Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨོ་སི་ཀྲོ་ལེ་ཡའི་གྲོང་ཁྱེར་མལ་སྦོན་དུ་གནས་སྡོད་བོད་མི་ཚོས་རྒྱ་ནག་གཞུང་ཚབ་མདུན་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

Posted on 2011-10-202011-10-20 By དབང་ཕྱུག་ 4 Comments on ཨོ་སི་ཀྲོ་ལེ་ཡའི་གྲོང་ཁྱེར་མལ་སྦོན་དུ་གནས་སྡོད་བོད་མི་ཚོས་རྒྱ་ནག་གཞུང་ཚབ་མདུན་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

གསར་འགྱུར་མཁོ་གཏོང་བ་རིག་འཛིན། །

4ཁ་སང་སྤྱི་ཚེས་༡༩ཉིན་ཨོ་སི་ཀྲོ་ལེ་ཡའི་གྲོང་ཁྱེར་མལ་སྦོན་གྱི་བོད་རིགས་ཚོགས་པའི་གོ་སྒྲོག་འོག་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། རྒྱ་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་བཅས་ཁྱོན་མི་གྲངས་ ༢༠ ་ལྷག་གིས་ཞོགས་པ་ཆུ་ཚོད་ ༡༠ ནས་དགོང་ ཆུ་ཚོད་ ༤བར་གྲོང་ཁྱེར་མལ་སྦོན་(Melbourne)གྱི་རྒྱ་ནག་གཞུང་ཚབ་མདུན་དུ་ཟས་བཅད་ངོ་རྒོལ་དང་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་སོང་།

སྐབས་དེར་རྒྱ་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་རྒྱ་རིགས་Frank ལགས་ ཀྱིས་( བཀའ་སློབ་གནང་དོན་བོད་རྒྱལ་ཁབ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱབ་ཁབ་ཤིག་དང་རྒྱ་ནག་དམར་གཞུང་གི་བོད་ས་བཙན་འཛུལ་མ་བྱས་སྔོན་རྒྱ་བོད་གཉིས་ནི་ཕན་ཚུན་མཛའ་འབྲེལ་ལྡན་པའི་རྒྱལ་ཁབ་གཉིས་ཡིན་པ་རེད། རྒྱ་ནག་དམར་གཞུང་གིས་ད་ལྟའི་བོད་ནང་གི་མི་སྤྱོད་ལས་འདས་པའི་མནར་གཅོད་དང་གདུག་རྩུབ་ཡོངས་རྫོགས་མཚམས་འཇོག་དགོས་འབོད་སྐུལ་ཡང་གནང་སོང་།

དེ་རྗེས་ལས་འགུལ་སྣ་འཁྲིད་པ་བསྟན་འཛིན་བློ་བཟང་ལགས་ཀྱིས་བཀའ་སློབ་གནང་དོན་(དེ་རིང་འདིར་ང་ཚོས་ལས་འགུལ་འདི་གོ་སྒྲིག་གནང་དགོས་དོན་ཉེ་བའི་ཆར་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་པས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་གི་གཅེས་པར་འོས་པའི་སྐུ་ལུས་མེར་བསྲེགས་བཏང་སྟེ། ཞུམ་པ་མེད་པའི་སྙིང་སྟོབས་བཅང་ནས་རྒྱ་ནག་དམར་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ་དེར་རྒྱབ་སྐྱོར་མཚོན་དང་ཤུལ་ལུས་ཕ་མ་དང་སྤུན་ཉེ་བཅས་པར་གདུང་སེམས་མཉམ་སྐྱེད་མཚོན་བྱེད་ཡིན་གསུངས་སོང་།

དགོང་དྲོ་ཆུ་ཚོད་༦ པ་ནས་ ཆུ་ཚོད་བརྒྱད་པ་བར་མལ་སྦོན་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་ལགས་དང་ཚོགས་གཞོན་ངག་དབང་སྟོབས་ཆེན་ལགས་གཉིས་ཀྱིས་སྣེ་འཁྲིད་འོག་བོད་མི་དང་རྒྱ་རིགས་ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་ ༥༠ ལྷག་གི་མལ་སྦོན་( MELBOURNE)གྲོང་ཁྱེར་གྱི་སྟེ་གནས་མི་མང་འདུས་འཛོམས་ཐང་ཆེན་དུ་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་གནང་སོང་།

ད་ལྟའི་བོད་ནང་གི་ཛ་དྲག་གི་གནང་སྟངས་སྐོར་གྱི་ཡིག་ཆ་འགྲེམས་སྤེལ་སོགས་གནང་ཡོད། སྐབས་དེར་རྒྱ་ནག་སྐམ་ས་ནས་ཡོང་བའི་རྒྱ་རིགས་སློབ་ཕྲུག་སོགས་ཀྱི་དོན་སྣང་ཆེན་པོས་པར་བརྒྱབ་པ་དང་བོད་དོན་སྐོར་དྲི་བ་གནང་མཁན་ཡང་འདུག

ལས་འགུལ་འཇུག་བསྡོམས་སྐབས་ཚོགས་གཙོ་ཐུབ་བསྟན་ལགས་ཀྱིས་ལས་འགུལ་འདིའི་དམིགས་ཡུལ་གྱི་གཙོ་བོ་ནི་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་པར་རྒྱབ་སྐྱོར་མཚོན་བྱེད་དང་དེ་རིང་ཉིན་གཅིག་དུས་གཅིག་ལ་བོད་མིའི་སྒྲིག་
འཛུགས་ཀྱི་བཀའ་སྤྱི་གཉིས་ཀྱིས་སྣེ་འཁྲིད་པའི་བྱེས་སྡོད་བོད་མིའི་གནས་ཡུལ་གང་ས་ནས་ལས་འགུལ་སྤེལ་བ་དེ་ནི་བོད་ཕྱི་ནང་གཉིས་མཐུན་སྒྲིལ་དང་དམ་ཚིག་ཆིག་སྒྲིལ་མཚོན་བྱེད་ཡིན་གསུངས་སོང་།

མཇུག་མཐར་ལས་འགུལ་བ་རྣམ་པས་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་དང་ཚད་མེད་ཡོན་ཏན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་བསྔོ་སྨོན་བཅས་གནང་སོང་།། །།

གུས་པ་རིག་འཛིན་གྱིས་༢༠༡༡ །༡༠ །༢༠ ཕུལ།

གསར་འགྱུར།

Post navigation

Previous Post: "རྔ་ཆེན་རོལ་དབྱངས།" དེ་རིང་གི་བསྒྲགས་ཡིག
Next Post: ཨ་མའི་གཅེས་ཕྲུག ཁྱོད་གང་ན་ཡོད།

Comments (4) on “ཨོ་སི་ཀྲོ་ལེ་ཡའི་གྲོང་ཁྱེར་མལ་སྦོན་དུ་གནས་སྡོད་བོད་མི་ཚོས་རྒྱ་ནག་གཞུང་ཚབ་མདུན་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།”

  1. རེ་བ་ says:
    2011-10-20 at 6:43 pm

    ཡག་པོ་རེད་ཁྱེད་རྣམ་པས་བོད་ནང་བཞུགས་སྐབས། བཙན་འགོག་རྒྱལ་སྐྱོབས་ཆེད་ལས་འགུལ་སྣེ་ནང་སྤེལ་ཡོད་ཐུགས་རྗེ་ཆེ་བསྔགས་བརྗོད་ཡོད། དེར་རྒྱ་མིའི་གཞུང་ཚབ་ལ་མགོ་འབུལ་ལུས་འབུལ་བྱེད་མཁན་མི་སྣ་ཁ་ཤས་ཡོད་ཚོད་འདུག་ན་ད་ལྟ་བོད་མིའི་ཞེན་འདོད་བསྒྲུབ་ཟིན་མེད་པའི་གནས་ཚུལ་དེ་རིགས་མི་ཡོང་བ་གནང་རྒྱུ་མ་ཟད། ཁྱེད་རྣམ་པར་བཙན་བྱོལ་བོད་གཞུང་གིས་རྒྱབ་སྐྱོར་དང་༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དྲིན་གྱིས་གཞན་ཡུལ་དུ་གང་སྤྱིའི་ཐད་གང་ཡག་ཡོད་པ་མ་བརྗེད་པ་གནང་རོགས་ཞེས་ལག་གཉིས་ཐབ་མོ་སྦྱར་ནས་ཞུ་བཞིན་མཆིས་ལགས།། །།

  2. རེ་བ་ says:
    2011-10-20 at 6:45 pm

    སྣེ་ནང་(སྣེ་མང་)ལ་བཅོས་རོགས།།

  3. སྐྱུ་རྩིས་ནས། says:
    2011-10-20 at 11:49 pm

    བོད་ནང་དུ་གཞོན་སྐྱེས་མང་པོ་ཞིག་ནས་རང་སྲོག་བློས་བཏང་དུས་ད་དངོས་གནས་ང་ཚོ་ལང་དགོས་པའི་དུས་ལ་སླེབས་འདུག

  4. བདེན་སྐྱོང་། says:
    2011-10-21 at 2:02 am

    གསར་འགྱུར་རྒྱུད་ལམ་མང་པོ་ཞིག་གིས་མིག་སྔའི་རྒྱལ་གཅེས་དཔའ་བོ་དགུའི་ལུས་སྲོག་མཆོད་མེར་བསྒྲོན་པའི་ལས་འགུལ་དེ་ཆོས་ལུག་རང་དབང་མེད་པ་ཙམ་ཞིག་དང་ལྷག་པར་རེ་འགས་བོད་ཀྱི་ས་ཆ་ག་གེ་མོ་ཞིག་ན་རང་དབང་མེད་པར་བྱས་པ་ཞིག་ཏུ་བརྗོད་ཀྱིན་འདུག་པས། ང་ཚོས་ངེས་པར་དུ་དཔའ་བོ་འདི་དག་གི་ཚེ་སྲོག་གི་རིན་ཐང་དེ་ཆོས་ལུག་རང་དབང་གཅིག་པུ་དང་ལྷག་པར་དུ་ས་ཁུལ་རེ་འགའ་བ་གཅིག་ལ་རང་དབང་མེད་པར་བཞལ་མི་ཉན་པར་རྒྱལ་སྤྱིའི་སྟེང་འདི་ནི་བོད་རིགས་ཡོངས་ཀྱིས་རྒྱ་དམར་གྱི་མི་རིགས་བཙན་གནོན་ལ་མ་ཟོད་པའི་སྡུག་སྐད་ཞིག་དང་ན་ཟུག་ཞིག་ཡིན་པར་བསྒྲགས་དགོས། ད་དུང་ང་ཚོས་དཔའ་བོ་དེ་དག་ཚང་མ་རབ་བྱུང་པ་མ་ཡིན་པར་མི་སྐྱ་ཡང་ཡོད་པ་ཤེས་དགོས་ལ་དེ་ལྟར་བརྗོད་ཀྱང་དགོས་པར་སེམས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme