Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསམ་ཚུལ་ཡིན་དཱ།

Posted on 2011-10-28 By དགེ་རབ་ 6 Comments on བསམ་ཚུལ་ཡིན་དཱ།

སྙན་བཟང་གཡུང་དྲུང་ཚེ་རིང་།
———-
ཉིན་འགའི་གོང་དུ་ལི་བྷི་ཡའི་དྲག་སྤྱོད་པ་ཚོས་རང་གི་སྲིད་འཛིན་ལ་མེ་མདའ་སྐག་སེ་བརྒྱབ་ནས་བསད་སོང་། ཁྲག་དམར་ལྷོག་ལྷོག་ཏུ་བཞུར་བ་མཐོང་། ཊུ་ནི་ཤ་ཡའི་སྲིད་འཛིན་དང་ཨི་ཇུབ་ཀྱི་འགོ་འཁྲིད་གཉིས་ཀྱིས་ཀྱང་སྲིད་དབང་བློས་བཏང་མེད་ན་ཚེ་བཙོན་དང་དམར་གསོད་གཉིས་ཀྱི་ལམ་ཁ་གང་རུང་ཞིག་ལས་གཞན་མེད་པ་རེད། ད་དུང་ཡང་ཨ་རབ་ཏུ་གསར་བརྗེའི་མེ་ལྕེ་མུ་མཐུད་དུ་འབར་གྱིན་འདུག འདི་ལས་གསལ་པོ་ཞིག་མཐོང་བ་ནི། ‘‘གསར་བརྗེ་’’ནི་མི་མང་གི་སྟོབས་ཤུགས་ཀྱིས་སློང་དགོས་པ་དང་། གསར་བརྗེ་ལ་བརྟེན་ནས་མི་མང་གི་རེ་འདུན་ཀྱང་རྣམ་པར་རྒྱལ་བཞིན་པ་དེ་རེད།

ང་ཚོས་‘‘མེ་ཏོག་ཨ་ཀར་གྱི་གསར་བརྗེའི་’’མེ་ལྕེ་རྒྱ་ནག་ཏུ་མཆེད་ན་སྙམ་པའི་རེ་བ་ཞིག་བརྒྱབ་པ་རེད། རེ་བ་རྒྱག་དགོས་དོན་ནི། རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་འདི་དམངས་གཙོ་ཅན་དུ་གྱུར་ན། ང་ཚོས་ཀྱང་དམངས་གཙོ་ཞེས་པའི་ལྟ་གྲུབ་རྒྱབ་རྟེན་དུ་བྱས་ཏེ་ཐོབ་ཐང་ཞིག་རྩོད་ཆོག་པ་དང་། དེ་ནས་འོས་ཤོག་འཕེན་ཆོག་པའི་ཡང་དག་པའི་ལམ་སྲོལ་དེར་བརྒྱུད་ནས་བོད་ཀྱི་བདེན་མཐའ་སེལ་ན་སྙམ་པ་རེད། ཡིན་ནའང་། གསར་བརྗེའི་མེ་ལྕེ་དེ་རྒྱ་ནག་ཏུ་མཆེད་གྲབས་ལྟ་བུ་ཞིག་བྱས་ནས་མཆེད་མ་སོང་། བསམ་བློ་བཏང་ན་མཆེད་རྒྱུང་མིན་པ་འདྲ། མི་བརྒྱ་སྐོར་འགའ་རེས་རྒྱ་ནག་དམངས་གཙོ་ཅན་དུ་བསྒྱུར་དགོས་ཞེས་སྐད་འབོད་བྱས་ནའང་འདྲ། འགྲོ་བ་མིའི་ཐོབ་ཐང་དགོས་ཞེས་གྱེན་ལངས་བྱས་ནའང་འདྲ། འདི་དག་གི་རྒྱབ་ཏུ་རྒྱ་ནག་མི་མང་གི་བརྒྱ་ཆའི་ག་ཚོད་ཅིག་ཡོད་དམ། དེས་ན་གསར་བརྗེའི་མེ་ལྕེ་མཆེད་པ་ལ་རྒྱ་ནག་གི་དཔལ་འབྱོར་རྡིབ་དགོས་ཤིང་། དེ་ནས་མི་མང་ས་ཡ་དང་དུང་ཕྱུར་མང་པོའི་གྲོད་ཁོག་ལྟོགས་དགོས་པར་མ་ཟད། སྐོམ་པ་ཞིག་ལངས་དགོས་པ་རེད།

ཨ་རབ་ཀྱི་གསར་བརྗེ་ལངས་སྐབས། ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཚོས་ཨ་རབ་མི་མང་ལ་རྒྱབ་སྐྱོར་གནང་ཞིང་། མཚོ་དམག་དང་གནམ་དམག་བཏང་བ་དེས་སེམས་འགུལ་ཐེབས། ཨ་རི་དང་ཡུ་རོབ་གཙོས་པའི་རྒྱལ་ཁབ་སྟོབས་ཆེན་ཚོས་ལུང་པ་གཞན་དག་ལའང་རྒྱབ་སྐྱོར་འདི་ལྟར་གནང་ཚེ། དུས་རབས་ཉེར་གཅིག་པའི་སྟོད་དུ་འཛམ་གླིང་འདིའི་སྟེང་གི་སྲིད་དབང་སྒེར་གཅོད་པ་ཡོད་ཚད་རྩ་མེད་ནུས་མེད་དུ་གཏོང་ཐུབ་མིན་དོགས་པ་རྩ་བྲལ་རེད། ཡིན་ནའང་ནུབ་ཕྱོགས་པ་འདི་ཚོས་ཨ་ཧྥི་རི་ཀའི་གླིང་ཕྲན་དུ་མགོ་བོ་ཁྲག་ནང་དུ་ཉལ་བའི་མི་མང་ཚོའི་སྐྱིད་སྡུག་བརྗོད་ཀྱི་མེད་ལ། ཁོ་བྷ་དང་བྱང་ཁོ་རེ་ཡ་ལྟ་བུའི་རྒྱལ་ཁབ་དག་གི་སྲིད་དབང་དུམ་སེ་གཅོད་ཀྱི་ཡིན་ཞེས་གླེང་གི་མེད།

ལི་བྷི་ཡ་དང་བོད་གཉིས་བསྡུར་དང་། ལི་བྷི་ཡའི་རྒྱལ་ཁབ་འདི་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་རེད། རྒྱལ་ཁབ་དེའི་ནང་དུ་སྐྱེས་པའི་མི་ཞིག་གིས་སྲིད་དབང་བཟུང་སྟེ་རང་གི་མི་མང་ལ་སྡུག་རྩུབ་བཏང་བ་རེད་མ་གཏོགས། རྒྱལ་ཁབ་གཞན་པ་ཞིག་གིས་ཐུབ་ཚོད་བཏང་། སྲིད་དབང་སྒེར་གཅོད་བྱས་པ་ཞིག་རྩ་ནས་མ་རེད། བོད་ནི་དེ་འདྲ་མ་རེད། བོད་དུ་མི་དབང་ཤེད་ཅན་ཞིག་ཡོང་ནས་རང་བཙན་ཡོད་པའི་རྒྱབ་ཁབ་ཅིག་ཁྱུར་མིད་བཏང་། མི་རིགས་དེར་གཉན་གནོན་བྱས། རང་དབང་གི་ཐོབ་ཐང་རྩ་བྲལ་དུ་བཏང་བ་ཡིན་སྟབས། འདི་གཉིས་ཀྱི་ངོ་བོ་འདྲ་མ་སོང་། སྤྱིར་ཡིན་ན་སྟོབས་ཆེན་རྒྱལ་ཁབ་འདི་ཚོས། ཐོག་མར་ང་ཚོའི་མཐའ་ནས་སྐྱོར་དགོས་པ་འདྲ་ཞིག་མཐོང་གི་མི་འདུག་གམ།

ང་ཚོས་གློ་བུར་དུ་‘‘བོད་ཀྱི་མཆོད་མེ་གསར་བརྗེ་’’ལྟ་བུ་ཞིག་བསླངས་ནའང་། ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨ་རབ་ཀྱི་ལུང་པ་ཁག་ཏུ་རྒྱབ་སྐྱོར་བྱས་པ་བཞིན་ང་ཚོར་རྒྱབ་སྐྱོར་གནང་གི་མ་རེད། གཅིག་ན་བོད་ཀྱི་ཁྲི་ཤོར་རྒྱལ་མོ་ནི་སྣུམ་མཛོད་མ་རེད། གཉིས་ན་རྒྱ་ནག་ནི་སྟོབས་འབྱོར་ཆེན་པོ་རེད། ནུབ་ཕྱོགས་ཀྱི་སྲིད་འཛིན་ཚོས་བོད་རང་བཙན་མ་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་རང་སྐྱོང་རྩོད་ཀྱི་འདུག འདི་དང་མཉམ་དུ་ཞི་བའི་གྲོས་མོལ་གནང་རོགས་ལྟ་བུའི་འབོད་སྐུལ་རེ་གནང་སྟེ་བསམ་གོམས་ཉན་གོམས་སུ་གྱུར་པའི་ཚིག་དུམ་རྙིང་པ་འདི་དག་བསྐྱར་ཟློས་སུ་བརྗོད་ངེས། ཚིག་དུམ་འདིས་ང་ཚོར་འདས་པའི་དུས་སུ་ཕན་ཐོགས་མེད་ལ། མ་འོངས་པ་ནའང་རྫུ་འཕྲུལ་ཞིག་སྟོན་ཐུབ་རྒྱུ་ཁག་པོ་རེད།

དེས་ན། བོད་ཀྱི་བདེན་མཐའ་འདི་སེལ་ཐུབ་མཁན་ཞིག་ཡོད་པ་ནི་བོད་མི་ས་ཡ་དྲུག་ལས་གཞན་མེད་པ་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་གཞིས་ལུས་མི་མང་གི་རེ་འདུན་ལ་མ་གཟིགས་པར་‘‘རང་བཙན་’’བློས་བཏང་ཞིང་། ‘‘བོད་གཞུང་’’གི་མིང་འདི་ཡང་ཕྱིར་བསྡུ་གནང་བ་རེད། ཐ་ན་བཙན་བྱོལ་དུ་འཚར་ལོངས་བྱུང་བའི་གཞོན་སྐྱེས་མི་རབས་ཚོར་བོད་ཡིག་གི་རྣམ་ཤེས་ཤིག་ཀྱང་བསྐྲུན་ཐུབ་མེད། འདི་ལྟར་མེད་ས་ཞིག་ནས་བོད་ཀྱི་བདེན་མཐའ་སེལ་བར་ནུས་པ་ཞིག་འདོན་ཐུབ་མིན་དཀའ་སེ་འདུག

ད་ཡིན་ན་‘‘བོད་ཀྱི་དོན་གྱི་བདག་པོ་བོད་མི་མང་རེད’’། བོད་ཀྱི་བདེན་མཐའ་དེ་ཡང་བོད་ནས་
སེལ་དགོས་པ་རེད་དྲན། བོད་ནས་‘‘གསར་བརྗེ་ཆེན་མོ་’’ཞིག་ལངས་དགོས་ཤིང་། བོད་ཀྱི་བདེན་མཐའ་འདི་ལ་འགྱུར་པ་ཞིག་མ་ཐེབས་པར་དུ་གསར་བརྗེ་ཆེན་མོ་དེའི་མེ་ལྕེའང་འབར་མཚམས་མ་ཆད་པ་ཞིག་བཟོ་དགོས་པ་རེད། འདི་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་འཆར་བཀོད་བཟོ་དགོས་པ་དང་། ཐ་ན་བོད་དུ་གསང་ཉུལ་བ་བཏང་ནས་ཕྱག་ལས་ཀྱང་གནང་དགོས་པ་རེད། དེང་སང་བོད་གཞིས་ལུས་མི་མང་སེམས་ཤུགས་ཆེན་པོ་རེད། སེམས་ཤུགས་ཡོད་ཐོག་ཏུ་གསར་བརྗེ་ཆེན་མོ་ཞིག་མ་ལངས་པ་ཡིན་ན་སེམས་ཤུགས་མེད་ཐོག་ཏུ་གསར་བརྗེ་ཞིག་ལངས་ཐུབ་བམ། མ་གཞི་ནས་གསར་བརྗེ་ཞིག་ལངས་ཚར་དུས་འགྱུར་བ་ཞིག་ཀྱང་ཏན་ཏན་ཐེབས་ཀྱི་ཡོད།

དེ་མིན་མ་འོངས་པ་ནའང་བོད་རྒྱ་གྲོས་མོལ་ཡོད་པའི་བཟོ་འདྲ་པོ། མེད་པའི་བཟོ་འདྲ་པོ། ཡང་། བོད་དོན་ཆེད་དཀའ་ལས་རྒྱག་གི་ཡོད་པའི་བཟོ་འདྲ་པོ། གྲུབ་འབྲས་མེད་པའི་བཟོ་འདྲ་པོའི་གནས་སྟངས་ཀྱིས་ང་ཚོའི་ལོ་ཟླ་མང་པོ་ཞིག་མུ་མཐུད་དུ་རྫོགས་ངེས་རེད། འདི་ལ་སྙིང་དམར་པོ་ཐང་ལ་ལྷུང་བའི་ཚོར་བ་ཞིག་འདུག

རྩོམ་རིག

Post navigation

Previous Post: ནོར་བུ་གླིང་གར་མར་མེའི་ཁྲོམ་སྐོར་བྱས་པ།
Next Post: བོད་མི་ཚོར་སྤྲིངས་པའི་སེམས་འཕྲིན།

Comments (6) on “བསམ་ཚུལ་ཡིན་དཱ།”

  1. སྤྱན་ཆབ། says:
    2011-10-28 at 6:44 pm

    ལགས་སོ་བཀླགས་ཡིན། བསམ་ཚུལ་ནི་བསལ་ཚུལ་རང་ཡིན་པ་མ་གཏོགས་གལ་སྲིད་ནམ་ཞིག་ང་ཚོས་ཁྱོད་ཀྱི་གསུང་བ་ལྟ་བུའི་གསར་བརྗེ་ཐེངས་ཤིག་བྱེད་ཐུབ་ཅི་མ་རུང་སྙམ་པས་བློས་བསླང་ཡང་བཞེངས་དགོས་བྱུང་ལ་དེ་ནི་ངེས་པར་དུས་ད་ལྟའང་ཐུག་བསྡད་ཡོད་པ་དེའང་བདེན་པ་བདེན་རྐྱང་རེད་ལགས།

  2. ཀརྡོ་རབ་འབྱམས་པ་ says:
    2011-10-29 at 10:11 am

    རྒྱ་ནག་མི་མང་གི་”མེ་ཏོག་ཨ་ཀར་གྱི་གསར་བརྗེ”འི་མེ་ཏོག་གསོན་པོ་དེའི་རྩ་བ་དེ་ཅུང་ཟད་གྲང་ངར་ཕོགས་པ་ཡིན་སྲིད་པས་དེས་ན། གཞི་ལུས་བོད་ནང་ནས་”བོད་ཀྱི་མཆོད་མེ་གསར་བརྗེ”འི་མེ་དྲོད་ཅིག་སྤར་ཐུབ་ན་བོད་རྒྱ་གཉིས་ཀའི་མང་གཙོའི་འབྲས་བཟང་ཅིག་མྱུར་དུ་སྨིན་པ་ལ་ཕན་སྲིད་པ་མིན་ནམ། ངའི་འདི་ཡང་བསམ་འཆར་ཙམ་ཡིན་གདའ།

  3. རྨུ་ཐག་གི་བུ་རྒྱུད། says:
    2011-10-29 at 4:33 pm

    རྒྱ་ནག་ནང་ལོག་ཏུ་༼མེ་ཏོག༽གི་འདབ་མ་རྒྱས་་མ་ཐུབ་པའི་རྒྱུ་རྐྱེན་དང་། བོད་དུ་༼མཆོད་མེའི༽་མེ་རླབས་མཆེད་མ་ཐུབ་པའི་རྒྱུ་རྐྱེན་གཉིས་མི་འདྲ་ནའང་འགོག་རྐྱེན་ཡིན་པ་འདྲ་འདྲ་རེད། དེའི་རྐྱེན་གྱིས་རྒྱ་ནག་ནང་གི་༼སད་༽བཀག་ན་བོད་ནང་གི་༼ལྷག་པ་༽དེ་ཡང་རང་ཤུགས་ཀྱིས་འགག་འགྲོ།

  4. སྙན་བཟང་གཡུང་དྲུང་ཚེ་རིང says:
    2011-10-29 at 7:06 pm

    སྐར་མ་ཁ་ཤས་ཀྱི་གོང་དུ། གྲོགས་པོ་ཞིག་གིས་ཁ་པར་བཏང་ནས་ངའི་བསམ་ཚུལ་ལ་ངོ་རྒོལ་བྱས་སོང་། ཁོང་གིས་བོད་དུ་གསར་བརྗེ་ལངས་ན་བོད་མི་མང་པོ་ཞིག་འཕྲོ་བརླག་ཏུ་འགྲོ་གི་རེད། ང་ཚོ་གྲངས་ཉུང་མི་རིགས་རེད་ཅེས་གསུངས་སོང་། ངས་བདེན་པ་རེད་ཅེས་བཤད། བོད་དུ་གསར་བརྗེ་ལངས་ནས་བོད་དོན་ལ་འགྱུར་བ་ཞིག་མ་ཕྱིན་ཚེ་བོད་མི་མང་པོ་ཞིག་འཕྲོ་བརླག་ཏུ་ཕྱིན་ན་དོན་མེད་རེད་ཅེས་དང་། གལ་སྲིད་བོད་དུ་གསར་བརྗེ་ཞིག་ལངས་ནས་བོད་དོན་ལ་འགྱུར་བ་ཕྱིན་ན་བོད་མི་འདས་པོ་རྣམས་ཀྱིས་གསར་བརྗེ་བྱས་པའི་དམིགས་ཡུལ་འགྲུབ་པ་རེད་ཅེས་བཤད། སྐད་ཆ་འདི་ལྟར་བཤད་ཆོག་ཆོག་ཡིན་ནའང་། དོན་དངོས་སུ་‘‘མིའི་མི་ཚེའི་རིན་ཐང་’’ཞེས་པ་འདི་ལ་བསམ་བློ་རེ་གཏོང་སྐབས། རིན་ཐང་འདི་ངའི་ྐླད་པ་ཆུང་ཆུང་འདིའི་ནང་དུ་ཤོང་ཐུབ་བྲལ།
    དེ་ནས་ངས་ང་ཚོ་གྲངས་ཉུང་མི་རིགས་ཡིན་པ་བདེན། བོད་དུ་གསར་བརྗེ་ཞིག་བྱུང་ནས་ང་ཚོ་རང་དབང་བྱུང་ཚེ། ང་ཚོས་ཀྱང་བོད་མིའི་སྐྱེ་འཕེལ་གྱི་གྲངས་ཀ་ཇེ་མང་དུ་གཏོང་དགོས་པ་རེད། ཉེ་ཆར་ངས་ཧྥ་རན་སིའི་རང་དབང་ཞེས་པའི་ཚགས་པར་སྟེང་གི་རྩོམ་ཞིག་བྐླགས་ཤིང་། རྩོམ་དེའི་ནང་དུ་ཉི་ཧོང་གི་ས་འགུལ་གྱིས་མི་མང་པོ་ཞིག་རྐྱེན་ལམ་དུ་བཏང་ནའང་། ཉི་ཧོང་བ་འདི་ཚོར་མི་རིགས་ཀྱི་ལ་རྒྱ་ཆེན་པོ་ཡོད་སྟབས། ཉི་ཧོང་བ་འདི་ཚོས་མི་རིགས་སྐྱེ་འཕེལ་གྱི་གྲངས་ཀ་ཇེ་མང་དུ་གཏོང་འགོ་ཚུགས་ཤིང་། གཞུང་གིས་ཀྱང་དཔལ་འབྱོར་གྱི་ཐད་ནས་རོགས་སྐྱོར་གནང་གི་ཡོད་པའི་སྐོར་བྲིས་འདུག ང་ཚོས་ཀྱང་དེ་ལྟར་བྱེད་དགོས་པ་རེད་བཤད་པ་ཡིན།

  5. ཁྲི་རལ་པ། says:
    2011-10-30 at 6:00 pm

    གསར་བརྗེ་ལངས་ན་བོད་མི་མང་པོ་གསོད་བཏུབ་བཙོན་འཇུག་བྱས་རྗེས་སྲིད་ཇུས་དེ་ལས་ནག་ཅིག་བཏང་ནས་ཕལ་ཆེར་མི་རབས་གཅིག་གི་རྗེས་སུ།
    བོད་སྐད་བོད་ཡིག་མི་ཤེས་མཁན་དང་བོད་ཞེན་མེད་པའི་ར་མ་ལུག་ཁ་ཤས་མ་གཏོགས་ལྷག་མེད་བཟོས་ཀི་རེད།ལྟོས་ནས་སྡོད་དང་དེ་དུས་སུ་གང་གིས་ང་ཚོ་སྐྱོབས་མི་ཐུབ།
    དང་པོ་བོད་ས་འདྲ་མིན་ནང་ངོ་རྒོལ་དང་མེར་བསྲེགས་སོགས་བྱུང་དུས་སྐྱིད་པོ་དང་བོད་མི་ཡིན་པར་སྤོབས་པ་འདྲའང་སླེབས་ཀི་རེད་ལགས།
    འོན་ཀྱང་།རིམ་པར་རང་གི་ཕ་མ་དང་སྤུན་མཆེད་སོགས་ཀྱི་ཐོག་བབ་ཡོང་དུས་སེམས་ཤུགས་འཕར་རྒྱུའི་ཚབ་དུ་སེམས་མགོ་ཁོ་རང་མི་ནོན་ཡ།
    དེ་ཚོ་ང་ཚོས་ཤེས་ན་ཡག་པོ་ཡོད།ཁ་རྒྱག་པ་བཤད་བསྡད་པས་གང་ཡང་མི་ཡོང་ལགས།

  6. སྙན་བཟང་གཡུང་དྲུང་ཚེ་རིང says:
    2011-10-30 at 10:16 pm

    ཁྲི་རལ་བ་ལགས།
    ངས་ཁྱེད་ལ་དཔེ་ཆུང་ཆུང་ཞིག་འཇོག་འདོད། ཧྥ་རན་སིའི་གསར་བརྗེ་མ་བྱུང་བའི་ཡར་སྔོན་དུ། རྒྱལ་པོ་ཞིག་གིས་ཡུལ་ལུང་འདི་ལྕགས་ཀྱི་དཀྱིལ་འཁོར་ཞིག་གི་ནང་དུ་བསྡམས་པ་རེད། སྐབས་དེར་མི་མང་གི་ཁྲོད་དུ་གསར་བརྗེ་བྱེད་འདོད་མཁན་དང་མི་འདོད་མཁན་གཉིས་བྱུང་བ་རེད། གསར་བརྗེ་བྱེད་མི་འདོད་མཁན་ཚོས་གལ་སྲིད་ང་ཚོས་གསར་བརྗེ་བྱས་ཏེ་རྒྱལ་ཁ་ཞིག་མ་འཐོབ་ན། རྒྱལ་པོ་འདིས་ང་ཚོ་ད་ལྟ་ལས་ཀྱང་ལྟོགས་སྐོམ་ཞིག་མྱོང་གི་འཇུག་གི་བསམས་པ་རེད། གང་ལྟར། གསར་བརྗེ་བྱས་པ་རེད། རྒྱལ་ཁ་ཐོབ་པ་རེད། དེ་ནས་ཧྥ་རན་སིའི་གསར་བརྗེ་ཞེས་སྐད་གྲགས་ཡོད་པ་འདི་བྱུང་བ་རེད།
    ད་དུང་གཅིག་བཤད་འདོད། རྒྱ་ནག་གི་སྲིད་ཇུས་འདི་ཡང་ལྕགས་མ་རེད། ལྕགས་ཡིན་ནའང་གཙའ་ཆགས་རྒྱུ་ཞིག་ཡོད་པ་རེད། ངས་བོད་དོན་ལ་འགྱུར་བ་མ་ཐེབས་བར་དུ་གསར་བརྗེ་ཆེན་མོ་དེའི་མེ་ལྕེའང་མ་ཆད་པ་ཞིག་བཟོ་དགོས་པ་རེད་བཤད་ཡོད། འགྱུར་བ་ཐེབས་པ་ཞིག་བཟོ་དགོས་པ་རེད། འདི་བོད་མི་མང་གི་ལག་ཏུ་ཡོད་པ་རེད། དེ་ནས་ཁྱེད་རང་གི་ཕ་མ་སྤུན་མཆེད་སོགས་ཀྱི་ཐོག་ཏུ་བབ་ཡོང་ན་ཞེས་གསུངས་སོང་། ཨ། ཁ་སང་ཁེ་ཉིན་སྐུ་ལུས་མེ་ལ་བསྒྲོན་པའི་བོད་ཀྱི་དཔའ་བོ་དེ་དག་ལའང་ཕ་མ་སྤུན་མཆེད་ཡོད་པ་མ་གཏོགས། ཕ་མ་མེད་པའི་དྭ་ཕྲུག་ཏག་ཏག་མ་རེད། དགོངས་པ་རེ་བཞེས་དང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme