པར’དུ’བཙན’བྱོལ’བོད’མིའི’
    སྒྲིག’འཛུགས’ཀྱི’དམངས’གཙོའི’ལམ’ལུགས’དང’ཁེ’ཕན’སོགས’གང’ཐུབ’ཐུབ’
    འགྲེལ’བཤད’རྒྱག’རྒྱུ’འབོད’སྐུལ’ཞུ’བ’ཡིན།

  7. དབང་ལྡན་མཚོ says:
    2011-11-25 at 4:39 am

    གྲོགས་ཤ་བོ་ལགས་ནས་རེ་འབོད་ཞུས་པ་ངོ་མ་ཡག་པོ་རེད། འདི་ནས་གསལ་བཤད་ཞུ་རྒྱུ་ཞིག་ལ་
    དུས་དབང་སྐབས་སུ་ཨ་མདོ་སྐད་ཀྱི་གསུངས་སྦྱོར་དགེ་ཤེས་ཞིག་
    གོ་བསྒྲིག་ཞུས་ཡོད་པ་མ་ཟད་སྐུ་སྒེར་དང་བདེ་སྲུང་སོགས་ནས་
    ཡང་བཀའ་འཕྲོད་ཐོབ་ཡོད། དེ་སྔ་ཙོང་ཁ་ཟ་ཁང་བག་གཏོང་
    སྐབས་སུ་མདོ་སྨད་པ་མི་བརྒྱ་མ་སིན་ཙམ་ཕེབས་ཐོག་གསལ་བསྒྲགས་
    ཅིག་བྱས་ཡོད།
    དེ་མིན་བོད་ནས་ཕེབས་མཁན་ཚོ་ལམ་སྐབས་སོགས་སུ་དཀའ་ངལ་
    ཡོད་པ་ངོས་ཡོད་རེད།
    ཡིན་ཡང་མདོ་སྨད་ཚོགས་ཐོག་ས་གནས་གང་ཞིག་ལ་མདོ་སྨད་པ་ཞིག་ལ་
    དཀའ་ངལ་ཕྲད་ཚེ་ས་གནས་ས་ཐོག་གི་རྒྱུན་ལས་ཐུགས་འཁུར་གནང་རྒྱུ་
    ཐག་ཆོད་གནང་ཡོད་པ་རེད། འདི་འདྲའི་སྐབས་སུ་ས་གནས་ཁག་གི་རྒྱུན་
    ལས་རྣམས་པའི་ཐུགས་བསམ་གནང་དགོས་དབུས་རྒྱུན་ནས་ཞུ་ཅི་ང་ཚོ་ཡོང་
    འགན་ཡོད་རེད།

  8. ཅོ་རི་ཉི་མ། says:
    2011-11-25 at 11:45 am

    ཁ་བརྡའི་ཐོག་ཏུ་མཆན་བུ་བཏབ་ཐུབ་མིན་ཞིག་ཚོད་ལྟ་བྱེད་པ་ཡིན། ཀརྨ་རྡོ་རྗེའི་ཁ་བརྡས་ནང་མཆན་བུ་འདེབས་ཐུབ་མིན་ཞིག་དུས་བབ་དྲ་ནང་དུ་བཏབ་འདིུག་པས་་་་ལྟ་ཚོད་ཡིན

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme