Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདཽ་འཛིན་པ་ལྷ་མོ

Posted on 2009-04-08 By དགེ་རབ་ 14 Comments on མདཽ་འཛིན་པ་ལྷ་མོ

ཤར་ཕྱོགས་ཁུག་རྟ
——————

ཟི་ལིང་མཁར་གྱི་ལྷ་མོ
ཐག་ཉེ་ཡིན་ཡང་ ཐག་རིང་ནས་མཇལ་བྱུང
ལྷ་མོ་སྐྱེས་ས ཨ་མ་བཞུགས་སའི་ཙོང་ཁའི་འདབ་རོལ་ཡིན་མོད
ལྷ་མོ་མཐོང་ས གནས་ཚང་གཡར་མའི་ཁང་མིག་གྲུ་བཞི་ཡིན

ས་མཐའི་སེམས་ཀྱི་་་  ལྷ་མོ
གནའ་མཁར་གྲོང་གི་ཙན་དན་ལོ་མ་རེད
དྲི་བསུང་དང་དེ་ལ་བརྒྱུས་པའི་རླུང་གི་ཁུགས་པ་ཡོད་ཚད
བརྙན་འཕྲིན་གྲུ་བཞིའི་ཤེལ་ངོས་ནས་མཐོང་བྱུང

མཐའ་བཞི་ནག་པོའི་བརྙན་འཕྲིན
ལྷ་མོ་ཤར་ས་ཡིན་པས
ངའི་བློ་མིག་གི་དུངས་བ་ཡོད་ཚད
གློག་ཤུགས་ཀྱི་བྲན་གཡོག་ན
ལྷ་མོ་དང་ ལྷ་མོ་འཚོ་སར་འཚང་བར་བྱེད

ཙོང་ཁའི་ཡུལ་གྱི་ལྷ་མོར
བརྙན་འཕྲིན་གྲུ་བཞིར་ལག་པས་རེག
ལག་པ་སྔར་བཞིན གློག་དང་ཤེལ་གྱིས་བཀག་པས
ང་དང་ལྷ་མོ ཁྲག་གི་མཆི་མས་སྦྲེལ

གངས་རིའི་ཁྲོད་ཀྱི་ལྷ་མོ
བྱང་ནས་དྲན་ལ་ནུབ་ནས་ཀྱང་དྲན
མེ་ཏོག་གི་ལྷ་མོ་ རྣམ་ཤེས་ཀྱིས་དྲན
ང་དང་ ལྷ་མོའི་ ལས་དབང་་་
༠༩། ༢། ༩། ཉིན་ཧཕ་རན་སི་ནས་བྲིས།

སྙན་ངག

Post navigation

Previous Post: གདོན་འཕྲུལ་གྱིས་བསླུས་པ་ལྟ་བུའི་ལོ་རྒྱུས།
Next Post: བོད་མི་གཉིས་ལ་སྲོག་ཁྲིམས་བཅད་འདུག་ཟེར།

Comments (14) on “མདཽ་འཛིན་པ་ལྷ་མོ”

  1. མི་འཁྱམ། says:
    2009-04-08 at 11:51 pm

    ཕོ་གསར་ཁྱེད་ལ་ཁག་མི་འདུག མདོ་འཛིན་པ་ལྷ་མོའི་སྙན་སྒྲོན་དང་སྐྱེས་གཟུགས་སོགས་ཀྱིས་ཕོ་གསར་གླག་རྒོད་ཚོ་སེམས་པ་མི་ཤོར་བ་སུ་རེད། ད་ལོ་མཚོ་སྔོན་བརྙན་འཕྲིན་གྱི་ལོ་གསར་དགོང་ཚོགས་སྟེང༌། དར་རྩེ་མདོ་ཟེར་བའི་གླུ་གཞས་ཀྱང་ཡག་པོ་ག་འདྲ་ཞིག་བཏང་སོང༌། ཡིན་ཡང༌། མོ་མཚོ་སྔོན་བརྙན་འཕྲིན་ལས་ཁུངས་ཀྱི་ལས་བྱེད་དངོས་མ་དེ་མ་རེད་ལབ་ཀྱི་འདུག

  2. དཀོན་མཆོག says:
    2009-04-10 at 7:42 pm

    མདོ་འཛིན་པ་ལྷ་མོའི་སྐྱེས་གཟུགས་མི་ཆོག་རྒྱུ་མེད་ཀི དར་རྩེ་མདོ་ཟེར་བའི་གླུ་གཞས་དེ་ཁོ་མོས་ཡག་པོ་ཞིག་བཏང་མ་སོང་། སྐད་ངག་ཡག་པོ་འདུག་པས་མ་འོངས་པར་རེ་བ་ཡོད་རྒྱུ་རེད་འདོད་ཀི མོ་ལ་བལྟ་འདོད་དང་གླུ་གཞས་ལ་ཉན་འདོད་ཡོད་མཁན་རིག་ཡའོ་ཏྲའོ་(YouTube)ནང་ལ་རྒྱུགས། <>

  3. དཀོན་མཆོག says:
    2009-04-10 at 7:43 pm

    ཡའོ་ཏྲོའི་ཁ་བྱང་ནི<>

  4. ཀླུ་སྨྱོན། says:
    2009-04-10 at 7:44 pm

    གཟུགས་སྐྱེ་ལུས་ནམ་མཁའི་ལྷ་མོ་རེད། །
    གཞས་འཁྲབ་སྟོན་དེ་ཙམ་དེ་ཙམ་རེད། །
    དཔེ་བཞག་ན་མེ་ཏོག་སྙིང་རྗེ་བོར། །
    དྲི་ཞིམ་པོ་དེ་ཙམ་མེད་དང་མཚུངས། །

  5. ཀླུ་སྨྱོན། says:
    2009-04-10 at 7:49 pm

    ཨ་རོ་དཀོན་མཆོག ཁ་བྱང་གི་མཐའ་རུ་འཁྱོག་རྟགས་དེ་བརྒྱབ་ཚེ་དེའི་ནང་གི་ཡི་གེ་མི་འབབ་ཀི “”འདིའི་ནང་དུ་ཡི་གེ་འབབ་ཀི ནང་དུ་ཡི་གེ་མི་འབབ་ཀི

  6. ཟླ་བ says:
    2009-04-10 at 8:09 pm

    ཨ་ལགས། སློབ་སྟོན་གནང་བར་ཐུགས་རྗེ་ཆེ། དེང་སང་བསུས་པ་བརྒྱག་རུང་སེམས་པ་བདེ་རྒྱུ་ཅང་མེད་ཀི བྱས་ཙང་སྐབས་རེར་གླུ་གཞས་རེ་ཉན་ནས་བསྡད་ཡོད་ལགས། ད་ཡིན་ན་མི་ཁ་ཤས་ཀྱིས་མི་བསད་པའི་མི་ཆོག་རོའི་སྟེང་རྡོག་པ་སྤོས་ཀི་ཡོང་ཀིན་འདུག་ག

  7. ཤར་རལ་གྲི says:
    2009-04-11 at 12:02 am

    གདོན་འཕྲུལ་རླུང་གི་རྒྱུ་བ་ཞིག་གིས་རྒྱ་སྲས་མེ་ཏོག་སྣུམ་རྒྱུ་མ་བྱུང་།།
    ཡ་ཆུང་སེམས་པ་སྨུག་པས་བཟུང་བས་ལྷ་མོའི་མཆོད་ཆང་འཐུང་ལོང་མ་བྱུང་།།
    དྲ་མཐོང་འདི་རུ་གསལ་བཤད་བྱ་རྒྱུ་སྐབས་སུ་བབས་པ་མ་ཡིན་པས།།
    དྲན་ཤིང་ཟབ་མོའི་ཟུར་ཙམ་ངོམས་པ་འདས་དོན་ཞིག་གི་ཆེད་དུ་ཡིན།།

  8. བློས་ཐུབ། says:
    2009-04-13 at 5:28 am

    ཨོ། དྲིན་ཆེན་པོ། ཁྱོད་ལ་ཅི་ཁག། གནམ་འོག་འདི་ན་མདོ་འཛིན་པ་ལྷ་མོར་མི་དགའ་མཁན་ཉུང་ཉུང་ཡིན་རྒྱུ་རེད་འདོད་གི། ཡོད་ན་སྨྱོན་པ་ཞིག་དང་ཡང་ན། ས་ལ་གནས་པའི་སངས་རྒྱས་རློན་པ་རང་ཡིན་རྒྱུ་རེད། ང་ཡང་མདོ་འཛིན་པ་ལྷ་མོ་ལ་དགའ། དགའ་བའི་མི་ཚད་རྨི་ལམ་ལ་ཡང་བཏང་མྱོང༌། ད་དུང་མོས་སྐད་ངག་སྙན་མོ་སྙན་མོ་དེ་ལ་ལྷག་དུ་དགའ། མཚམས་མཚམས་ཀླས་ཁང་གྲུ་བཞི་འདིའི་སྒོ་ཆུང་ཡོངས་སུ་གཏན་རྗེས། ལྷ་མོས་གླུ་གཞན་ལ་ཉན་བཞིན་ཡོད། མགོ་བོ་མལ་ཆས་ཀྱིས་བཀབ་སྟེ་ཉན་བཞིན་ཡོད། དྲན་བཞིན་ཡོད། ཝུ་རག་ཤེལ་དམ་གཉིས་གསུམ་རེའི་སྐེ་ལ་འཇུ་བཞིན་དྲན་ནས་ཡོད།

    མདོ་འཛིན་པའི་གློག་འཕྲིན་ཁ་བྱང་དང༌། ཡང་ཁ་པར་ཨང་གྲངས་ཤེས་མཁན་འདྲ་ཡོད་ན། དྲ་ངོས་འདིར་ཞོག་དང་འདོད་པའི་མི་ལ་འདོད་པ་སྦྱིན་པ་དེ། དགེ་བ་མེད་ཀྱང་སྡུག་པ་གང་ནས་ཡོད།

  9. ཚེར་མ། says:
    2009-04-13 at 5:52 am

    བཙན་བྱོལ་དུ་ཁོམ་བསྡད་པའི་ཀླད་མེད་ཚོ། རང་ཉིད་ཀྱི་ཆགས་སྲེད་ནད་འབུ་དེའི་མགོ་མནོན་ནི་བྱོས། ཁ་བྱང་དང་ཁ་པར་ཨང་གྲངས་ཁ་རེ་ཅི་བྱེད་རྒྱུ་ཡིན། དམ་ཉམས་འདི་ཚོ། ཁོ་མོར་སྐད་ཆ་འདྲམིན་བཤད་དེ་གནོད་སྐྱེལ་རྩིས་ཡིན་ནམ། མ་ར་ཁྱི་ཁ་སུམ་ལ་བསྡད། ད་དུང་བློས་ཐུབ་ཡིན་ན་ཅིག་བཟོས་ནས། ཆི་ཟིག་གི་བློས་ཐུབ་ཡིན།

  10. བློས་ཐུབ། says:
    2009-04-13 at 6:09 am

    ཚེར་མ་ལགས། ཁྱེད་དེ་འདྲའི་སྐུ་རླུང་བཞེངས་ནས་གང་བྱེད། མདོ་འཛིན་པ་ལྷ་མོ་དང་ཅི་ཞིག་བཤད་འདོད་པ་དེ་ངའི་སེམས་ཀྱི་གསང་བ་ཡིན། དྲ་ངོས་འདིར་གསལ་བསྒྲག་བྱེད་དགོས་དོན་མེད་ཀི། ཁྱོད་རང་ལ་མདོ་མཛིན་པའི་ཁ་བྱང་དང་ཁ་པར་ཨང་གྲངས་མེད་ན་ཁ་བཙུམ་བསྡད་ན་འགྲིག གཞན་ཅང་བཤད་རྒྱུ་མ་མང༌། ད་རུང་ཅི་ཞིག་གི་བློས་ཐུབ་ཡིན་ན་ཅིག་ཟེར། ང་བློས་ཐུབ་ཡིན་ན་ཁྱོད་ལ་ཅི་ཞིག་གནོད་ཀྱི་འདུག རྒྱུ་འབྲས་མེད་པའི་སྐད་ཆ་མ་བཤད་ཨ། ནར་ནར་ལྕེ་ལ་བདག་པོ་མ་བརྒྱབ་ན། རུལ་རུལ་དབུ་ལ་ཨོ་བརྒྱལ་བཟོས་ཡོང་ངོ༌། ཤ་ཚ།

  11. བློས་ཐུབ། says:
    2009-04-13 at 6:19 am

    ཚེར་མ་ལགས། ནར་ནར་ལྕེ་ལ་བདག་པོ་མ་བརྒྱབ་ན། རུལ་རུལ་དབུ་ལ་ཟེར་བའི་གཏམ་དཔེ་འདི་མཐོང་མྱོང་ངམ། ཁྱོད་རང་ལ་ལྷ་མོའི་ཁ་བྱང་དང་ཁ་པར་ཨང་གྲངས་མེད་ན་ཁ་བཙུམ་བསྡད་ན་འགྲིག་གི། ཅང་བཤད་རྒྱུ་མ་མང་མ་གཏོགས་ ཁོ་ར྄ེར྄ར྄ར

  12. བློས་ཐུབ། says:
    2009-04-13 at 6:22 am

    ཚེར་མ་ལགས། སྐུ་རླུང་བཞེངས་ན་རང་གི་སྡུག་གྱོང་རེད། སྙིང་ནད་བྱུང་ན་དཀའ་ནི་རེད། ཁྱོད་རང་ལ་ལྷ་མོའི་ཁ་བྱང་དང་ཁ་པར་ཨང་གྲངས་མེད་ན་ཁ་བཙུམ་བསྡད་ན་འགྲིག་གི། ཅང་བཤད་རྒྱུ་མ་མང་མ་གཏོགས་ ཁོ་ར྄ེར྄ར྄ར
    ངས་རང་ཉིད་ལྷ་མོ་དང་མ་འོངས་པའི་བློ་ཐུབ་པ་ཞིག་བྱེད་འདོད་པས་མིང་འདི་ལྟར་བཏགས་པ་ཡིན། ཁྱོད་རང་མི་དགའ་བ་ཅི་རེད།

  13. བསམ་གཏན་ says:
    2009-04-13 at 11:03 am

    བློས་ཐུབ། དེང་སང་སྟག་སྨྱོན་དང་གདོང་དམར་རིག་རྒྱུ་མེད་པ་དང་། དེ་རིང་བློས་ཐུབ་ཟེར་བ་ཞིག་གློ་བུར་ཏུ་ཐོན་ནས་མཆན་བུ་འདེབས་ས་ཡོད་ཚད་ལ་མཆན་བུ་རེ་རེ་བཏབ་འདུག་པར་མ་ཟད། མཆན་བུ་འདེབས་རྒྱུའི་མགོ་བཟུང་བ་ནས་ཡང་ཁྱི་སྨྱོན་སླེབས་པ་བཞིན་བཙན་བྱོལ་བོད་གཞུང་དང་། ཧོར་གཙང་འཇིགས་མེད། རྟེན་བཞེངས་ཆེན་མོ། ཚེར་མ། དུས་བབ་ཚང་གི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས། བང་ཆེན་ཚང་གི་གསར་འགོད་པ་གངས་ལྷ་མོ། མདོ་སྨད་ཀྱི་ཚོགས་གཙོ་རྒྱལ་རོང་ཟླ་བ་ཚེ་རིང་། ཟིན་བྲིས་པ་ལྷ་ཆབ་སྦྱིན་པ། སྤོབས་པ་མཐའ་ཡས་སོགས་རིག་ཚད་ཐུག་ཚད་ལ་སོ་རེ་རེ་བརྒྱབ་འདུག་པར་བལྟས་ན་སྟག་སྨྱོན་ནམ་གདོང་དམར་ཟེར་བའི་ཁྱི་རྒན་དེས་ཡང་མིང་གསར་བ་ཞིག་བརྗེས་ནས་ཐོན་བཏང་ནི་མིན་ན། ངས་ཁྱི་རྒན་དེ་ལ་ཞིབ་འཇུག་བྱེད་བཞིན་ཡོད་པར་མ་དྲ་ཐོག་ཏུ་བསྒུགས་བསྡད་ཡོད། ཁྱོས་སྐད་ཆ་བཤད་སྟངས་དང་བསམ་བློ་ཁྱེར་སྟངས་ཁྱི་རྒན་དེ་དང་གཅིག་པ་གཅིག་རྐྱང་རེད། མ་གཞི་ཁྱོད་དྲ་ཐོག་སླེབས་མ་ཐག་ནས་བོད་གཞུང་དང་། སྒེར་བ་འདི་འདྲ་མང་པོ་ཞིག་ལ་དུས་གཅིག་ལ་སོ་རྒྱག་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། མཆན་འདེབས་མཁན་ཚང་མ་སྟག་སྨྱོན་ནམ་གདོང་དམར་ཟེར་བ་དེ་དང་ཁྱོད་འདྲ་བ་རྐྱང་རྐྱང་ཡིན་ན་དྲ་ཁང་ཐམས་ཅད་གཡུལ་ས་ཞིག་མ་གཏོགས་ལྷག་གི་མ་རེད། ད་དུང་ཤིས་ཚང་མཁྱེན་རབ་ཀྱིས་མི་ཁྱོད་འདྲའི་རིགས་ལ་གདོང་འབག་ཅན་གྱི་སྨྱུག་ཐོག་པ་དང་། ཡང་ལྷ་ཆབ་སྦྱིན་པས་དྲ་འབུ་ཞེས་བཏགས་འདུག་མོད། ཁོ་བོས་མི་ཁྱོད་འདྲའི་རིགས་ལ་དྲ་འདྲེ་ཞེས་བཏགས་པ་ཡིན། གང་ཡིན་ཟེར་ན་བོད་མིའི་སེམས་ནང་ན་ཡོད་པའི་གདོན་འདྲེ་ཞིག་གི་བྱེད་ལས་ཡོངས་རྫོགས་ཚང་ཡོད་པས་རྒྱུ་མཚན་གྱིས་སོ།།

  14. སྒྲོལ་མ་ནས། says:
    2009-09-23 at 4:40 pm

    ཕོ་གསར་རྣམས་པ་མོར་སྙིང་ནས་དགའ་གི་ཡོད་ས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme