Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡོ་རབ་སྣ་འབྲེལ་གྱི་བྱུང་འཕེལ་དང་མིག་མདུན་གི་དཀའ་ངལ།

Posted on 2011-11-092011-11-10 By ཁ་བརྡ་ 8 Comments on ཡོ་རབ་སྣ་འབྲེལ་གྱི་བྱུང་འཕེལ་དང་མིག་མདུན་གི་དཀའ་ངལ།

ཨ་ནུ་ཐང་བསོད་ནམས་ཀྱིས།

༡ ཡོ་རབ་སྣ་འབྲེལ་འཕེལ་རིམ་དང་དེའི་དམིགས་ཡུལ།
ཚོང་འབྲེལ་དང་ཆབ་སྲིད་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་འཛམ་གླིང་གི་ཚོང་གི་ནུས་བ་ཆེ་ཤོས་ཀྱི་རྒྱལ་ཁབ་རྣམས་གཅིག་བསྡུ་ཡིས་དམག་ཆེན་གཉིས་པའི་རྗེས་སུ་ཡོ་རབ་སྣ་འབྲེལ་གྱི་རྩ་བ་ཚུགས། ༡༩༨༩ལོར་ཨི་རི་སུ་དམར་ཕྱོགས་ཁ་ཐོར་ཕྱིན་ཏེ་ཤར་ཡོ་རབ་པ་རྣམས་རང་དབང་ཐོབ་ནས། བྷེ་ལེན་གྱང་ཁ་ཐོར་བཏང་རྗེས་འཇར་མན་གྱིས་སྐུལ་འདེབས་འོག་ཡོ་རབ་སྣ་འབྲེལ་གྱི་དབུ་བརྙེས། ༡༩༩༢ལོར་ཟླ༧་ནང་ཧོ་ལན་གྲོང་ཁྱེར་Maastrichtམཱ་སི་ཁྲིག་ཁི་ཁྲིས་དུ་དངུལ་ལོ་གསར་བསྐྲུན་གནང་ཞིང་ཕྱིས་སུ་ཡོ་རབ་ཅེས་འབོད་པ་མ་ཟད། དེ་དག་ལ་རྒུ་རི་སིའི་ཡི་གེའི་ཤན་ཞུགས་ཐེབས་པའི་མཛེས་ཆས་ཀྱིས་དཀྲིས། ཧྥ་རན་སིའི་དཔལ་འབྱོར་བློན་Jacques Delorsགྱིས་ཡོ་རབ་སྣ་འབྲེལ་གྱི་དབུ་ཁྲིད་༨༥-༩༥གནང་ཞིང་སྐབས་དེའི་ཡོ་རབ་སྣ་འབྲེལ་གཙུགས་པའི་དམིགས་ཡུལ་ནི་ཡོ་རབ་ཀྱི་ངོ་བོ་སྲུང་སྐྱོབ་དང་སྤྱི་ཚོགས་བརྟན་ལྷིང་། འཚོ་བ་ཡར་རྒྱས་དང་ཚོང་གི་ཁེ་ཕན་ཆེད་མཐུན་མོང་གི་དངུལ་ལོ་བཀོད་སྤྱོད་བྱེད་པའི་རྨང་གཞི་གཙུགས། ད་ལྟ་ཡོ་རབ་སྣ་འབྲེལ་ལ་རྒྱལ་ཁབ་ཉེར་བདུན་ཡོད་ཅིང་དེ་དག་ལས་བཅུ་བདུན་ཏེ། མི་འབོར་ས་ཡ་༣༣༢་གྱིས་ཡོ་སྒོར་སྤྱོད་བཞིན་ཡོད། ༢༠༠༡ལོར་ཡོ་སྒོར་ལ་ལྕགས་སྒོར་དང་སྒོར་ཟུར་སོགས་བྱུང་ཞིང་དེ་དག་འཇར་མན་གྱི་ཧྥ་རན་སི་ཧྥོ་ཊི་ནང་བརྟན་གཞི་བྱས་བའི་ཡོ་རབ་ཨ་མའི་དངུལ་ཁང་གིས་བཟོས་བཞིན་ཡོད།
༢ དཔལ་འབྱོར་ཉམས་རྒུད་ཀྱི་རྒྱུ་རྐྱེན།
རྒུ་རིའི་སི་ནི་ལོ་རྒྱུས་ཐོག་ཤེས་རིག་དང་དཔལ་ཡོན་གྱི་འབྱུང་ཁུང་གི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད་ཡོ་རབ་གཙོ་བོ་གྱུར་བའི་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཀུན་ཏུ་རྒྱལ་ཁབ་འདིས་ཆབ་དཔལ་གང་གོ་ཐོག་ནས་ཤུགས་རྐྱེན་མ་ཐེབས་མཁན་དཀོན་ཡང་། ད་ལྟ་ཡོ་རབ་ལ་དཔལ་འབྱོར་གྱི་དཀའ་ངལ་སྤྲད་མཁན་དང་ནུབ་རབ་གྲོས་ཆོགས་མགོ་སྒོར་བཏང་མཁན་གྱི་ལུང་པ་ཞིག་ཏུ་ཆགས་པས། ཡོ་རབ་མི་མང་གི་མིག་ལམ་དུ་གྱུར་བའི་རྒི་རིའི་སི་མཚན་མཐོང་ལ་མནར་གཅོད་བཏང་ཞིང་སྡིག་མོ་དང་ཟུར་ཟ་བྱེད་མཁན་ཡོད་ལ། འཇར་མན་དང་ཆེ་ཁི་སོགས་ཀྱི་གཙོ་འཛིན་གྱིས་རྒྱུད་ལུགས་ཅན་གྱི་རྒི་རིའི་སི་ཞེས་འབོད་འགོ་ཚུགས།
རྒུ་རིའི་སི་ཡོ་རབ་ཏུ་མ་ཞུགས་གོང་ནས་དཔལ་འབྱོར་གྱི་དཀའ་ངལ་ཡོད་ཅིང་བུ་ལོན་མང་ཡང་། ཡོ་རབ་གྲོས་ཚོགས་སུ་སྙན་ཞུ་རྫུན་མ་ཕུལ་བའི་བྱས་འབྲས་སུ་༢༠༠༢ལོར་ནས་བཟུང་ཡོ་སྒོར་བེད་སྤྱོད་བཏང་། དེ་བརྟེན་སྔ་ལས་བུ་ལོན་གཡར་རྒྱུ་སྟབས་བདེ་རུ་ཕྱིན་ནས་མུ་མཐུད་དུ་བུ་ལོན་གཡར་ཞིང་ཡོང་སྒོ་དང་འགྲོ་སོང་དོ་མི་མཉམ་པའི་སྟེང་དུ་རྒུ་རིའི་སི་མི་མང་འཚོ་བ་ཡར་ངོ་ཟླ་ལྟར་འཕེལ་ཞིང་། མི་རྣམས་ཕྱུག་བདག་གི་དཔལ་ལ་རོལ། རྒི་སིའི་མི་གཤིས་ནི་མི་རིགས་དཀར་པོ་དང་མི་འདྲ་བ་ཤར་གླིང་དང་ཉེ་བ་དགོད་སྒྲ་མང་ཞིང་ཐུགས་སྤྲོད་མོས་བ། རང་སྒེར་གྱི་ཁྲིམས་ལུགས་མི་འཁུར་ཞིང་རྒྱ་ནག་ལྟར་ཐ་མ་འཐེན་པ། མིའི་བཟོ་ལྟའང་ཤར་དཀྱིལ་དང་དབྱིན་ཇིས་འདྲེས་མ་ལྟ་བུའི་མཛེས་ཉམས་དོད་པའི་རི་རིགས་ཤིག་སྟེ། གནའ་བོའི་འཛམ་གླིང་ལོ་རྒྱུས་ཐོག་འོག་ཏུ་ལེན་མང་འབར་བའི་རྒུ་རི་སིའི་ཡབ་མེས་ཀྱི་གཏམ་རྒྱུད་དེས་ལུང་པ་དེའི་མི་རྣམས་ང་རྒྱལ་ཆེ་ལ་སྤོབས་སེམས་ལྡན་པའི་མི་རིགས་ཤིགས་བསྐྲུན་ཞིང་། ལྷོད་ཡང་དང་སྣང་མེད་འོག་ནས་འདས་སོན་གྱི་ལོ་རྒྱུས་ཀྱི་དེང་གི་ཚབ་བྱེད་མི་ཐུབ་པའི་གནས་སྟངས་འདི་བྱུང་། དེ་ནི་བོད་དང་སོག་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་མཐུན་ཏེ། དེ་སྔོན་འོག་ཏུ་འཚེར་བའི་བཙན་པོའི་མཛད་རྗེས་སུ་ད་ལྟ་རྩྭ་རའི་ཁེངས་བའི་ལོ་ཟླ་བྱུང་བ་ལྟར་རྒུ་རིའི་སི་ལའང་ཕལ་ཆེར་དེ་ལྟར་བྱུང་། གང་ལྟར་ལོ་རྒྱུས་ནི་ལོ་རྒྱུས་ཏེ། འཕེལ་འགྲིབ་ཀྱི་རང་བཞིན་ཡིན་ཞིང་། གང་དུ་ང་རྒྱལ་ཡོད་ན་དེ་རུ་འཐུས་ཤོར་འགྲོ་བའི་རྒྱུད་རིམ་ལྟར་ད་ལྟ་ས་ཡ་བཅུ་གཅིག་གི་མི་ལ་ཡོ་སྒོར་དུང་ཕྱུར་༣༤༠༠ཡི་བུ་ལོན་ཡོད་པས། ཤུགས་རྐྱེན་དེ་རྒུ་རིའི་སི་རྭ་བ་ལས་བརྒལ་ནས་ཡོ་རབ་གཙོ་བོ་གྱུར་བའི་ཨ་རིར་ཐེབས་ཤིང་ད་ལྟ་ཅི་ཞིག་ཐག་གཅོད་བྱེད་དགོས་གནས་སུ་གྱུར།
སྤྱི་རྒུ་རི་སིའི་ནི་ཡོ་རབ་གྱི་དཔལ་འབྱོར་བརྒྱ་ཆ་གཉིས་ལས་མེད་ཀྱང་ཤུགས་རྐྱེན་དེ་ལྟར་ཐེབས་པ་མི་རྣམས་ཧང་སང་ཞིང་དཔལ་འབྱོར་རིག་པ་མང་པོ་ཞིག་གིས་ཚོད་དཔགས་རྙིགས་སུ་གྱུར། འོན་ཀྱང་དེ་ནི་དཔལ་འབྱོར་རིག་པ་ཚོའི་ཞན་ཆ་ཁོ་ན་མིན་པ། རྒུ་རི་སིའི་སྙན་ཞུ་རྫུན་མ་ཕུལ་བས་རེད། ༢༠༠༨་ལོར་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་ཕྱིན་པའི་གནོད་ཤུགས་ལས་རྒུ་རིའི་སིའི་ནད་རྟགས་འགོག་ཏུ་མ་ནུས་བ་ཕྱིར་ངོམས་ཤིང་། ༢༠༡༠ལོར་ཟླ་༥ནང་ཡོ་རབ་གྲོས་ཚོགས་ཀྱིས་དཀའ་ངལ་སེལ་ཆེད་ཡོ་སྒོར་༡༡༠༠གཡར་གནང་མཛད། འོན་ཀྱང་དེ་ཡིས་མ་འདང་བ་ཐེངས་གཉིས་པ་སླེབས་པས་ཨར་ལན་དང་ཕོ་ཆི་རྒལ་གཉིས་ལ་བུ་ལོན་སེལ་རྒྱུའི་སྐྱོབ་གསོ་མཁོ་ཡང་མ་གནང་བར་༢༠༡༡ལོར་ཟླ༧པར་ཡང་སྐྱར་ཡོ་སྒོར་དུང་ཕྱུར་༡༩༠༠གཡར། སི་ཕན་དང་ཨེ་དྲ་ལེའི་གཉིས་ལ་བུ་ལོན་གྱི་ཁ་གྲངས་འཕེལ་བས་མི་མང་ཀུན་ལ་འཇིགས་སྣང་སྐྱེས། དེ་ཡིས་མ་འདང་བ་རྒུ་རིའི་ཐེངས་གསུམ་པ་སླེབས་པས་ཟླ༡༠པའི་ནང་བུ་ལོན་གྱི་ཕྱེད་ཀ་མི་དགོས་བའི་གྲོས་མཆོད་བྱུང་ཞིང་། trillion 100.000.000.0000གཅིག་གིས་རོགས་སྐོར་གནང་རྒྱུ་བྱས། འོན་ཀྱང་སྲིད་བློན་ Papandreou གྱིས་ཐག་གཅོད་དེ་ངོས་ལེན་བྱེད་མིན་ཁོང་གི་མི་མང་ལ་འོས་སྡུར་བྱེད་ངེས་ཡིན་ཞེས་བའི་ཐག་གཅོད་ཀྱིས་ཡོ་རབ་ཀྱི་དབུ་ཁྲིད་ཀུན་ལ་སེམས་ཁྲལ་དང་། བློ་ཡུལ་ལས་འདས་བའི་གནད་དོན་གྱུར་བས་འཇར་མན་དང་ཧྥ་རན་གཉིས་གཙོ་བོའི་གྱུར་བའི་དབུ་ཁྲིད་དག་གིས་འོས་ཤོག་གི་གྲུབ་འབྲས་མ་མཐོང་བ་རོགས་སྐྱོར་བྱེད་རྒྱུ་མིན་ཞེས་འོས་ཤོག་ཕྱི་བསྡུ་བྱེད་རྒྱུའི་གནོད་ཤུགས་སྤྲད། རྒུ་རིའི་སིས་བུ་བོན་དེ་དག་ཕྱི་སྤྲོད་ཐུབ་པའི་ནུས་བ་དཀའ་ཞིང་། གལ་སྲིད་སྤྲད་ཐུབ་པའི་དབང་དུ་བཏང་ཡང་ལོ་བཅུ་བཅོ་ལྔ་ཙམ་འགོར་བས་ཡོ་རབ་དང་ཨ་རིའི་དཔལ་འབྱོར་ཡར་རྒྱས་ལ་ཚབས་ཆེན་གྱི་འགོག་རྐྱེན་གྱུར་ཡོད། ལྷག་པར་ད་ལྟ་ཨེ་དྲ་ལེའི་ལ་དེ་ལྟར་དཀའ་ངལ་བྱུང་བཞིན་ཡོད་པས་མ་འོངས་བར་འཛམ་གླིང་གི་དཔལ་འབྱོར་གནད་དོན་ཅི་ཞིག་ཏུ་འགྱུར་མིན་ཁ་མཚོན་གཅོད་དཀའ་བའི་གནས་སུ་ལྷུང་།
ཨ་རི་དང་ཡོ་རབ་ཀྱི་དཔལ་འབྱོར་ཉམས་རྒུད་འགྲོ་བའི་རྒྱུ་རྐྱེན་གཞན་ཞིག་ནི་འདོད་རྔམ་ཁོ་ནའི་དབང་གིས་ནུབ་ཕྱོགས་ཀྱི་ཚོང་བ་རྣམས་རྒྱ་ནག་གཙོ་བའི་གྱུར་བའི་དབུལ་བོའི་ལུང་པ་དག་ཏུ་བཟོ་གྲྭ་གཙུགས་ཤིང་། ཚོང་ཟོག་ལུང་པ་དེ་དག་ལས་ནུབ་ཕྱོགས་སུ་སྐྱེལ་འདྲེན་བྱེད་དེ། ཁེ་སྤོབས་རྡབ་གཉིས་གསུམ་གྱི་བླངས། རྒྱུ་མཚན་ནི། ཡར་རྒྱས་ཞན་པའི་ལུང་བ་དག་ཏུ་ལས་མིའི་གླ་ཕོགས་དམའ་ཞིང་། ལས་ཀའི་ཐོབ་ཐང་ཞན་པའི་སྟེང་། ཆུ་ཚོད་ལས་རྒལ་བའི་ལས་ཀ་ལས་ཤིང་། ཚོང་ཟོག་གི་རྒྱུ་ཆའི་གོང་ཚད་དམའ་བས་འདོད་རྔམ་ཅན་གྱི་མ་རྩའི་དོ་བདག་རྣམས་ལ་མགྱོགས་མྱུར་ཁེ་སྤོབས་ཐོབ་པས་རེད། འོན་ཀྱང་། གནས་ཚུལ་དེ་ནུབ་ཕྱོགས་པ་མཚོན་ན་ཕུགས་རྒྱང་རིང་བའི་གྱོང་གུད་ཡིན་ཏེ། ལག་ཤེས་ཀྱི་གསང་བ་བརླགས་པའི་ཐོག ལས་མེད་ཀྱི་ཁ་གྲངས་འཕར་ཞིང་གཞུང་གི་ཡོང་འབབ་ཉུང་དུ་བཏང་ནས་དཔལ་འབྱོར་གྱི་དཀའ་འཕྲད་བཞིན་ཡོད། དེ་བརྟེན། ད་ལྟ་ཨ་རི་དང་ཡོ་རབ་ཀྱི་དཔལ་འབྱོར་རིག་པ་མང་པོས་ཚོང་ཟོག་ནང་འདྲེན་གྱི་སྐྱེ་ཁྲལ་སྤར་བའི་འདོད་ཚུལ་འཛིན་པའི་སྟེང་། རྒྱ་ནག་གི་དངུལ་ལོའི་ཛ་གོང་དམའ་བའི་སྐྱོན་བརྗོད་སླེབས་བཞིན་ཡོད། འོན་ཀྱང་། ཚོང་ཟོག་ནང་འདྲེན་གྱི་ཚོང་ཁྲལ་སྤར་ཚེ་འདོད་རྔམ་གྱི་ཚོང་པ་རྣམས་མི་མོས་པའི་ཐོག་ནུབ་ཕྱོགས་ཀྱི་ཚོང་ཟོག་ཕྱི་ཚོང་བྱེད་པ་དེ་ལྟར་རྒྱལ་ཁབ་གཞན་གྱིས་དཀའ་ངལ་སྤྲད་པས་ཅི་བྱ་གཏོལ་མེད་ཀྱི་ཁྲོད་དུ་འཐབ་རྩོད་བྱེད་བཞིན་ཡོད་ལ། དེ་ནི་འཛམ་གླིང་ཚོང་ཟོག་གི་དམག་འཁྲུག་ཅིག་རེད།
༣ དཔལ་འབྱོར་སྲུང་སྐྱོབ་ནི་ཡོ་རབ་སྣ་འབྲེལ་གྱི་ཚེ་སྲོག་ཡིན།
ད་ལྟ་ཡོ་རབ་སྐྱོབ་རྒྱུ་རྒུ་རི་སི་གཅིག་བུ་མིན་ཞིང་གནས་སྟངས་དེ་ཨི་དྲ་ལིའི་སོགས་ལུང་པ་གཞན་དུ་ཁྱབ་ན་འགོག་ཐབས་དཀའ་ཞིང་། མཐར་དེ་ཡོ་རབ་ཀྱི་མུ་ཁྱུད་ལས་བརྒལ་ནས་འཛམ་གླིང་དུ་ཤུགས་རྐྱེན་ཐེབས་ཤིང་། རྒྱ་ནག་སོགས་ཕྱི་ཚོང་གཙ་བའི་བརྟེན་པའི་རྒྱལ་ཁབ་ཀུན་ལ་རིམ་བཞིན་དཀའ་ངལ་འཕྲད་པས་འཛམ་གླིང་གི་དཔལ་འབྱོར་དཀའ་ངལ་འཕར་མ་ཞིག་འཕྲད་སྲིད་པས་མི་རྣམས་འཇིགས་སྣང་གིས་ངང་དེད། གནས་སྟངས་འདི་དག་གི་དབང་གིས་ཡོ་མི་རྣམས་ཡོ་རབ་སྣ་འབྲེལ་དང་ཡོ་སྒོར་མུ་མཐུད་དུ་གནས་ཐུབ་མིན་ལ་དོགས་པ་སྐྱེས་ཤིང་། ཡོ་སྒོར་དུ་ཞུགས་བཞིན་པའི་རྒྱལ་ཁབ་རྣམས་ལ་ཞུགས་རྒྱུ་ནི་དགེ་མཚན་ཞིག་ཡིན་མིན་གྱི་དྲི་བས་དེད་པ་མ་ཟད། ཞུགས་ལ་ཉེ་ཞིང་མ་ཞུགས་མཁན་རྣམས་དགའ་བས་འཁེངས།
ཡོ་རབ་མི་རྣམས་ནི་ཤར་གླིང་དང་ཧྥུ་གླིང་དང་མི་འདྲ་བར་རང་དབང་ཆེ་པའི་སྟེང་། རང་གི་འདོད་མོས་དང་མ་མཐུན་ཚེ་ཡོད་ཚད་བྱེད་ཐུབ་ཅིང་བཟོད་སྒོམ་ཉུང་བས། ཁྲིམས་གཞུང་དུ་ངོ་རྒོལ་བྱེད་མི་དང་ཐ་ན་ཡོ་རབ་གྱི་རྒྱ་དར་མེ་སྲེགས་བཏང་མཁན་ཡང་བྱུང་དང་བྱུང་བཞིན་ཡོད་པས་མ་འོངས་བའི་ཡོ་རབ་ཀྱི་གནས་སྟངས་གང་ཞིག་ཏུ་ཆགས་མིན་ནི། དཔལ་འབྱོར་འཕེལ་རྒྱས་ཀྱི་ནུས་བ་ཁོ་ན་བརྟེན་པ་ལས་གཅིག་བསྡུ་རིང་ལུགས་ལྟར་དམག་དོན་གྱིས་ནུས་བས་བཟོ་མི་ཐུབ་པས་ཡིན། དེ་བརྟེན། དཔལ་འབྱོར་ཡར་རྒྱས་བཏང་རྒྱ་ནི་ཡོ་རབ་ཀྱི་དབུ་ཁྲིད་དང་ཡོ་རབ་སྣ་འབྲེལ་འདོད་མཁན་གྱི་གཞུང་དང་ཚོགས་པ་གང་རུང་གི་བྱོལ་དུ་མེད་པའི་ལས་འགན་ཡིན་པས། འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན། མང་གཙོ་ནི་ཁ་ཡི་དར་ཆ་ལྟ་བུ་གྱུར་ཞིང་དོན་གྱིས་དཔལ་འབྱོར་ཁོ་ན་སྒྲིབ་ཅིང་དེ་ལས་ཡན་ཞིག་མེད། གནས་ཚུལ་འདི་དང་རྒྱབ་ལྗོངས་འདིའི་དབང་གིས་རྒ་སྒྲ་ཧྥུའི་ཡིས་དེ་སྔོན་ཨ་རིའི་གནམ་གྲུ་གཏོར་སྐྱོན་གྱིས་ཉེས་མེད་བརྒྱ་ཕྲག་ལྷག་གསད་ཀྱང་། ༢༠༠༠ལོར་ནས་དཔལ་འབྱོར་དགོས་མཁོ་དབང་གིས་ཨ་རི་དང་ཡོ་རབ་གཙོ་བོས་གྱུར་བའི་དབུ་ཁྲིད་རྣམས་ཀྱིས་དེ་སྔོན་གྱི་ཁོང་གི་ཉེས་བ་བཟོད་གསོས་དག་ཏུ་བཅུག་ཅིང་། མཉམ་འབྲེལ་གྱིས་ཚོང་འབྲེལ་གཙུགས། རྒ་སྒྲ་ཧྥེུ་ཡིས་མ་རྩ་ཨ་རི་དང་འཇར་མན་གཙོ་བོའི་གྱུར་བའི་འཛམ་གླིང་གི་ས་ཆ་གང་སར་རྒྱ་སྐྱེད་གནང་བའི་གོ་སྐབས་སྤྲད། ལེ་བྷེའི་ཡིས་མི་མང་གི་ཁོང་ལ་ངོ་རྒོལ་བྱས་ཤིང་། ངོ་རྒོལ་གྱི་སྟོབས་ཤུགས་ཤིན་ཏུ་ཆེ་ཞིང་དེ་ལ་མཐུན་འགྱུར་ཡོད་ཚེ་རྒ་སྒྲ་ཧྥེ་ཡི་སྲིད་དབང་མགོ་རྟིང་སློག་པའི་ངེས་ཤེས་རྙེད་ནས། ནེ་གྲོས་དེ་སྔོན་དག་སེལ་གྱི་སྙིང་ནད་ཐམས་ཅད་དཔལ་འབྱོར་གྱི་ཁེ་ཕན་ཆེད་ཕྱི་རུ་སྟོན་ནས་མཐུན་འགྱུར་བྱས་ཏེ། ཟླ་ངོ་བརྒྱད་ཀྱི་རྗེས་སུ་རྒ་སྒྲ་ཧྥེ་དམར་གསད་བཏང་། རྒྱུ་མཚན་ནི་རྒ་སྒྲ་ཧྥེ་ཕམ་པ་ཡིན་ན་རྒ་སྒྲ་ཧྥེ་ཡིས་བཙུགས་པའི་མ་རྩ་ཀུན་ཕྱི་ལོག་དགོས་བའི་ངེས་བ་མེད་པའི་སྟེང་། ལེ་བྷུའི་ཡའི་སྣུམ་དང་ནུབ་ཕྱོགས་སུ་ཁ་ཆེའི་སྐྱབས་བཅོལ་ཉུང་དུ་འགྲོ་བའི་ཁེ་ཕན་སོགས་ཀྱིས་ཚུལ་ཉམས་ཞིབ་པ་རྣམས་ཀྱིས་གླེང་། གལ་སྲིད་བོད་པའམ། རྒྱ་ནག་མང་གཙོ་ཚོགས་པ་སོགས་ཚོགས་པ་གང་གི་སྟོབས་ཤུགས་དྲག་ཏུ་རྒྱས་ནས་རྒྱ་གཞུང་མགོ་རྟིང་སློག་པའི་སྔ་ལྟས་ཤར་ན། སྤྱང་གྲུང་ལྡན་ཞིང་ཁེ་ཕན་དང་ཀུན་སྤྱོད་ལ་རྔམ་པའི་རྒྱལ་ཁབ་མི་ཉུང་བ་ཞིག་གིས་མཐུན་འགྱུར་ཐོབ་ཐུབ་ལ། སྐབས་དེ་བོད་ལ་རྒྱལ་སྤྱིའི་སྟེང་སྲིད་གཞུང་ཁག་གི་རྒྱབ་སྐྱོར་ཐོབ་ངེས་ཡིན། རྒྱུ་མཚན་ནི་བོད་ལ་རེ་བ་ཡོད་པས་ཡིན། སྐབས་དེར་བལ་ཡུལ་གྱི་གཉེན་རྟོག་པས་ཀྱང་བོད་རྣམས་དུད་འགྲོ་ལྟར་རྡུང་མཚམས་འཇོག་ངེས་རེད།
གལ་སྲིད་ཡོ་རབ་ཐོར་ཞིགས་སུ་ཕྱིན་པ་ཡིན་ན་རྒྱལ་སྤྱིའི་སྟེང་རྒྱ་ནག་དང་ཨི་རི་སུ་ལ་ཁ་གཏད་གཅོད་མཁན་གྱི་ཀ་བ་ཞིག་མེད་པ་ཆགས་ཤིང་། ཨ་རིའི་མང་གཙོ་དང་རང་དབང་སྨྲ་པའི་གཤོག་པ་ཞིག་སྟོང་བས། མ་འོངས་བར་རྒྱ་ནག་དང་ཨི་རི་སུ་སོགས་གཅིག་བསྡུ་རིང་ལུགས་དག་གིས་ཅི་འདོད་བཞིན་སྟོབས་ཤུགས་ངོམས་པའི་ཀོ་སྐབས་ཤིག་གསར་དུ་ཤར་བས། འཇིག་རྟེན་གྱི་དྲང་བདེན་དང་བསམ་ཤེས་ཀྱི་མྱུར་ཚད་དལ་དུ་བཏང་བ་ཐེ་ཚོམ་མེད་པས། ནུབ་ཕྱོགས་གཙོ་བོའི་གྱུར་བའི་ཤེས་ཡོན་ཅན་གྱི་མི་སྣ་ཀུན་ལ་སེམས་འཁུར་འཕར་མ་གཅིག་དང་འཇིགས་སྣང་ལྷག་མ་ཞིག་བྱུང་དང་འབྱུང་བཞིན་ཡོད། འཇིག་སྣང་མི་འོང་ཞིང་རང་དབང་གིས་འཛམ་གླིང་མི་མང་རྣམས་སྲུང་གྱུར་ཅིག

རྩོམ་རིག

Post navigation

Previous Post: ཨ་མདོ་རྔ་པའི་གྲྭ་པ་གཉིས་འཛིན་བཟུང་གནས་ཚུལ།
Next Post: ཡོ་རོབ་བོད་མིའི་ཟས་བཅད་ངོ་རྒོལ།

Comments (8) on “ཡོ་རབ་སྣ་འབྲེལ་གྱི་བྱུང་འཕེལ་དང་མིག་མདུན་གི་དཀའ་ངལ།”

  1. འབའ་བྱ་ཁྱུང། says:
    2011-11-10 at 4:46 am

    བརྗོད་བྱ་དང་ནང་དོན་ཡག་པོ་འདུག་ཀྱང་དག་ཆའི་ཐད་དོ་སྣང་ཡག་པོ་རང་བྱུང་མེད་པའི་ཚོར་སྣང་བྱུང།
    དཔེར་ན།་རྩོམ་ཡིག་འདིའི་འགོ་བརྗོད་གཅིག་པུའི་ཆ་ནས་དག་ནོར་ཆེན་པོ་ཤོར་འདུག་
    ཡོ་རོབ་སྣ་འབྲེལ་བྱུང་འཕེལ་དང་མིག་མདུན་གྱི་དཀའ་ངལ།་་་་ཞེས་པར་ཡོ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱི་བྱུང་འཕེལ་དང་མིག་མདུན་གྱི་དཀའ་ངལ་ཞེས་བྲིས་ན་ལེགས་སྙམ།་ད་དུང་ཡོ་རོབ་ཆིག་སྒྲིལ་ཚོགས་པ་དེར་དབྱིན་ཡིག་ཐོག་མིང་གང་ཞིག་བེད་སྤྱོད་བཏང་ཡོད་མེད་ཐད་ལའང་དོ་སྣང་བྱས་ཏེ་དག་ནོར་མ་ཤོར་བྱེད་དགོས།

  2. ཨ་རིག་དགེ་མཐོང་། says:
    2011-11-10 at 11:09 am

    འབའ་བྱ་ཁྱུང་གིས་བཤད་པ་ལྟར་རེད། ཁ་བྱང་གཅིག་པུའི་ནང་གི་ཡིག་ནོར་ཁོང་གིས་བཅོས་ཟིན་པས་ངས་ལག་མི་འཇོག འོན་ཀྱང་། ཡོ་རོབ་དང་ཡོ་རུབ་གང་རུང་འབྲི་སྲོལ་ཡོད། ད་ལྟ་ཡོ་རབ་ཅེས་པའི་འབྲི་སྲོལ་ཞིག་ཀྱང་བྱུང་འདུག

    དེ་ལས་གཞན་འབའ་བྱ་ཁྱུང་གིས་ཀྱང་ཚེག་ཁྱིམ་སྟོང་བ་དེ་ཚོ་ལ་ཐུགས་སྣང་མཛད་ན་ལེགས།

  3. རིག་པའི་བུ says:
    2011-11-10 at 11:34 am

    ཡག་པོ་འདུག

  4. ལོ་མ་ལྗང་ཁུ says:
    2011-11-10 at 11:18 pm

    ཨ་ནུ་བ་ལགས་། གྷུ་རུ་སིས་སྙན་ཞུ་རྫུན་མ་ཡོ་རབ་སྣ་འབྲེལ་ལ་ཕུལ་ཚུལ་ཁྱེད་ཀྱིས་བཤད་ཀྱི་འདུག
    གལ་སྲིད་སྙན་ཞུ་རྫུན་མ་ཡོ་རབ་སྣ་འབྲེལ་ལ་ཕུལ་བ་ཡིན་ན་ཐབས་ལམ་གང་ཞིག་བརྒྱུད་དེ་ཕུལ་བ་དང་དེའི་ནང་དོན་གང་
    ཡིན་ཁ་གསལ་ཞིག་བཤད་འུ་ཐུབ་ཀི་། མ་གཞི་ང་ཁྱེད་ཀྱི་རྩོམ་གྱི་ནང་དོན་ལ་རྒྱབ་ཡོད་།

  5. ལོ་མ་ལྗང་ཁུ says:
    2011-11-10 at 11:20 pm

    རྒྱབ་བསྐྱོར་ཡོད་

  6. ནམ་མཁའ། says:
    2011-11-11 at 2:05 am

    ཡུ་རོབ་ཀྱི་རྒྱལ་ཁབ་སྣ་ཚོགས་མཉམ་འབྲེལ་བྱས་ནས་གྲུབ་པ་ལ་རྩོམ་པ་པོས་ཆེད་དུ་ཡུ་རོབ་སྣ་འབྲེལ་ཞེས་ཆེད་དུ་བྲིས་ཡོད་ཀྱང་སྲིད། 
    མཉམ་འབྲེལ་རྒྱལ་ཚོགས་ཟེར་བ་ཞིག་ཡོད་པ་དེ་ལའང་། མནའ་འབྲེལ་རྒྱལ་ཚོགས་ཞེས་ཟེར་དགོས་སམ། 
    ཡུ་རོབ་ཀྱི་རྒྱལ་ཁབ་དེ་ཚོས་ “མནའ་” བསྐྱལ་ནས་ “མནའ་བཅད་” བསྒྲིགས་ཡོད་པའི་རྒྱུ་མཚན་གྱིས་ ཡུ་རོབ་མནའ་འབྲེལ་ ཞེས་ཟེར་གྱི་རེད་ཅེས་བརྗོད་རྒྱུ་ཡིན་ན་ཁྱོད་ཚོའི་འདོད་པ་བྱོས། 

  7. ཨ་ནུ་ཐང་བསོད་ནམས says:
    2011-11-14 at 8:07 am

    ལྗང་ཁུག་ལགས། ལས་བྲེལ་དབང་གིས་དེ་རིང་བར་ལན་འདེབས་བྱེད་མ་ཐུབ་པ་དགོངས་དག གཉིས་སྟོང་ལོ་སྟེ། རྒུ་རིའི་སི་ཡོ་སྒོར་དུ་མ་ཞུགས་གོང་ཞུགས་འདོད་ཡོད་ཚེ་ཡོ་རབ་གྲོས་ཚོགས་སུ་རྒྱལ་ཁབ་ཀྱི་འགྲོ་སོང་དང་ཡོན་སྒོ། གཞུང་གི་དཔལ་འབྱོར་གྱི་རྩིས་ཁྲ་ཀུན་ཡོ་གྲོས་སུ་ཕུལ་དགོས་ཤིང་། ཡོ་གྲོས་ཀྱིས་གནས་ཚུལ་དེར་ཉམས་ཞིབ་རྒྱུད་དཔལ་འབྱོར་སོགས་ཀྱི་ཚད་གཞི་འདང་ཚེ་དེ་ལྟར་ངོས་ལེན་བྱེད་པས། རྒུ་རིའི་སིས་གནས་ཚུལ་རྫུན་མ་ཕུལ་བའི་རྐྱེན་ཡོ་སྒོར་དུ་ཞུགས་ཐུབ་པ་རེད།
    འབའ་བྱ་ཁྱུང་ལགས། ཕྲན་གྱིས་བྲིས་བའི་གནས་ཚུལ་འདི་ལ་ཆད་ནོར་དང་ཡིག་སྐྱོན་ཡོད་པ་བདེན་པ་མ་ཟད། ཞིབ་ཚགས་ཀྱིས་དག་བཅོས་བྱེད་མ་ཐུབ་པའང་བདེན་་ཡང་། མེད་པ་ལས་ཡོད་པ་གལ་ཆེ་འདོད་ནས་ལས་བྱོལ་དུ་མགྱོགས་བྲིས་ཤིག་དྲ་ཐོག་ཏུ་བཀོད་པ་ཡིན།

  8. ཨ་ནུ་ཐང་བསོད་ནམས says:
    2011-11-16 at 8:54 am

    བསླབ་བྱ་གནང་བ་ཐུགས་རྗེ་ཆེ། རྗེས་སུ་གཟབ་ངེས་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme