Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསེར་ལྡན་མ་འཆར་བའི་གླུ།

Posted on 2011-09-22 By དབང་ཕྱུག་ 13 Comments on གསེར་ལྡན་མ་འཆར་བའི་གླུ།

dd1
བསམ་གླིང་ཚེ་རིང་ལྷ་མོ།

སྟོན་ཟླ་འབྲིང་པོ་དལ་གྱིས་འཆར་བས་སྤྲིན་གྱི་གླང་པོ་རྒྱང་རིང་བྲོས།།
རྟ་བདུན་དབང་པོའི་ཟེར་གྱིས་དྲོས་པས་དམའ་བའི་ས་གཞིར་རྔུལ་གྱི་བརླན།།
རྫི་བོ་བྲལ་བའི་ལུག་ཁྱུ་བཞིན་དུ་སྤྲིན་གསར་ལྷེབ་མོ་ཕྱོགས་བཞིར་བཀྲམ།།
རླུང་བསེར་དལ་བུས་རི་ལྗོངས་མྱུལ་ཞིང་འབྲས་ལྡན་སླེབས་པའི་བརྡ་ཡིག་སྦྱར།།

ཁུ་སིམ་རི་གྲོང་ཚང་ཚིང་སེང་རས་མཛེས་མའི་བཞིན་ལ་བཀབ་པ་བཞིན།།
མིག་འབྲས་འཛུམ་པའི་མེ་ཏོག་དག་ཀྱང་བྲག་གཡང་གཟར་མོའི་སྟེགས་བུར་འཛེགས།།
བ་མོའི་རེག་བྱ་རྩུབ་མོས་འཁྱེར་དོགས་གསེར་སྦྲང་གཞོན་ནུ་ཁྱུ་དང་ཁྱུས།།
གེ་སར་འགྲམ་ཆང་ལོངས་སུ་སྤྱོད་བཞིན་ལྡར་ལྡིར་རྣ་བའི་བུ་གར་སིམ།།

རལ་པ་གསིག་པའི་རྦབ་ཆུ་དག་ཀྱང་དཔུང་གཉེན་ཟླ་གྲོགས་བྲལ་བ་ལྟར།།
མཆོང་ལྡིང་དྲག་པོས་རི་བོ་བརྟོལ་བའི་རྔམ་བརྗིད་དལ་བུར་བརླག་པར་བྱས།།
གཡུ་འབྲུག་སྔོན་མོའི་ངར་སྐད་འཇགས་པས་ད་གཟོད་ཁྱོད་གླུ་རྣ་བར་འཇེབས།།
ཤང་ཤང་ཤང་ཞེས་རི་བོའི་ཞབས་ནས་ཡངས་པའི་རྒྱ་མཚོའི་མགྲོན་དུ་རྒྱུག།

དུང་ཟླའི་བཀྲག་མདངས་མཛའ་བོའི་ཞལ་བཞིན་དལ་བུར་འཛུམ་པའི་རི་མོ་བཀོད།།
རྒྱུ་སྐར་ཚོགས་ཀྱང་ངོ་མཚར་ཆེ་བའི་འཛམ་བུའི་ཚལ་ལ་བལྟ་བས་བྲེལ།།
བསིལ་བྱེད་མཚར་སྡུག་ཕ་མཐའ་ཡས་པས་མཛེས་པའི་འགྲན་ཡ་སུ་ཡིས་བྱེད།།
མཁའ་དང་འཛིན་མ་གསང་གཏམ་ལྷུག་པོར་ད་གཟོད་གླེང་བའི་ཚུལ་འདིར་གཟིགས།།

ཕྱེ་ལེབ་ཁྱུ་ཡིས་བྲལ་ལ་ཉེ་བའི་དབྱར་གྱི་དཔལ་མོ་ལོངས་སྤྱོད་ཕྱིར།།
རང་རང་གར་སྟབས་ཅི་གར་རོལ་བ་བར་སྣང་ཁམས་སུ་མེ་ཏོག་བཀྲ།།
ལོ་ལྗང་དག་ཀྱང་ཆར་ཆུར་འགྲོགས་པས་རྡུལ་གྱི་དྲི་མ་རབ་སྤང་སྟེ།།
དྲི་བཞོན་རོལ་མོའི་རམ་འདེགས་ལྷན་དུ་གར་གྱི་སྟོན་མོ་བཤམས་དང་མཚུངས།།

སྙན་ངག

Post navigation

Previous Post: རི་བོ་དེ་དང་མི་ཚོགས་དེ། ད་དུང་དྲི་མེད་ཟེར་བའི་སྙན་ངག་པ་དེ།
Next Post: ཁོང་རང་བཙན་རྩོད་མཁན་ཞིག་མ་རེད་དམ།

Comments (13) on “གསེར་ལྡན་མ་འཆར་བའི་གླུ།”

  1. གཞོན་ནུ་ཟླ་མེད། says:
    2011-09-22 at 8:14 pm

    གསེར་ལྡན་མ འཆར་བའི་གླུ།
    གསེར་ལྡན་ མ་འཆར་བའི་གླུ།
    གསེར་ལྡན མ འཆར་བའི་གླུ།
    འགོ་བརྗོད་འདི་ལ་བལྟས་ན་དེང་སང་བོད་ཡིག་ལ་དབྱིན་ཡིག་ལྟར་ཚེག་སྟོང་འཇོག་དགོས་ཟེར་བ་ཡང་བདེན་པ་འདུག་ཀ རྩོམ་པ་པོས་ཁ་མ་གྲགས་པར་ཅུང་ཟད་ཞོག མཆན་པ་རྣམས་ལ་དྲིས་པ་ཡིན། གོང་གི་རྩོམ་མིང་ནང་གི་མ་ཡིག་དེ་དགག་སྒྲ་རེད་དམ། ཡང་ན་མིང་གི་ཆ་ཤས་སུ་གོ་ཡོང་གི་འདུག

  2. འཕག་ཚག་ says:
    2011-09-22 at 8:33 pm

    གླུ་དབྱངས་ཐང་ཐེངས་ཨ་སྔོན་དབྱིངས་ནས་ལྷོ་སྤྲིན་བཞོན་ནས་སྟོང་གསུམ་ཉུལ།
    མཁའ་ལམ་སྟོང་པའི་གཟའ་སྐར་ཡོད་དགུ་ལྷན་བཅས་མགྲོན་པོ་གཅིག་ཏུ་བསྡབས།
    གཞའ་ཚོན་སྣ་ལྔའི་རྐེད་དར་དཔྱངས་ཏེ་དྲི་བཞོན་རླུང་བུས་བྲོ་གར་འཁྲབ།
    འཕྱོར་མདངས་སྤུད་པའི་རྩི་ཤིང་ལོ་འབྲས་གཡོ་འཁྱུགས་དབུ་ལྕོགས་ལྡེམ་སེ་ལྡེམ།

  3. ཀུན་གསལ་ཟླ་བ། says:
    2011-09-23 at 12:02 am

    གཞོན་ནུ་ཟླ་མེད་ལགས། གོང་གི་མ་ཡིག་དེ་མིང་གི་ཆ་ཤས་ཡིན་པ་དོགས་པ་ཡེ་ནས་དགོས་དོན་མེད་པ་ཞིག་རེད། གསེར་ལྡན་མ་ཞེས་པ་དེ་དུས་བཞིའི་ནང་ནས་སྟོན་དུས་ཀྱི་མངོན་རྗོད་ཡིན། དེས་རྒྱུ་མཚན་ནི་རྩྭ་ཤིང་ལོ་འབྲས་ཡོངས་ཀྱི་ཁ་དོག་གསེར་མདོགས་བཞིན་སེར་ལམ་མེ་གྱུར་པས་ཡིན་པ་མ་ཟད། ནོར་འཛིན་མ། དབྱིགས་འཛིན་སྒེགས་མོ། གསེར་ལྡན་མ་སོགས་ས་གཞི་ལའང་གོ་དགོས་པས། མ་ཡིག་དེ་དགག་སྒྲ་ནི་གཏན་ནས་མ་ཡིན་ནོ།

  4. རྩམ་དགའ། says:
    2011-09-23 at 4:04 am

    གསེར་ལྡན་མ་་་་ཞེས་པའི་མ་ཡིག་འདི་ནི་མིང་གི་ཆ་ཤས་ཡིན་མིན་ལ་དོགས་པ་ཅང་ཡོང་དགོས་དོན་མེད་ནི་འདྲ་རེད། སྟོན་འཇུག་གི་ལོ་མ་སོགས་ཀྱི་ཁ་དོག་སྔོན་ལྗང་དེ་ག་ལེར་འགྱུར་ནས་སེར་བོའི་མདོག་ཏུ་གྱུར་བར།མངོན་བརྗོད་མཁན་པོ་ཞིག་གིས་འུར་གྱིས་གསེར་ལྡན་མ་ཞེས་གསེར་གྱི་མདོག་དང་ལྡན་པས་ན་གསེར་ལྡན་མ་ཞེས་བརྗོད་ཡོད་ཚོད་རེད་པ། མ་ཡིག་འདི་དགག་སྒྲ་ཡིན་པའི་རྒྱུ་མཚན་ད་རུང་ཅང་མ་རྙེད་ཐལ་་་་ཨ་ཁུ་ལོ་ལོ། ཅིག་བྱས་ན་ཨ་ཁུས་གྲྭ་སའི་རིག་ལམ་འདྲ་ཞིག་ཁུར་ཡོང་ནས་དགག་སྒྲ་ཡིན་པའི་རྟགས་གསལ་རེ་བཏང་ན་ཐང་་་་་་་ཉན་ནས་འདུག་གི་ཡིན།

  5. ཀུན་གསལ་ཟླ་བ། says:
    2011-09-23 at 5:07 am

    དཔྱིད་ཀྱི་མངལ་ནས་བལྟམས་པའི་ལྗང་བུས་ལང་ཚོ་སྙེ་མའི་མགོ་ལྕོགས་ལྡེམ།།  འབྲས་བཟང་ཁུར་གྱིས་ལྕི་བའི་ལྗོན་པ་རྔུལ་ཆུའི་ལོ་མ་ས་རུ་ཟགས།། ལྦུ་དཀར་ཟེར་མའི་མེ་ཏོག་བཞད་པའི་གཙང་ཆུ་སྔོན་མོས་གོས་དཀར་བཀླུབས།། ཁ་བའི་འཕྱོར་མདངས་སྤུད་པའི་རི་བོས་བསམ་གཏན་སྒོམ་པའི་ལས་ལ་བྲེལ།།

  6. གཞོན་ནུ་ཟླ་མེད། says:
    2011-09-23 at 5:15 am

    ༡ ཁྱོད་ཚོས་གོ་བ་ལེན་སྟངས་གཅིག་རེད། ༢ གསེར་ལྡན་ནི་འཛིན་མ་སྟེ་ས་གཞི་དང་། དེ་ལ་མ་འཆར་བ་ནི་དཔྱིད་དཔལ་མ་ཤར་པར་སྟོན་ཀ་འཆར་གྲབས་འདུག་ཅེས་སྟོན་གྱི་འདུག དེ་ནི་རྩོམ་པ་པོ་ཁོ་རང་གིས་ས་གཞི་ལ་ངོ་ནས་བཤད་ན་དཔྱིད་དཔལ་ཤར་བའི་དུས་སུ་སླེབས་ཡོད་ན་ཡང་ད་དུང་འཆར་མེད་ཅེས་པ་ཞིག་གོ་ཡོང་གི་འདུག དེ་ནི་དགག་སྒྲའི་གོ་བ་རེད། ༣ གསེར་ལྡན་ས་གཞི་སྟེང་དུ་མ་ལྟ་བུར་འཆར་བ་སྟེ། བུ་མོ་མ་ཆགས་པར་ཨ་མ་ཆགས་ཡོང་པ་སྟོན་གྱི་འདུག དགོངས་དག་འདི་ནི་ཚིག་གི་གོ་བ་ཙམ་ལ་ཚོད་བལྟ་བྱས་པ་ལས། མི་ཞིག་ལ་དམིགས་ནས་བཤད་ཀྱི་མེད།

  7. གཞོན་ནུ་ཟླ་མེད། says:
    2011-09-23 at 5:38 am

    ཀྱེ་མ་གསེར་ལྡན་གཞི་ལ་གསེར་མདོག་ཁོ་ར་འཁོར་ཡུག་ཀུན་ཏུ་འཁྱུད་པ་ནི།།
    རྣམ་སྲས་བང་པའི་མཛོད་ཀྱི་གསེར་གྱི་ཕྱེ་མ་དག་ནི་ཕྱོགས་ཀུན་འཐོར་བའམ།།
    འབྲས་བུས་ཡོངས་སུ་དུད་པའི་གསེར་གྱི་སྡོང་ལོ་དག་ནི་འཛིན་མའི་རྒྱན་ཏུ་ཆས།།
    ད་ནི་ཁ་ཐག་རིང་བའི་རང་གི་མཛའ་བོ་དྲན་པའི་ཁུར་བོ་ཡིད་ལ་ཤིན་ཏུ་ལྕི།།
    ཆུ་ཕྲན་ཤག་ཤག་བཞུར་བའི་དྭངས་གསལ་ཝུ་བ་མེ་ཏོག་འཐུ་ཞིང་ཅ་ཅོ་སྒྲོག།
    གཉིས་སྐྱེས་དག་ནི་མགྲིན་པ་གཡས་དཀྱོགས་གཡོན་དཀྱོགས་སྙན་པའི་གླུ་དབྱངས་ལེན་ལ་བྲལ།།
    ཡིད་དབང་འགུགས་པའི་འཛིན་མའི་དཔལ་ཡོན་འདིས་ནི་ཡིད་ལ་བསྲེགས་པའི་གདུང་པ་སྟེར།།
    ལྕུག་ཕྲན་ཡོམ་ཡོམ་གཡབ་མོ་བྱེད་པ་ཁྱོད་ལ་འབོད་པའི་བརྡ་ཐབས་ཉིད་དུ་སྐྲུན།།

  8. གཞོན་ནུ་ཟླ་མེད། says:
    2011-09-23 at 5:48 am

    དེ་ལྟར་ན་རྩོམ་ཡིག་འདིའི་མ་ཡིག་ལ་མི་འདྲ་བ་གསུམ་གོ་ཡོང་གི་འདུག
    ༡ གསེར་ལྡན་མ། འཆར་བའི་གླུ།
    ༢ གསེར་ལྡན། མ་འཆར་བའི་གླུ།
    ༣ གསེར་ལྡན། མ། འཆར་བའི་གླུ།
    གོ་དོན་ཕྱི་མ་གཉིས་གོང་དུ་བཤད་ཟིན་ལ། གོ་དོན་དང་པོ་ནི་ཀུན་གསལ་ཟླ་བ་དང་རྩམ་དགའ་གཉིས་ནས་གསུང་པ་ལྟར་འདོད།
    གང་ལྟར་སྙན་ངག་འདིས་ངོ་ནས་ཕ་ཡུལ་དྲན་བཅུགས་སོང་། སྔར་ཆུ་ངོགས་གཏམ་རྒྱུད་ན་རྩོམ་ཡིག་འདི་འདྲ་ཞིག་ཡོད། དེ་ནི་མདའ་རྩལ་ཅན་ཧྭ་རུང་གིས་ཁྲུང་ཁྲུང་ཞིག་ལ་མདའ་བརྒྱབ་པས། ཁྲུང་ཁྲུང་ལྷག་མ་རྣམས་མགོ་འཁོར་ནས་རང་གི་ཡུལ་ལ་འཕུར་མ་ཐུབ་པའི་སྐབས་ཀྱི་སྣང་ཚུལ་རྣམས་བྲིས་པའི་སྙན་ངག་ཅིག་རེད། དེ་ནི་ཆུ་ངོགས་གཏམ་རྒྱུད་ནང་གི་སྙན་ངག་ཡག་ཤོས་རེད་ཟེར་ལ། བོད་ཡིག་ཏུ་བསྒྱུར་སྐབས་ཀྱི་འགྱུར་ཡག་ཤོས་ཡང་རེད་ཟེར།

  9. གཞོན་ནུ་ཟླ་མེད། says:
    2011-09-23 at 5:58 am

    ཀྱེ་མ་གསེར་གྱི་འཛིན་མ་ཁྱེད་ནི་བདག་གི་ཨ་མའི་སྐྲ་ལོ་བཞིན་ཏུ་རིམ་གྱིས་ཁ་ཏོག་འགྱུར།།
    ཆུ་ཕྲན་ལྷུང་ལྷུང་འབབ་པའི་བཞུར་རྒྱུན་དག་ནི་ཨ་མའི་མིག་ཆུ་བཞིན་དུ་དྭངས་ཤིང་གཙང་།།
    མཚོ་དང་མཚེའུ་རླབས་ཕྲེང་རྣམས་ནི་ཨ་མའི་རེ་སྒུག་ལྟ་བུར་རྒས་གཉེར་དལ་གྱིས་བབས།།
    ད་ནི་འབྲས་བུས་དུད་པའི་གསེར་གྱི་གཞི་ལ་སླར་ཡང་ལོག་པའི་ལྟ་གོན་བྱེད་པ་ཉིད།།

  10. པཀྵི says:
    2011-09-23 at 7:51 am

    འདི་ལ་དེ་འདྲིའི་འབྲེལ་མི་བདེ་བའི་གོ་བ་ལེན་དོན་མི་འདུག། ཁ་བྱང་འདི་འདྲ་ལ་གྲྭ་སའི་གྲྭ་བས་དཔེ་ཆ་ལ་གོ་བ་ལེན་ལེན་བྱེད་དགོས་ཅང་ཨེ་ཡོད། འདི་ནི་དགེ་འདུན་ཆོས་འཕེལ་གྱིས་གསུངས་པའི་སླ་བ་ཞིག་དཀའ་བར་བཏང་ནས་འགྲེལ་བཤད་བརྒྱབ་ན་ཟེར་བ་དེ་ག་རང་རེད། རྩོམ་ཡིག་དངོས་དང་དེའི་སྟེང་དུ་བཀོད་པའི་པར་ཙམ་ལ་བལྟས་ནའང་གསེར་ལྡན་མའམ་སྟོན་ཀ་རྩོམ་ཡིག་འདིའི་བརྗོད་བྱ་ཡིན་པར་ཐེ་ཚོམ་ཞིག་དགོས་དོན་མི་འདུག་ག གཞོན་ནུ་ཟླ་མེད་ལགས་ནོར་ས་ནི་ཁོང་གིས་གསེར་ལྡན་ཞེས་ས་གཞི་རང་དུ་གོ་བ་བླངས་རྗེས་མ་དེ་ཁྱེར་ས་འཇོག་ས་མ་རེག་པ་རེད། ངས་ནི་དཀའ་ས་ཞིག་སླ་རུ་བཏང་ན་དགའ་བསུ་ཞུ་རྒྱུ་ཡིན་པ་ལས། སླ་ས་ཞིག་དཀའ་རུ་བཏང་བ་ལ་དགའ་བསུ་ཞུ་མི་འདོད་དོ།

  11. རྒྱ་གར་རྨ་བྱ། says:
    2011-09-23 at 9:14 am

    གཞོན་ནུ་ཟེར་བའི་ཟླ་མེད་སྨྱུག་གསར་དེ།།
    བྲིས་ཚད་མཐོང་ཚད་ཀུན་ལ་ཤར་གྱིས་ཐེ།།
    མང་ཙམ་དོན་དུ་འཁེལ་ཞིང་སྐབས་འགར་འཆལ།།
    གང་ལྟར་བླ་རྒན་སྨྱུག་རྩལ་ཆོག་པར་འདུག།

  12. ཀརྡོ་རབ་འབྱམས་པ་ says:
    2011-09-23 at 10:12 am

    གསེར་ལྡན་མ་འཆར་བའི་གླུ།

    གསེར་ལྡན་མ འཆར་བའི་གླུ།
    གསེར་ལྡན་ མ་འཆར་བའི་གླུ།
    གསེར་ལྡན མ འཆར་བའི་གླུ།

    འདིས་ བོད་ཡིག་ལ་ བར་སྟོང་ དགོས་པའི་ ཁུངས་ཅིག་ ཡིན་པ་ལ་ རྐྱབ་སྐྱོར་ ཆ་ཚང་ ཡོད།

  13. ཀརྡོ་རབ་འབྱམས་པ་ says:
    2011-09-23 at 10:14 am

    རྒྱབ་སྐྱོར་ལ་བཅོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme