Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ས་སྐྱ་༸གོང་མའི་འཁྲུངས་སྐར་སྲུང་བརྩི་ཞུ་གནང་བ།

Posted on 2011-09-30 By ཁ་བརྡ་ 3 Comments on ས་སྐྱ་༸གོང་མའི་འཁྲུངས་སྐར་སྲུང་བརྩི་ཞུ་གནང་བ།

ས་གནས་ནས་ཐུབ་རྒྱལ་གྱིས།

ཁ་སང་ཕྱི་ཚེས་༢༨བོད་རྒྱལ་ལོ༢༡༣༨བོད་ཟླ་བརྒྱད་པའི་ཚེས་གཅིག་ཉིན། འདི་གར་གྱེས་ཀྱི་གདན་ས་ར་པུར་ས་སྐྱ་ཆོས་སྒར་དུ་བརྩེ་ཆེན་བསྟན་པའི་མངའ་བདག་དཔལ་ས་སྐྱའི་ཁྲི་ཐོག་ཞེ་གཅིག་པ་ཆེན་པོ་མཁའ་མཉམ་སྐྱེ་འགྲོ་ཡོངས་ཀྱི་མགོན་དཔུང་དམ་པ་སྐྱབས་མཆོག་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་མི་འཇིག་འཇིགས་རྟེན་ཁམས་འདིར་སྐུའི་མཚན་དཔེ་གསར་དུ་བཞད་ནས་ཕྱི་ལུགས་ལྟར་དགུང་གྲངས་རེ་བདུན་དང་བོད་ལུགས་ལྟར་རེ་དྲུག་ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་རྩི་ཞུ་གནང་སོང་། སྐྱབས་རྗེ་འཁོན་གདུང་སྐུ་གཞོན་རིན་པོ་ཆེ་མཆོག་གི་དབུས་པའི་ཆོས་སྒར་གྱི་འདུས་པ་སྤྱི་ནས་ཉིན་གསུམ་རིང་ཚེ་དཔག་མེད་ཆོ་གའི་སྒོ་ནས་བརྟན་བཞུགས་ཀྱི་སྒྲུབ་བཞགས་གནང་ནས་ཁ་སང་སྔ་དྲོ་ཚོུད་དགུ་པའི་ཐོག་མགོན་པོ་གང་ཉིད་ཕོ་བྲང་ནས་སྤྱན་རྒྱལ་སྤོས་དར་སོགས་ཀྱིས་སྣེ་དྲངས་ནས་བཞུགས་ཁྲིར་ཞབས་སུ་འཁོད་འཚམས་གསུང་ཆོག་དབུ་འཛུགས་གནང་རྗེས་འཁོན་གདུང་སྐུ་གཞོན་རིན་པོ་ཆེ་མཆོག་གིས་མནྜལ་རྟེན་གསུམ་འདེགས་འབུལ་དང་བཀྲིས་རྫས་བརྒྱད་དང་རྒྱལ་སྲས་སྣ་བདུན་སོགས་འདེགས་འབུལ་ཞུ་གནང་སོང་།དེའི་རྗེས་སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེས་རྟེན་གསུམ་འདེགས་ཞུས་པ་དང་རིམ་བཞིན་དགོན་སྡེ་གྲྭ་ཚང་ཁག་དང་གཞན་ཡང་སྤུ་རུ་ཝ་ལ་ས་གཞིས་དང། ར་སྤུར། བདེ་སྐྱིད་གླིང་སོགས་ཀྱི་ས་གནས་མགོ་འཛིན་རྣམ་པ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཅས་ཀྱིིས་འབུལ་ཚོན་དང་མཇལ་ཁ་བཅར་སོང་། དེ་རིང་གི་འཁྲུངས་སྟོན་མཛད་སྒོ་ལ་ཐེ་ཝན་དང་ནུབ་ཕྱོགས་བཅས་ཀྱི་དད་ལྡན་སློབ་མ་མང་པོ་ཞིག་ཀྱང་ཆེད་བཅར་གནང་འདུག་པ་མ་ཟད་ཕྱོགས་མཐའ་ཁག་ནས་ཆེད་ཕེབས་གནང་བའི་གྲྭ་བཙུན་མི་མང་བཅས་ཁྱོན་མི་མང་སྟོང་ཚོ་གཅིག་ཡས་མས་ཞིག་འདུ་འཛོམས་གནང་འདུག མཇལ་ཁ་གྲུབ་འཚམས་ཉིན་གུང་གསོལ་ཚིགས་ལ་རོལ་ནས་མཛད་སྒོ་རྒྱལ་ཁ་ངང་གྲུབ་སོང་། གཞིས་བྱེས་གཉིས་སུ་གནས་པའི་ས་སྐྱའི་དགོན་ཁག་ཚང་མས་རྣམ་པ་འདྲ་མིན་གྱི་ཐོག་ནས་འཁྲུངས་སྐར་སྲུང་བརྩི་ཞུ་གནང་བཞིན་ཡོད་འདུག

གསར་འགྱུར།

Post navigation

Previous Post: དམུས་ལོང་གི་ཚོགས་དང་གླང་ཆེན།
Next Post: རྒྱ་ནག་འབུམ་རམས་པས་བོད་རྒྱའི་འབྲེལ་གཏུག་གླེང་བ།

Comments (3) on “ས་སྐྱ་༸གོང་མའི་འཁྲུངས་སྐར་སྲུང་བརྩི་ཞུ་གནང་བ།”

  1. བན་དེ་བ། says:
    2011-10-01 at 2:41 am

    ཨོ་གོང་མ་རིན་པོ་ཆེ་ཡི་འཁྲུངས་དཀར་ལ་བཀྲ་ཤིས་བདེ་ལེགས་ཞུ།
    ནམ་རྒྱུན་བོད་ལུགས་ལྟར་ན་ལོ་སྔོན་ལ་རྩི་བ་དང། ཕྱི་ལུགས་ལྟར་ན་རྗེས་སུ་འབྱུང་གི་ཡོད།
    དཔེར་ན། བོད་ལུགས་ལ་བོད་ཟླ་བཅུ་གཉིས་པའི་ཚེས་གནམ་གང་ལ་སྐྱེས་པ་ཞིག་དེ་ཡི་ཕྱི་ལོའི་བོད་ཟླ་དང་པོའི་ཚེས་གཅིག་ཉིན་ཕྲུག་གུ་དེ་ལོ་གཉིས་སུ་རྩིས་སྲོལ་ཡོད།
    ཕྱི་ལུགས་ལ་དེ་ལྟར་མིན་ཅིང་བོད་ཟླ་བཅུ་གཉིས་པའི་ཚེས་གནམ་གང་ལ་སྐྱེས་པའི་ཕྲུག་གུ་དེ་ལོ་རྗེས་མའི་བོད་ཟླ་བཅུ་གཉིས་པའི་ཚེས་གནམ་གང་ལ་མ་སླེབས་པའི་བར་དུ་ལོ་གཅིག་ཡིན་པར་འདོད་ཀྱི་མེད།
    དེས་ན།
    ༼་ཕྱི་ལུགས་ལྟར་དགུང་གྲངས་རེ་བདུན་དང་བོད་ལུགས་ལྟར་རེ་དྲུག༽
    དེ་གོང་འོག་ནོར་བ་མིན་ནམ།

  2. བཙན་བྱོལ་བ་ says:
    2011-10-01 at 8:18 am

    སྐུ་ཉིད་ཀྱི་འཁྲུངས་སྐར་ལ་བཀྲིས་བདེ་ལེགས་གྲངས་མེད་ཞུ། ༸ས་སྐྱ་གོང་མ་རིན་པོ་ཆེ་མཆོག་ནི་ཡུན་རིང་བོད་ཀྱི་ཆབ་སྲིད་གཉིས་ཀའི་དོན་ལ་ཕྱག་ལས་ཧུར་བརྩོན་གནང་མཁན་ཞིག་ཡིན་པ་ཡོངས་གྲགས་སུ་བཤད་ཀྱིན་ཡོད། འདི་ནི་ངོ་མ་བདེན་པ་རེད། ཁྱེད་ལྟ་བུ་ཞིག་ཆོས་ལུགས་ཁག་ཚང་མའི་ནང་ནས་གང་མང་ཐོན་ཐུབ་པའི་རེ་བ་ཡོད།

  3. སེམས་མེད་བུ says:
    2011-10-01 at 9:56 am

    སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་ཆབས་ཅིག བསྟན་པ་དང་འགྲོ་བའི་དོན་དུ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་སྨོན་ལམ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (75)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme