Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གངས་ལྗོངས་ལ་ཕུལ་བའི་མཆོད་ཆབ།

Posted on 2011-09-162011-09-16 By ཡེ་ཤེས་ 1 Comment on གངས་ལྗོངས་ལ་ཕུལ་བའི་མཆོད་ཆབ།

(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)
སྐྱིད་སྲས་དགེ་ལེགས་ཉི་མ།
ཡངས་པའི་གནམ་ས་སོ་སོར་འབྱེད་པ་ཤེལ་གྱི་གངས་དཀར་ལྷུན་པོའི་གནས།།
མཁའ་དབུགས་གཙང་མས་ཚེ་ཐག་བསྐྱེད་ཅིང་ལྷན་སྐྱེས་མཛེས་སྡུག་དཔལ་གྱིས་སྒེག།
འབྱུང་བཞི་དྭངས་སྙོམས་ཡན་ལག་བརྒྱད་ལྡན་རྫ་ཆུ་བསིལ་བའི་ལྷུང་ལྷུང་ཆབ།
མ་བྱིན་སྤངས་པའི་ལྷ་དབང་གིས་ཀྱང་གཡུ་འབྲུག་སྤྲུལ་ནས་ཧུབ་ཀྱིས་རྔུབ།

སྤང་སྨན་མཚོ་སྨན་གཡང་དུ་འཁྱིལ་བའི་སྨན་ལྗོངས་ཕྱུག་མོའི་དགའ་ཚལ་ན།
ནད་དང་སྨན་ཞེས་ཐ་སྙད་དག་ལ་རྨོངས་པའི་མགོ་བོ་ཧུར་གྱིས་འཐོམ།
ཕྱོགས་བཞི་མཚམས་བརྒྱད་གང་ནས་ཕེབས་པའི་དུག་ཅན་སྦྲ་མ་ར་ཡི་ཁྱུ།
ལྗོངས་འདིའི་དབུགས་ཀྱིས་ཡོངས་སུ་སོས་ནས་ཨེ་བདེན་སྙམ་པའི་དོགས་པ་འཛིན།

ཟླ་འོད་ཆང་ལ་རོལ་དགའ་ཆེ་ཞིང་སྙན་ངག་མཁན་པོ་ལིས་པེ་ཡིས།
མཁའ་ཟླ་གཞོན་ནུར་ཉེ་ས་འདི་ལ་རྨི་ལམ་ཞིང་ནས་ཡང་ཡང་མྱུལ།
གངས་ལྗོང་གང་གིས་མཐོང་བ་ཀུན་སྨོན་སྣུམ་ཚོམ་རི་མོའི་བཞིན་མདངས་ལ།
དངོས་ལ་འཁྲུལ་ནས་སྙན་ཚིག་ཁག་ཅིག་སྙན་མོའི་ངག་གིས་དབྱངས་ལ་བསྡེབས།

བཅོ་ལྔའི་ལྷ་ཟླ་དཀར་པོའི་ངོགས་ཀྱི་དབྱར་ཟླ་དྲུག་པའི་མཛེས་ལྗོངས་ལ།
ཟླ་བའི་ལྷ་མོ་རབ་ཏུ་སྲེད་དེ་གསང་བས་མཚན་མོའི་ལྗོངས་འདིར་བབས།
སེར་ཆེན་མེ་ཏོག་སླས་སྐྲར་བརྒྱན་ཅིང་དགའ་བའི་གར་སྟབས་སྤང་ན་ལྡེམ།
སྐྱ་རེངས་ལྷ་མོས་མཐོང་ངམ་སྙམ་ནས་སྐྱེངས་པའི་ངོ་གདོང་ཕྱག་གིས་བཀབ།

རྫ་མགོ་བསིལ་བ་མུ་ཏིག་འཛུམ་པའི་ཐོ་རེངས་གསར་བའི་ཕྱེད་ཡོལ་ལ།
རྒྱུ་སྐར་བདག་པོས་སྐར་ཚོགས་བོར་ནས་ནུབ་ཕྱོགས་རི་ན་རིག་རིག་རྒྱུ།
ཡངས་པའི་ཐང་ལ་སྐར་ཚོགས་བཀྲམ་འདྲའི་ལུག་ཁྱུ་གཡང་གི་ཁྱུ་དག་ནི།
མཐོང་ནས་མྱུར་དུ་བྱོལ་བར་བརྩམས་པས་སྦྲ་འགྲམ་མཚེའུ་ལྟོ་བར་ལྷུང་།

དེ་ཚེ་ལྷ་དབང་བསིལ་ལྡན་དཀྱིལ་འཁོར་གསེར་གྱི་ཐིག་ལེ་ཆགས་ཆེ་བས།
རྒྱལ་ཆེན་བཞི་དང་བློན་པོ་ཀུན་ལ་གསང་སྟབས་བཀའ་ཡི་གྲོས་མོལ་བགྱིས།
འོན་ཀྱང་བློ་གྲོས་རྩལ་སྟོབས་རྫོགས་པ་བཙན་པོ་ཚང་གི་གདོང་དམར་དམག
སྐབས་གསུམ་ལྷ་དམག་འབུམ་ཕྲག་གིས་ཀྱང་མ་ཐུབ་མགོ་བོ་འཕྲེད་དུ་གཡུགས།

མཛེས་པའི་སྐྲ་ལོ་ཕྱོགས་གཉིས་བསླེས་པའི་གངས་དཀར་སྒྲོལ་མའི་སྒེག་ཉམས་ལ།
དགུ་ཚིགས་དམག་སྤྱི་ཕག་མགོ་ཅན་དེ་སྲེད་པའི་ཁ་ཆུས་བྲང་ངོས་བརླན།
རྒྱལ་སྲས་གཞོན་ནུར་སྤྲུལ་བ་བསྒྱུར་ཡང་ཨམ་ཅོག་མངོན་པའི་རྣམ་པ་ལ།
ས་བདག་རྒད་པོ་ཁོང་དགོད་དྲག་པོས་ཁ་ཡི་སོ་ཡང་མིད་དུ་ལྷུང་།

གང་ཞིག་ཁྱེད་ཀྱི་མཛེས་པའི་ཆ་ཙམ་བློ་མིག་ཁང་བའི་སྐར་ཁུང་ལ།
མཚོ་བྱུང་ལྷ་མོའི་མགྲིན་སྟོང་ལྡན་ཀྱང་རེ་ཞིག་ངལ་བའི་རྒྱུ་རུ་ཟད།
དེ་ཙམ་ཡིན་ཀྱང་དགེ་བཅུ་ཚང་བའི་བསིལ་ལྡན་གཡང་གི་ཟོ་ཁ་ལ།
འབྲི་མར་སེར་པོས་ཏོག་ཙམ་བྱུགས་པ་ཡུལ་གྱར་བུ་ཡི་མཆོད་པ་ལགས།

དེ་རྗེས་ཧམ་སེམས་སྤྱང་བཞིན་འདུར་བའི་ཙི་ནའི་རྒྱལ་བོ་རྨེ་བ་ཅན།
གསེར་དངུལ་ཟངས་ལྕགས་མངལ་དུ་སྦྲུམ་པའི་ས་འཛིན་མ་མའི་ཕུང་པོ་ལ།
རིན་མེད་དོད་དུ་བླངས་འདོད་མངོན་པས་མི་བསད་ཁྲག་སྦྱོར་དབྱེན་དཀྲུག་བྱས།
ཆིག་སྒྲིལ་གོང་བུ་སོ་སོར་འཐོར་བས་ཝ་མོའི་གདོང་ལ་འཛུམ་མདངས་རྒྱས།

དུས་རབས་འདི་ལ་ཕྱིར་མིག་བལྟས་ཚེ་ཁྱེད་ཀྱི་འབྱུང་བཞིའི་ཕུང་པོ་ལ།
ཡན་ལག་མེད་པའི་བཟོ་བལྟ་ཞིག་གིས་སེམས་ལ་ན་ཟུག་ཡང་ཡང་སྦྱིན།
འོན་ཀྱང་ཁྱེད་ཀྱི་ཨམ་ཚུགས་བསྡམས་ནས་རེ་བའི་མིག་ཟུང་བདག་པོར་ཕྱོགས།
སྙིང་མེད་བེམ་གཟུགས་མཁྲེགས་པོ་འདི་ལ་ཅི་འདྲའི་ལ་རྒྱའི་སྙིང་སྟོབས་ཤིག

གསེར་དངུལ་གཡུ་བྱུར་སྤྲས་པ་མང་བས་བོད་པའི་བུ་མོས་རང་སྲོག་ཤོར།
རྡོ་རྗེ་ཕ་ལམ་སྐེ་རྒྱན་བྱས་པས་རྒྱ་མོ་སྔོན་མོའི་ཚེ་སྲོག་འཕྲོག
གསང་བས་རྒྱ་ཆ་སྦུབས་སུ་སྦས་ཀྱང་གཅེས་པའི་རིན་ཆེན་འབྱུང་ཁམས་བརླག
ཡོད་ཚད་བརླགས་པ་ནོར་ཀྱི་ཆེད་ཅེས་མཁས་དབང་དག་གི་སྡོམ་ཚིག་བཀོད།

འདས་མ་ད་གསུམ་གང་གི་དུས་ལ་ཁྱེད་ཀྱི་གཟུགས་ཕུང་གཙབ་གཙབ་ནས།
འཁྲུག་ཆ་དོད་པའི་དུས་རབས་འདི་ལ་ཁྱེད་ལ་ན་ཟུག་ཡང་ཡང་སྐྱོམས།
འགུལ་ཙམ་འཕག་པས་རྣམ་པ་དེ་ཡིས་ཡུལ་ཤུལ་གསེར་མདོག་ཕ་ས་བཅོམ།
ཁྱོད་ཀྱི་འབྱུང་བཞིའི་གཟུགས་ཕུང་ན་བས་བདག་གི་གདོང་ལས་མཆི་མ་འཐོར།

མིག་ནས་ལྷུང་བའི་མཆི་མ་དག་ལ་ཁ་དོག་ཡེ་ནས་བྲལ་ནའང་།
ཕུ་ནུ་དག་གི་ཁྲག་རྒྱུན་མཐོང་ཚེ་མིག་མཐའ་དག་ལས་ཁྲག་ཐིགས་ལུད།
ཁྱེད་ཀྱིས་གཟིགས་དང་ནད་ཀྱིས་ཐེབས་ཚེ་ཡུལ་གྱར་སྤྲང་པོ་ནོར་གྱིས་སྟོང་།
བས་མཐར་གྲོད་ཁོག་སྟོང་བར་ལུས་ཀྱང་སེམས་ལས་གདུང་སེམས་མཉམ་སྐྱེད་བྱས།

གཞན་གྱིས་བྱས་པའི་ལས་ལན་ཡོད་ཚད་ང་ཡིས་ཐོག་ཏུ་སྙིལ་བ་འདི།
སུ་ཡིས་བཏབས་པའི་བཀའ་གྲོས་ལྕི་མོ་ལས་འབྲས་རྦབ་རྡོ་གྱེན་ལ་འགྲིལ།
རུ་དམར་སྟོང་གི་དཔུང་ཚོགས་མ་ཐུལ་ཉམ་ཆུང་བེའུའི་ཚེ་སྲོག་དག
མགོ་རྟིང་སློག་པས་བདུད་ཀྱི་ཆོ་འཕྲུལ་སུ་ཡིས་དཔའ་བའི་རྟགས་སུ་མཐོང་།

ཁྱེད་ཀྱི་འབྱུང་བཞིའི་སྙིང་ཁྲག་མ་རྫོགས་ཡིད་སྲུབས་དམག་དཔུང་ག་ལ་འགྲང་།
སྲིད་པའི་གངས་ཆེན་ས་ལ་མ་འགྱེལ་བདེ་མོར་གཟིམ་པའི་སྙེས་འབོལ་གང་།
ཞི་བདེའི་སྣང་བ་རབ་ཏུ་དབེན་པའི་ཤར་གྱི་ཉི་མ་དམར་པོ་ཡིས།
ཧམ་སེམས་བརྡར་བའི་མཆེ་སྡེར་བར་ནས་ནམ་ཞིག་ཟགས་འགྲོ་སྐྱོ་བས་གདུང་།

སྙན་ངག

Post navigation

Previous Post: ངའི་མིང་གཞན་གསོན་འདྲེ་ཡིན།
Next Post: རྟ་ལྤགས་བཤུ་བ།

Comment (1) on “གངས་ལྗོངས་ལ་ཕུལ་བའི་མཆོད་ཆབ།”

  1. འོད་ཟེར་ says:
    2011-09-17 at 12:20 pm

    དངས་གསལ་ཡང་པའི་ས་ཁྱོན་འདིར་། བརྗིད་ཆགས་ཞི་བདེའི་དད་དཔོན་ཁོང་། རྔམས་བརྗིད་སྙིང་རྗེ་རྦ་རླབས་ཀྱིས་། གླིང་འདིར་ཞི་བའི་ཐང་མལ་གདལ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme