Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་རིགས་ཏང་ཡོན་ཞིག་གིས་སྤྲིངས་པ།

Posted on 2009-03-272009-03-30 By tenzin 10 Comments on བོད་རིགས་ཏང་ཡོན་ཞིག་གིས་སྤྲིངས་པ།

བོད་རིགས་ཏང་ཡོན་ཞིག་གིས་སྤྲིངས་པ།

(བོད་ཀྱི་སྐད་ཡིག་དྲ་རྒྱ་ནས་དྲངས་ )
http://www.tibettl.com/blog/u/Tenzin/archives/2009/5867.html#7835
གུས་ཞིང་བརྩེ་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཧུ་ཅིང་ཐའོ་ཡི་དྲུང་དུ།

གུས་པ་ནི་ལོ་མང་ཏང་དང་མི་དམངས་ལ་ཞབས་འདེགས་ཞུ་མཁན་གྱི་བོད་མི་ཏང་ཡོན་བསམ་པ་རྣམ་དག་ཞིག་ཡིན། གུས་པས་འདས་པའི་ལོ་ངོ་༤༠རིང་ལྷག་བསམ་རྣམ་དག་གིས་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་དང་། ཏང་གི་ལམ་སྟོན་ལ་མཐའ་གཅིག་ཏུ་བརྩི་བཀུར་གྱིས་མེས་རྒྱལ་གྱི་ནུབ་ཕྱོགས་ལ་གནས་པའི་བོད་ཀྱི་ས་ཁུལ་ཁག་ལ་སློབ་གསོ་དང་། དྲིལ་བསྒྲགས་ཀྱི་བྱ་བ་མི་ཉུང་བ་བསྒྲུབས་ཡོད་ཅིང་། ལོ་བཅུའི་གོང་ལ་རྒྱལ་ཁབ་ཀྱིས་དམིགས་བསལ་གཟིགས་སྐྱོང་གིས། ཀྲུང་དབྱང་ཏང་གི་སློབ་གྲྭར་བོད་རིགས་ལས་བྱེད་གསོ་སྐྱོང་འཛིན་གྲྭའི་ནང་ལོ་གཉིས་ཙམ་གྱི་སློབ་གསོ་གནང་བྱུང་། དེའི་རྗེས་ལ་གཞིས་རྩེ་ས་ཁུལ་གྱི་མི་དམངས་སྲིད་གཞུང་གི་བྱ་བ་སྒྲུབ་བཞིན་ཡོད།

ཟླ་རྙིང་ནས་བཟུང་། བོད་ལྗོངས་ལ་ཞིང་འབྲོག་མི་དམངས་ཀྱི་ངོ་རྒོལ་བྱུང་ནས་ཀྲུང་གོ་ཡོངས་ལ་”གསུམ་པའི་བཅུ་བཞི་”ཟེར་བའི་དོན་རྐྱེན་ཆེན་པོ་ཞིག་བྱུང་རྗེས། རྒྱལ་སྤྱི་རྒྱལ་ནང་ཚང་མར་བོད་ཀྱི་ཐོག་ལ་དོ་སྣང་ཆེན་པོ་བྱུང་ཡོད། ང་ཚོ་བོད་མི་ཏང་ཡོན་རྣམས་ལ་ལྷག་པར་སེམས་ནང་དཀའ་ངལ་ཆེན་པོ་ཞིག་འཕྲད་པ་ནི། ལོ་ལྟར་ཏང་གིས་དམིགས་བསལ་ཐུགས་འཁུར་གནང་ནས་དཔལ་འབྱོར་དང་། ཤེས་རིག། ཚན་རྩལ་བཅས་ཀྱི་རོགས་རམ་ཇི་ལྟར་གནང་བ་དེ་ཤེས་ཀྱི་ཡོད་པས།དོན་རྐྱེན་འདི་ལྟ་བུ་ཞིག་ཡོང་བའི་སྣང་བ་རྨི་ལམ་ནང་དུ་ནང་ཤར་མ་མྱོང་། ངེད་ཚོ་བོད་ཀྱི་ཏང་ཡོན་ཚོས་བློ་གཟུར་གནས་ཀྱིས་ད་རེས་ཀྱི་གནད་དོན་འདི་ལ་དབྱེ་ཞིབ་དང་། ཞིབ་རྟོག་བྱེད་སྐབས། བོད་ཀྱི་གནད་དོན་ཟེར་བ་འདི་ཐུག་ས་གཤམ་གྱི་རྐྱེན་ལ་རེད་སྙམ།

གཅིག    སྤྱིར་ཏང་གི་སྲིད་ཇུས་དེ་བཟང་པོ་ཡིན་རུང་། བོད་ནང་ལ་བྱ་བ་སྒྲུབ་མཁན་གྱི་དབུ་ཁྲིད་རྣམས་ཀྱི་བྱེད་སྟངས་དེ་འགྲིག་གི་མིན་འདུག དཔེར་ན། བོད་མི་རྣམས་ནི་ལོ་སྟོང་ཕྲག་རིང་ནང་པའི་ཆོས་ལ་དད་པ་བྱེད་མཁན་གྱི་མི་རིགས་ཤིག་ཡིན་རུང་། བོད་ལྗོངས་ཀྱི་དབུ་ཁྲིད་ཀྲང་ཆིང་ལིང་སོགས་ཀྱིས་གནས་དོན་དེར་བསམ་གཞིགས་མ་བྱས་པར། དུས་རྟག་ཏུ་ཆོས་དང་། ཆོས་བྱེད་མི་སྣར་དགྲ་ལྟ་བུའི་འདུ་ཤེས་བཞག་ནས། བོད་མི་རྱྒ་ཆེའི་མི་དམངས་ཀྱི་སེམས་ལ་རྨ་ཁ་ཆེན་པོ་བཟོ་བཞིན་གདའ།  དེས་ད་ལྟ་བོད་མི་བརྒྱ་ཆ་བདུན་བཅུ་ལྷག་ངེད་ལྗོངས་ཀྱི་སྲིད་གཞུང་གི་དབུ་ཁྲིད་ལ་རྒྱབ་སྐྱོར་མེད་པ་ལྟ་བུ་ཆགས་ཡོད།

གཉིས། བོད་མི་རྣམས་ནི་ཀྲུང་གོའི་ས་ཁུལ་གཞན་དང་མི་འདྲ་བར། ལོ་སྟོང་ཕྲག་མང་པོ་རང་གི་རིག་གཞུང་དང་སྐད་ཡིག འཇིག་བརྟེན་ལྟ་ཚུལ་བཅས་ལ་དམིགས་བསལ་གྱི་ཁྱད་པར་དང་། མི་རིགས་གཞན་དང་མི་འདྲ་བ་མང་པོ་ཡོད་སྟབས། ཡུལ་སྲོལ་གོམས་གཤིས་དེ་ཚོ་གཅེས་སྤྲད་དང་བདག་གཉེར་བྱ་རྒྱུར་དགའ་པོ་བྱེད་ཀྱི་ཡོད། ཡིན་ནའི། ཀྲང་ཆིང་ལིང་དང་། བྱམས་པ་ཕུན་ཚོགས་སོགས་ཀྱིས་གནད་དོན་དེ་ཚོར་མཐའ་གཅིག་ཏུ་ངོ་རྒོལ་བྱས་ནས། བོད་ཀྱི་སྐད་ཡིག་ལ་མཐོང་ཆུང་། མི་རིགས་ཀྱི་ཁྱད་ཆོས་ལ་སྡུག་རོལ་གཏོང་བ་སོགས་བྱེད་མུས་ལ་བརྟེན། དེས་བོད་མི་མང་པོའི་བློ་ཁ་སྒྱུར་བཅུག་ནས་ཁ་བྲལ་དང་རང་བཙན་གྱི་ལམ་ཕྱོགས་ལ་འདེམས་ཁ་རྒྱག་ཏུ་བཅུག

གསུམ། རྒྱ་རིགས་དང་བོད་རིགས་ཀྱི་རིག་གཞུང་དང་། མི་རིགས་ཀྱི་ཐོབ་ཐང་། དེ་བཞིན་ཆམ་མཐུན་སོགས་ལ་འདྲ་མཉམ་མེད་པར། རྟག་ཏུ་རྒྱ་རིགས་ཡིན་ན་བོད་པའི་འགོ་པ་དང་བདག་པོ་ལྟ་བུའི་འདུ་ཤེས་སྤེལ་ནས་བོད་མི་རྣམས་ཉིན་རེ་ཉིན་རེ་བཞིན་རྒྱ་རིགས་རྣམས་ལ་མི་དགའ་བ་བྱེད་པའི་བསམ་བློ་དེ་ཤུགས་ཆེར་གཏོང་བཞིན་གདའ། དེའི་འབྲས་བུ་ནི་འདིར་ཤོད་མ་ནུས་པ་ལྟ་བུ་རེད། དེར་བརྟེན་ད་རེས་གུས་པས། ཡིག་ཆུང་འདི་ལྟ་བུ་ཞིག་བྲིས་ནས་ཐད་ཀར་གཙོ་འཛིན་མཆོག་ལ་འབུལ་བ་དེས་རྒྱལ་ཁབ་ནས་གུས་པའི་བསམ་འཆར་ལ་ཐུགས་བཞེས་ཀྱིས། མ་འོངས་པར་བོད་ཀྱི་གནད་དོན་དེར་ཐུགས་ཞིབ་ཟབ་མོ་ཞིག་ཡོང་བའི་རེ་བ་ཡིན་ལ། ལྷག་དོན་ས་གནས་ཀྱི་ལས་བྱེད་ཚོས་ནོར་འཁྲུལ་བྱུང་བའི་ལས་ཀར་བརྩད་གཅོད་ལེགས་པོ་གནང་བའི་ཐོག བཟང་པོ་ལེགས་སོ་དང་ངན་པར་ཐག་གཅོད་ཤིག་གནང་རོགས་ཞུ་རྒྱུ་ཡིན། དེ་ལྟར་བྱུང་ན། འཆམ་མཐུན་དང་། མེས་རྒྱལ་གཅིག་འགྱུར་ལ་ལེགས་སྐྱེས་ཆེན་པོ་འཇོག་ཐུབ་པའོ།

གུས་བསམ་སྒྲུབ་ནས།

གསར་འགྱུར།, དཔྱད་རྩོམ།

Post navigation

Previous Post: བཟང་སྤྱོད།
Next Post: ལོ་ངོ་སུམ་ཅུའི་ཡར་སྔོན་ལྟ་མྱོང་བའི་གློག་བརྙན་གཉིས་དང་དེའི་རྒྱབ་ལྗོངས་ཀྱི་བསམ་གཞིག

Comments (10) on “བོད་རིགས་ཏང་ཡོན་ཞིག་གིས་སྤྲིངས་པ།”

  1. བསམ་པ། says:
    2009-03-27 at 4:50 pm

    ཁྱེད་ཀྱིས་བློ་ཁོག་ཆེན་པོ་རྒྱའི་དབང་སྒྱུར་བའི་མིང་འབོད་ཐོག་ནས་བསམ་འཆར་བཏོན་པ་འདི་བློ་ཁོག་རེད། ང་ཚོ་རྒྱ་གར་དང་རང་དབང་ལུང་པའི་ནང་སྡོད་མཁན་གྱི་བོད་པ་ཚོ་ལ་ཁྱེད་ལྟ་བུའི་བློ་སྟོབས་མེད། ང་ཚོའི་ཁོངས་ཡོད་པའི་ཤེས་ཡོན་ཅན་མང་པོ་ཞིག དང་པོ་སྨྱོན་པའི་མིང་ཞིག་བཏགས་ཀྱི་འདུག སྟག་སྨྱོན་ཟེར་བ། ཀླུ་སྨྱོན་ཟེར་བ་ལྟ་བུ་རེད། གཉིས་པ། སྨྱོན་པ་འདི་ཚོས་ཤོད་རྒྱུ་དེ། སྟུ། མཇེ། ཆོས་ལུགས་འཐེན་ཁྱེར། རང་སྤུན་ཟླར་སྨད་ར། དགྲ་དགའ། གཉེན་སྡུག་རུ་སྦྱོར་བའི་ཡི་གེ་ཤ་སྟག་རེད།

    ཁྱེད་ཀྱིས་འདི་ལྟ་བུ་མིན་པར། བོད་མིའི་བདེ་སྡུག་ཤོད་བཞིན་ཡོད་པ་འདིས། བོད་ཀྱི་གུང་ཁྲན་གཙང་མ་གཅིག་ཡིན་ན། གྲ་པ་སྨྱོན་པ་འདི་ཚོ་ལས་ང་ཚོར་ཕན་པ་ཆེ་བ་ཡོད་པ་དེ་རིང་ཤེས་བྱུང་།

  2. གཞིས་ལུས་བོད་པ། says:
    2009-03-28 at 1:42 am

    སྐབས་འགར་སྤྱང་ཀིའི་རྣ་ལ་ཆོས་བཤད་རེ་བྱས་ན་ཕན་ཐོགས་རེ་ཡོད་ཀྱང་སྲིད།

  3. མདའ་སྨྱུག says:
    2009-03-28 at 5:15 am

    དྲ་གྲོགས་ཆོ༹་
    པན་ཆེན་རྗུ༹ན་མ་འདི་ལ་ལོ་རེ་་གྲགས་འགུལ་ཧ་ཅང་ཆེ་གི་
    ཁོམས་པ་ཡོད་ན་འདིར་གཟིགས་རོགས
    http://www.youtube.com/watch?v=DCM5EOJb8eE

  4. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2009-03-28 at 11:06 am

    ང་ལ་ག་དུས་ཡིན་ནའང་བོད་ནང་ལ་འདི་ལྟ་བུའི་དྲང་བདེན་དང་བློ་སྟོབས་ཅན་གྱི་མི་ཧ་ཅང་མང་པོ་ཡོད་པ་རེད་བསམས་ནས་ཡིད་ཆེས་ཀྱིས་ཁེངས་ཡོད། འདིའི་མིང་ལ་བཙན་པོའི་གདོང་རྒྱུད་ཟེར་བ་རེད། འདིའི་མིང་ལ་་་་་་

  5. སྟག་སྨྱོན། says:
    2009-03-28 at 6:23 pm

    སྔོན་མ་ནས་ངས་འདི་འདྲ་ཞིག་ཡོང་ནས་བསམ་ཡོད། འཐབ་རྩོད་ཀྱི་ཁ་ཕྱོགས་འདི་ཡང་དག་པ་རེད། བཀའ་ཁྲི་ཡིན་ཁ་བདེ་དེ་འདྲས་བོད་ལ་ཕན་ཐོགས་ཀི་མ་རེད། གསར་བ་འབྲི་མིའདོད་པས་སྔར་ལོའི་མཆན་བུ་ཞིག་འདི་བསྐྱར་དུ་བཀོད་པའོ།།

    བོད་པའི་ནང་སྲོག་བཏང་ནས་ཐོབ་ཐང་རྩོད་མཁན་ཡོད་ཀྱང་། ཤེས་ཡོན་སྤྱད་ནས་མི་རིགས་ཀྱི་ཐོབ་ཐང་རྩོད་མཁན་ཧ་ཅང་ཉུང་ཉུང་རེད། སྙན་ངག་དང་གླུ་གཞས་ཀྱི་ཁྲོད་དུ་ལ་རྒྱ་འབུར་དུ་མངོན་ཡང་། བོད་མིའི་དབུ་ཁྲིད་དང་ལས་བྱེད་ཚོའི་ཕྱོགས་ནས་ནུས་པ་མ་ཐོན་པའི་དབང་གིས་ཡིག་ཤུབ་སྟེང་ལའང་བོད་ཡིག་སྤྱོད་ཐུབ་ཀྱི་མེད་པར་ཚོར།
    ལ་རྒྱ་དང་སྙིང་སྟོབས་ཅི་ཙམ་ཆེ་ཡང་ཤེས་ཡོན་དམན་པའི་གཞི་རིམ་གྱི་མང་ཚོགས་ནི་མི་རིགས་ཀྱི་ཁུ་ཚུར་འདྲ་བོ་རེད། ཁུ་ཚུར་འདིས་རྒྱ་ནག་གི་གདོང་ལ་ཡང་ནས་བསྐྱར་དུ་གཞུས་ཡོད་ཀྱང་། མར་རྡོ་ལ་གཞུས་ཀྱང་མར་ཕམ། རྡོ་མར་ལ་གཞུས་ཀྱང་མར་ཕམ་ཟེར་བའི་དཔེ་ལྟར་རྒྱལ་ཁ་ནམ་ཡང་ལོན་མེད།
    ཤེས་ཡོན་པ་ནི་མི་རིགས་ཀྱི་མདའ་རྩེ་ལྟ་བུ་ཡིན་པས་སྔོན་ལ་ཕེབས་དགོས་པ་དང་། གཏིང་ལ་འཛུལ་དགོས་ཀྱི་ཡོད་ཀྱང་། བོད་མི་ཤེས་ཡོན་ཅན་ཚོའི་ཚེ་སྲོག་ནི་གྲྭ་བཙུན་དང་མང་ཚོགས་ཀྱི་ཚེ་སྲོག་ལས་རྩ་ཆེ་བ་དང་། ཁོ་ཚོའི་མདུན་ལམ་དང་ནང་མི་ཡང་ཤེས་ཡོན་མེད་མཁན་ཚོའི་འཚོ་བ་དང་ནང་མི་ལས་གལ་ཆེ་ལྟ་བུ་ཆགས་ཏེ། ཁོ་ཚོ་མང་པོ་ཞིག་རྒྱབ་ཏུ་ཡུབ་ནས་ཁུ་སུམ་དུ་བསྡོད་པ་དང་། ང་འདྲ་བོ་མང་པོ་ཞིག་སྐྲགས་ནས་ཉེན་ཁ་དང་གྲུབ་འབྲས་མི་ཐོན་སའི་བདེ་འཇགས་ཀྱི་ཡུལ་གྲུ་ཁག་ལ་འཐོར་ཟིན་པས། ང་ཚོའི་འཐབ་རྩོད་འདི་ནི་མདའ་མོ་རྩེ་མེད་ཅིག་བྲག་ལ་འཕེན་གྱི་ཡོད་པའི་སྐྱོ་སྣང་འདུག

  6. little_baby says:
    2009-03-30 at 5:45 am

    བདག་གི་དྲ་གྲོགས་ཚོ་མུ་འཐུད་དུ་བྲིས་དང་བསམབློའི་ཁ་ཕྱོགས་ཧ་ཙང་བཟང་གི་མོ།

  7. བོད། ལྷ་ཀླུ་གཉན་གསུམ། says:
    2009-03-30 at 5:55 pm

    དྲ་གྲོགས་སྟག་སྨྱོན་ལགས། སེམས་པ་སྐྱོ་བ་ལས་ཁྱེད་རང་གི་སེམས་ནང་གི་སྐད་ཆ་དེ་དག་མུ་མཐུད་ནས་གསུང་དང་བོད་པ་ཚང་གི་མི་རེ་ཟུང་ལ་བསམ་བློའི་དཔྱད་གཞི་རུ་ཕན་ཁོ་ཐག་ཡིན། ང་ཚོས་རང་རང་གི་ས་ནས་གང་ཤེས་པ་ཕན་ཚུན་ལ་གྲོས་གཞི་བཏོན་པ་ཡིན་ན་ཀློག་མཁན་མི་ཉུང་བ་ཞིག་ལ་ཡང་ཕན་ཁོ་ཐག་ཡིན།

  8. thargyal. says:
    2009-04-01 at 12:02 pm

    I am very happy to see his wonderful letter becuase it make me so proud of our future.

  9. thargyal. says:
    2009-04-01 at 12:03 pm

    I am very happy after I read the wonderful letter.
    thank you so much for it.

  10. jamyang says:
    2009-04-09 at 2:08 pm

    Thank you very much for your pinpointed mistake did by chinese government.Do write more in future.

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme