Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་རིང་གི་ཉི་མ།

Posted on 2011-10-132011-10-13 By ཀླུ་ 2 Comments on དེ་རིང་གི་ཉི་མ།

tibet-buddimmolསྐར་ཁྲི་བཙན།

དེ་རིང་གི་ཉི་མ།
རྒྱལ་གཅེས་དཔའ་བོའི་ཡོད་ཚད་གངས་རིའི་ཆེད།།
རྒྱལ་ཞེན་ཕུ་ནུའི་ཐམས་ཅད་ཁ་བའི་དོན།།
ཁ་བ་གངས་ཀྱི་འཁྱུད་པའི་ཕ་ས་དེར།།
ཕྱི་ནང་ཕུ་ནུས་རྡོག་ས་སྒྲིལ་དུས་ཀྱང་།

དེ་རིང་གི་ཉི་མ།
རྒྱལ་གཅེས་དཔའ་བོའི་དུར་ས་གངས་རིའི་ལྗོངས།།
རྒྱལ་ཚོང་ནང་རུལ་འཛུལ་ས་བཙན་བྱོལ་ཁྲོད།།
ཕྱི་དགྲ་ནང་དགྲ་གཉིས་ཀྱི་སོ་ཁ་ན།།
ལས་ངན་བོད་མིའི་ཚེ་སྲོག་རྟ་ལྔ་བོ།།

དེ་རིང་གི་ཉི་མ།
རྒྱལ་གཅེས་དཔའ་བོའི་སྐུ་ལུས་མེ་ལྕེའི་དབུས།།
རྒྱལ་བཙོང་ཚོང་གི་མ་རྩ་སྐྱབས་བཅོལ་ཁྲོད།།
ཕྱི་དགྲ་ནང་དགྲ་གཉིས་ཀྱི་དཀྲུགས་ཁ་ན།།
བོད་པའི་ཚེ་སྲོག་རླུང་ཁའི་མར་མེ་བོ།།

དེ་རིང་གི་ཉི་མ
གདོང་དམར་དཔའ་བོའི་ལུས་སྲོག་མེ་དཔུང་དང་འགྲོག་ཅིང་།།
བདེན་པའི་གད་རྒྱངས་ཕྱོགས་བཞིའི་གླེང་ཆེན་དུ་ལྷང་དུས།།
སྡར་མ་ངོ་གཉིས་མ་ཡི་ལྟོ་རྒྱབ་ཀྱི་ཆེད་དུ།།
དགྲ་བོའི་འཐབ་ཕྱོགས་པ་ལ་མཐུན་རྐྱེན་ཞིག་སྒྲུབ་དུས།།

དེ་རིང་གི་ཉི་མ།
གངས་རིའི་དཔའ་བོའི་རང་གི་ཡོད་ཚད་དེ་གཏོང་ཞིང་།།
རེ་བའི་ཅོང་བརྡ་རི་རྒྱལ་ཁུངས་གསེང་ན་ལྷང་དུས།།
ཕྱི་དགྲ་མི་ཐུབ་ནང་ལ་ཁ་བཙན་རང་ཆེ་བས།།
བོད་མིའི་སྒྲོག་འཛུགས་གཏོར་བའི་ཁོག་ངན་ཞིག་འཆང་དུས།།

དེ་རིང་གི་ཉི་མ།
ཕྱི་ནང་རྒྱལ་སྐྱོབ་པ་ཡི་ལག་རྡང་ཞིག་སྦྲེལ་ཞིང་།།
འདྲ་མིན་སྲིད་ཀྱི་སྟེགས་ནས་འཐབ་རྩོད་ལ་བྲེལ་དུས།།
དམར་པོའི་གཡོག་གླར་ཆགས་པའི་རྒྱུག་ཁྱི་ཡི་ཚོགས་ཀྱིས།།
གདོང་ལྤགས་མཐུག་པོའི་རང་མཚང་ཕྱི་ལོག་ལ་མངོན་དུས།།

དེ་རིང་གི་ཉི་མ།
ཕ་ས་གངས་ལྗོངས་ན་དཔའ་བོའི་རང་གཟུགས་ཤིག་ངོམ་དུས།།
གཞན་ས་མི་ཡུལ་ནས་བདེན་པའི་རྒྱབ་རྩ་ལ་ལང་དུས།།
ཁྲེལ་ཡོད་མི་བུ་ཡི་རང་ནུས་མི་རིགས་ལ་དབང་དུས།།
ངོ་ཚ་མི་ཤེས་པའི་ཡོད་ཚད་དགྲ་བོ་ལ་དག་དུས།།

སྙན་ངག

Post navigation

Previous Post: པེ་ཅིང་གིས་ཁོར་ཡུག་མ་བསྐྲུན་ན། བོད་རྒྱའི་འབྲེལ་ཐག་ཇེ་རིང་རེད།
Next Post: ཡིད་སྐྱོ་བའི་འུ་ཚོའི་སྤྱི་ཚོགས།

Comments (2) on “དེ་རིང་གི་ཉི་མ།”

  1. ཇ་མ་ says:
    2011-10-13 at 2:10 pm

    ངོ་མ་རྩོམ་ཡིག་ཡག་པོ་འདུག ཐུགས་རྗེ་ཆེ།

  2. ཀརྡོ་རབ་འབྱམས་པ་ says:
    2011-10-16 at 2:11 pm

    ༡༡༽ ཀརྡོ་རབ་འབྱམས་པ་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༦ གི་ཆུ་ཚོད་ ༡༤ སྐར་མ་ ༠༤
    རྒྱ་གཞུང་མ་རབས་བཙན་ཤེད་གཉའ་གནོན་གྱི་མེ་ཡིས། །
    བོད་མིའི་བཟོད་བསྲན་ལྗང་མྱུག་མང་དག་ཅིག་བསྲེགས་སོང། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme