Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོན་ངོ་མར་རྔ་བ་རུ་ཅི་ཞིག་མང་ངམ།

Posted on 2011-10-17 By ཁ་བརྡ་ 1 Comment on དོན་ངོ་མར་རྔ་བ་རུ་ཅི་ཞིག་མང་ངམ།

གཡུ་དྲུག་དཀར། རྡ་ས།
འདི་དང་གན་ཞེས་གླེང་གླེང་བའི་རྔ་བ། དོན་ངོ་མར་ཁྱོད་ཀྱི་ས་ནག་པོའི་ཐོག་ན། རི་མཐོན་པོའི་རྩེ་རུ། ཆུ་གཙང་བོའི་གཞུང་དུ། ཤ་རུས་པའི་གསེང་ན་ཅི་ཞིག་གི་གཏེར་རི་མཐོན་པོ་ཞིག་གི་འགྲེང་གཟུགས་མཐོ་རུ་འཕར་ཡོད་ཨང་། དུས་ད་ལྟ་སྙིང་སྟོབས་ཀྱིས་འབར་གྱིན་རང་ལུས་སྲེག་པར་ཐོགས་པ་མི་མངའ་ཞིང་། མེ་དཔུང་ལིང་ལིང་པའི་ཁྲོད་དུ་རང་སྲོག་འདོར་བར་ཐེ་མི་ཚོམ་པའི་མི་བུ་ཆུང་ཆུང་ཚོའི་དཔའ་གདེང་གིས་ནི། གནའ་སྔ་མོའི་ངའི་སེམས་ནང་གི་རྔ་བའང་མེ་རུ་བཏབས་སོང་།
ཚག་སྒྲ་རྐང་གཅིག་གི་སྣེ་མོ་རུ། དམར་པོ་མེ་དཔུང་གི་སྙིང་སྟོབས་ཀྱིས་ཡོམ་ཡོམ་འགུལ་གྱིན་པའི་རྔ་བ། ད་ནི་འབར་ཆོག་ཆོག་གི་མེ་ཤིང་སྐམ་པོ་དེ་ཡིན་ནམ། སྔོ་ལིང་ལོང་གི་མེ་ལྕེའི་ངོགས་སུ་ཕོ་ཆོག་ཆོག་གི་ས་སྣུམ་རློན་པ་དེ་ཡིན།
ཁྱེད་ཀྱི་གཞུང་ལམ་ཡངས་ཡངས་དང་ཆེ་ཆེ་དེ། དམར་དམག་གི་མེ་མདའི་རྩེ་གྲིའི་བར་བར་ན་གུ་དོག་ཅིང་འཇིག་ཡེར་ཡེར་དུ་བྱས་ཡོད་མོད། ཁྱེད་ཀྱི་དཔའ་སྙིང་རྡོག་རྡོག་དེ་དག་ད་དུང་ཐང་ཡངས་ས་ཞིག་དང་ཞེ་ལྷོད་ས་ཞིག་ཏུ་བགྲོད་ཀྱིན་པ་ལྟར་གཅིག་རྗེས་གཉིས་མཐུད་ཀྱིས་ལྡིང་ནས་མཆོང་ནས་འགྲོ་ཞིང་། རང་གི་རང་དབང་གི་ཀི་སྒྲས་གནམ་ས་ཡོངས་རྫོགས་ཀྱི་ངོ་གདོང་ཚ་བེར་བེར་དུ་བྱེད་ལ། རང་ལུས་གསོན་པོ་དུས་གཏན་དུ་གཟིམ་པ་མེད་པའི་ཚེ་འབར་དུ་སྒྲོན་གཞིན་གདའ།
དུས་དེ་རིང་ཁྱེད་ཀྱི་བྲང་གཞུང་ན་དམར་ལྷབ་ལྷབ་ཀྱིས་མཆེད་ཀྱིན་པའི་མེ་ལྕེ་ཆེན་པོ་དེ་དག ལོ་ཆུང་ཆུང་གི་གྲྭ་བ་ཆུང་ཆུང་རྣམ་པའི་སྙིང་སྟོབས་ཀྱི་དར་ཆ་རེད། ངའི་དད་པ་དག་སྣང་གི་སེམས་དཔའ་ཆེན་པོ་དག་གི་སྙིང་སྟོབས་ཀྱི་ཕྱག་རྒྱའོ།།
ཁོང་ཚོའི་འཕྲིན་ལས་ཀྱི་སྒྱུ་འཕྲུལ་འདི་ཡིས། ང་ཡི་སེམས་པའི་བར་བར་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཟེར་བའི་མག་མོག་གི་ཐ་སྙད་དེ་དག་ཡོངས་སུ་བརླགས་ཤིང་། མངོན་སུམ་གྱི་དང་འཇིག་རྟེན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་གཅིག་རྗེས་གཉིས་མཐུད་དུ། ཁྱོད་ཀྱི་དགོན་གྲོང་གང་དུའང་མཇལ་དུ་ཡོད་པར་བགྱིས་སོང་ན།
དམར་པོ་མེ་དཔུང་ཁྲོད་ཀྱི་རྔ་བ། དོན་ངོ་མར་ཁྱོད་ཀྱི་པང་ན་ཅི་ཞིག་མང་ངམ། ཁྱོད་ཀྱི་སེམས་ན་ཅི་ཞིག་ཡོད་དམ། ང་ཡི་རྔ་བ། བོད་ཀྱི་རྔ་བ།།

སྣ་ཚོགས།

Post navigation

Previous Post: སེམས་པ་འཚིག་སོང་། སྙིང་ན་ནས་ཤི་ས་རེད།
Next Post: ངོ་མ་ཁས་བླངས་པ་ཡིན།

Comment (1) on “དོན་ངོ་མར་རྔ་བ་རུ་ཅི་ཞིག་མང་ངམ།”

  1. རག་ཕྱགས་རྡོར says:
    2011-10-18 at 10:10 am

    ཕོ་རྒྱ་སྟོང་གི་རྒོད་ས་མོ་རྒྱ་སྟོང་གི་མཛེས་ས་རྔ་བ་ཁུལ་གྱི་མི་མང་ཡིས་འུ་ཅག་ཁ་བ་གངས་ཅན་པ་ཡི་ཆེད་དུ་ཡོད་ཚད་བློས་བཏང་ཚར་སོང་ད་ཡིན་ན་འུ་་ཅག་ཁ་བ་གངས་ཅན་པ་དག་གིས་གང་བྱེད་ནུས་ཅི་བྱེད་ནུས་སམ། བདག་རང་གིས་ནི་གང་བྱེད་ཀྱི་བྱེད་མེད་པར་ཅི་ཆ་མེད་པར་རེ་ཞིག་དུ་དྲན་མེད་དུ་རྒྱལ་སོང་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme