Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཤོག་པ་ཅན་གྱི་ཁུག་རྟ་དང་སྡེར་མོ་ཅན་གྱི་སེང་གེ།

Posted on 2011-11-01 By ཁ་བརྡ་ 17 Comments on གཤོག་པ་ཅན་གྱི་ཁུག་རྟ་དང་སྡེར་མོ་ཅན་གྱི་སེང་གེ།

བཀྲ་ཤིས་ནག་ལྡང་།

བླ་མ་ལ་སྐྱབས་སུ་མཆུའོ། གཤམ་གྱི་བསམ་ཚུལ་འདི་དག་ནི་མི་གཅིག་དབང་འཛིན་གྱི་གྷ་ཏྲ་ཧྥེ་ལྟ་བུ་དང་། སྲིད་དབང་སྒེར་གཅོད་ཀྱི་དམར་ཤོག་ཚོགས་པ་ལྟ་བུ། མགོ་སྐོར་བསླུ་མཁས་ཀྱི་ས་ཐམ་མོ་སན་ལྟ་བུ་གང་ལའང་དཔེ་བླངས་པ་མ་ཡིན་པར་རང་ཉིད་ཀྱི་འགོ་ཁྲིད་ལྷོད་པར་མི་འཇོག་པ། རྒྱུད་ལུག་ཏུ་མི་གཏོང་བ། རང་ངོ་ཟིན་པ། ལས་འགན་ཤེས་པ། གསེར་གྱི་རྐུབ་སྟེགས་དག་པའི་ཞིང་གི་ལྡུམ་རྭ་ལ་རྒྱབ་མེད་པ་བཅས་ཀྱི་དྲན་ཤེས་བསྐྱེད་པའི་རྒྱུ་རུ་འགྱུར་ཐུབ་བམ་སྙམ་པས་སྤེལ་བར་བྱའོ།

ཤར་ཕྱོགས་ཁུག་རྟ་བྱ་ཞིག་གི་མིང་ཡིན་རྒྱུ་མ་རེད།

ཉིན་འདི་འགར་ཤར་ཕྱོགས་ཁུག་རྟས་ལས་མཚམས་འཇོག་དགོས་བྱུང་བའི་དོན་རྐྱེན་དེ་དུས་བབ་མི་བཟང་བ་ཞིག་ཏུ་འཁེལ་ཡོད་ཀྱང་། ད་ནི་བོད་ནང་གི་ཚ་ཚ་འུར་འུར་གྱི་ལས་འགུལ་རླབས་པོ་ཆེ་རྣམས་ཀྱི་རྒྱབ་དཔུང་དུ་སྤྲོས་པའི་བཙན་བྱོལ་བོད་མིའི་སྣང་བ་བསིལ་སང་སང་དུ་གྱུར་ཡོད། དེའི་རྐྱེན་གྱིས་གནད་དོན་འདི་གླེང་ཆོག་པ་ཞིག་རེད། ཉེ་བའི་ཉིན་འགའི་སྔོན་གནས་ཚུལ་འདིའི་སྤྱིའི་ཆ་ནས་ག་འདྲ་ཞིག་ཡིན་ན་བསམ་ནས་ཁུ་སིམ་སིམ་ངང་བསྡད་པ་ཡིན། དུས་བབ་དྲ་བའི་ངོས་ཀྱི་གསར་འགྱུར་རྒྱས་པ་ཞིག་ཏུ་ཤར་ཕྱོགས་ཁུག་རྟ་དང་དྲིལ་བསྒྲགས་དྲུང་ཆེ་བསམ་འཕེལ་གཉིས་ཀྱིས་རང་རང་ས་ནས་གནས་ཚུལ་འདིའི་བྱུང་བ་དང་། གནས་ལུགས་འགྲེལ་བཤད་བྱས་འདུག་པས་འདི་ཧ་ལས་དགོས་པ་ཞིག་མ་རེད། འོན་ཀྱང་། ངའི་གྲོགས་པོ་ཞིག་གིས་ཤར་ཕྱོགས་ཁུག་རྟ་ཟེར་ན་བྱ་ཞིག་གི་མིང་ཡིན་རྒྱུ་མ་རེད། འདིས་བཀའ་ཤག་ལ་ཅིག་བཤད་ཐུབ་ཀྱི་འདུག སྔོན་མ་ཡིན་ན་བླ་མ་དང་། ༸རྒྱལ་བ་རིན་པོ་ཆེ་ལ་ཐུག་ཡོད་པས་འདི་ལྟ་བུ་ལས་སླ་བོ་མ་རེད། མི་འདིས་དུས་ཚོད་འདི་འདྲའི་ཐུང་ཐུང་གི་ནང་ལ་ཆེ་བཀུར་གྱི་བག་ཆགས་འདོར་ཐུབ་ཡོད་པ་འདི་བྱ་ཞིག་ག་ནས་ཡིན། དམངས་གཙོ་ལ་ལེགས་སྐྱེས་ཤིག་རེད་ཟེར།

ལས་མཚམས་འཇོག་དགོས་པའི་བཀའ་ལྕི་ཕེབས་པ།

“ཉིད་ནས་ ༢༠༡༡ ཟླ་ ༡༠ ཚེས་ ༤ ཉིན་སྤེལ་བའི་རྩོམ་ཡིག་འགོ་བརྗོད་དུ་( སེང་གེའི་བཀའ་ཤག་གི་མདུན་ལམ )ཞེས་པ་བཙན་བྱོལ་བོད་གཞུང་གི་ལས་བྱེད་པ་རྣམས་ཀྱི་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞི་དང་འགལ་འཛོལ་བྱུང་འདུག་པས་ལས་བྱེད་ཁོངས་ཉིན་གླའི་ངོ་བོར་མུ་མཐུད་རྒྱབ་གཉེར་ཞུ་ཐབས་བྲལ་འདུག” ཅེས་གློ་བུར་དུ་ལས་ཤོར་བྱུང་བའི་གསལ་བརྡ་འདི་སེམས་མ་སྐྱིད་པ་ཞིག་ཡིན་ངེས། འཛམ་གླིང་དཔལ་འབྱོར་ཉམས་ཉེས་ཀྱི་ཁྲོད་ཨ་རིར་དང་ཡུ་རོབ་ཏུ་གནས་སྡོད་བོད་མི་རྣམས་ལའང་ལས་གནས་ཤོར་བའི་དངངས་སྐྲག་ཡོང་གི་ཡོད་པ་དང་། གོ་ཚོད་དུ་རྒྱ་གར་ལ་དེའི་དཀའ་ངལ་ཞེ་དྲག་འཕྲད་ཀྱི་མེད་པར་བཤད་ཀྱང་། གངས་ཅན་སྐྱིད་གཤོངས་དུ་ཨ་རི་ནས་སོང་པའི་བཀའ་ཤག་གསར་བས་བོད་ནས་གསར་དུ་འབྱོར་བའི་ཁང་བ་དང་ས་ཞིང་མེད་པའི་ཕོ་གསར་ཞིག་གི་མགོ་ལ་ལས་ཤོར་གྱི་སྐྱིད་སྡུག་མཉམ་དུ་མྱོང་བར་བཅུག་པ་ནི་གཅིག་བྱས་ན་བཀའ་ཤག་གི་སྣང་ངོར་རྒྱུན་ལྡན་ཆགས་ཡོད་ངེས། འོན་ཀྱང་། ཤར་ཁུག་གིས་བཀའ་ཤག་ལ་མགོ་ཡང་ནས་ཡང་ཏུ་གཏུགས་པའི་གནས་ཚུལ་ལ་ལྟོས་ཚེ་མི་ཁོ་ལས་ཤོར་ལ་ཤེད་ཀྱི་མེད་ཀྱང་ལས་གནས་ལ་དུངས་པ་ཡོད་པ་ཧ་ཅང་གསལ་བོ་འདུག་སྟེ། གནས་ལུགས་གསལ་བཤད་ཞུ་བར་ཐེངས་བཅུ་བཞིར་བཅར་བ་ནི་ཕོ་གསར་མགོ་ལ་གནམ་མ་གཏོགས་མེད་པ་ཞིག་ལ་ལས་སླ་བོ་ཁྱོན་ནས་མེད་པ་རེད། ལྷག་པར་ཏུ་དར་དམར་འོག་ནས་ཡོངས་པའི་ན་གཞོན་ཞིག་གིས་ཤེས་ནས་རྒྱ་གཞུང་ལ་ཁ་གཏད་གཅོག་འདོད་ཀྱི་འདུན་པ་འདི་ལས་གནས་ཙམ་གྱིས་ཞུམ་མི་ཐུབ་པ་ང་ལ་ཡིད་ཆེས་ཡོད། གོ་ཚོད་ལ་ཁོ་ལ་དབུ་མའི་ལམ་མི་མང་ལས་འགུལ་ཁང་དུ་ལས་གནས་ཡག་པོ་ཞིག་རེག་ཡོད་རབས་གོ་བས་ཁོ་ལས་ཤོར་ལ་སྐྲག་པ་ཡིན་ན་དེ་འདྲའི་ལས་སླ་བོར་ལས་གནས་འདི་རེག་རེ་ཁག་པོ་ཡིན་རྒྱུ་རེད། དེའི་རྐྱེན་གྱིས་ལྡོག་མེད་ཀྱི་བཀའ་ལྕི་འདིས་ཤར་ཁུགས་ལ་གདམས་ཀ་མེད་པའི་ལམ་ཁ་ཞིག་སྤྲད་པ་ནི་སེང་གེ་བཀའ་ཤག་གིས་བོད་ཀྱི་མི་རབས་གསར་བར་སྤྲད་པའི་ལེགས་སྐྱེས་དང་པོ་ཆགས་ཡོད་ངེས།

ཕར་རྒྱུགས། གཞུང་གི་སྒྲིག་འཛུགས་ཀྱི་ལས་དོན་ཚང་མ་ང་རང་གིས་ཐག་གཅོད་བྱེད་ཀྱི་རེད།

བློ་བཟང་སེང་གེ་ལགས་འོས་ཤོག་བསྡུ་ལས་སུ་བྲེལ་བའི་སྐད་ཆའི་ཁྲོད་དུ་༢༠༠༨ལོའི་བོད་ཀྱི་ཞི་བའི་སྒེར་ལངས་ཆེན་མོར་བསྐྱར་ཞིབ་བྱས་ཏེ་གནས་སྟངས་དེ་འདྲ་རྗེས་སུ་སླེབས་ཚེ་ག་རེ་གནང་དགོས་མིན་ད་ནས་གྲ་སྒྲིག་ཨང་གསར་བྱེད་རྒྱུ་ཡིན་རབས་བསྒྲགས། འོན་ཀྱང་། བདེན་མིན་མི་ཤེས་ཀྱང་། ད་ལོའི་རང་ལུས་མཆོད་མེར་ཕུལ་པའི་ངོ་རྒོལ་མུ་ནས་མུ་རུ་མཆེད་ནས་ཅུང་འགོར་རྗེས་གྲོས་ཚོགས་ཀྱིས་བཀའ་ཤག་ཁྲིད་དེ་བཀའ་སྤྱི་གཉིས་ཀྱིས་གསལ་འགོད་གསལ་བསྒྲགས་བསྐྱངས་པ་རེད་ཟེར། སྐབས་འདི་ཏག་ཏག་ལ་ཤར་ཕྱོགས་ཁུག་རྟ་ལས་གནས་ནས་ཕུད་པའི་སྐད་ཆ་དྲ་བའི་རྒྱུད་ལམ་དུ་ཤིན་ཏུ་རབ་ཏུ་ཁྱབ་པར་གྱུར་བ་ནི་བཀའ་ཤག་གི་བསྐྱར་ཞིབ་ཀྱི་གྲུབ་འབྲས་ཡིན་ནམ།
བོད་གཞུང་གི་སྒྲིག་འཛུགས་ཀྱི་ལས་དོན་ཆ་ཚང་བློ་སེང་གིས་ཐག་གཅོད་བྱེད་པའི་རྣམ་འགྱུར་ཕར་རྒྱུགས་ཞེས་པ་འདི་ཡིན་ནམ། ངས་སྐད་ཆ་འདི་གོ་བ་དང་མཉམ་དུ་ཨ་རི་བ་ཞིག་དང་འཇར་མིན་པ་ཞིག་ཡིན་པ་ཡོད་ཁོ་གཉིས་ཀྱི་སྐད་ཆ་ཞིག་དྲན་སོང་། འཇར་མིན་པས་ཁྱོད་ཚོའི་སྲིད་འཛིན་ཡག་པོ་ཡོད་པ་རེད། ཅེས་ཟེར་དུས་ཨ་རི་བས་ཁྱོད་ཚོའི་མི་མང་ཡག་པོ་ཡོད་ན་སྲིད་འཛིན་ཡག་པོ་ཆགས་ཀྱི་རེད། ། ཅེས་བཤད་འདུག ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ཀྱང་མི་མང་གིས་མི་མང་གི་ཆེད་དུ་བསྐྲུན་པའི་མི་མང་གི་གཞུང་ཞིག་ལ་བོད་མ་ཤོར་གོང་ནས་ཐུགས་མོས་ཡོད་པའི་བཀའ་ཕེབས་ཡོད་པ་མ་ཟད། དམངས་གཙོ་ཆ་ཚང་བ་ཞིག་གསོལ་རས་གནང་བའང་མི་མང་གི་བསམ་ཚུལ་འགྲོ་ས་ཡོད་པའི་གཞུང་ཞིག་ལ་ཐུགས་རེ་གནང་ཡོད། ལྷག་པར་ཏུ་འདི་ལོ་ཆོ་འཕྲུལ་སྨོན་ལམ་སྐབས་ཀྱི་སྲིད་དབང་རྩིས་སྤྲོད་ཀྱི་བཀའ་སློབ་ཏུ་དེ་སྔའི་བོད་ཀྱི་གྱོད་ཞིབ་ཀྱི་གནས་ཚུལ་ཞིག་ཐུགས་ཕངས་པོའི་ངང་གསུངས་ཡོད། དེའི་རྐྱེན་གྱིས་བློ་སེང་གིས་ཕར་རྒྱུགས། གཞུང་གི་སྒྲིག་འཛུགས་ཀྱི་ལས་དོན་ཚང་མ་ང་རང་གིས་ཐག་གཅོད་བྱེད་ཀྱི་རེད་ཅེས་པའི་རྣམ་འགྱུར་འདིས་༸གོང་ས་མཆོག་༸རྒྱལ་མཆོག་བཅུ་གསུམ་པ་ཆེན་པོ་ནང་བཞིན་བོད་དུ་ཅི་ལྟར་གདན་འདྲེན་ཞུ་རྒྱུ་རེད་དམ།

ཡེ་རྡོར་ལ་ཡེ་རྡོར་གཏུགས་པ།
གྲོགས་པོ་ཞིག་ལ་ཁ་པར་བཏང་ནས་ཤར་ཕྱོགས་ཁུག་རྟའི་རྩོད་གཞི་ཅན་གྱི་རྩོམ་ཡིག་ལས་གཞན་གྱི་བརྩམས་ཆོས་རེག་ཐུབ་བམ་སྐད་ཆ་དྲིས་པར་དྲ་གནས་ཤིག་ཤར་མར་བསྐུར་གནང་བྱུང་། དེ་ནི་འོད་དཀར་དྲ་ཚིགས་རེད་འདུག དེ་ལས་གཞན་དབྱིན་གཟུགས་བོད་གདངས་ཀྱི་བདེན་པ་ཞེས་པ་དགོས་དགུ་(google)ནང་དུ་འཚོལ་བཤེར་བྱས་དང་མང་པོ་རེག་གི་ཟེར་ནས་གསུངས་བྱུང་། དེ་སྔ་རྒྱལ་སྤྱའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་དེབ་གཉིས་བཏོན་པ་ཡིན་བསམ་སོང་། དེ་འདྲའི་ཆེད་དེབ་གཉིས་ཀྱིས་རྒྱ་གཞུང་ལ་ལན་འདེབས་དང་། དོན་དངོས་ར་སྤྲོད་ཀྱི་རྩོམ་ཡིག་བྲིས་ཏེ་ཡིག་དམག་རྒྱབ་ཡོད་ཀྱང་། དེ་ནས་རིམ་པས་ཧ་ཅང་ཉུང་བ་རེད་འདུག བོད་གཞུང་ཕྱོགས་ཀྱིས་ཀྲུང་གོའི་རྒྱབ་ཤ་དཀར་པོའི་དེབ་བཏོན་ནས་ལོ་འཁོར་ནས་བརྗེད་འགྲོ་གི་ཡོད་པས་མཚམས་ཤིག་ལ་ཅིག་བཏོན་ཡོང་གི་རེད་དེ་དབུས་པའི་བཤད་ཕྱོགས་ལ་ས་མིག་མ་སྟོང་ཙམ་ཞིག་བྱས་པ་རང་ལས་མི་འདུག ཤར་ཁུག་འདིས་སྐབས་དང་སྐབས་སུ་རྒྱའི་གཞུང་ཕྱོགས་ཀྱི་རྩོམ་ཡིག་ལ་ཁ་གཏད་བཅག་ཡོད་པ་ནི་བོད་ཀྱི་འཐབ་རྩོད་ཁྲོད་གླེང་རིན་ཡོད་པ་ཞིག་རེད། འོན་ཀྱང་། བློ་བཟང་སེང་གེས་དེ་སྔ་མཁས་པའི་མཚན་གནས་ཐོག་ནས་དེ་འདྲ་བྲིས་ཡོད་པ་ཅི་ཡང་མ་མཐོང་། འདི་ལྟ་བུའི་རྩོམ་པ་པོ་ཁོང་གི་འབད་བརྩོན་གཅིག་བུ་ལའང་བཀའ་ཤག་གསར་བས་གནས་སྟངས་འདི་འདྲ་བྱེད་པ་ཅུང་མ་བདེ་བ་ཞིག་འདུག

མི་མང་སྐུལ་སློང་བྱེད་མི་ཆོག
“གནད་དོན་དེ་ནི་ལས་བྱེད་བླང་དོར་སྒྲིག་གཞི་ལེའུ་གསུམ་པའི་དོན་ཚན་བརྒྱད་པའི་ལས་བྱེད་ཀྱི་ཀུན་སྤྱོད་བླང་དོར་དོན་ཚན་ལས། གཞུང་ཞབས་བྱེ་བྲག་པར་སྐྱོན་བརྗོད་བྱས་ཏེ་མི་མང་སྐུལ་སློང་བྱེད་མི་ཆོག་ཞེས་པར་འགལ་ཡོད་པ་རེད། ”ཧ་ཅང་གསལ་ཁ་ལྡན་པའི་ཉེས་འཛུགས་འདི་དུས་བབ་དྲ་བར་གསལ་འདུག
འོན་ཀྱང་། གནད་དོན་འདི་ཅུང་ཚབས་ཆེན་གྱི་ངོར་འཕོས་ཡོད་པ་སྟེ་རྒྱ་གར་གྱི་བྷ་བྷ་རམ་གྱི་ལས་འགུལ་གློ་བུར་དུ་ཡིད་ལ་འཁོར་དུ་འཇུག་པའི་དྲིས་ལན་འདིས་སེང་གེ་བཀའ་ཤག་གི་མདུན་ལམ་ཞེས་པའི་རྩོམ་ཡིག་དེ་ལས་བྱེད་ཀྱི་གླང་དོར་སྒྲིག་གཞི་དང་འགལ་འདུག་ཅེས་པ་ཙམ་མ་ཡིན་པར་དྲ་རྒྱའི་བརྒྱུད་ལམ་དུ་ཁྱབ་པར་ཉེས་པ་འཛུགས་ཀྱི་ཡོད་པའི་བཟོ་འདྲ་མངོན་གྱིན་འདུག གང་ཡིན་ཟེར་ན་ཤར་ཕྱོགས་ཁུག་རྟའི་རྩོམ་ཡིག་དེའི་ནང་དུ་མི་མང་སྐུལ་སློང་གི་གསལ་བཤད་ཅི་ཡང་མཐོང་རྒྱུ་མེད་པར་བཀའ་ཤག་གསར་བ་དང་དེའི་ལས་དོན། མ་འོངས་མདུན་ལམ་བཅས་ལ་བསམ་ཚུལ་བཏོན་པ་ཞིག་ལས་མི་མང་སྐུལ་སློང་ཞིག་ཡེ་ནས་མ་མཐོང་། ཡང་གཅིག་བཤད་ན་“འོན་ཀྱང་། བློ་བཟང་ཆོས་འབྱོར་ལགས་ལས་གནས་ནས་ཕྱིར་འཕུད་བཏང་བའི་སྐད་ཆ་མ་ཡིན་པར། ཉིན་གླའི་ལས་གནས་དེར་མུ་མཐུད་བསྐོ་བཞག་གནང་ཡོད་པ་མ་རེད།”ཟེར། གང་ལྟར་སེང་གེ་བཀའ་ཤག་གིས་སེང་གེ་བློ་བཟང་གི་ཇུས་འགོད་རིང་མོ་མ་འོངས་པ་ན་འདི་ལྟར་ཁུངས་འཁྱོལ་རྒྱུ་ཡིན་ནམ། ང་ནི་སེམས་ཁྲལ་ཅིག་དཱ་སླེབས་སོང་ངོ། ན་མ་སུ་རྡེ།

སྣ་ཚོགས།

Post navigation

Previous Post: སྒྱུ་རྩལ་པ་གྲགས་ཅན་བསྟན་འཛིན་རིག་གྲོལ་ལ་བཅར་འདྲི་།
Next Post: བོད་དོན་ལས་འགུལ་གྱི་འབོད་སྐུལ་གསལ་བསྒྲགས།

Comments (17) on “གཤོག་པ་ཅན་གྱི་ཁུག་རྟ་དང་སྡེར་མོ་ཅན་གྱི་སེང་གེ།”

  1. བཀྲ་དགའ་ says:
    2011-11-01 at 9:13 pm

    རྩོམ་པ་པོ་ལགས་ཁྱེད་ནས་ཞེ་དྲག་ཡག་པོ་གསུངས་འདུག་བསྔགས་བརྗོད་ཡོད། འོན་ཀྱང་རང་ཕྱོགས་ལ་བསྟོད་པ་ཁོ་ན་དགོས་པ་ལས་སྐྱོན་ལ་སྐྱོན་རེད་བརྗོད་ན་ཉན་རྒྱུ་མེད་ཁར། ཕྱོགས་ཞེན་གྱིས་རྒྱུད་བསླད་པ་རྣམས་ཀྱི་རྣ་བར་བུང་བུའི་རྣ་ཆོག་ལ་གསེར་བསླུགས་པ་ལྟ་བུ་ལས་ཕན་ཐོག་ཅུང་ཟད་ཙམ་ཡང་མི་འབྱུང་བ་ཚང་མས་ཤེས་གསལ་ཡིན།། །།

  2. བོད་ཡིག་སྐྱབས། says:
    2011-11-01 at 10:21 pm

    སྐབས་སུ་བབས་པའི་ཉེན་རྟོག་དཔོན་ལ་བསྐོས་ན་འོས།

  3. ཆུ་བ་འཕྲིན་བཟང says:
    2011-11-02 at 12:37 am

    ཁུག་རྟའི་རྒྱབ་སྐྱོར་པ་དང་ཁ་བརྡ་ཚང་ལ་ཞུ་ལ་རྒྱུ། དང་པོ་་་ཁ་སང་དེ་རང་གཞིས་ལས་སྤུན་ཟླ་ཚོས། དམར་པོའི་བཙན་གནོན་འོག་ཏུ་ང་ཚོའི་བདེན་དོན་དང་རང་དབང་ཁོ་ནའི་ཆེད་དུ་རང་ལུས་མེ་རུ་སྒྲོན་བཞིན་པའི་སྐབས་དུས་འདི་་འདྲ་ཞིག་ལ། ཁྱོས་ཚོས་རང་ཤ་བཅད་ནས་ཁྱི་ལ་སྟེར་དོན་ཅི་ཡིན། ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་གསལ་པའི་གཞུང་ས་དགའ་ལྡན་ཕོ་བྲང་གི་རྒྱལ་ཐམ་༧གོང་ས་མཆོག་གིས་ཕྱག་ཟུང་དྲོད་མོའི་བྱིན་རླབས་དང་བཅས་གནང་སའི་སྲིད་སྐྱོང་སྟེ་བོད་མི་མང་གིས་དམངས་གཙོའི་འོས་བསྡུ་ལས་རྒྱལ་ཁ་ཐོབ་པ་དང།། སྲིད་སྟེགས་ལས་ཟླ་ངོ་འགའ་མིན་ཕྱིན་མེད་པའི་མ་འོངས་པའི་སྣེ་ཁྲིད་པ་ཁོའི་རྐང་པ་ནས་འདི་ལྟར་ལྟ་བ་ལངས་ཕྱོགས་མེད་པའི་སྤྲུལ་སྐུ་རྫིན་མ་ཏེ་ཁུག་རྟའི་ལས་གནས་ཕྱིར་ཏུ་འཐེན་དོན་ཅི་ཡིན། ང་ངོ་མ་ཁྱོད་ཚོ་དྲ་འབུ་རེ་ཟུང་དང་སྙུག་ཐོག་པ་རེ་ཟུང་ལ་ཞེན་པ་ལོག་བྱུང།། ངས་བལྟས་ན་ཁྱོད་ཚོའི་རྙོག་བཤད་འདི་དག་བོད་ཀྱི་དུས་བབས་དང་ཁ་བརྡ་དྲ་བ་ལ་བགོད་པ་ལས།། བོད་ལྗོངས་ཆ་འཕྲིན་དྲ་བ་དང་རྒྱབ་ཤ་དཀར་པོའི་དེབ་ངོས་བགོད་ན་ད་གཟོད་རིན་ཐང་དང་ལན་པོ་ཡོད་ས་རེད། དེ་མིན་ཁྱོད་ཚོས་དམངས་གཙོ་དང་དྲེང་བདེན་ཟེར་ནས་ཁུག་རྟའི་རྒྱབ་རྩར་ལངས་ཁུལ་བྱས་དུས་་་ང་ལ་མཚོན་ན་དཀོན་མཆོག་གསུམ་ངོ་ཚ་ནས་འབར་ཐ་་་ཡང་གཅིག་བཤད་ན་སྨྱོན་པའི་བཟོ་ལྟ་སྨྱོན་པའི་བྱེད་ཟེར་པ་ཞིག་ཅིང་ཡོད་ཡོད་རེད། གཉིས་པ་ཁ་བརྡ་ཚང་ལ་་་ཁྱོད་ཚོས་དེ་སྔོན་ནང་ཁུལ་དབྱེན་དཀྲིགས་དང་མི་སྒེར་འཚིངས་འབྱིན་སོགས་དུས་བབས་ཐོག་བགོད་ཟིན་པའི་རྩོམ་ཡིག་དག་འདིར་མི་བགོད་ཟེར་པའི་སྒྲིག་གཞི་གསར་པ་དག་ཁུག་རྟའི་གཤོགས་སྣེ་དང་འགྲོགས་ནས་གང་ཞིག་ལ་རླུང་གིས་ཁུར་སོང་པ་ཡིན་མན།། ཡང་ན་དྲ་བདག་ཚོ་

    ་ལས་དོན་ཞིག་ལ་བྲེལ་བཞིན་ཡོད་དམ་་་་གང་ལྟར་མདོར་བསྡུས་ན་ངས་རེ་བ་ལ་ཁུག་རྟའི་ལས་གནས་དང་འབྲེལ་པའི་རྙོག་གཏམ་འདིའི་རིགས་་ཕྱིན་ཆད་བགེག་ན་ལེགས་པོ་འདུག་བསམ་པ་ཡིན་་་་་་་་་་་་་་་་

  4. གངས་ལྷ་མེ་ཏོག says:
    2011-11-02 at 4:18 am

    ཁ་བརྡ་དྲ་བདག་གིས་ཤར་ཁུག་ལ་རྒྱབ་སྐྱོར་མཁན་གྱི་མཆན་མ་གཏོགས་ཁོང་ལ་རྒྱབ་སྐྱོར་མི་བྱེད་མཁན་གྱི་མཆན་བསུབ་ཀྱི་འདུག ངས་དེ་སྔོན་མཆན་གཅིག་བཞག་པར་ཅུང་མ་འགོར་བར་བསུབ་སོང་། རྒྱུ་མཚན་ཅི་ཡིན་དཔྱད་རོགས།

  5. རྡོ་ཕྲུག says:
    2011-11-02 at 4:28 am

    ཤར་ཁུག་གིས་བསམ་ཚུལ་བརྗོད་པའི་བྲིས་རྩོམ་འདིར་སྤྱིར་དམངས་གཙོའི་གཞུང་ཞིག་གི་ངོས་ནས་བལྟས་ན་རྩོམ་པ་པོ་གནས་བྱུང་གཏོང་དགོས་པའི་གནས་སྟངས་ཤིག་ག་ལ་ཡིན། དེ་ནི་དམར་པོའི་གཞུང་ཞིག་གི་བྱེད་སྟངས་ལས་མ་འདས་སྙམ། ཡིན་ན་ཡང་འདི་ལ་་ངོ་རྒོད་བྱེད་མཁན་གྱི་ནང་ན་ཆོལ་ཁའི་ཕྱོགས་ཞེན་གྱི་སྐད་ཆ་བཤད་མཁན་གང་མང་མཆིས་པས་དེ་ནི་མཐུན་སྒྲིལ་གཏོར་ཤིག་ཏུ་གཏོང་རྒྱུའི་ཐབས་ཇུས་ཤིག་ཡིན་པ་ལས་གཞན་དུ་མ་མཆིས་སྙམ། གཞན་ཡང་བཀྲ་ཤིས་ནག་ལྡང་གིས་བཤད་པ་ལྟར་བློ་སེང་གིས་མཁས་མིང་ཐོགས་པ་ནས་ད་ལྟའི་བར་རྒྱ་གཞུང་ལ་ཁ་གཏད་གཅོག་པའི་རྩོམ་ཡིག་སྣ་གཅིག་ཀྱང་སྤེལ་མྱོང་མེད་པ་དེས་ཀྱང་ཁོང་གི་མི་གཤིས་ངོ་མ་ཞིག་མངོན་ཐུབ་སྙམ། དེ་བཞིན་ངས་ཀྱང་ཤར་ཁུག་མཐོང་མྱོང་མེད་པས་ཁོ་རང་ལྷད་མེད་རྣམ་དག་གི་མི་ཞིག་རེད་ཅེས་རྩ་ནས་བརྗོད་མི་ཐུབ།

  6. ཆུ་ཤེལ་དྭངས་མོ། says:
    2011-11-02 at 4:59 am

    བྱ་ཁུག་རྟའི་གཤོག་པ་བརྐྱངས་ཀྱང་།།
    ཁྱི་སེང་གེའི་སྡེར་འོག་མནན་སོང་།།
    བྱ་འུག་པས་སྐད་ངན་བརྒྱབ་ནས།།
    ས་རྡ་སའི་བྱིའུ་ཚང་སྔོགས་སོང་།།

    བྱ་ཁུག་རྟ་སྤུ་མེད་མཁྲིས་ལ།།
    བྱ་སྤུ་ཡོད་སྤུ་མེད་ཚོགས་ནས།།
    བྱ་བྱིའུའི་སྡུག་གཏམ་གླེང་སྟེ།།
    བྱ་མང་པོ་འུར་འདྲོགས་ལངས་བྱུང་།།

    བྱ་འདི་ཚོས་ཁྭ་ཏར་བློ་དྲིས།།
    བློ་འདྲི་སའི་འཆི་ནག་ཁྭ་ཏས།།
    ས་རྡ་སའི་ནགས་གསེང་ཞིག་ནས།།
    དོན་མེད་ལ་བྱ་ཚོགས་དཀྲོགས་སོང་།།

  7. ཤེས་རབ། says:
    2011-11-02 at 5:34 am

    བཀྲ་ཤིས་ཀྱིས་གནས་ཚུལ་ཁུངས་ལྡན་དཔང་པོར་བཞག་ནས་རྩོམ་ཡག་སྤེལ་འདུག དེས་ཆ་ནས་ཁོ་རང་གཟུར་གནས་ཤིག་ཡིན་ཐག་ཆོད་རེད། ང་ཚོས་མཐར་གཏུག་གི་འབབ་ས་དེ་དོན་དག་འདི་རྣམས་ཆེས་མཐོའི་ཁྲིམས་ཞིབ་ཁང་ཏུ་བསྐྱལ་དགོས་མིན་པ་བསམ་བློ་གཏོང་དགོས་པ་རེད། ཁྲིམས་ཀྱི་མདུན་སར་མི་ལ་ཆེ་ཆུང་ཡོད་པ་མ་རེད། ཐབས་ལམ་ཡག་ཤོས་ཀྱང་དེ་རེད།
    གཉིས་ནས། བློ་སེང་གིས་ཤར་ཁུག་ཅི་ལྟར་ལས་མཚམས་འཇོག་བཅུག་པའི་རྒྱུ་མཚན་ལ་དཔྱད་པ་གཏོང་དགོས་པར་འདོད། བློ་སེང་བཀའ་བློན་གཞན་ལས་ནུས་འཇོན་ཆེ་མཐོང་མེད་ཚུལ་བཤད་པ་དེས་ལན་འདུག་གམ། དེས་རྐྱེན་བྱས་ཏེ་བློ་སང་གིས་བཀའ་བློན་ནང་ཁུལ་དུ་དགྲ་བཅོམ་པ་བྱེད་ཀྱི་ཡོད་པ་རེད་དམ། ཡང་ན་བཀྲས་མཐོང་གི་རྒྱབ་སྐྱོར་བ་ཞིག་ཡིན་པས་ཁོས་གཏིང་ནད་མངོན་གྱུར་བྱས་པ་རེད་དམ། གནད་དོན་ཅི་ལྟར་བསམས་ཀྱང་། གང་བཤད་ན་མ་བཤད་ན། ངས་བསམས་ན་གོང་གི་དོན་གནད་འདི་གཉིས་ལས་བརྒལ་འགྲོ་ས་ཞིག་མེད་པར་བསམས། དེ་བས་ང་ཚོས་བློ་སེང་གིས་སྒེར་གཅོད་བྱེད་དགོས་པའི་རྒྱུ་རྐྱེན་འཚོལ་ན་དགའ་ས་རེད།

  8. ཀུན་དགའ་། says:
    2011-11-02 at 5:44 am

    ཟིན་བྲིས་པ་ཚོར་ཞུ་རྒྱུར་ཕྱོགས་ལྷུང་ཁོ་ནས་སྐད་ཆ་བཤད་འདི་ཚོ་བློ་ཕམས་པའི་རྒྱུ་ལས་གཞན་མ་མཆིས་།

  9. མི་ཆུང་། says:
    2011-11-02 at 9:17 am

    ད་མང་པོ་མི་ཤོད། སྔོན་ལ་ཤར་ཁུག་གི་རྒྱབ་ལྗོངས་ནན་མོར་འཚོལ། བོད་ནས་སླེབས་ནས་ད་བར་གྱི་བྱུང་རིམ། དེ་ནས་རིམ་གྱིས་དབུས་བོད་མིའི་སྒྲིག་འཛུགས་དང་བོད་མི་དམངས་ཀྱིས་བདམས་པའི་བཀའ་ཁྲི།
    ་ད་དུང་ལྷན་ཁང་སོ་སོར་རྒོལ་གཏམ་ཐོང་། དེ་ཁྱེད་ཚོའི་འཇོན་ཐང་རེད།

  10. ཁ་བའི་བུ། says:
    2011-11-02 at 11:04 am

    བོད་དང་། བོད་ཡིག་གི་ལས་དབང་ལས་སྐྱུག་བྲོ་བ་ཞིག་གང་དུ་ཡོད། ད་དུང་བཀའ་ཤག་གསར་པའི་བོད་ཡིག་ལ་འཛྀན་པའི་སྲིད་བྱུས་དང་། ལྷག་པར་རྩོཔ་པོར་སྔང་སེམས་བྱ་ཚུལ་ལ་བལྟས་ན་མ་འོངས་བགྲངས་ཆ་ལྔའི་ནང་གཏན་གཏན་ད་ཆ་འབར་བཞྀན་པའི་བོད་ཡིག་གི་བརྒྱུད་ལམ་ཁག་གི་དབུགས་ཆད་ངེས་པ་རེད་འདུག

    ཨོྂ་མ་ཎི་པདྨེ་ཧཱུྂ།

  11. གཟུར་གནས། says:
    2011-11-02 at 11:07 am

    ཨ་མདོ་བའི་ཕྱོགས་ཞེན་འདིས་བོད་རྩ་གཏོར་གཏོང་ཉེན་ཧ་ཅང་ཆེན་པོ་མཐོང་སོང་།

  12. སློབ་དཔོན་མཆན་བུ་པ་ says:
    2011-11-02 at 11:33 am

    མང་པོ་བཤད་ནས་གང་ཕན། སེང་གེ་ལ་བོད་ཡིག་བསླབས་ནས་བོད་ཡིག་དགེ་རྒན་ཟོས། ཁུག་རྟ་ལ་སྲིད་དོད་བསླབས་ནས་བཀའ་ཁྲིར་སྐོས་དང་། དེ་ནས་བློ་ཚིམ་པ་འདུག་གེ ལགས།

  13. སློབ་དཔོན་མཆན་བུ་པ་ says:
    2011-11-02 at 11:36 am

    སྲིད་དོད་སྲིད་དོན་ལ་བཅོས།

  14. བཀྲ་ཤིས་ནག་ལྡང་། says:
    2011-11-02 at 4:05 pm

    གཟུར་གནས་ཞེས་པའི་མི། ཨ་མདོ་བས་ཕྱོགས་ཞེན་འདི་བྱས་པ་རེད་ཟེར་བ་ཞིག་ཁྱོད་ལ་དྲངས་རྒྱུ་ཡོད་དམ།
    ལྷག་པར་ཏུ་གུས་པའི་རྩོམ་ཡིག་འདིའི་ནང་དུ་ཕྱོགས་ཞེན་གྱི་གནད་དོན་འདི་རེད་ཟེར་བ་ཞིག་ཁྱོད་ཀྱིས་སྟོན་ཤེས་སམ།

  15. གངས་སྤྲེལ་ཚ། says:
    2011-11-02 at 5:47 pm

    ཁུག་རྟའི་རྒྱབ་སྐྱོར་བ་ཁ་བརྡ་ཚང་གི་རྙོག་གླེང་གང་མང་གཏོང་གི་འདུག་ད་་ངས་བལྟ་ན་དགྲ་གཉེན་སྡུག་གི་གནས་ཞིག་ཏུ་འཁུམ། ཁྱད་པར་དྲ་བ་འདིའི་གཟི་བརྗིད་ཀྱང་ཉམ་སྲིད། དེ་བས་གང་མཚམས་ནས་རྙོག་གླེང་སྐོར་བགག་ན་འདོད། འདི་ཡར་འཇུག་མི་འཇུག་མི་ཤེས་མོད་་་་ཁྱད་མེད་་་

  16. འབའ་བློ says:
    2011-11-03 at 1:53 pm

    གསུར་གནས་ནས་ཟེར་བ་ལ། ང་རང་ངོ་མ་གསུར་གནས་ཞིག་ཡིན་ཁྱོད་ཀྱས་ཨ་མདོ་ཚོ་ཟེར་དོམ་གང་ཡིན། ངོ་མ་ཡིན་ཨ་མདོ་བ་ཚོའི་བོད་དང་བོད་ཡིག་དུང་བས་སེམས་པ་འདི་ཁྱོད་ཚོའི་རྩ་མེད་བཟོ་བཞིན་འདུག ཨ་མདོ་ཨ་མདོ་ཁ་དེ་ཚུམ་འུ་གོ་གི

  17. དཔའ་རྒོད་བསྟན་འཛིན་ནས་ says:
    2011-11-08 at 4:38 pm

    ཡོན་ཏན་ཆུང་ཆུང་ང་རྒྱལ་ཆེ་་་དེ་བཞིན་ཆུ་མིག་ཆུང་ཆུང་འུར་ཅོག་ཆེ་་་་མང་པོ་ཞིག་གིས་རང་ཉིད་བོད་ཡིག་ཅུང་ཤེས་པ་དེས་བོད་ཀྱི་དོན་དུ་བེད་སྤྱོད་མ་བྱེད་པར་ནང་ཁུལ་ལ་ཕན་ཚུར་དབར་སྐྱོན་བརྗོད་ཀྱི་མེར་རླབས་འབར་་་མིག་བསལ་གྱི་མཁས་དབང་ལ་དེ་འདྲ་བྱས་པ་གད་མོ་དྲོ་་་་
    དང་ཐོག་རང་ཉིད་ཀྱི་བོད་མི་རིགས་ཆེད་དུ་ཇི་ཙམ་བྱེད་པ་ཤེས་དགོས་མ་གཏོགས་སྤྱིར་ཚོགས་ན་མི་གཞན་ལ་སྐྱོན་འཛུགས་བྱེད་མཁན་དག་མང་ཙམ་འགྲོ་བཞིན་ཡོད་ཀྱང་དེ་དག་གིས་ཡང་རང་ཉིད་ཁ་ཙམ་མ་གཏོགས་དོན་དངོས་ལ་ཇི་ཙམ་བྱེད་ཀྱི་ཡོད་པ་རང་ཉིད་ཡག་ཤོས་ཤེས་་་་་་
    རང་ཉིད་བོད་ཡིག་ལེགས་པོ་ཡོད་ན་རྗེས་སུ་ཡིད་རུང་ཡོད་ཀྱང་དེ་མིན་བོད་ཡིག་ཅང་ཙམ་ཤེས་པ་གང་ཡང་མིན་གཙོ་བོ་རང་གཞན་ཀུན་ལ་ཕན་ཐོགས་ཀྱི་གཞི་ཞིག་འགྱུར་ཐུབ་ན་ལེགས་
    གྲོགས་པོ་ཚོ་་་་་་་་་་་དུས་དེ་ནང་ཁུལ་གཅིག་ཕན་གཅིག་གྲོགས་བྱ་རྒྱུར་ལས་ཕན་ཚུར་སྒེར་དོན་བོད་མི་རིགས་ཀྱི་མིང་ཐོག་འཁྱེར་ཡོང་ཚེ་་་་་་མི་དེའི་ནི་སྤྱིར་ཚོགས་གང་ན་ཕན་ཐོགས་མེད་་་
    བྱས་ཙམ་བོད་ཡིག་ལེགས་པོ་ཚོ་་་ཁ་ཉུང་ཙམ་བོད་མི་རིགས་ཀྱི་ཆེད་གལ་སྲིད་བློ་ཟུར་གནས་ཀྱི་སེམས་དཀྱིལ་ཀྱི་གཏམ་ཡིན་ཚེ་ཆེས་སྔགས་བསྟོད་ཡོད་མ་གཏོགས་དེ་མིན་རྒྱ་མིའི་སོ་པ་བཞིན་ཕན་ཚུར་དཀྲུགས་བྱེད་ཀྱི་དོན་མེད་གཏམ་བརྗོད་མ་ཡོང་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme