Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མ་ཅིག་ལབ་ཀྱི་སྒྲོལ་མ

Posted on 2011-10-17 By ཁ་བརྡ་ 3 Comments on མ་ཅིག་ལབ་ཀྱི་སྒྲོལ་མ

ཕུན་ཚོགས

༆།།མ་ཅིག་ལབ་ཀྱི་སྒྲོན་མ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ནས་དུས་རབས་བཅུ་གཉིས་པའི་དུས་དཀྱིལ་བར་ཙམ་དུ་འཚོ་ཞིང་བཞེས་པའི་བོད་རིགས་བུད་མེད་རིག་པའི་གནས་ཆེན་སྤྱི་དང་བྱེ་བྲག་ནང་དོན་རིག་པར་མཐར་ཕྱིན་པའི་ཤེས་རབ་ཅན་ཁྱད་དུ་འཕགས་པ་ཞིག་ཡིན།གང་དེ་སྐུ་བལྟམས་པའི་ལོ་ཚིགས་དང་སྐུ་བར་གཤེགས་པའི་པའི་ལོ་ཚིགས་ཐད་སྔོན་བྱོན་ལོ་རྒྱུས་སྨྲ་བ་དག་གི་བར་བཞེད་ཚུལ་མིན་བྱུང་ཡང་འདིར་གཙོ་མ་ཆེ།མ་གཅིག་ལབ་སྒྲོན་འདི་ཉིད་དགུང་ལོ་བཅུ་གསུམ་གྱི་དུས་སུ་ཡུམ་འདས་པ་དང་།དགུང་ལོ་བཅུ་དྲུག་གི་དུས་སུ་ཡབ་འདས་པ། དགུང་ལོ་ཉི་ཤུའི་དུས་སུ་ཨ་ལྕེ་སྟོན་མཚོ་རིན་ཆེན་འབུམ་ཡང་སྐུ་ཚེ་མ་ཟིན་པ་སོགས་གོད་ཆག་ཆེན་པོ་གཅིག་ཐོག་ཉིས་བརྩེགས་ཀྱིས་སྐུ་ངལ་ཧ་ཅང་ཆེན་པོ་བྱུང་ན་ཡང་།མ་གཅིག་གིས་ཡི་གེ་འབྲི་ཀློག་སོགས་རིག་གནས་ལ་སྦྱང་བརྩོན་མཛད་རྒྱུར་ཕྱིར་བཤོལ་ནེབ་ནུར་མཛད་མེད་ལ།ཐུགས་རྣོ་བ་དང་ཀློག་ལ་མཁས་པས་གཞོན་ནུ་མའི་དུས་སུ་གྲྭ་པ་མངོན་ཤེས་ཅན་ཞེས་བྱ་བའི་དྲུང་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བརྒྱད་སྟོང་པ་ཀློག་མཁན་ཡུན་རིང་མཛད་ཅིང་། ཤེར་ཕྱིན་ཁོ་ན་ཡང་ཚར་དུ་མ་བཀླགས་པར་མཛད་པས་སྟོང་ཉིད་ཀྱི་ལྟ་བ་ཐུགས་ལ་འཁྲུངས་པ་སོགས་མ་གཅིག་འདི་ནི་གཞི་མ་ཉིད་ནས་སྐྱེས་སྦྱངས་ཀྱི་ཡོན་ཏན་མཆོག་ཏུ་མངའ་བ་ཞིག་བྱུང་ཡོད།སྐུའི་ན་ཚོད་དདར་ལ་དྲགས་པའི་ཚེ་གཅེར་གརོང་པ་ཐོད་པ་འབའ་རེ་བྱ་བའམ།མཚན་གཞན་ལ་བྷ་ཏྲ་ཡར་འབོད་པ་ཞིག་དང་འཇིག་རྟེན་མཐུན་འཇུག་ཏུ་གྱུར་པ་དང་།ཁོང་གཉིས་ལ་སྲས་དང་སྲས་མོ་ཇི་ཙམ་བྱུང་མིན་ཐད་ལ་ལོ་རྒྱུས་ཐོག་བརྗོད་ཚུལ་གཅིག་མཐུན་མིན་འདུག

མ་གཅིག་གིས་སྔ་རྗེས་སུ་གྲྭ་པ་མངོན་ཤེས་ཅན་དང་།ཞྭ་དམར་བ། སྦས་སྟོན། ཡར་ཐིང་པ། ཕ་དམ་པ་སངས་རྒྱས།སྐྱོ་སྟོན་བསོད་ནམས་བླ་མ་སོགས་མཁས་གྲུབ་དུ་མ་བལ་མར་བསྟེན་པ་དང་།དབུས་གཙང་ཁམས་གསུམ་གྱི་གཅིག་ཏུ་མ་ངེས་པའི་གནས་དུ་མ་དང་།ལྷག་པར་བོད་ཡུལ་ལྷོ་ཕྱོགས་ཀྱི་ཡུལ་གྲུའི་ནང་ཚན་ཟངས་རི་ཁང་དམར་བཅས་སུ་སྐུ་ཚེ་དང་སྒྲུབ་པ་མཉམ་པའི་རྣམ་པར་ཐར་བ་དང་ལྷུར་བཞེས་མཛད་ཡོད།

མ་གཅིག་འདི་བཞེན་རིགས་ལམ་སྤྱི་དང་ལྷག་པར་དུ་ཕར་ཕྱིན་གྱི་གཞུང་ལུགས་ལ་མཁས་པའི་གྲྭ་ཐོག་ཆོད་པ་ཞིག་བྱུང་ཡོད་ཅིང་།གང་དེ་ནི་མཁས་པ་རྣམས་དང་རིགས་ལམ་རྩོད་པ་ལ་མཆོག་ཏུ་དགྱེས་པའི་ཤེས་རབ་ཅན་མ་ཞིག་ཡིན་པས་རྟག་པར་ཕར་མཁས་པའི་མདུན་སར་རྩོད་ལ་བྱོན་པ་དང་།ཚུར་རྩོད་དུ་བྱུང་བ་ལ་རྩོད་པའི་དམ་བཅའ་འཇོག་པར་ཐུགས་རབ་གཞོལ་བ་བཅས་ལུང་དང་རིགས་པའི་སྒོ་ནས་འཁོར་འདས་ཀྱི་དངོས་པོའི་གནས་ལུགས་གཏན་ལ་འབེབས་པའི་ཐབས་ཚུལ་ལྷུར་བཞེས་མཛད་ཀྱི་ཡོད་པ་ནི་མ་གཅིག་གི་ཐུན་མོང་མ་ཡིན་པ་མཛད་པ་ཞིག་ཡིན།

ཁོང་གི་མཛད་པ་མཐའ་དག་གི་ནང་ནས་ཆེས་མངོན་པར་གསལ་བའི་མཛད་རྗེས་ནི་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་གཅོད་ཀྱི་གཞུང་ལུགས་བརྩམས་པ་མ་ཟད་དེ་དར་སྤེལ་ཆེས་ཆེར་མཛད་པ་དེ་ཡིན་ལ།སློབ་མའི་ཚོགས་རྒྱ་ཆེར་བསྐྱངས་ནས་གངས་ལྗོངས་ཡུལ་གྲུ་ཀུན་ཏུ་གཅོད་ཀྱི་ལག་ལེན་ས་ཁྱབ་རྡོ་དར་དུ་གྱུར་པས་མ་ཚད།བལ་བོའི་ཡུལ་དང་རྒྱ་གར་གྱི་ཡུལ་ནས་མ་གཅིག་གི་དྲུང་དུ་གཅོད་ཀྱི་གདམས་པ་ཞུ་བར་ཡོང་མཁན་ནི་པད་མའི་ཚུལ་ལ་བུང་བ་འདུ་བའི་ངང་ཚུལ་དང་འདྲ་བར་བྱུང་ཡོད་ལ།རྒྱ་བལ་གྱི་ཡུལ་དུའང་མ་གཅིག་གི་གཅོད་ཀྱི་གཞུང་ལུགས་ཁྱབ་སྤེལ་བྱུང་ཡོད།

མ་གཅིག་གིས་གཅོད་ཀྱི་གཞུང་ལུགས་ཀྱིས་མཚོན་པའི་ཆོས་བཀའ་རྣམས་སྤེལ་བའི་ཐོག་མའི་དུས་སྐབས་ལ་བོད་ཡུལ་གྱི་མཁས་པ་དག་གིས་ཀྱང་མ་གཅིག་ལ་ཚོད་བགམ་པའི་སླད་དུ་རྩོད་པ་བྱས་པའི་ཚུལ་གོང་དུ་སྨོས་མ་ཐག་པ་ལྟར་ཡིན་ལ།རྒྱ་གར་གཡྀ་ཡུལ་ནས་ཀྱང་རྩོད་པ་བྱེད་མཁན་གཅིག་མཇུག་གཉིས་མཐུད་དུ་བྱུང་བ་ལ་མ་གཅིག་གླགས་མ་རྙེད་པར་བུས་པ་ཆེ་ལ་མཁས་ཤིང་གྲུབ་པ་བརྙེས་པར་གྲགས་པའི་རྒྱ་གར་གྱི་རྣལ་འབྱོར་པ་དག་ཀྱང་མ་གཅིག་གིས་ཆོས་ཀྱི་རྩོད་པས་ཕམ་པར་མཛད་པ་དང་།ཕྱོགས་མཚུངས་སྐྱེ་བོ་དུ་མ་འདུས་པའི་ཚོགས་ལ་གཅོད་ཀྱི་གཞུང་ལུགས་བཀའ་ཚོམ་ཆེན་མོ་དང་།མ་གཅིག་རང་ཉིད་ཀྱི་ཐུགས་ལ་འཁྲུངས་པའི་མྱོང་ཚོས་སོགས་བསྟན་པར་མཛད་ཡོད་ལ། ཐུགས་ལ་འཁྲུངས་པའི་མྱོང་ཆོས་ཟེར་བ་དེ་ནི་མ་གཅིག་རང་ཉིད་ཀྱི་ཐུགས་རྒྱུད་ལ་འཁྲུངས་པའི་ཉམས་རྟོགས་ཀྱི་གདམས་པ་སྟེ་མ་གཅིག་ཉིད་ཀྱིས་མཛད་པའི་གཅོད་ཀྱི་གཞུང་ལུགས་ཡིན།

གང་དེས་བརྩམས་པར་མཛད་པའི་བསྟན་བཅོས་ཀྱི་གཞུང་ལུགས་ནི་<<གཅོད་གཞུང་བཀའ་ཚོམ་ཆེན་མོ>>དང་།<<ཡང་རྩོམ>><<ཉིང་རྩོམ>><<ལེའུ་ལག>> <<གནས་ཐེམ>><<ཁོང་རྒོལ>><<གསང་བ་བརྡ་ཆོས>><<ལ་བཟླས་སྐོར་གསུམ>><<གཞི་ལམ་དདུ་སློང་བ>><<ཁྱད་པར་གྱི་མན་ངག>>དང་བཅུ་བཅས་ཡོད། དེ་མིན་བཀའ་རྩོམ་ཡང་དུ་ཡོད་པར་གྲགས།

དེ་ལྟར་མ་གཅིག་ལབ་སྒྲོན་ནི་ཁ་བ་རི་པའི་ལོ་རྒྱུས་གར་སྟེགས་ཐོག་ཐོན་པའི་བུད་མེད་མཁས་གྲུབ་གཉིས་ལྡན་གྱི་ཁྱད་དུ་འཕགས་པ་ཞིག་ཡིན་ལ།ཡུལ་འདིར་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་འདྲ་མིན་དར་ཞིང་འཕེལ་བའི་ལོ་རྒྱུས་ཀྱི་ཐོག་ཞི་བྱེད་གཅོད་ཀྱི་གཞུང་ལུགས་གསར་གཏོད་མཛད་མཁན་སྐད་གྲགས་ཡོད་པའི་སེམས་ཁམས་རིག་པ་འགྲན་ཟླ་བྲལ་བ་ཞིག་ཡིན་པ་མཁས་ཅན་འགྲན་ཟླ་དང་བྲལ་བ་ཞིག་ཡིན་པ་བཅས་ཇོ་མོ་ཡེ་ཤེས་མཚོ་རྒྱལ་དང་མ་གཅིག་ལབ་ཀྱི་སྒྲོལ་མ་ཞེས་མཚན་ཉི་ཟླ་ལྟར་གྲགས་པའི་ཤེས་རབ་ཅན་མ་འདི་ཟུང་ནི་བོད་མིའི་རིགས་ཅན་སྤྱི་དང་བྱེ་བྲག་གངས་ལྗོངས་བུད་མེད་རྣམས་ཀྱི་སྤོབས་སེམས་ཀྱི་དཔལ་དུ་ངོམ་ཆོག་ཡིན་

ལོ་རྒྱུས།

Post navigation

Previous Post: དེ་རིང་ཨ་མདོ་རྔ་པ་ནས་བཙུན་མ་ཞིག་གིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་གནས་ཚུལ།
Next Post: ཤོག་བུའི་སེང་གེ

Comments (3) on “མ་ཅིག་ལབ་ཀྱི་སྒྲོལ་མ”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-10-17 at 7:41 pm

    མ་གཅིག་ལབ་སྒྲོན་གྱི་རྣམ་ཐར་ཞིག་མཇལ་མྱོང་། མ་གཅིག་བཙུན་མ་ཇོ་མོར་བཞུགས་པའི་སྐབས་སུ། འབུམ་ཀློག་པར་སྦྱིན་བདག་སོ་སོའི་ཁྱིམ་དུ་ཕེབས་པར་མངོན། ཞག་ཅིག་རྒྱ་གར་པ་གྲུབ་ཐོབ་ཡིན་མིན་མ་ཤེས། དེ་ཡིས་མཚན་མོ་མ་གཅིག་ལ་ཞུ་བ་ཕུལ་ཏེ། དེ་དང་མཉམ་དུ་གཟིམས་དགོས་པ་བྱུང་། སྦྱིན་བདག་དེ་ཡིས་མཚན་མོ་དེར་བཞུགས་པའི་ཁང་མིག་དེ་ནས་འོད་ཀྱི་ཕུང་པོ་འཕྲོ་བར་མཐོང་། འོན་ཀྱང་བཙུན་མ་ཇོ་མོ་ནས་བབས་པའི་རྐྱེན་གྱིས་ཡུལ་ཕྱོགས་དེར་བཞུགས་མ་ཚུགས་པར་ཡུལ་དེ་ནས་མར་ཀོང་པོ་ཕྱོགས་སུ་ཕེབས་དགོས་བྱུང་། དེར་མཛད་པ་འཕྲིན་ལས་ཆེར་རྒྱས་པའི་རྗེས་བོད་ཡུལ་དུ་མཚན་སྙན་གྲགས་ཆེ་བས། ལབ་ཅེས་པ་འཁྲུངས་ཡུལ་ཡིན་ནམ། བཞུགས་ས་ཡིན། ཡུལ་དེ་ཡི་སྒྲོན་མ་སྟེ། མ་གཅིག་ལབ་ཀྱི་སྒྲོན་མ་ཞེས་བོད་ཡུལ་ཀུན་ཏུ་ཡོངས་སུ་གྲགས་སོ།།

  2. འོད་ཟེར། says:
    2011-10-18 at 3:02 am

    མ་གཅིག་ལབ་སྒྲོན་ནི་ཡུམ་ཆེན་མོའི་སྤྲུལ་པ་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་བོད་ལ་སྤྲུལ་པ་ཉི་ཤུ་རྩ་ལྔ་ནང་ཚན་ཅིག་དེ་རེད་ དེ་ཡིན་པ་མཚོ་རྒྱལ་དཀའ་ཐོང་ནང་གསལ་ ཐོད་པ་བྷ་ཊ་དང་ཕ་དམ་པ་གཉིས་མི་གཅིག་རེད་ འཁྲུང་ཡུལ་རྒྱ་གར་ལྷོ་ཕྱོག་བྷེ་ལ་སྐོབ་བ་གཞིས་ཆགས་ཕྱོགས་ལ་བྷེ་སྤྲ་པུ་ཞེས་པའི་གནས་རི་དེ་ཕ་དམ་པའི་གནས་ཡིན་པ་བཤད་ དེ་གའི་ཡུལ་མི་ནས་གནས་འདི་ཡིས་བདག་པོ་དེ་རྗེས་སུ་བོད་ལ་སོངས་བའི་གཏམ་རྒྱུད་ཞིག་འདུག་ ཐོད་པ་བྷ་ཊ་དང་ཕ་དམ་པ་གཉིས་རྒྱལ་དཀར་གྱི་གྲུབ་ཐོབས་གཉིས་ལམ་བར་ནས་ཡོང་བའི་སྐབས་མི་རོ་ཞིག་དང་འཕྲད་རོ་དེ་དུར་ཁྲོད་དུ་སྐྱལ་དགོས་གསུང་ཙམ་ ཁོང་གཉིས་ལ་འཕོ་བ་དྲོང་འཇུགས་གི་གདམ་པ་ཡོད་ཙམ་ ཐོད་པ་བྷ་ཊ་ནས་ཕ་དམ་པ་ལ་ཁྱེད་གིས་རོ་འདི་དུར་ཁྲོད་ལ་བཅོལ་དང་ང་ཡིས་ཁྱེད་ཀྱིས་ཕུང་པོ་འདིར་བསྲུང་ཟེར་ དམ་པས་ཕུང་པོ་དུ་ཁྲོད་བཅལ་ནས་ལོག་ཡོང་དུས་ བྷ་ཊ་ནས་དམ་པའི་སྐུ་ཁོག་ལ་ཞུག་ནས་གར་སོང་མེད་ དམ་པ་བྷ་ཊའི་སྐུ་ཁོག་ཞུག་དགོ་ཐུག་ དམ་པ་ལ་གདོང་མཛེས་པོ་དང་མི་གཤིས་བཟངས་པོ་ཡོད་ བྷ་ཊར་མདོག་ངན་ལ་མི་གཤིས་ངན་ཟེར་ རྗེས་སུ་ཡུལ་མི་རྣམས་ཀྱིས་དམ་པ་ལ་འདི་འདྲའི་མི་གཤིས་ངན་པ་ཆགས་སོངས་ཟེར་ དམ་པ་རང་བྷ་ཊའི་སྐུ་ཁོག་དེ་རང་བོད་དུ་ཕྱིན་པ་འདྲ་ མ་གཅིག་གིས་ཕ་ནག་པོ་ཆེན་པོའི་བསྟོད་པ་མཛད་པ་འདྲ་ རྒྱ་ནག་ལ་ཟོན་ནས་བསམ་གཏན་པའི་བརྟན་པ་སྤེལ་བ་འདྲ་ རྒྱ་ནག་གིས་ཁོང་ལ་དག་མོ་བཙུན་འབོད་སྐུ་བརྙེས་ཡང་རྒྱ་དཀར་ལྷོ་ཕྱོགས་གི་མི་རང་རེད་

  3. ཀརྡོ་རབ་འབྱམས་པ་ says:
    2011-10-18 at 10:13 am

    དེབ་སྔོན་ལྟར་ན། སྲས་མོ་ཀོང་ལྕམ་དང་ལ་ལྕམ། སྲས་སྙིང་པོ་གྲུབ་པ། གྲུབ་ཆུང་། ཡང་གྲུབ་དང་གསུམ། ཡང། ་་་ཡང་བམ་བོད་དུ་བྱོན་པའི་དུས་སུ་བྱ་ནག་མོ་བཞི་དམ་པའི་ཕྱི་བཞིན་དུ་འཕུར་ཞིང་འོང་བ་མཐོང་བ་ལས་མཁའ་འགྲོ་མ་བཞིར་གྱུར་པ་ནི། གཡེའི་ལབས་སྒྲོན། ༼ནི་ལབས་གྲོན་ལ་གོ་དགོས༽ གཉལ་སྟོད་ཀྱི་མ་ཇོ་བྱང་ཆུབ། གཙང་གི་ཞིང་མོ་རྒྱལ་མཐིང་། ལྷ་སའི་སྨྱོན་མ་རྣམས་ཏེ། ་་་ཞེས་སོགས་གསུངས་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme