Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལི་རྦུ་ཡའི་མི་དམངས་དུས་རབས་གསར་བ་ལ་སྐྱོད་པ།

Posted on 2011-10-212011-10-21 By ཁ་བརྡ་ 2 Comments on ལི་རྦུ་ཡའི་མི་དམངས་དུས་རབས་གསར་བ་ལ་སྐྱོད་པ།

demonstration-solidarity-libyan-people-tunis_599842
རྨ་མགུར་སངས་རྒྱམ།

ཉེས་ཅན་ཀྱི་གཏེ་བོ་རྒ་སྒྲ་ཧྤེ་བསད་པའི་རྗེས་སུ་ལི་རྦུ་ཡའི་གཞུང་གསར་བས་མ་འོངས་བར་ཁྲིམས་ཀྱི་དབང་བསྒྱུར་བྱེད་པའི་ལམ་ལུགས་ཤིག་གསར་དུ་གཏོད་ངེས་རེད། ལི་རྦུ་ཡའི་ཐོག་ཏུ་རྒ་སྒྲ་ཧྤེའི་ལོ་ངོ་༤༢་རིང་གི་དབང་བསྒྱུར་ནི་དེ་རིང་མཇུག་རྫོགས་པ་འདིས་འགྲོ་བ་མིའི་ཐོབ་ཐང་གི་ལོག་སྤྱོད་ཀྱི་དམིགས་བསལ་ལྡན་པའི་ཡུན་རིང་གི་དུས་རབས་མཇུག་རྫོགས་ནས་རྒྱལ་ཁབ་འདིར་ཐུན་མོང་གི་གོ་སྐབས་གསར་བ་ཞིག་འཆར་བ་རེད། རྒ་སྒྲ་ཧྥེའི་གདུག་རྩུབ་ཀྱི་དབང་བསྒྱུར་མཇུག་རྫོགས་པ་དང་མཉམ་དུ་ལི་རྦུ་ཡའི་མི་དམངས་ཀྱིས་ད་ལྟ་ཁོའི་དབང་བསྒྱུར་ཀྱི་ཐོག་ཏུ་ནག་ཉེས་བསགས་པའི་མི་ངན་དེ་ཚོ་ལ་འོས་ཤིང་འཚམས་པ་དང་དྲང་བདེན་གྱི་ཁྲིམས་གཅོད་ནན་མོ་ཞིག་ཡོང་བར་རེ་སྒུག་བྱེད་བཞིན་པ་དང། ལོ་ངོ་༤༢་རིང་ལ་ཕྱིར་མིག་ཅིག་བལྟས་ན་རྒ་སྒྲ་ཧྤེའི་དུས་རབས་ཀྱིས་རང་གི་རྒྱལ་ཁབ་དང་ཕྱི་ལོགས་ཀུན་ཏུ་འགྲོ་བ་མིའི་ཐོབ་ཐང་ལ་གཏོར་བཤིག་བཏང་བ་དང་མིའི་རིགས་ལ་བརྩི་བཀུར་མི་བྱེད་པའི་འཇིགས་སྐྲག་གི་སྙན་ཐོ་མང་བོ་ཞིག་རིམ་པར་ཐོན་དུ་བཅུག་ཡོད། སྤྱི་ལོ་༡༩༩༦་ལོར་བཙོན་པ་༡༢༠༠་བསད་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་གི་ལོག་སྤྱོད་ཀྱི་ཆེས་རིང་བའི་ཟིན་ཐོའི་ནང་གི་ཆེས་ཡོངས་སུ་གྲགས་པའི་མིང་ངན་གྱི་ལོ་རྒྱུས་ཤིག་བཟོས་ཡོད། སྤྱི་ལོ་༡༩༦༩་ལོ་ནས་རྒྱལ་ཁབ་འདི་ནང་དུ་མིའི་བསམ་བརྗོད་དང་མཐུན་འབྲེལ་གྱི་རང་དབང་ལ་ཁྱོན་ཡོངས་སུ་དྲག་གནོན་དང་། མནར་གཅོད་ཀྱི་བྱེད་ཐབས་དང་། ཆབ་སྲིད་ཀྱི་ཀུན་སློང་ལྡན་པ་རྣམས་འཛིན་བཟུང་དང་མི་མངོན་པའི་གནས་ཚུལ་རིམ་པར་བྱུང་་བ་དང་། རྒ་སྒྲ་ཧྥེས་གསར་གཏོད་བྱས་པའི་ཐུན་མོང་མ་ཡིན་པའི་ཆབ་སྲིད་ཀྱི་སྒྲིག་གཞི་ནི་རྒྱལ་ཁབ་གཅིག་སྡུད་དང་དམངས་གཙོའི་འོས་སྡུད་ལ་འགོག་རྐྱེན་བཟོ་བའི་བྱེད་ཐབས་གཅིག་བུ་ཡིན་པ་དང། སྤྱི་ལོ་༢༠༠༡་ལོའི་ཟླ་༩་ཚེས་༡༡་ཉིན་གྱི་ཨ་རིར་འཇིགས་སྐུལ་པའི་རྒོལ་རྡུང་བྱུང་པའི་རྗེས་སུ་འཛམ་གླིང་དུ་ཨ་རི་དང་ཡུ་རོབ་སྲིད་སྲིད་གཞུང་ཁག་གིས་འཇིགས་སྐུལ་རིང་ལུགས་པར་འཐབ་འཛིང་བྱེད་པའི་མཉམ་འབྲེལ་གྱི་ལས་དོན་ནང་དུ་རྒ་སྒྲ་ཧྥེ་ཡིས་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་དུ་ཕྱི་ཕྱོགས་ཀྱི་འབྲེལ་ལམ་བཅད་ནས་ཁེར་རྐྱང་དུ་གནས་པ་རེད། དེར་བརྟེན། ད་ལྟ་ལི་རྦུ་ཡའི་འགོ་ཁྲིད་གསར་བ་ཚོས་ ་མིའི་རིགས་ཀྱི་རྩ་བའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་པའི་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་ལ་སྣེ་ཁྲིད་བྱེད་པའི་གློ་བུར་གྱི་གོ་སྐབས་བཟང་བོ་ཞིག་ཐོབ་པ་ལ་བརྟེན་ནས་རྩ་ཁྲིམས་གསར་བའི་ནང་དུ་མིའི་རིགས་ལ་གུས་བཀུར་བྱེད་པའི་གནད་དོན་རྣམས་ངེས་པར་དུ་འགོད་ངེས་རེད། རྒ་སྒྲ་ཧྥེའི་སྲིད་གཞུང་དང་ངོ་ལོག་དམག་དཔུང་གཉིས་བར་གྱི་གདོང་གཏུགས་ནི་ད་ལོའི་སྤྱི་ཟླ་༢་བའི་ནང་དུ་རྒ་སྒྲ་ཧྥེའི་དབང་བསྒྱུར་ལ་ངོ་རྒོལ་བྱེད་པའི་གཞི་རྒྱ་ཆེ་བའི་མི་དམངས་ཀྱི་སྐད་འབོད་ཁྲོམ་སྐོར་གྱི་རྒྱུ་རྐྱེན་ལ་བརྟེན་ནས་འགོ་བརྩམས་པ་རེད། སྤྱི་ཟླ་གསུམ་པའི་ཉིན་དུ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ལི་རྦུ་ཡའི་ནང་དུ་ནག་ཉེས་བསགས་པའི་མི་སྣ་རྣམས་ལ་ཞིབ་བཤེར་བྱེད་པའི་ལས་དོན་བསྒྲུབས་པ་དང་། སྤྱི་ཟླ་དྲུག་པའི་ཉིན་དུ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁྲིམས་གཅོད་པས་རྒ་སྒྲ་ཧྥེ་དང་ཁོ་བོའི་བུ་ཨལ་སི་ལམ་དང་ལི་རྦུ་ཡའི་གསང་བའི་ལས་ཁུངས་ཀྱི་འགོ་གཙོ་ཨ་རྦུ་སྒྲི་ལ་ས་ནུ་སེ་གསུམ་འཛིན་བཟུང་བྱེད་དགོས་པའི་འགན་ལེན་ཡིག་ཆ་སྤྲད་པ་དང་། མི་འདི་གསུམ་གྱིས་ཞི་བའི་ངོ་རྒོལ་བྱེད་པའི་མི་དམངས་ཀྱི་ཐོག་ཏུ་དྲག་གནོན་བྱས་པའི་གནད་དོན་དང་མིའི་རིགས་ལ་གནོད་སྐྱོན་བཏང་བའི་ནག་ཉེས་བསགས་ཡོད་པར་བཤད་ཡོད། དེར་བརྟེན། ལི་རྦུ་ཡའི་ངོ་རྒོལ་དམག་དཔུང་དང་ནུབ་རྒྱ་མཚོའི་སྤྱི་ཆིངས་སྒྲིག་འཛུགས་དམག་དཔུང་གཉིས་ཀྱིས་མཉམ་འབྲེལ་ཐོག་ནས་འཐབ་འཛིང་ཡུན་རིང་བྱས་པའི་ཁྲོད་དུ་རྒ་སྒྲ་ཧྥེ་དམར་གསོད་དུ་བཏང་བ་དང་ལི་རྦུ་ཡའི་མི་དམངས་ལ་རང་དབང་གི་བདེ་སྐྱིད་ཐོབ་ཡོད། དེ་བས་ལི་རྦུ་ཡའི་རྩ་ཁྲིམས་གསར་བའི་ཟིན་བྲིས་ཀྱི་ནང་དུ་ལི་རྦུ་ཡའི་མི་དམངས་ལ་དུས་རབས་གསར་བའི་ནང་དུ་རླབས་ཆེ་བའི་འགྱུར་ལྡོག་ཅིག་འབྱུང་ངེས་ཡིན་པ་དང་། ལི་རྦུ་ཡའི་ནང་དུ་སླར་ཡང་རྒ་སྒ་ཧྥེ་ཡི་གྲིབ་ནག་ཙམ་ཡང་འབྱུང་དུ་མི་འཇུག་པའི་བྱེད་ཐབས་འདི་ནི་འགྲོ་བ་མིའི་རིགས་ཀྱི་རང་དབང་ལ་གུས་ཞབས་གནང་ཞིང་ཁྲིམས་ཀྱིས་དབང་བསྒྱུར་བྱེད་པའི་ཐབས་ལམ་ལ་བརྟེན་ནས་ལི་རྦུ་ཡ་གསར་བ་ཞིག་འཛུགས་རྒྱུ་ཡིན་པའི་རྟགས་མཚན་ཡིན་ནོ།

སྣ་ཚོགས།

Post navigation

Previous Post: བོད་རིགས་སྤུན་ཟླའི་རང་ལུས་མེར་བསྲེག་འདི་ཡང་རྒྱ་གུང་ཁྲན་གྱི་སྡིག་ཉེས་རེད།
Next Post: དགེ་རྒན་གྱི་བཀའ་གསུང་ཡང་དྲན་བསྐྱར་དྲན།

Comments (2) on “ལི་རྦུ་ཡའི་མི་དམངས་དུས་རབས་གསར་བ་ལ་སྐྱོད་པ།”

  1. མི་ཉག་སྐལ་བཟང་། says:
    2011-10-23 at 10:30 am

    རྨ་མགུར་སངས་རྒྱམ།་ལགས། ཐུགས་རྗེ་ཆེ། ཤིན་ཏུ་ནས་ཐུགས་རྗེ་ཆེ། ང་ཚོར་ཕྱི་ཕྱོགས་དང་ཡང་ན་འཛམ་གླིང་འཕོ་འགྱུར་གྱི་གནས་ཚུལ་མང་ཙམ་ཐོས་དགོས་ཀྱིན་འདུག གྲགས་ཆེ་བའི་དུས་བབ་དང་བང་ཆེན། ཁ་བརྡ་སོགས་ཀྱི་འཛམ་གླིང་སྤྱིའི་གནས་ཚུལ་འབྲི་བ་ཉུང་ཉུང་རེད། ཅི་སྟེ་ཚགས་ཤོག་དེ་དག་གི་རྩོམ་སྒྲིག་པ་དང་གསར་འགོད་པ། ཐ་ན་སློབ་སྟོན་པ་སོགས་ཀྱི་བོད་ཡིག་ཁོ་ན་ལས་མ་ཤེས་སྟབས་འཛམ་གླིང་སྤྱིའི་འགྱུར་འགྲོ་དང་ང་ཚོར་དགོས་པའི་རྒྱལ་སྤྱིའི་གནས་ཚུལ་འགོད་པ་ནི་གནམ་མཁའི་སྐར་མ་ཙམ་རེད་འདུག། དེ་དག་ནི་རྗེས་ལུད་ཀྱི་རྣམ་པ་དང་ཡང་ན་དུས་རབས་རྙིང་པར་མཁོ་བའི་བསམ་བློ་ཤུགས་ཆེན་པོ་ཡོད་པའི་རྟགས་མཚན་ཞིག་ཀྱང་ཡིན་པ་རེད། ང་ཚོར་འདི་ལྟ་བུའི་ཕྱི་ཕྱོགས་ཀྱི་གནས་ཚུལ་དེ་ཚོ་གོ་དགོས་པ་དང་། གནས་ཚུལ་དེ་ཚོས་ང་ཚོར་སེམས་འགུལ་ཐེབས་ངེས་ཡིན། མི་རིགས་ཀྱི་ལ་རྒྱ་དང་། མི་རིགས་ཆིག་སྒྲིལ། མི་མང་ལོངས་ཤོག་སོགས་ཀྱི་ང་ཚོར་ཁོང་ཚོའི་ལ་རྒྱ་དང་སྙིང་སྟོབས་དེ་དགོས་ཀྱིན། མདོར་ན་བཤད་ཕོད་པ་དང་སྒྲུབ་ཕོད་པའི་སྙིང་སྟོབས་དེ་དགོས་ཀྱིན།

  2. དཀར་མཚོ་སྐྱིད། says:
    2011-10-23 at 11:55 pm

    རྒྱལ་སྤྱིའི་འཕོ་འགྱུར་གྱི་གནས་ཚུལ་དང་། འཛམ་གླིང་མི་དམངས་ཀྱི་རེ་འདུན། རླབས་ཆེ་བའི་དབུ་ཁྲིད་རྣམས་ཀྱི་སློབ་སྟོན་བཅས་ལ་ཤེས་རྟོགས་དང་རྒྱུས་མངའ་ཡོད་པའི་སྒོ་ནས་མིའི་རིགས་ཀྱི་རང་དབང་ལ་རྩོད་ལེན་བྱེད་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme