Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཁན་སྤྲུལ་དང་མཁན་སྤྲུལ་དག་གི་སྙིང་རྩ་སྤར་མོས་བསྒགས་པ།

Posted on 2011-09-152011-09-17 By དབང་ཕྱུག་ 20 Comments on མཁན་སྤྲུལ་དང་མཁན་སྤྲུལ་དག་གི་སྙིང་རྩ་སྤར་མོས་བསྒགས་པ།

རྟ་ནག་སྐལ་བཟང་ལུང་རིགས།
______________མཁན་སྤྲུལ་ཐུབ་བསྟན་མཁྱེན་བརྩེ་བློ་གྲོས་སུ་འབོད་པ་དེར་ལན་དུ་གླན་པ།

ཉེ་སྔོན་སྤེལ་མ་ཐག་པ་ཙམ་དུ་ཟད་པའི་“ ཀླུ་སྨྱོན་རྩོམ་རིག་བྱ་དགའ་ལས་འཕྲོས་པའི་རྒོལ་གཏམ།”ནི་མེ་སྟག་དམར་ཚག་གེ་བ་ཞིག་ཡིན་པར་བཤད་ན་ཆུང་དྲགས་པའི་སྐྱོན་དང་། ཞུགས་ཆེན་དམར་ལམ་མེ་བ་ཞིག་ཡིན་པར་བསྙད་ན་དེ་ཡང་ཐལ་སོང་བའི་སྐྱོན་ཅི་རིགས་རེ་དབབ་ཏུ་སྲིད་མོད། གང་ལྟར་ཚིག་གྲུབ་ཁ་རྡུགས་མ་རེ་རྟབ་རྟབ་པོར་བསྒྲིགས་ནས“རྟ་ནག་གིས་ཕྲག་དོག་བྱས་སོང་” དང་། “རྟ་ནག་ལ་ངོ་ཚ་རྒྱུ་མི་འདུག”སོགས་བསྙད་མཁན་གྱི་དྲ་འབུ་ཟོག་ཞད་ཅན་དག་ལ་ནི་བདག་གི་དྲ་རྩོམ་དེས་འགྲམ་ལྕག་ཚ་བེར་བེར་བ་ཞིག་བཞུས་སོང་ནི་སུ་ལ་བསྙོན་ཨང་།
མ་གཞིར་འུ་ཚང་གི་རྩོམ་མཁན་གླེན་པ་ལུག་གི་ཞད་ཅན་དག་ལ་སྤྱི་མཐུན་གྱི་གཤིས་ལུགས་ཤིག་གཉུག་གནས་སུ་གྲུབ་ཏེ་ཡོད་པ་ནི། གནས་ལུགས་ཀྱིས་རྦད་དེ་ཕོངས་ཤིང་གཏན་ཚིགས་ཀྱི་ནུས་ཕྱོད་ཧྲིལ་གྱིས་ཟད་སོང་བའི་སྐབས་ཉིད་དུ། ཚིག་གི་ཐུ་ལུ་འདེབས་པ་དང་། སྐད་ཆའི་རྡོག་ཐོས་བསྣུན་པ། དམོད་མོས་ཧོམ་ཁུང་དུ་འདེད་པ་བཅས་ནི་ཁོ་པ་ཚོའི་བླ་ན་མེད་པའི་ཁྱད་གཤིས་ཤིག་རེད་པས། རིགས་པའི་གདན་ཐོབ་ཅན་གྱི་སྙུག་འཛིན་པ་མང་དག་ཅིག་གིས་རྒྱུ་མཚན་ཕུ་ཐག་ཅན་གྱི་གནས་ལུགས་གང་ཞིག་བཤད་མ་བྲ་བའི་ཚད་དུ་ཡོད་པའང་གནས་ལུགས་ལ་གནས་ལུགས་ཀྱི་གོང་ཚད་མེད་སོང་བ་དེས་མིན་ན་ཅི་རེད།
བརྗོད་དོན་དངོས་ཀྱི་ཐོག་ཏུ་བབ་ནས་བཤད་ན། མཁན་སྤྲུལ་ཐུབ་བསྟན་དུ་འབོད་པ་འདི་ལ་ནི་གདན་ས་ངོ་མ་ཞིག་གིས་མཁན་ཐོབ་གཤའ་མ་ཞིག་་ཕུལ་ཟིན་པ་ཡིན་ནམ། བླ་གཟུགས་ཟོག་པོ་ཞིག་གིས་སྤྲུལ་མིང་རྫུས་མ་རེ་བསྟབས་སོང་བ་གང་ཡིན་ནི་བདག་ལ་ཆ་ཅི་འཚལ་མོད། བདག་འབའ་ཞིག་ནི་“མཁན”དང“སྤྲུལ”གྱི་མིང་ཙམ་ཐོས་པས་ཀྱང་ཉྭ་ལྷེམ་ལྷེམ་དང་། སྒྱིད་གུག་གུག་བྱེད་པའི“དད་པའི་ཁོལ་བོ”དག་གི་རིགས་སུ་བསྡུ་ཐབས་གཞར་ནས་མེད་སོང་རྐྱེན། ཁྱེད་དང་ཁྱེད་ལྟ་བུའི་མཁན་སྤྲུལ་ཡ་མ་བརླ་དང་བར་མ་དོ་དག་གི་ཁ་གཏད་གདོང་གཏད་དུ་ནམ་ཞར་དུ་ལང་ནས་ཡོད་པས། དངོས་མིང་གི་ཡས་མཐར་བཏབ་པའི“མཁན་སྤྲུལ”ཞེས་པའི་ཡིག་འབྲུ་རྡོག་པོ་དེས་བདག་ལ་ཞེད་སྣང་བསྐུལ་བསམས་ན་ཁྱོད་སྙིང་རེ་རྗེ་ཨང་།
མ་གཞི་ནས་མཁན་སྤྲུལ་དང་མཁན་སྤྲུལ་དག་ནི་མི་རིགས་འདིའི་བསམ་བློའི་གཞུང་ཤིང་ཡལ་འདབ་བརྒྱ་བ་ཞིག་ཏུ་གྱུར་སོང་བའི་སྐབས་ཡོད་པ་གང་ཞིག མཁན་སྤྲུལ་དང་མཁན་སྤྲུལ་དག་གིས་མི་རིགས་ཤིག་ཧོམ་ཁུང་ཟུར་གསུམ་དུ་སྤར་སོང་བའི་ནག་ཅན་གྱི་ལོ་རྒྱུས་ཀྱང་བྲིས་ན་མི་འཛད་པའི་ཚོད་དུ་ཡོད་པ་གང་ཞིག་སྟེ། བདག་གིས་མཁན་སྤྲུལ་ཐུབ་བསྟན་འདི་བ་ཚང་གི་“རྟ་ནག་གཤག་བཅོས་དགུ་སྐོར”བོ་རིགས་པའི་འཁོབས་ལ་བཅལ་ནས་རྒྱུ་མ་ཕུ་ལ་དེད་པའི་མཐར། ཁོང་གི་ངོ་གདོང་ལ་ཐམ་རྟགས་དམར་ཀོར་རེ་བ་ཞིག་བརྒྱབ་དགོས་བྱུང་བ་སྟེ། ཚིག་སྣ་གཅིག་གིས་བསྡུས་ཤིང་བཟླུམས་ན། “ཉོན་མོངས་པ་རགས་ལ་སྙིང་དུ་བྱད་ཕུར་གྱིས་བརླམས་པ་ཞིག་གོ།” ཞེས་པ་འདིའོ།།
མཁན་སྤྲུལ་ཐུབ་བསྟན་ཚང་གིས་“ཁར་སང་དེ་རིང་བཤད་གྲྭའི་ལས་དོན་གྱི་བྲེལ་བ་ཧ་ཅང་ཆེ་བས”ཟེར་ཚོད་ལས་བཤད་གྲྭ་གང་ཞིག་གི་གཙོ་བདག་ཏུ་གྱུར་འདུག་པ་ཤུགས་ཀྱིས་བསྟན་པའི་ཟོལ་ཨེ་ཡིན་ནམ། ཡིན་ན“རྟ་ནག་ཁྱི་”ཡིན་དང་མིན་གྱི་གནད་དོན་དེ་ཁྱེད་དང་བདག་གི་བར་གྱི་འཁོན་ལན་ཞིག་ཏུ་གསལ་ཐོབ། བར་སྐབས“བཤད་གྲྭའི་ལས་དོན”ཙག་ཙིག་པོ་དེ་ཨེ་འཁྱོངས་སུ་བལྟས་ན་ཨེ་མི་དྲགས། ཕྱོགས་གླང་ཆོས་གྲགས་ཀྱི་ཚད་མའི་བསྟན་བཅོས་ལས་མར་ལ་བརྩིས་ཤིང་། ཕྱ་བ་ཆོས་སེང་གི་རྣམ་ཐར་སྒོ་བཞི་ལས་ཡར་དེད་དེ་བལྟས་ནའང་། མི་ཞིག་ཁྱི་རུ་སྒྲུབ་བྱེད་ཀྱི་གཏན་ཚིགས་ཤིག་ཀ་དག་ནས་རྙེད་དུ་མེད་ཙ་ན། “རྟ་ནག་གཤག་བཅོས་དགུ་སྐོར”དེས་“རྟ་ནག་ཁྱི”རུ་བསྒྲུབ་བསམ་དེ་དམུས་ལོང་ཐང་འཁྱམ་རེད་འདོད་དེ་ངུ་ཤོར་ཐལ། ཡང་ཀོ་ལོང་རུ་ང་རེད་བསམས་ནས་དགོད་བྲོ་ཐལ།
མཁན་སྤྲུལ་ཚང་གིས“ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ”གྱི་རྩོམ་མཁན་གང་ཞིག་ལ་ཕྱི་རྒྱལ་ན་ཆོས་ཚོགས་མང་སྐད་དང་། གང་ཞིག་གིས་མགོ་ནག་སེར་གྱི་གདུལ་བྱ་མང་དག་ཅིག་དབང་དུ་བསྡུས་ནས་ཆོས་ཀྱིས་བཏུལ་ཡོད་ཚུལ། ཡང་གང་ཞིག་ནི་དཔལ་དང་འབྱོར་བས་བལྟམས་ཤིང་ཁེངས་ནས་ཡོད་ལུགས་བཤད་ཐལ། སྒྱུ་རྩལ་བརྩམས་ཆོས་ཀྱི་རིན་ཐང་ཟེར་བ་ནི་རྩོམ་མཁན་སུ་ཞིག་གི་དངུལ་དངོས་ཀྱི་ཡོང་འབབ་ཁོ་ནས་གསབ་དགོས་ཚེ། སྤྲང་བོའི་མི་ཚེ་ལྕགས་སྨྱུག་དང་ལྷན་དུ་ཟད་སོང་བའི་སྤྲང་མགོ་དགེ་ཆོས་ཀྱི<ཆུང་གྲོགས་རྗེས་དྲན>ནས་མར་ལ་བརྩིས་ཤིང་། རྩོམ་ཡོན་རེ་ཟུང་གིས་མི་ཚེ་ཕྱེད་ཀ་བསྐྱལ་སོང་བའི་དྭ་ཕྲུག་དོན་རྒྱལ་(དོན་འགྲུལ་རྒྱལ་ལོ་གཉིས་ཀྱི་སྟེང་ཡབ་གྲོངས)གྱི <ལང་ཚོའི་རྦབ་ཆུ>ནས་ཡར་ལ་བཅལ་ཏེ་བལྟས་ན། ཐེངས་གཅིག་གི་ཤོག་ཕོར་ལའང་མི་དོ་བའི་བཙན་བྱོལ་གྱི་དེབ་རྒན་རྒྱབ་ཐེད་མ་དེ་ཚོ་ལས་ལྷག་རྒྱུ་ཞིག་ཨེ་བྱུང་ཐལ། མཁན་སྤྲུལ་ཚང་ལགས།
“བོད་པའི་ཤེས་ལྡན་པའི་སྤྱི་ཚོགས་ཀྱི་ནང་དུ་ཁྱོད་རང་ཉིད་ལ་མི་དགའ་མཁན་ཇེ་མང་དུ་བཏང་བ”རེད་ཅེས་ཐལ་སོང་། འཚོ་གཞེས་སྐབས་ཀྱི་དགེ་ཆོས་སྨྱོན་པར་མི་དགའ་མཁན་བརྩིས་ན་སྙིང་ན་བའི་ཚད་དུ་བདོག་ལ། གཞོན་དར་སྐབས་ཀྱི་དོན་འགྲུབ་རྒྱལ་བོ་ལ་ཡང་དམོད་པའི་ཐུ་ལུ་འདེབས་མཁན་བརྩི་བརྩི་གྲངས་མེད་རེད། ལར་བདག་གིས་གང་བྲིས་གང་བསམ་ཅི་ཡོད་པོ་གནས་ལུགས་འབའ་ཞིག་གི་འཁོབས་ལ་བཅལ། རྒྱུ་མཚན་ཁོ་ན་ཡིས་རྒྱས་ལ་བཏབ་སྟེ་འབྲི་བ་ཡིན་པ་ལས། གཅམ་བུ་གཅམ་གསག་གིས་སྐྱོན་འགེབས་མཛེས་ཆས་སྤྲོ་རྒྱུ་ནི་བདག་གི་གཉུག་གཤིས་ལ་མ་གྲུབ་པ་གང་ཞིག རང་ཉིད་ལ་དགའ་མཁན་ཞིག་མང་དུ་སོང་ན་ཨེ་མི་དགའ་སྙམ་པ་ཞིག་ཀླད་པའི་དགུ་ཟུར་ལའང་ཤར་མ་མྱོང་བ་གང་ཞིག་སྟེ། འདི་ནི་བདག་གི་རྩོམ་འབྲིའི་དམ་ཚིག་དང་བོ་ཡིན་ཕྱིར། དགའ་མཁན་མང་ན་དགའ་རྒྱུ་དང་། མི་དགའ་མཁན་མང་ན་སྡུག་རྒྱུ་རྦད་དེ་མེད་དོ།། མ་མཐའ་གནས་ལུགས་ཀྱི་མདུན་དུ་དེ་ག་རང་ཡིན།
མཁན་སྤྲུལ་དང་མཁན་སྤྲུལ་དག་གིས་རང་ཉིད་ལ་དགའ་མཁན་ཞིག་བྱུང་སོང་ན། “མཐོང་ན་འཇིགས་པའི་བདེན་པ་གཅེར་བུ་ལའང་།” “རང་མགོ་བསྐོར་བའི་གོས་ཀྱིས་གཡོགས”པའི་སྲིད་པ་ཆེ་ཞིང་། ཇི་སྟེ་མི་དགའ་མཁན་ཞིག་བྱུང་སོང་ན། “ཕུགས་ཀྱི་ཁེ་མི་བརྩི། འཕྲལ་གྱི་རྩིས་གཏོང་། ལེགས་པའི་སྲོལ་མི་འཛིན། ཉེས་པའི་དཔེ་འདྲེན”(ས་པཎ་གྱི་ལེགས་བཤད་འཕྲུལ་གྱི་དྲ་བ་ལས)པར་ཡང་ཅི་དང་གང་ལ་ཡང་མི་བརྩི་སྟེ། ལར་མཁན་སྤྲུལ་དང་མཁན་སྤྲུལ་དག་གི་སྔུན་དུ་གནས་ལུགས་ནི་གསོག་གསོབ་དང་ཚུལ་འཆོས་ཀྱི་གདོང་འབག་ཅིག་ལས་ཅི་ཡང་མ་ཡིན་པས་སོ།།
མཁན་སྤྲུལ་ཚང་གི་“རྟ་ནག་གཤག་བཅོས་དགུ་སྐོར”བོ་རེ་རེ་ལ་གསལ་ཐག་ཆོད་པའི་ལན་ལྡོན་པར་ཡི་གེའི་ཚེགས་སུ་ཆེ་རྐྱེན། བདག་གིས་བྱ་བརྒྱ་འུར་རྡོ་གཅིག་གིས་དེད་པའི་ཟོལ་གྱིས་བཞག་དང་བ་ཡིན་པས། “ཉོན་མོངས་པ་རགས་ལ་སྙིང་དུ་བྱད་ཕུར་གྱིས་བརླམས་པའི”མཁན་སྤྲུལ་དང་མཁན་སྤྲུལ་དག་ནི་བདག་གི་དགག་རྩོམ་འདིས་དལ་ཅག་གེར་བཞག་ཚེ་གནས་ལུགས་ཀྱིས་ཡོངས་སུ་ཕོངས་སོང་བའི་གྲས་སུ་འཇོག་པ་ལས། དཀྱེལ་ཡངས་བཟོད་སྲན་བྱས་སོང་སྙམ་པ་ཞིག་ཏུ་ནམ་ཞར་དུ་མི་བརྩིའོ།།
ཞོར་འཕྲོས་ཤིག་ལ། ཆོས་དང་ཆོལ་གྱི་བསམ་བློ་ཕྱོགས་རིས་པ་དག་མཚོན་ཆའི་ཚབ་ཏུ་འཛིན་པོ་དག་གི་ཞབས་མཆན་ནི་བདག་གི་ཟིན་བྲིས་སུ་སྐད་ཅིག་ཙམ་ལའང་སྡོད་དུ་མི་འཇུག་པར་ཕྱིར་འཕུད་བྱ་རྒྱུ་ཡིན་པ་དགོངས་པར་འཇགས་རོགས།
༢༠༡༡། ༩། ༡༨། ཉིན་བྲིས།

སྣ་ཚོགས།

Post navigation

Previous Post: ༄།། རིག་པ། ལམ། འཐེན་ཤུགས།
Next Post: ཀླུ་སྨྱོན་རྩོམ་རིག་བྱ་དགའ་ལ་ཡིད་གཟབ་དགོས་པའི་ཆོས་ཚན།

Comments (20) on “མཁན་སྤྲུལ་དང་མཁན་སྤྲུལ་དག་གི་སྙིང་རྩ་སྤར་མོས་བསྒགས་པ།”

  1. ནགས་ཀྱི་སེངྒེ says:
    2011-09-15 at 4:45 pm

    ཧ་ཧ་ཧ་ཧ།  ཧོ་ཧོ་ཧོ་ཧོ།  དགོད་རྒྱུ་ཡོང་ནས་རྒྱུ་མ་ན་མ་ཐལ་ན་དཀོན་མཆོག་གསུམ།  ཨ་རོགས་རྟ་ནག་པ།   མཁན་སྤྲུལ་གྱིས་གཤག་བཅོས་དགུ་སྐོར་དེ་ལ་ནང་དོན་གྱི་རུས་པ་ག་ཚོད་འདུག   དེང་སང་རྟ་ནག་གཤག་བཅོས་ལྟ་བུ་ཟེར་ནས་སྐད་གྲགས་ཆོད་འདུག   ངའི་ངོ་ཤེས་འགའ་རེའི་གློག་ཀླད་ནང་དུ་ཡང་ཉར་འདུག   ཡིན་ན་ཡང་ཁྱོད་ལ་ལན་རྒྱག་རྒྱུ་འདི་ལས་མེད་སོང་ནི་ཨེ་རེད།   འདི་ལས་མེད་ན་ངོ་ཚ་གཉིས་པ་ཞིག་མ་ཉོས་པར་གཡུག་བཞག་ན་ཡག་ས་རེད།   ཁྱོད་ཀྱིས་ཧོར་གཙང་འཇིགས་མེད་ཀྱི་མདོ་སྨད་ལོ་རྒྱུས་ལ་དགག་པ་བརྒྱབ་འདུག་ཟེར་བས་གཅིག་བལྟ་འདོད་བྱུང་སོང་།  ཡིན་ན་ཡང་དགག་ལན་འདི་བཀླགས་རྗེས་ད་ཡོངས་རྫོགས་ཧ་གོ་སོང་།   ཤུ་རེ་ཁོ།  རྟ་ནག་པ།  

    ཁ་ཐབས་དེ་ལས་མེད་ན།།
    ཁ་ཕོ་དམའ་ཙམ་གནང་རོགས།།   
    མ་འོངས་ལོ་རྒྱུས་ཐོག་ལ།།   
    ངོ་ཚ་འབྱར་རྒྱུ་རེད་ལོ།།
    ཞེས་ཀྱང་ཐལ་ལོ།།

  2. སྐལ་བཟང་། says:
    2011-09-15 at 5:13 pm

    རྟ་ནག་པ་གནམ་སྔོན་པོས་སྲུང་རྒྱུ་བོ། ཁྱོས་ངོ་སོ་དགུང་ལ་བསྟོད་དཔའ་རྒྱ་ཚའི་ཡ་ཟི་སྐར་ཆེན་འདྲ་བའི་བཏབ་པ་ལན་མེད་པའི་ཚིག་གྲུབ་རེ་རེ་དང་ཚ་ཞང་འདན་མའི་ཉན་ཕྲན་ལྟ་བུའི་ཚིག་ལྡོག་འགས་མཁན་སྤྲུལ་མིང་གི་བསྙད་པའི་དྲ་འབུ་ཁོ་བཤག་བཅོས་དགུ་ལོག་བཅོ་བརྒྱད་དུ་བཏང་བ་འདི་ཁོ་རང་གིས་ཉོས་པ་རེད།

  3. ལྷོ་པ་ལུང་རིགས། says:
    2011-09-15 at 5:25 pm

    མཁན་སྤྲུལ་གྱིས་ལན་ཞིག་མི་འབྲི་ཐབས་ཡིན་ན་འགྲིག་འདུག

  4. ནགས་ཀྱི་སེངྒེ says:
    2011-09-15 at 5:25 pm

    རྟ་ནག་པ་གནམ་སྔོན་པོས་སྲུང་རྒྱུ་བོ། ཁྱོས་ངོ་སོ་དགུང་ལ་བསྟོད་དཔའ་རྒྱ་ཚའི་ཡ་ཟི་སྐར་ཆེན་འདྲ་བའི་བཏབ་པ་ལན་མེད་པའི་ཚིག་གྲུབ་རེ་རེ་དང་ཚ་ཞང་འདན་མའི་ཉན་ཕྲན་ལྟ་བུའི་ཚིག་ལྡོག་འགས་མཁན་སྤྲུལ་མིང་གི་བསྙད་པའི་དྲ་འབུ་ཁོ་བཤག་བཅོས་དགུ་ལོག་བཅོ་བརྒྱད་དུ་བཏང་བ་འདི་ཁོ་རང་གིས་ཉོས་པ་རེད།  

    བདེན་ཀི   མཁན་སྤྲུལ་དེ་ལ་ཏག་ཏག་བཟོས་འདུག  ངོ་མ་རྟ་ནག་པ་འདི་ངར་བ་རེད་ཀོ  སྐལ་བཟང་ཁྱེད་ཀྱང་དོལ་ཤུལ་རྒྱུ་མཚོ་དང་།  རྟ་ནག་པ་དང་འདྲ་བའི་མཁས་པ་ཞིག་རེད་འདུག   ཁྱེད་རྣམ་པ་ངོ་མ་བོད་ཀྱི་རྒྱན་ཆ་རེད།   ཤེས་ཡོན་པ་ཚོའི་ལ་རྒྱ་རེད།   བཟང་གི་བཟང་གི

  5. མིག་བརྒྱད་པ། says:
    2011-09-15 at 6:38 pm

    མཁན་སྤྲུལ་ཚང་གི་༼རྟ་ནག་གཤག་བཅོས་དགུ་སྐོར༽དང་རྟ་ནག་ཚང་གི། ༼ཉོན་མོངས་པ་རགས་ལ་སྙིང་དུ་བྱད་ཕུར་གྱིས་བརླམས་པའི་མཁན་སྤྲུལ༽ཟེར་བ་འདི་གཉིས་ཀ་ལ་ཧ་ཧ་ཧུམ་ཧུམ་ཕཊ།
    མཁན་སྤྲུལ་ཚང་གིས་ཆོས་ཁྲི་ནས།།
    རྟ་ནག་ཚང་ལ་གཤག་བཅོས་བྱས།།
    ལྷ་མེད་སྨྲ་བའི་རྟ་ནག་གིས།།
    མཁན་སྤྲུལ་ཚང་ལ་བྱད་ཕུར་བཏབ།།

    ལྷ་ཡོད་སྨྲ་བ་ལྷ་མེད་སོང་།།
    ལྷ་མེད་སྨྲ་བ་ལྷ་ཡོད་སོང་།།
    མ་མོ་དགའ་བར་བྱེད་པའི་གདོན།།
    རྩོམ་ཡིག་གཉིས་ཀྱི་བར་ན་འཚངས།།

  6. མིག་བརྒྱད་པ། says:
    2011-09-15 at 6:45 pm

    ཕོ་རྒོད་དོར་ཤུལ་རྒྱ་མཚོའི་རྩོམ་ཡིག
    མ་འོངས་སྟོན་མཆོག་རྗེ་བཙུན་བྱམས་མགོན་ལ།།
    ལྷོ་གླིང་སྤྱི་ནོར་ཏ་ལའི་བླ་མ་ཡིས།།
    འགྲོ་བ་རིགས་དྲུག་ཀུན་ལ་བདེ་སྐྱིད་བསྐྲུན།།
    བྱམས་མགོན་ཁྱོད་ནི་བདེ་བར་ཕེབས་རོགས་བྱོས།།

  7. འདྲེ་རིག་ལྡན། says:
    2011-09-15 at 7:02 pm

    རྟ་ནག་པའི་རྟ་རྒོད་སྲབ་མེད་མ། རྒྱུག་དང་འཕུར་ལ་རྣམ་དབྱེ་མེད།
    མཁན་སྤྲུལ་བ་ཆེན་པོ་མ་འབྲོ་ན། སྐེད་དང་རྐང་པ་གཅོག་རྒྱུ་རེད།

  8. མིའུ་ཕྲུག says:
    2011-09-15 at 8:00 pm

    ཉི་མ་ནུབ་རི་ནས་བཞུད་ཚར་དུས་བདུག་འདྲེ་དག་གིས་རྟ་ནག་པོ་ར་ཕོ་འདྲ་བ་རེ་རེ་ཆིབས་ཏེ་གྲོང་མཐའ་ཉུལ་སྐད་སྔོན་ནས་ཐོས་མྱོང་། བཤད་སྲོལ་ལ་སྐབས་དེར་བླ་སྔགས་ནུས་ལྡན་ཞིག་མེད་ན་བདུག་འདྲེས་ཉམས་ཆུང་མང་པོའི་ཚེ་སྲོག་ལ་བརྒོལ་སྐད། དེ་རིང་ཡང་ཁ་བརྡ་དྲ་ཚིགས་ནས་བདུག་འདྲེ་རིག་པ་ཅན་ཞིག་རྟ་ནག་པོ་ཆུང་ཆུང་ཞིག་དང་འགྲོགས་ཏེ་སླེབས་བྱུང་། ནུས་ལྡན་མཁན་སྤྲུལ་རིན་པོ་ཆེ་མཁྱེན།།།

  9. དོན་གྲུབ་རྡོ་རྗེ says:
    2011-09-15 at 8:38 pm

    ཨོ་སྐྱིད་དྰ། རྟ་ནག་ཐོན་བཞག་ཐལ། ཁྱོད་བདེ་མོ། སྨན་ཁང་ནང་དུ་བདུན་ཕྲག་གཅིག་ལས་འདུག་དགོས་མ་ཐུག་པར་ཤིན་ཏུ་བཟང་།
    ཧ ཧ ཧ ཧ ཧོ
    མཁན་སྤྲུལ་བླ་མ་རྣམ་པའི་སྐུ་དྲིན་གྱིས། །
    རྟ་ནག་ནད་ལས་དྲག་སྟེ་ཐོན་སྟེང་ཐལ། །
    མཐུ་གཤེད་མ་རེད་དབང་རྩའི་ཞ་ནད་རེད། །
    བཀའ་བགོ་བགེགས་བསྲེད་བྱས་ནས་དྲག་སོང་ཟིག །

  10. སྐལ་བཟང་། says:
    2011-09-15 at 9:21 pm

    རྟ་ནག་པོ་རླུང་གི་གཤོག་པ་ཅན།
    འགྲོས་རྨུག་བཞི་རྩལ་ལ་རང་དབང་ཐོབ།
    གདོན་དྲ་འབུ་བཏུལ་ལ་དབང་འབྱོར་བའི།
    རྟ་ཅང་ཤེས་དབུ་འཕང་དགུང་ལས་འཐོ།

  11. རྟ་ནག་པ། says:
    2011-09-16 at 3:28 am

    ནགས་ཀྱི་སེང་གེ་རུ་འབོད་པའི་དྲ་འབུ་ལགས། ཅི་སྟེ་མཁན་སྤྲུལ་གྱི་རྟ་ནག་གཤག་བཅོས་ལ་གྲགས་པ་རབ་ཏུ་འབར་གྱིན་ཡོད་ན། མཁན་སྤྲུལ་གྱི་ཕྱི་ས་ཡན་ཆོད་དུ་བླ་མེད་དུ་བརྩི་བའི་དྲ་འབུ་ཁྱེད་ཅག་གི་བསོད་ནམས་ཀྱི་དཔལ་སྨིན་པ་ཡིན་པའི་དགའ་བ་སྒོམས། བདག་འབའ་ཞིག་ནི་གནས་ལུགས་ཀྱི་སླད་དུ་སྙན་གྲགས་ལ་ཡང་ཅི་སྙམ་པ་ཅན་དག་ཡིན་པས། མཁན་སྤྲུལ་གྱི་དགག་རྩོམ་ལ་སྙན་གྲགས་འདུག་ཕྱིར། གུས་པ་བྱོས་ཤིག་ཅེས་ཁྱེད་ཀྱིས་བདག་ལ་བཀས་བསྒྲགས་པ་ཡིན་ན་ད་ནི་སྤར་འཛིང་བྱ་རྒྱུ་ལས་གནས་ལུགས་ཀྱི་ཕན་དུ་མི་རེ་བ་ཤེས་པར་གྱིས་ཤིག
    ལར་བདག་ནི་མཁན་དང་སྤྲུལ་ཡོད་ཚད་ཀྱི་གདོང་ཐུག་ཏུ་ལང་བ་མ་ཡིན་པ་གང་ཞིག མི་རིགས་ཤིག་གི་བསམ་བློའི་རིག་གནས་ཀྱི་ཚབ་མཚོན་དུ་གྱུར་སོང་བའི་མཁན་སྤྲུལ་དག་ནི་ཅིས་ཀྱང་བཏང་སྙོམས་སུ་བཞག་ཡོད་པ་དེའོ།།
    དེ་ལྟ་ནའང་། མཁན་སྤྲུལ་ཐུབ་བསྟན་དང་མཁན་སྤྲུལ་ཐུབ་བསྟན་དག་སྟེ། ཀུན་གཞིའི་བག་ཆགས་ངོས་སུ་ཉོན་མོངས་པ་ཉི་རྡུལ་བཞིན་འབབ་པ་གང་ཞིག་ལ། མཁན་སྤྲུལ་གྱི་མིང་ཙམ་གྱིས་ཀྱང་ཕ་རོལ་གྱི་ནུས་ཕྱོད་ལ་དོ་བསྡོ་ཞིང་ཐོ་འཚམ་པོ་དག་གི་ཁ་གཏད་དུ་ནི་ཚེ་ཚེ་རབས་རབས་སུ་ལང་རྩིས་ཡོད་དོ། ། དྲ་འབུ་དག་མ་དགའ་ཐེད་སོང་ནའང་དེ་ཙམ།

  12. ཚོགས་ཆེན་ says:
    2011-09-16 at 4:00 am

    གནས་ལུགས་ཡོད་པའི་དཔྱད་གཏམ་མང་ཙམ་སྤེལ་རྒྱུར་དགའ་སུ་ཡོད། ངོ་མ་ངར་བ་རེད། བོད་རྒྱལ་ལོ།

  13. ནགས་ཀྱི་སེངྒེ says:
    2011-09-16 at 4:33 am

    རྟ་ནག ཁྱོད་འདི་ངོ་མ་རྒྱ་གར་ལྷོ་ཕྱོགས་ཀྱི་སྦྲུལ་མགོ་ལེབ་ཅིག་དང་འདྲ་ནི་བོ་འདི་ཅི་ཞིག་མ་ཉན་ནི་རེད། རང་གི་ལྟ་བ་དང་མི་མཐུན་པ་ཡོད་ཚད་དྲ་འབུ་ཨེ་རེད། ཁྱོད་ལ་དགག་མཁན་ཞིག་ཡོད་ན། ༼ཀུན་གཞིའི་བག་ཆགས་ངོས་སུ་ཉོན་མོངས་པ་ཉི་རྡུལ་བཞིན་འབབ་པ་༽ཞིག་ཡིན་ནི་ཨེ་རེད། དེས་ན་ཁྱོད་ཀྱིས་ཧོར་འཇིགས་དང་། ཀླུ་སྨྱོན། ད་དུང་ཤེས་ཡོན་པའི་ཁྱུ་ཚོགས་ཤིག་གི་སྟེང་ལ་ཁྱི་ལྟར་རྒྱུག་གིན་འདུག་པས། ད་ཁྱོད་ལ་༼ཀུན་གཞིའི་བག་ཆགས་ངོས་སུ་ཉོན་མོངས་པ་རྒྱ་མཚོ་བཞིའི་བྱེ་མ་ལྟར་འབབ་མཁན་ཞིག་ཡིན་རྒྱུ་རེད། མ་དགའ་ནས་ཐེད་འགྲོ་གི་ཡོད་པ་ཁྱོད་རང་ཉིད་རེད། ༼ད་ནི་སྤར་འཛིང་བྱ་རྒྱུ་ལས་༽ ཟེར་བ་འདི་ལ་ལྟོས་དང་། གང་ལྟར་ཁྱོད་ལ་ཉི་མ་རེ་རེ་བཞིན་དགྲ་མང་ནས་མང་དུ་འགྲོ་བཞིན་འདུག་པ་དེ་ལ་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད། ཉིན་མོའི་འུག་པ་ཁྱོད་སྙིང་རྗེ། ངས་ཁྱོད་ཀྱི་ཕྲག་དོག་གི་ཆེད་དུ་གསུར་བསྔོས་རེ་འདོན་གི་འདུག་གོ རྩམ་སྐྱ་སྦར་མོ་གང་རེ་ཁ་ནང་དུ་འགྲོ་བའི་སྨོན་ལམ། ཡིན་ན་ཡང་ང་གྲྭ་ལོག་ཞིག་ཡིན་པས་ནུས་པ་མེད་ན་ཐང་།

  14. སྐལ་བཟང་། says:
    2011-09-16 at 5:13 am

    ནག་ཀྱི་སེངྒེ་ རྩམ་པ་ཕྲོག་བརླག་མ་གཏོང་ལོ། རྟ་ནག་གི་སྤུ་རྩེ་ཙམ་ལ་ཡང་འགྲན་ནུས་ཀྱི་མི་འདུག་རང་སྡུག་རང་གིས་ཉོ་བྱེད་རེད། ཁ་རོག་གེར་སྡོད་དང་ཁ་མཆུ་མེད། མགོ་རུམ་ནང་བཅུག་དང་ལྷག་པ་མེད། གོང་ནས་མིང་གི་བྱིང་བུ་ཅན་དག་བྱད་ཕུར་གྱི་སྣེ་ནས་ཧོམ་ཁང་དུ་འདྲུད་བཞིན་པ་མཐོང་ལོས་ཡོད།
    རྟ་ནག་གི་གཤིས་ལ་ཕྱིར་བཀྱེད་མེད་པ་ཤེས་བཞིན་དུ་སྦྲང་མ་མེ་ལྕེབ་མ་བྱེད།
    རྟ་ནག་གི་མིག་ལ་མཐོ་དམན་མེད་པ་ཤེས་བཞིན་དུ་མིང་གི་བྱིང་བུ་དག་དྲུད་མ་ཡོང་།
    རྟ་ནག་གི་ཚིག་ལ་ལན་གྱིས་ཕོང་བ་ཤེས་བཞིན་དུ་སྤྲང་ལག་བཟེད་མ་ཡོང་།

  15. ཁ་བརྡ་རྩོམ་སྒྲིག་པས། says:
    2011-09-16 at 5:22 am

    དྲ་གྲོགས་ནང་ཁུལ་དུ། དོན་མེད་ཚིག་རྩུབ་སྨྲ་བ་དང་ཀླན་ཀ་འཚོལ་བའི་རིགས་ལ་ཁ་བརྡས་དགའ་བསུ་མི་ཞུ།
    མུ་མཐུད་དེ་ལྟར་བྱས་ཚེ། རྩོམ་འདིར་མཆན་སྒོ་རྒྱག་གི་ཡིན།

    ཁ་བརྡ་རྩོམ་སྒྲིག་པས།
    http://www.khabdha.org
    khabdha@gmail.com

  16. ནགས་ཀྱི་སེངྒེ says:
    2011-09-16 at 5:24 am

    xxxxxxxxxxxxxxxxxxxxxxxx

  17. ནགས་ཀྱི་སེངྒེ says:
    2011-09-16 at 5:28 am

    ཨོ་ཁ་བརྡ་སང་གི་མཆན་དེ་མཐོང་མ་སོང་བས་དགོངས་འགལ་མེད་པར་ཞུ།

  18. རྒྱ་གར་རྨ་བྱ། says:
    2011-09-16 at 11:13 am

    རྟ་ནག་གི་སྨྱུག་རྩལ་་་་་་་་་

  19. བརྩེ་བ་ཅན། says:
    2011-09-16 at 6:05 pm

    ཨ་རྟག་ནག་དེ་རྒྱུགས་རྩལ་ཆེ་ཀི་འགྲོག་ཐེངས་གཅིག་གིས་ཡོད་ཚད་ས་འོག་ལ་བརྣན་ཐལ་ཨ།

  20. ཁ་བརྡ་རྩོམ་སྒྲིག་པས། says:
    2011-09-17 at 6:35 am

    རྩོམ་འདིའི་མཆན་སྒོ་བརྒྱབ་ཡོད་།
    དེ་རིང་ནས། མཁན་སྤྲུལ་ཐུབ་བསྟན་དང་རྟ་ནག་སྐལ་བཟང་ལུང་རིགས་གཉིས་ཀྱི་སྒེར་རྩོད་ལྟ་བུའི་རྩོམ་འདིའི་རིགས་ཁ་བརྡར་འགོད་གི་མིན།

    ཁ་བརྡ་རྩོམ་སྒྲིག་པས།
    http://www.khabdha.org
    khabdha@gmail.com

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme