Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ

Posted on 2011-11-02 By ཁ་བརྡ་ 3 Comments on གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ

གྲགས་པ་ནས།
སྤྱི་ཟླ་༡༡ཚེས་༡ཉིན་བོད་ནང་གི་རྒྱལ་གཅེས་དཔའ་བོ་ཕོ་མོ་སྐུ་ལུས་མེ་སྲེག་གཏོང་མཁན་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཆེད། ཀ་ཐ་མན་ཀྲུའི་ས་གནས་གཞོན་ནུ་དང་སྤོག་ར་ས་ཁུལ་གྱི་ས་གཞོན་གཉིས་ཀྱིས་གོ་སྒྲིག་བྱས་ཏེ་འཇོ་ལ་ཁེལ་དུ་བལ་ཡུལ་བོིད་མིའི་གཞིས་ཆགས་ཀྱི་ཉེ་ཁྲིས་སུ་རྩེད་ཐང་ཆེན་པོ་ཞིག་ཡོད་སར་བལ་ཡུལ་ནང་གི་ སེར་སྐྱ་མང་ཚོགས་འདུ་འཛོམས་ཀྱིས་མཆོད་འབུལ་གཞི་རྒྱ་ཆེ་ཞིག་གནང་འཆར་ཡོད་ཀྱང་། བལ་ཡུལ་ཉེན་རྟོག་པས་འཇོ་ལ་ཁེལ་གཞིས་ཆགས་སུ་འགྲོ་སའི་སྲང་ལམ་ཡོངས་རྫོགས་ལ་ཉེན་རྟོག་པ་འགྲེམ་འཇོག་བྱས་ཏེ་བཀག་འགོག་ཤུགས་ཆེ་བྱས་པས། ས་གནས་དེ་ག་རང་དུ་བོད་མི་འདུ་འཛོམས་བྱེད་ཐུབ་མེད། འོན་ཀྱང་སྤྱི་ཚེས་༣༡ཉིན་གྱི་དགོང་མོ་བལ་ཡུལ་ཀོ་པན་དགོན་པའི་གྲྭ་བཙུན་བརྒྱ་ཕྲག་ལྷག་ཅིག་གསང་སྟབས་ཀྱི་འཇོ་ལ་ཁེལ་གཞིས་ཆགས་ཀྱི་ཚོགས་ཁང་དུ་འཛོམ་ཡོད་ཅིང་། དེ་བཞིན་ཚེས་༡ཉིན་གྱི་ཞོགས་ཀ་ནམ་མ་ལངས་གོང་ལ་བོད་མི་མང་པོས་གསང་ལམ་མང་པོ་བརྒྱུད་ནས་སེར་སྐྱ་མང་ཚོགས་གང་མཚམས་འདུ་འཛོམས་བྱུང་ཐུབ་ཀྱང་། གཞིས་ཆགས་ཚོགས་ཁང་གི་རྒྱ་སྒོ་དང་གློ་སྒོ་ཡོངས་རྫོགས་ཉེན་རྟོག་པས་བཀག་ནས། ཕྱི་ནས་མི་ནང་ལ་མ་བཏང་ནང་ནས་ཕྱི་ལ་མ་བཏང་པར་ བཀག་སྡོམ་ཤུགས་ཆེ་བྱས་སོང་། དེ་ནས་གཞིས་ཆགས་ཀྱི་ཚོགས་ཁང་ར་བའི་ནང་ཁང་རྩེག་མཐོན་པོ་ཞིག་ཡོད་པ་དེའི་ངོས་སུ་སེར་སྐྱ་མང་ཚོགས་ཀྱིས་༧གོང་ས་མཆོག་གི་སྐུ་པར་དང་བོད་ནང་གི་རྒྱལ་གཅེས་དཔའ་བོ་ཕོ་མོ་སྐུ་ལུས་མེ་སྲེག་གཏོང་མཁན་རྣམས་ཀྱི་པར་དང་མིང་འཁོད་པའི་རས་གཞི་ཆེན་པོ་ཞིག་སྒྲིག་བཤམ་བྱས་པའི་མདུན་དུ་མར་མེ་རྒྱ་མཆོད་དུ་མ་ཕུལ་བ་དང་བསྦྲགས་མ་ཎི་སྨོན་ལམ་གསོག་སྒྲུབ ་བྱེད་བཞིན་པའི་སྐབས་སུ་བློ་བུར་དུ་བལ་ཡུལ་གྱི་དྲག་ཆས་ཉེན་རྟོག་པས་པར་དེ་དག་བཤམ་མ་ཆུག་པར་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་པར་དེ་བཙན་འཁྱེར་བྱས་པ་དང་མཆོད་འབུལ་གྱི་ལས་རིམ་ལ་བར་ཆད་བྱུང་སྟེ། མང་ཚོགས་རྣམས་ཁོང་ཁྲོ་ལངས་ནས་ཁག་ཅིག་བཙན་གྱིས་གཞིས་ཆགས་རྒྱ་སྒོ་ནས་ཕྱི་ལ་ཐོན་ནས་ཕུར་ཅོག་ས་གནས་སུ་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་ཀྱི་མདུན་དུ་རྒྱུགས་ནས་གཞི་རྒྱ་ཆེ་བའི་སྐད་འབོད་ངོ་རྒོལ་བྱེད་དགོས་བྱུང་ཡོད། སྐབས་དེའི་སྐད་འབོད་པའི་ཁྲོད་ནས་ས་གནས་་གཞོན་ནུའི་ཚོགས་གཙོ་སོགས་མི་གྲངས་དྲུག་ཅུ་ལྷག་འཛིན་བཟུང་བྱས་འདུག དེ་ནས་གྲྭ་བཙུན་མང་པོ་ཞིག་གིས་སླར་ཡང་མུ་མཐུད་ནས་ཉིན་གང་ཟས་བཅད་ངོ་རྒོལ་དང་བསྦྲགས་ནས་མ་ཎི་སྨོན་ལམ་གསོགས་སྒྲུབ་བྱས་ཡོད།

གསར་འགྱུར།

Post navigation

Previous Post: སེང་གེའི་བཀའ་ཤག་གི་མདུན་ལམ།
Next Post: བལ་ཡུལ་གྱི་བོད་རིགས་བུད་མེད་ཞིག་གིས་རང་ལུས་མེར་བསྲེགས་གཏོང་རྩིས་བྱས་འདུག

Comments (3) on “གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ”

  1. བསིལ་རླུང་། says:
    2011-11-02 at 12:54 pm

    རྗེས་སུ་ཡི་རང་ཡོད་དོ།། མུ་འབད་གནང་རོགས།

  2. ཇ་མ་ says:
    2011-11-02 at 1:39 pm

    ནེ་པལ་པ་མགོ་དེ་ཚོ་རྒྱ་ནག་གི་དབང་འོག་གི་ཞིང་ཆེན་ཡིན་བསམ་གི་ཡོད་པ་འདྲ། ནེ་པལ་པ་མགོ་ཚོའི་རང་གཙན་རྒྱ་ནག་གིས་འཕྲོག་ཟིན་ཡོད་པ་པ་མགོ་ཚོའི་ད་དུང་ཤེས་མེད་པ་འདྲ། 1974 ལོར་པར་སྐྲུན་བྱས་པའི་་རྒྱ་ནག་གི་ས་ཁྲའི་ནང་དུ་ནེ་པལ་པ་མགོ་ཚོ་ཡང་བཅུག་ཡོད་པ་པ་མགོ་ཚོའི་མཐོང་ཡོད་དམ། པ་མགོ་ཚོ།

  3. སད་མི་ཅོང་ཐོགས། says:
    2011-11-03 at 4:14 pm

    ད་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གོ་ཐུབ་པ་ཞིག་དང་མཉམ་འབྲེལ་རྒྱལ་ཚོགས་སྡོད་མི་བདེ་བ་ཞིག་བྱེད་ན། རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུའི་ཚོགས་དྲུང་ནས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་དགོས། བྱེས་སྡོད་པ་ཚོས་སྒྲིམ་རོགས། གཞིས་སྡོད་པ་ཚོས་གང་བྱེད་དགོས་པ་ཚང་མ་བྱས་སོང་། ད་ཁྱེད་ཚོ་ཡིན་དྰ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme