Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཚེ་བ་སྤངས་པའི་བྱེད་ལས་ཀྱི་སྐོར་ལ་རྒྱུན་ལྡན་གྱི་ལོག་རྟོག་ཁག་སེལ་བ།

Posted on 2011-09-23 By ཁ་བརྡ་ No Comments on འཚེ་བ་སྤངས་པའི་བྱེད་ལས་ཀྱི་སྐོར་ལ་རྒྱུན་ལྡན་གྱི་ལོག་རྟོག་ཁག་སེལ་བ།

པདྨ་ཚེ་དབང་ཤཱསྟྲིས་བསྒྱུར།
————————-

འཚེ་བ་སྤངས་པའི་བྱེད་ལས་གང་རེད་ཟེར་ན།
འཚེ་བ་སྤངས་པའི་བྱེད་ལས་ནི། ལུས་ཀྱི་འཚེ་བའི་བེད་སྤྱོད་བྲལ་བའི་སྒོ་ནས་རྩོད་རྙོག་ཤིག་སེལ་བ་ལ། སྤྱི་ཚོགས་དང་ཆབ་སྲིད་ཀྱི་སྟོབས་ཤུགས་བཀོལ་སྤྱོད་བྱེད་པའི་བྱེད་ལས་ཀྱི་ཐབས་ལམ་ཞིག་རེད། འཚེ་བ་སྤངས་པའི་བྱེད་ལས་ཀྱི་ནང་དུ་མང་ཚོགས་ཀྱིས་རྒྱུན་ལྡན་ཁྲིམས་དང་། སྒྲིག་གཞིའམ། ཡང་ན་ལམ་ལུགས་སྲོལ་སོགས་ལ་བརྟེན་ནས་ལག་ལེན་དུ་བསྟར་དགོས་པའི་བྱ་བ་ལག་བསྟར་མི་བྱེད་པ། དཔེར་ན། བྱ་རུང་བའི་བྱ་བ་མི་བྱེད་པའམ། བླངས་བྱ་མི་ལེན་པ། དེ་ལས་ལྡོག་སྟེ་མང་ཚོགས་ཀྱིས་རྒྱུན་ལྡན་ཁྲིམས་དང་། སྒྲིག་གཞིའམ། ཡང་ན་ལམ་ལུགས་སྲོལ་ལ་བརྟེན་ནས་བྱ་བ་ལག་ལེན་དུ་བསྟར་མི་རུང་བའམ། མི་ཆོག་པའི་རིགས་ཀྱི་བྱ་བ་ལག་བསྟར་བྱེད་པ། དཔེར་ན། བྱ་མི་རུང་བའི་བྱ་བ་བྱེད་པའམ། སྤང་བྱ་མི་སྤོང་བ། ཡང་ན་གཉིས་ཀ་འདྲེས་མའང་ཚུད་སྲིད་པ་རེད། དེས་ན། ཐབས་ལམ་ཞིག་ཡིན་པའི་ཆ་ནས་འཚེ་བ་སྤངས་པའི་བྱེད་ལས་ནི་བྱ་འགུལ་མེད་པ་དང་། བྱེད་ལས་བྲལ་བ་ཞིག་མིན། དེ་ནི་བྱེད་ལས་འཚེ་བ་སྤངས་པ་ཞིག་རེད།

བྱ་བ་འདི་དག་གི་ནང་དུ་༼འཚེ་བ་སྤངས་པའི་གོ་མཚོན་༽ནམ། ཡང་ན་བྱེད་ལས་ཀྱི་ཐབས་ལམ་དམིགས་བསལ་བ་དུ་མ་ཞིག་བསྡུས་ཡོད། ད་ལྟ་བར་དུ་ཐབས་ལམ་ཉིས་བརྒྱ་ལ་ཉེ་བ་ངོས་འཛིན་བྱས་ཡོད་ལ། ད་དུང་་མང་པོ་ཞིག་ཡོད་བཞིན་པ་དང་། མ་འོངས་པའི་རྩོད་རྙོག་དག་གི་ནང་དུ་དེ་བས་མང་བ་ཐོན་རྒྱུ་ནི་གདོན་མི་ཟ་བ་རེད། འཚེ་བ་སྤངས་པའི་ཐབས་ལམ་ལ་སྡེ་ཚན་ཆེ་ཁག་གསུམ་ཡོད། དེ་དག་ནི། འཚེ་བ་སྤངས་པའི་ངོ་རྒོལ་དང་རྒྱུད་སྐུལ། མཐུན་ལམ་མི་བྱེད་པ། འཚེ་བ་སྤངས་པའི་ཐེ་གཏོགས་བཅས་རེད།

འཚེ་བ་སྤངས་པའི་བྱེད་ལས་ཀྱིས་ལུས་ཀྱི་འཚེ་བ་བེད་སྤྱོད་མ་བཏང་བའི་སྒོ་ནས། ཁ་གཏད་ལ་ཉེས་ཆད་གཅོད་པ་དང་། རང་ཕྱོགས་ཀྱི་དམིགས་ཚད་འགྲུབ་པའི་ཆེད་དུ་སྟོབས་ཤུགས་བཀོལ་སྤྱོད་བྱེད་པའི་ལམ་ཁ་ཞིག་སྤྲོད་ཀྱི་ཡོད། ཤས་ཆེ་བར་འཚེ་བ་སྤངས་པའི་བྱེད་ལས་ནི་སྡེ་ཚན་ནམ། མང་ཚོགས་ཀྱི་བྱེད་ལས་ཡིན། དམིགས་བསལ་མཚོན་རྟགས་ཀྱི་ཐབས་ལམ་ལྟ་བུ། ཐབས་ཤེས་འདིའི་རྣམ་པ་འགའ་ཞིག་བྱེད་ལས་ཀྱིས་རྒྱུད་སྐུལ་བྱེད་པའི་འབད་རྩོལ་ལ་རྩིས་ན་འགྲིགས་ཀྱང་། དམིགས་བསལ་མཐུན་ལམ་མི་བྱེད་པ་ལྟ་བུའི་རྣམ་པ་གཞན་དག་གིས། གལ་ཏེ་གྲངས་མང་གིས་ལག་བསྟར་བྱས་ན། ཁ་གཏད་ལ་བཙན་ཤེད་བྱེད་ཀྱི་ཡོད།

རྩོད་རྙོག་གི་ཚད་གཞི་དང་གནད་དོན་ཇི་འདྲ་ཡང་། འཚེ་བ་སྤངས་པའི་བྱེད་ལས་ནི། མགོ་སྒུར་དང་བྱ་འགུལ་མེད་པའི་རང་བཞིན་ཁས་མི་ལེན་པ་དང་། འཐབ་རྩོད་བྱེད་དགོས་ངེས་དུ་བལྟ་བའི་མི་སྡེས་འཚེ་བ་བྲལ་བའི་སྒོ་ནས་འཐབ་རྩོད་བྱེད་ཐུབ་པའི་ཐབས་ཤེས་ཞིག་རེད། འཚེ་བ་སྤངས་པའི་བྱེད་ལས་དེ་རྩོད་རྙོག་ལས་གཡོལ་རྒྱུའི་འབད་བརྩོན་ཞིག་མ་རེད། དེ་ནི་ཇི་ལྟར་སྟོབས་ཤུགས་དེ་ཕན་ནུས་ལྡན་པའི་སྒོ་ནས་བེད་སྤྱོད་བྱེད་པའི་དཀའ་རྙོག་དེར་ལན་འདེབས་གཅིག་རེད།

འཚེ་བ་སྤངས་པའི་བྱེད་ལས་དེ་ག་རེ་མ་རེད་ཟེར་ན།
༡། ཇི་ལྟར་འཚེ་བ་ཅན་གྱི་བྱེད་ལས་ཀྱི་ནང་དུ་དགོས་པ་བཞིན། འཚེ་བ་སྤངས་པའི་བྱེད་ལས་དེར་ཡང་སྡར་མའི་ངང་ཚུལ་དང་། བྱ་འགུལ་མེད་པའི་རང་བཞིན། མགོ་སྒུར་བའི་རང་བཞིན་བཅས་དང་འབྲེལ་བ་རྩ་བ་ནས་མེད་པས། ཐོག་མར་འདི་དག་ཁས་མི་ལེན་པ་དང་། སྤོངས་དགོས་པ་ཡིན།
༢། འཚེ་བ་སྤངས་པའི་བྱེད་ལས་ཀྱིས། བསམ་བློ་བསྒྱུར་བའི་ཆེད་དུ་སེམས་ཁམས་ཀྱི་གནོན་ཤུགས་སྐུལ་བར། བྱེད་ལས་བེད་སྤྱོད་བྱེད་སྲིད་ཀྱང་། ངག་གམ། ཡང་ན། སེམས་ཁམས་ཀྱི་རྒྱུད་སྐུལ་ཁོ་ན་དང་གཅིག་མཚུངས་སུ་འདོད་མི་རུང་།་ འཚེ་བ་སྤངས་པའི་བྱེད་ལས་ནི། ཚིག་ཙམ་མ་ཡིན་པར། རྩོད་རྙོག་གི་ནང་དུ་དོ་མཉམ་པའི་ནུས་ཤུགས་ཐོན་ཕྱིར། སྤྱི་ཚོགས་དང་། དཔལ་འབྱོར། ཆབ་སྲིད་བཅས་ཀྱི་སྟོབས་ཤུགས་བེད་སྤྱོད་བྱེད་པའི་འཐབ་རྩོད་ཀྱི་ཐབས་ཤེས་དང་། ཉེས་ཆད་ཅིག་རེད།
༣། འཚེ་བ་སྤངས་པའི་བྱེད་ལས་ཀྱིས། མི་རྣམས་རང་བཞིན་གྱི་བཟང་པོ་ཡིན་པའི་ཚོད་དཔག་དེར་བརྟེན་གྱི་མེད་ལ། མི་རྣམས་ལ་ཐལ་ཆེ་བའི་སྡུག་རྩུབ་དང་། འགྲོ་བ་མིའི་ཀུན་སྤྱོད་ལས་འདས་པ་བཅས་ཐེ་བའི་བྱ་བ་ངན་པ་དང་བཟང་པོ་གཉིས་ཀ་བྱེད་ཐུབ་པའི་ནུས་པ་ལྡན་པར་ངོས་འཛིན་བྱེད་ཀྱི་ཡོད།
༤། འཚེ་བ་སྤངས་པའི་བྱེད་ལས་བེད་སྤྱོད་བྱེད་མཁན་གྱི་མི་རྣམས་དྲང་སྲོང་དང་། ཞི་བདེ་བ་ཡིན་དགོས་ཀྱི་མེད། འཚེ་བ་སྤངས་པའི་བྱེད་ལས་ནི་ཕལ་ཆེ་བ་མི་སྡེ་དཀྱུས་མ་རྣམས་ཀྱིས་ལམ་ལྷོངས་ལྡན་པའི་སྒོ་ནས་ཉམས་ལེན་བྱས་ཡོད།
༥། འཚེ་བ་སྤངས་པའི་བྱེད་ལས་ལ་ལམ་ལྷོངས་ཡོང་བར། མི་སྡེ་ཚང་མ་ལྟ་གྲུབ་དང་གནས་ཚད་གཅིག་པའམ། ཚད་མཐོ་བའི་སྤྱི་ཚོགས་ཀྱི་ཁེ་ཕན་ནམ། ཡང་ན། འགྲན་རྩོད་སྡེ་ཁག་གི་དབར་ལ་ཚད་མཐོ་བའི་སེམས་ཁམས་ཀྱི་འདྲིས་ཆེ་བ་བཅས་ཀྱིས་རམ་འདེགས་བྱེད་སྲིད་ཀྱང་། དགོས་མཁོ་མེད། འདི་ནི་གང་ཡིན་ཟེར་ན། དྭང་བླངས་ཀྱི་འགྱུར་བ་བསྐྲུན་པའི་འབད་རྩོལ་ལ་ལམ་ལྷོངས་མ་བྱུང་ན། བཙན་ཤེད་ལྡན་པའི་འཚེ་བ་སྤངས་པའི་ཐབས་ལམ་བཀོལ་སྤྱོད་བྱེད་ཆོག་པ་ཡིན།
༦། འཚེ་བ་སྤངས་པའི་བྱེད་ལས་ནི་ཤར་ཕྱོགས་ཀྱི་ཡིན་པ་དང་འདྲ་བར་མ་མཐར་ཡང་ནུབ་ཕྱོགས་ཀྱི་དངོས་པོ་ཞིག་རེད། གལ་ཏེ་གཉའ་གནོན་འོག་ཏུ་གནས་པའི་མི་རིགས་ཀྱི་མཐུན་ལམ་མི་བྱེད་པའི་འཐབ་རྩོད་དང་། ལས་མིའི་ལས་འགུལ་གྱི་ནང་དུ་ཕྱིར་ལྡོག་དང་། ལས་མཚམས་འཇོག་པའི་བེད་སྤྱོད་རྒྱ་ཁྱབ་ཆེ་བ་དེ་དག་ལ་གཞིགས་ན། དེ་ནི་དོན་དངོས་སུ་ཕལ་ཆེར་ནུབ་ཕྱོགས་ནས་དར་བ་ཞིག་རེད།
༧། འཚེ་བ་སྤངས་པའི་བྱེད་ལས་ཀྱི་ནང་དུ་ཕྱོགས་འགལ་བས་འཚེ་བ་སྤངས་པའི་ལས་འགུལ་བ་ཚོའི་ཐད་དུ་འཚེ་བ་བེད་སྤྱོད་བྱེད་རྒྱུར་འཛེམས་ཟོན་བྱེད་པའི་ཚོད་དཔག་དེ་མེད། ཐབས་ཤེས་དེ་དགོས་མཁོ་བྱུང་བའི་སྐབས་སུ་འཚེ་བའི་ཐད་དུ་བཀོལ་སྤྱོད་བྱེད་རྒྱུར་བཟོས་ཡོད།
༨། གནད་དོན་ངན་པ་ཞིག་གི་ཆེད་དུ་བེད་སྤྱོད་བཏང་བའི་སྤྱི་ཚོགས་ཀྱི་མཇུག་འབྲས་དག གནད་དོན་དེ་རང་གི་ཆེད་དུ་འཚེ་བ་བེད་སྤྱོད་བཏང་བའི་མཇུག་འབྲས་ལས་ཁྱད་པར་ཧ་ཅང་ཆེ་བ་ཡོང་སྲིད་ཀྱང་། འཚེ་བ་སྤངས་པའི་བྱེད་ལས་ཀྱི་ནང་དུ་གནད་དོན་བཟང་པོ་དང་། ངན་པ་གཉིས་ཀའི་ཆེད་དུ་བེད་སྤྱོད་བྱེད་པ་ལས་སྔོན་འགོག་ཐུབ་པ་གང་ཡང་མེད།
༩། འཚེ་བ་སྤངས་པའི་བྱེད་ལས་དེ་མང་གཙོ་ཅན་གྱི་ལམ་ལུགས་ནང་དུ་རྒྱལ་ནང་གི་རྩོད་རྙོག་གཅིག་པུར་ཚད་ཅན་ཡིན་པ་ཞིག་མ་རེད། དེ་ནི་སྲིད་དབང་སྒེར་འཛིན་གྱི་སྲིད་གཞུང་དང་། ཕྱི་རྒྱལ་གྱི་བཙན་འཛུལ། དེ་བཞིན་དབང་ཆ་གཅིག་སྡུད་རིང་ལུགས་པ་བཅས་ཀྱི་ཐད་དུ་རྒྱ་ཁྱབ་ཏུ་བེད་སྤྱོད་བཏང་ཡོད།
༡༠། འཚེ་བ་སྤངས་པའི་བྱེད་ལས་ཀྱིས་རྒྱལ་ཁ་བསྐྲུན་པར་དུས་རྟག་ཏུ་འཚེ་བ་ཅན་གྱི་འཐབ་རྩོད་ལས་དུས་ཡུན་རིང་བ་འགོར་གྱི་མེད། དོན་གནད་སྣ་ཚོགས་པའི་ནང་དུ་འཚེ་བ་སྤངས་པའི་འཐབ་རྩོད་ལ་ཉི་མ་འགའ་ཤས་ལྟ་བུ་དུས་ཡུན་ཐུང་ངུའི་ནང་དུ་དམིགས་ཡུལ་གྲུབ་པའི་རྒྱལ་ཁ་ཐོབ་པ་བྱུང་ཡོད། རྒྱལ་ཁ་ཐོབ་པར་དུས་ཡུན་གྱི་འགོར་ཚད་དེ་གཙོ་ཆེ་བ་འཚེ་བ་སྤངས་པའི་ལས་འགུལ་བའི་སྟོབས་ཤུགས་གཙོས་པའི་ཆ་རྐྱེན་མང་པོར་རག་ལུས་ཀྱི་ཡོད།

འབྱུང་ཁུངས། ཇཱིན། ཤཱརྤ་གྱི་འཚེ་བ་སྤངས་པའི་བྱེད་ལས་ཀྱི་སྲིད་དོན། གླེགས་བམ་གསུམ་པ། བྷོས་ཊོན། པོཊར། སཱར་ཇེཎཊི། ༡༩༧༣

འགྱུར་རྩོམ།

Post navigation

Previous Post: རྒྱལ་སྤྱི་ཞི་བདེའི་ཉིན་མོ་བརྩི་སྲུང་།
Next Post: ང་ཚོ་ལ་ལོ་རྒྱུས་ཀྱི་གླེགས་བམ་ཙམ་ལས་ཅི་ཡང་མི་འདུག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme