Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲོགས་གངས་ཉི་ལས་འཕྲོས་པའི་གཏམ།

Posted on 2009-03-252009-03-25 By tenzin 1 Comment on གྲོགས་གངས་ཉི་ལས་འཕྲོས་པའི་གཏམ།

གྲོགས་གངས་ཉི་ལས་འཕྲོས་པའི་གཏམ།

ཞོགས་ལྗང་།

དང་བོ། གངས་ཉི་དང་བདག་གི་གསང་བ།

ཉེ་བའི་ལོ་འགའི་སྔོན་ལ་ང་རང་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་རིགས་སློབ་ཆེན་སློབ་མ་ཞིག་གི་མིང་བྱང་འཁུར་མཁན་ཞིག་ཏུ་གྱུར་ལ།  བོད་ཡིག་ཟིན་བྲིས་ཀྱང་དེ་དང་མཉམ་དུ་བདག་གི་མི་ཚེ་ལ་ལམ་འཇུག་བྱེད་མཁན་ཐོག་མའི་གྲས་མ་རེད་ཅེས་སུས་ཀྱང་ཁ་ཚོན་གཅོད་ག་ལ་ཐུབ། དུས་དེ་ནས་བཟུང་ངས་དྲ་ཐོག་གི་གྲོགས་པོ་མང་བོ་ཞིག་ངོ་ཤེས་ཤིང་འདྲིས་པར་གྱུར། ཐ་ན་ངའི་གྲོགས་པོ་ཐེའུ་རང་དང་ངེད་གཉིས་ཀྱང་འཛིན་གྲྭ་གཅིག་གི་སློབ་གྲོགས་སུ་གྱུར་བ་ནས་སྙིང་གཏམ་གླེང་བ་མ་ཡིན་པར། དྲ་བ་གཅིག་གི་དྲ་གྲོགས་སུ་གྱུར་བ་ནས་ངེད་གཉིས་ལ་འབྲེལ་འདྲིས་བྱུང་བ་ཡིན། དྲ་ཐོག་གི་གྲོགས་པོ་འདི་དག་ལས་གྲོགས་གངས་ཉི་ལགས་ནི་ང་ལ་བག་ཆགས་ཆེས་ཟབ་ཅིང་།  བློ་སེམས་ཆེས་ཉེ་བའི་གྲོགས་པོ་ཞིག་ཡིན་ལ། ང་དང་འདྲ་བའི་དྲ་གྲོགས་ཁྱོད་ཚོ་ཡང་ཁོ་ལ་བར་ཐག་ཤིན་ཏུ་ཉེ་བར་ངེས། ནམ་རྒྱུན་དྲ་བ་བརྒྱུད་ནས་ངས་ཁོང་གི་བསམ་བློ་དང་སྙིང་སྟོབས་ཀློག་གིན་ཡོད་ལ། ཁོས་ཀྱང་ངའི་བརྩམས་ཆོས་འགའ་རེ་ཀློག་གིན་ཡོད་ཅེས་ང་ལ་ཡང་དང་བསྐྱར་དུ་བཤད་མྱོང་ཞིང་།  སྙིང་སྟོབས་དང་སྒུལ་ཤུགས་མང་དུ་བྱིན་མྱོང་བ་ཁྱོད་ཚོས་ག་ལ་ཤེས། 

གཉིས་པ།  གངས་ཉི་དང་ཁ་སང་གི་གསར་འགྱུར།

ཧི་གཟུགས་ཟིན་བྲིས་དང་མཆོད་མེ་པོད་ཁུག་མ་བྱུང་བའི་ཡར་སྔོན་དུ།  འུ་ཅག་ལ་སྙིང་གཏམ་གླེང་སའི་སྟེགས་བུ་ལེགས་པོ་ཞིག་ཡོད་པ་ནི་བོད་ཡིག་ཟིན་བྲིས་ཡིན་ལོས་ཆེ། བོད་ཡིག་ཟིན་བྲིས་སུ་ཐོག་མའི་དུས་ན་ཟིན་བྲིས་པ་ཧ་ཅང་ལེགས་པོ་སྐོར་རེ་ཡོད་ན་ཡང་།  གྲོགས་པོ་གངས་ཉི་ལགས་ནི་བོད་ཡིག་ཟིན་བྲིས་འདིར་འཁྲིགས་ཆ་དོད་པོ་བཟོ་མཁན་ཞིག་རེད་ལ། གསར་འགྱུར་དང་འབོལ་རྩམ། སྙན་ངག་སོགས་འུ་ཅག་གི་བགོ་སྐལ་དུ་ཁོང་གི་བསམ་བློའི་རྒྱགས་ཕྱེ་མང་དུ་བསྟར་བས། སྐོམ་པས་མྱོས་ཀྱིན་པའི་དྲ་གྲོགས་ཚོ་འཚང་ཁ་འུར་འུར་གྱིས་ཁོང་གི་རྨི་ལམ་དཀྲོགས་པར་ཆས་མྱོང་བ་རེད། ལྷག་པར་དུ། བར་སྐབས་ཤིག་ལ་ཁོང་གི་བོད་ཡིག་ཟིན་བྲིས་ཀྱི་སྒོ་བརྒྱབས་པ་དེས་འུ་ཅག་ལ་ཉེན་བརྡ་ཆེན་པོ་ཞིག་བྱིན་ན་ཡང་།  འདི་ལ་སེམས་ཁུར་བྱེད་མཁན་གྱི་མི་ནི་གངས་ཉི་རང་ཉིད་ལས་སུ་ཞིག་ཡོད་ཨང་། སྐབས་འདིར་ཐོན་དུས་གྲོགས་པོ་རེ་གཉིས་ཀྱིས་ང་རང་ཡོད་ཅེས་ལག་པ་ཡར་དུ་འགྱོགས་ན།  ངས་དེ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་གི་ཡིན།  ཡིན་ན་ཡང་།  སྐུ་ཞབས་གངས་ཉི་ལགས་ཀྱི་དཔའ་སྤོབས་དེ་དེ་ཙམ་གྱིས་ག་ལ་འདུལ་ཐུབ་ཏེ་མ་ཐུབ་བོ།  །  ཁོང་གིས་ད་དུང་མུ་མཐུད་དུ་རང་ཉིད་ཀྱི་ཁེར་ལམ་དེད་དེ་ལམ་ལ་ཆས་བྱུང་བས།  སྐྲ་ལོ་རིང་དུ་སྐྱེས་པའི་གྲོགས་པོ་ཚོ་ཁོང་ལ་ཡིད་སྨོན་འཆོར་ཞིང་དཔའ་སྤོབས་རྒྱས། དུས་དེ་ནས་བཟུང་།  ཁོང་གིས་ཟིན་བྲིས་ཀྱི་ཁྱད་ཆོས་གཞན་ཞིག་རྙེད་པ་ནི་འདྲ་པར་གྱིས་ཟུར་བརྒྱན་བྱེད་པའམ།  ཡང་ན་འདྲ་པར་ལས་འཇིག་ཉེན་བརྗོད་པ་དེ་རེད།  སྐབས་དེ་ནས་བཟུང་།  ཡང་མང་བོ་ཞིག་གིས་དེ་ལ་ལད་ཟློས་བྱས་ཏེ་འདྲ་པར་འཇོག་པའི་སྲོལ་ཞིག་ག་ལེར་དར་དང་དར་བཞིན་མཆིས།

གསུམ་པ།  གངས་ཉི་དང་དེ་རིང་གི་འཇིག་ཉེན།

ཁ་སང་གྲོགས་པོ་ཞིག་གིས་གསར་འགྱུར་ལྟ་བུའི་སྐད་ཅིག་འཁྱེར་འོང་བ་ནི་གྲོགས་གངས་ཉི་ལགས་འཛིན་བཟུང་ཐེབས་སོང་ཞེས་པ་དེ་རེད། སྐབས་དེར་ང་ལྟ་བུའི་གྲོགས་པོ་ཚང་མའི་བློ་ཁ་བདེ་ལ་འབབ་ཐུབ་ཀྱིན་ཡོད་ཚོད་མ་རེད། ཡིན་ན་ཡང་།  སྐབས་དེའི་ཁོར་ཡུག་གི་དབང་གིས་ངས་གྲོགས་པོ་དེར་རྒྱུ་མཚན་དང་གནས་ལུགས་མང་དུ་འདྲི་མ་ཐུབ། གྲོགས་པོ་འདིས་བཤད་པ་བདེན་པར་ཆོག་ལ་མ་བདེན་ཡང་ཆོག  གང་ལྟར་འདི་ལས་ཁོ་བོས་འཇིག་ཉེན་ཞིག་ཚོར་ཞིང་། གྲོགས་པོ་གངས་ཉི་ལྟ་བུའི་དྲ་གྲོགས་མང་བོ་ཞིག་ག་ལེར་དྲན་འོང་གི  སྤྱིར་ན་གནས་ལུགས་བཤད་རྒྱུ་ནི་འུ་ཅག་གི་འགན་དབང་ཡིན་ན་ཡང་།  ཁ་སང་དེ་རིང་གནས་ལུགས་ལ་རྡོག་བརྫིས་གཏོང་ཞིང་གནད་དོན་ལ་དབྱེ་ཞིབ་མི་བྱེད་པས།  ད་དུང་གྲོགས་པོ་གངས་ཉི་ལྟ་བུའི་འུ་ཅག་གི་ཤེས་ཡོན་ཅན་དུ་ཙམ་འཁྲིད་འགྲོ་བར་བསམ་ན།  གློག་ཀླད་དྲ་བ་འདིའི་མདུན་ནས་བདག་གིས་ཅི་ཞིག་འབྲི་དགོས་པ་ཡང་ཡེ་ནས་ཚོར་གྱིན་མི་འདུག

བཞི་བ།  གངས་ཉི་ལས་གྲོགས་ཐེའུ་རང་གླེང་བ།

ཉེ་བའི་དུས་ཡུན་འདིའི་རིང་ལ་བདག་གི་ཉེ་འཁོར་དུ་འཇིག་ཉེན་གྱི་རླུང་འཚུབ་རྟག་ཏུ་ལྡང་གིན་པ་སུ་ཞིག་གིས་ཚོར་རམ།  སྐབས་འདིར་ངས་ཀྱང་རང་ཉིད་ཀྱི་སྨྲ་ལྕེ་རང་ཉིད་ཀྱིས་བསྡམས་འདོད་ཡེ་ནས་མེད་དེ། འདི་ནི་དགྱ་ནག་གི་དཔོན་གནས་རིང་ལུགས་པ་ཚོའི་བྱ་སྤྱོད་ཅིག་དང་འདྲ་བས་སོ། །  གྲོགས་པོ་ཐེའུ་རང་ནི་འུ་ཅག་ལ་བག་ཆགས་ཧ་ཅང་ཟབ་ཤོས་ཀྱི་སློབ་ཆེན་སློབ་མ་ཞིག་ལགས་པས།  སྐབས་འདིར་གྲོགས་པོ་མང་བོ་ཞིག་གིས་རིག་པ་སྒྲིམ་ཏེ་མིག་ཟུང་ཅེར་ནས་ཀློག་གིན་ཡོད་སྲིད།  བཀའ་དྲིན་ཆེ། ཁྱོད་ཚོས་མུ་མཐུད་ཀློགས་དང་ངས་ཀྱང་མུ་མཐུད་དུ་འཆད་འོང་།  ཉིས་སྟོང་བརྒྱད་ལོར་ཤར་དུང་རི་ནི་ཚང་མས་རེ་བ་བཅའ་ས་ཞིག་ཏུ་གྱུར་ཡོད་པ་རེད་ལ།  རེ་འབྲས་དོན་སྨིན་བྱུང་བ་ཡང་རེད།  ཡིན་ན་ཡང་།  མང་བོ་ཞིག་གིས་དེའི་ཁྲོད་ཀྱི་རྩོམ་པ་པོ་དག་ལ་ཡིད་སྨོན་དང་སེམས་ཁུར་བྱེད་ཀྱིན་ཡོད་པ་ལས་དེབ་འདིའི་རྩོམ་སྒྲིག་པ་དག་ལ་སེམས་ཁུར་བྱེད་ཀྱིན་མེད་ལོས་ཆེ། རྒྱུ་མཚན་ཡང་ཧ་ཅང་སླ་སྟེ། དེབ་འདིས་གནས་ལུགས་དང་གནོད་དོན་བཤད་ཀྱིན་ཡོད་པས་སོ། ། ཡིན་ན་ཡང་།  ངས་ཁྱོད་ཚོར་སྙིང་རླུང་ལྡང་བའི་དོན་ཞིག་བཤད། ཉེ་ལམ་འདི་ཚང་གིས་སྤྱང་ལྟོགས་ལུག་ལ་རྔམ་པ་ལྟར་འོང་སྟེ།  ཤར་དུང་རིས་འཇིགས་པོ་ཞིག་བཤད་ཡོད་རབས་དང་། དེའི་སྐོར་གྱི་གནས་ཚུལ་དག་ལ་བརྩད་གཅོད་བྱེད་ཀྱིན་པ་སུ་ལ་ཡང་གསང་ཐབས་ཡོད་པ་མ་རེད། ཡང་ཡ་མཚར་བ་ཞིག་ལ་ཐེའུ་རང་གི་སྐྲ་ལོ་རིང་བོ་དེ་ཁོ་ཚང་གི་མིག་ལ་མ་མཛའ་བས་མིན་ན། ཐོག་མར་ཐེའུ་རང་ལ་འདྲི་གཅོད་ཚ་ནན་གཏོང་གིན་འདུག  སློབ་ཁྲིད་ཀྱི་ཁེ་དབང་ཡོངས་སུ་འཕྲོག་ནས། ཅི་ཞིག་ཧ་གོ་སོང་བའི་ཚུལ་གྱིས། དོན་དངོས་སུ་ཅི་ཡང་ཧ་གོ་གི་ཡོད་ཚོད་མ་རེད། གལ་ཏེ་ཧ་གོ་གི་ཡོད་ན།  དེ་རུ་བོད་ཀྱི་ཤེས་ཡོན་ཅན་སྐོར་ཞིག་གིས་གནས་ལུགས་ཀྱི་རི་མོ་གསལ་བོར་བྲིས་ཡོད་པ་རེད། གནས་ལུགས་བཤད་དབང་ཡང་མེད་ཟེར་ན། ཉིད་སྟོང་བརྒྱད་ཀྱི་རྡུང་གཅོག་འཕྲོག་བསྲེག་ཅེས་པའི་ཉེས་མིང་འཇིགས་ཡེར་བ་དེ་སྔོན་ནས་ཁོ་ཚོས་རང་ལ་གྲ་སྒྲིག་བྱས་པ་ཤ་སྟག་རེད།

ད་དུང་མཇུག་མཐར་བཤད་རྒྱུར།  ཐེངས་རྗེས་མར་ཡང་བསྐྱར་ཁྱོད་དང་ཐུག་དགོས་ཚེ། དེ་ནི་ཤོག་བུ་དང་སྨྱུ་གུའི་འབྲེལ་བ་མིན་པར། ལྕགས་ཐག་དང་ཚེ་སྲོག་ལྟ་བུའི་འབྲེལ་བ་ཡིན་ཚུལ་གྱི་སྐད་ཆ་སྦོམ་པོ་རེ་ཡང་བཤད་སོང་བ་རེད།  སྐད་ཆ་འདིར་བལྟས་ན།  འདི་ཚང་གིས་གང་ཞིག་ནས་གནད་དོན་ཞིག་བུད་སོང་ཁུལ་གྱི་ཁ་གཡར་ཏེ་འུ་ཅག་གི་ན་གཞོན་ཤེས་ཡོན་ཅན་འདི་ནམ་ཞིག་ལ་གང་ཞིག་ཏུ་ཁྲིད་མི་འགྲོ་བའི་ངེས་པ་ཡེ་ནས་ཡོད་ཚོད་མ་རེད། གནས་ལུགས་དང་རྒྱུ་མཚན་ཅི་ཡང་མེད་པའི་སྒོ་ནས།  གོ་སྐབས་ལ་སྒུག་ཏེ་གོ་གནས་སྤར་བར་འདོད་པའི་ལྟོ་ཆེན་དེ་ཚོས། རང་ཉིད་ཀྱིས་བྱས་རྗེས་ཤིག་བཞག་ཡོད་རབས་ཀྱིས། བདག་གི་གྲོགས་པོ་ཁོང་ཡང་ཁྲིད་མི་འགྲོ་བའི་ངེས་པ་ག་ལ་ཡོད།

ལྔ་བ།  གངས་ཉི་དང་ཤེས་ཡོན་ཅན་གྱི་འཇིག་ཉེན།

མི་ཉིད་ནི་རྒྱུ་འབྲས་དང་གནས་ལུགས་ཀྱི་མདུན་ནས་འདྲ་མཉམ་ཡིན་ཞེས་པ་དེ།  ད་ལྟ་བདག་གི་ཁོར་ཡུག་ཏུ་ཡེ་ནས་མཐོང་གིན་ཡོད་ཚོད་མ་རེད། གལ་ཏེ་དེ་ལྟར་ཡིན་ན།  ཤེས་ཡོན་ཅན་ནི་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དབང་ལ་སེམས་ཁུར་བྱེད་མཁན་གྱི་དཔུང་སྡེ་གཙོ་བོ་རེད་ལ།  གནས་ལུགས་དང་རྒྱུ་འབྲས་འཚོལ་གྱི་གཟུ་བོ་ཡང་རེད།  དེ་བས།  དེ་དག་གིས་ཅི་ཞིག་བཤད་ཀྱིན་ཡོད་མེད་ལ་ངེས་པར་དུ་མཉམ་འཇོག་བྱ་དགོས་ཀི་རེད་ལ།  གནས་ལུགས་ཡོད་མེད་ལ་བརྟག་དཔྱད་ཡག་པོ་གཏོང་དགོས་ཀི་རེད། འདི་ནི་ཁྲིམས་འགལ་དང་གན་ཡང་ལུགས་འགལ་རེད་ཟེར་ནས།  ལྕགས་ཐག་གི་འདང་ཚོད་ཅིག་ཁྲིད་ནས་སོང་ན།  ཁྱོད་ཚང་གི་ལྕགས་ཐག་ལ་ཚད་མེད་ཀྱང་ངེད་ཚང་གིས་ཤེས་ཡོན་ཅན་ལ་ཚོད་ཡོད་པས།  ཡེ་ནས་འདང་གི་མ་རེད།

གསར་འགྱུར།, དེབ་ཐེར།

Post navigation

Previous Post: ༄༅།།བརྗེད་མི་སྲིད་པའི་གངས་ཉི། ངོ་མི་ཤེས་པའི་གངས་ཉི།
Next Post: གྲོགས་གངས་ཉི་ལ།

Comment (1) on “གྲོགས་གངས་ཉི་ལས་འཕྲོས་པའི་གཏམ།”

  1. བོད། ལྷ་ཀླུ་གཉན་གསུམ། says:
    2009-03-25 at 5:59 pm

    གནས་ལུགས་དང་དྲང་བདེན་ནི་ཁ་གཡང་ཙམ་ལས་ལག་ལེན་གཏན་བྲལ་དུ་གྱུར་ཡོད་པས་ཁོར་ཡུག་དེ་ནི་དྲ་གྲོགས་དེ་དག་གིས་ཀྱང་རང་གི་ཉེ་ས་ནས་མགོ་བཙུགས་དེ་བྱ་བ་ཆེ་མ་ཆུང་གསུམ་གང་བྱེད་ལ་དངོས་ནས་གཟབ་ནན་གྱིས་བྱེད་རྒྱུ་ནི་གལ་ཆེན་རེད་ལ། ནང་གི་སྐད་ཆ་ཕྱི་ལ་འཁྱེར་མཁན་གྱི་གདོང་འབག་ཙམ་གྱི་བོད་པ་རེ་ཟུང་ལ་ཡང་དོགས་ཟོན་ནན་་པོ་བྱེད་དགོས་པ་དེ་ནི་རང་གི་ཚེ་སྲོག་ལས་ཀྱང་གལ་ཆེ་བའི་རྩོམ་ཡིག་གང་མང་ཞིག་བོད་ཀྱི་མི་རབས་རྗེས་མ་དག་གི་ལག་སྐྱེས་སུ་འཇོག་ཆེད་དུ་ཤུ་རེ་བྱེད་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme