Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གོང་མ་མཆོད་ཡོན་གྱི་སྐོར་ལ་ལན་གནང་བར་ཐུགས་རྗེ་ཆེ།

Posted on 2008-07-03 By དགེ་རབ་ No Comments on གོང་མ་མཆོད་ཡོན་གྱི་སྐོར་ལ་ལན་གནང་བར་ཐུགས་རྗེ་ཆེ།

སྤོབས་པ་མཐའ་ཡས
ལེ་ཚན་དང་པོའི་སྐོར། སོག་པོས་ཨི་རན་ནང་ལ་བོད་བརྒྱུད་ནང་པའི་དགོན་པ་བཞེངས་ཚུལ་དེ་ཞིབ་གསལ་ཞིག་འབྲི་རོགས། ས་པཎ་སོག་པོར་མ་ཕེབས་གོང་སོག་པོས་བོད་ཡོངས་རྫོགས་དབང་བསྒྱུར་བྱེད་ཐུབ་མེད་པ་ནི་ས་པཎ་གྱི་སྤྲིངས་ཡིག་ཏུ་བོད་དབུས་གཙང་གི་མི་ཚོས་ད་དུང་ཡང་སོག་པོ་འཐབ་རྒྱུ་དང༌། ས་ཐག་རིང་བས་མི་ཡོང་རྒྱུ་སོགས་ཀྱི་རེ་བ་བྱེད་བཞིན་ཡོད་ཚུལ་བྲིས་པ་ལས་གསལ་པོར་ཤེས་ནུས། དོན་དུ་སོག་པོ་ལ་བོད་པས་འཐབ་མི་ནུས་པའི་རྒྱུ་མཚན་ཡང་བགྲང་རྒྱུ་མེད། ས་ཐག་རིང་བ་དང་མི་སྡེ་ཁ་འཐོར་ཡིན་པ། སོག་པོ་ལ་འགྲན་ཡ་བྱེད་པའི་དོག་པ་མེད་པ། སྟབས་གཅིག་ཏུ་རྒྱུ་ནོར་གྱི་ཡོང་འབབ་ཆེན་པོ་མེད་པ་སོགས་ལ་བརྟེན་ནས་སོག་དམག་མི་ཡོང་ཤས་ཀྱང་ཆེ། བྱུང་བ་དེ་ཚོར་བསམ་སྐབས་སོག་པོ་ལ་ཆོས་སྤེལ་མཁན་དང་སོག་པོས་ནང་ཆོས་ནང་འདྲེན་བྱས་པ་དེ་གཉིས་ཆར་ཡང་ཕུགས་ཀྱི་ཀུན་སློང་དེ་རང་རང་སྒེར་གྱི་ཁེ་ཕན་འཚོལ་བྱེད་ཅིག་སྟེ་མདོར་བསྡུས་ན་མང་ཚོགས་ཀྱི་རྨོངས་དད་བེད་སྤྱད་དེ་དབང་བསྒྱུར་བྱེད་པའི་བསམ་བློ་མ་རུང་བས་གོས་འདུག་སྙམ། དཻའི་དཔེ་མཚོན་གསལ་ཤོས་ནི་ང་ཚོའི་བླ་ཆེན་ཚོས་མཚམས་རེར་སོག་པོའི་རྨོངས་དད་བེད་སྤྱད་དེ་བོད་ནང་ཁུལ་ལ་སོག་དམག་དྲངས་ཏེ་འཕྲོག་བཅོམ་གྱི་བྱ་བ་སྤེལ་མྱོང་བ་དཔེར་ན། ས་སྐྱ་བས་འབྲི་ཁུངས་པ་བཅོམ་པ་དང༌། ཀར་མ་བཀའ་རྒྱུད་པའི་ཕྱོགས་ཀྱི་ཆོག་ཐུའི་བུ་ཨར་ས་ལང་གི་དམག་བོད་དུ་བོས་པ། དགའ་ལྡན་ཕོ་བྲང་པས་གུ་ཤྲི་ཁང་བེད་སྤྱད་ནས་ཀརྨ་བཀའ་རྒྱུད་དང་ཇོ་ནང་པ་སོགས་མང་པོ་ཞིག་རྨག་མེད་དུ་བཏང་བ། འཇམ་བཞད་ཀྱིས་སོག་པོའི་ངོ་སྲུང་ཆེད་སྡེ་སྲིད་སངས་རྒྱམ་པའི་སྲིད་དབང་གཏོར་བ་སོགས་ལ་བསམ་སྐབས་བོད་པས་སོག་པོ་ལེགས་ཕྱོགས་སུ་ཁྲིད་ནུས་མེད་ཐོག་སོག་པོ་དང་འབྲེལ་བ་བཙུགས་པ་དེས་བོད་ལ་བརྡབ་བསིགས་དང་གནོད་སྐྱོན་ཧ་ཅང་མང་པོ་བྱུང་འདུག
ཏཱ་ལའི་བླ་མ་ལྔ་པ་དང་སྡེ་སྲིད་སངས་རྒྱམ་པར་མཚོན་ན་ཀར་ཇོ་གཉིས་ཕུད་ཐོག་སྤྱིར་ཆོས་ལུགས་རིས་མེད་ལྟ་བུ་དང་ལྷག་པར་ཡང་རྙིང་མའི་ལུགས་ལ་འབྲེལ་བ་ཆེན་པོ་ཡོད་པ་ལྟ་བུར་སྣང་ཡང་སོག་པོ་འདི་དགའ་ལྡན་པའི་ཆབ་སྲིད་ཀྱི་ལག་ཆ་ཞིག་ཡོང་རེས་སོག་པོ་ལ་རྙིང་ཆོས་སྤེལ་བ་བཀག་འགོག་བྱས་ཡོད། སོག་པོའི་དཔོན་རིགས་ཡིན་ནམ་ཅིག་གིས་རྒྱལ་བ་ལྔ་པ་ལ་རྙིང་ཆོས་ཀྱི་ཆོས་འབྲེལ་ཞིག་གནང་དགོས་ཚུལ་ཞུས་པར་སོག་པོ་ལ་རྙིང་ཆོས་འདི་མི་འཕྲོད་ཚུལ་གསུངས་ཡོད་པ་རང་རྣམ་དུ་ཀུ་ལའི་གོས་བཟང་ལས་གསལ། དེ་བཞིན་སྡེ་སྲིད་སངས་རྒྱམ་པའི་ཁྲིམས་ཡིག་དྭངས་ཤེལ་མེ་ལོང་ལས་ཀྱང་ཧོར་སོག་གི་ལྗོངས་འདི་རི་བོ་དགེ་ལྡན་པའི་གདུལ་ཞིང་ཡིན་པས་ས་ཀར་རྙིང་མ་སོགས་ཆོས་རྒྱུད་གཞན་གྱི་འབུལ་སྡུད་པ་དང་ཆོས་སྤེལ་མཁན་བྱུང་ན་འཕྲོག་བཅོམ་རྡུང་བརྡེག་བྱ་དགོས་སོགས་བྲིས་ཡོད་པ་ལས་ཀྱང་དོན་ངོ་མར་བོད་ཀྱི་བླ་ཆེན་དུ་གྲགས་པ་ཕལ་མོ་ཆེར་སོག་པོའི་རྨོངས་དད་བེད་སྤྱད་དེ་རང་རང་གི་འཇིག་རྟེན་ཆོས་བརྒྱད་སྒྲུབ་འདོད་པ་ལས་ནང་ཆོས་སྤེལ་སྟངས་ཚད་ལྡན་ཞིག་བྱས་མེད། སྤྱིར་བཏང་ནང་ཆོས་འདི་བོད་ལ་ཡོད་པའི་སྟོབས་ཤུགས་ཤིག་དང་ཁྱད་ནོར་ཞིག་ཡིན་པར་བཤད་པ་མ་འགྲིགས་པ་མེད་ཀྱང་བོད་རྒྱ་སོག་གསུམ་གྱི་བླ་ཆེན་དང་མི་ཆེན་ཚོས་མི་དམངས་ཀྱི་རྨོངས་དད་བེད་སྤྱད་དེ་རང་གི་ལྟོ་གོས་གཏམ་གསུམ་སྒྲུབ་པའི་ལག་ཆ་བྱས་པ་དེས་སངས་རྒྱས་ཀྱི་བསྟན་པ་བཤིག་པ་ཡིན་ཞེས་བཤད་ཀྱང་ཆོག

ལེ་ཚན་གཉིས་པའི་སྐོར། བོད་ཀྱི་བླ་ཆེན་དུ་གྲགས་པ་ཁོ་རང་ཚོས་རྒྱ་ཧོར་སོགས་ཕྱིའི་རྒྱལ་པོ་ལ་མགོ་འདོགས་བྱས་པ་རང་དབང་ཡིན་པ་མ་ཟད་ཁྱེད་ལྟ་བུས་རྒྱབ་སྐྱོར་ཡང་ཐོབ་ཀྱི་ཡོད་སྟབས་ང་ཚོ་བོད་མི་དམངས་ཀྱི་མགོར་ཡོན་དང་མིང་དང་ཆིང་ཟེར་བའི་སྐབས་ཀྱི་བདག་དབང་གི་ཞྭ་མོ་ནག་པོ་དེ་ཚོ་རང་ཤུགས་ཀྱིས་བཀལ་ཡོང་གི་ཡོད་པ་རེད། བོད་ཀྱི་བླ་ཆེན་ཚོར་ཆབ་སྲིད་ཀྱི་བསམ་བློ་མེད་པ་མ་རེད་མ་མཁྱེན་པ་རེད། ཁོང་ཚོར་གོང་མའི་མཛོད་ནས་གསེར་དངུལ་ཅུང་ཙམ་རེའི་གནང་སྦྱིན་བྱུང་ན་བོད་ཀྱི་བསྟན་སྲིད་ཚོ་གང་ཞིག་ཏུ་སོང་ཡང་སོང་ཞེས་དགོངས་ཀྱི་ཡོད་པ་རེད།

ལེ་ཚན་གསུམ་པའི་སྐོར། བོད་དང་མཚུངས་པའི་ཁྱིམས་མཚེས་འབྲུག་དང་སོག་པོ་ལྟ་བུ་གཅིག་པུར་གནས་ཐུབ་ན་བོད་ལ་དབང་པོ་གང་ཞིག་མ་ཚང་ནས་གཅིག་པུར་གནས་མི་ཐུབ་པ་ཡིན་ནམ། རྒྱབ་རྟེན་འཚོལ་བ་མི་འགྲིགས་ཅེས་ངས་ནམ་ཡང་ཤོད་ཀྱིན་མེད། མགོ་འདོགས་བྱས་པས་མ་འགྲིགས་ཅེས་ཤོད་ཀྱིན་ཡོད། རྒྱལ་ཚོང་བྱས་པས་མ་འགྲིགས་ཞེས་ཤོད་ཀྱིན་ཡོད། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་རྒྱབ་སྐྱོར་འཚོལ་དགོས་བྱུང་བ་བདེན། ཡིན་ན་ཡང་ང་ཚོས་ཁོང་གི་མཛད་པ་ལ་རྗེས་སུ་ཡི་རངས་བྱེད་ས་དེ་ནི་མན་ཇུ་དང་གོ་མིན་ཏང་གི་བཀའ་བཀོད་ལ་མགོ་མ་བསྒུར་བ་དེ་རེད། རྒྱབ་སྐྱོར་འཚོལ་བ་དང་མགོ་འདོགས་ཞུས་པ་ལ་ཁྱད་པར་ཡོད་པ་ཤེས་དགོས།

ལེ་ཚན་བཞི་པའི་སྐོར། གུ་ཤྲི་ལ་རྒྱལ་པོའི་མཚན་ཙམ་རང་འཇགས་སུ་ཡོད་པ་ཙམ་མ་ཡིན་པར་དོན་དངོས་ཀྱི་སྟེང་ན་རྒྱལ་པོའི་ཐོབ་ཐང་མེད་ན་དེའི་ཚ་བོ་ལྷ་བཟང་གིས་རྒྱལ་བ་ལྔ་པའི་ཐུགས་སྲས་སྡེ་སྲིད་སངས་རྒྱམ་པར་དོ་བརྡོ་ཕོད་འཛུགས་བྱེད་ག་ལ་ནུས། ལྷ་བཟང་བོད་ཀྱི་མི་སེར་ཡིན་ནམ་རྒྱལ་པོ་ཡིན། གུ་ཤྲི་ཁང་གིས་བོད་ལ་རོགས་སྐྱོར་བྱས་དང་བཙན་འཛུལ་བྱས། སོག་པོ་དང་ལག་སྦྲེལ་བྱས་པ་དེས་ཕན་པ་བྱུང་དང་གནོད་པ་བྱུང་བ་ཞིབ་པར་བསམ་བློ་གཏོང་རོགས། རྭ་སྟག་གཉིས་པོ་སུ་ཡིན་ཡང་བོད་ཀྱི་དབང་འཛིན་པར་བསྐོ་བཞག་བྱེད་མཁན་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་གསུམ་པ་མ་ཡིན་སྟབས་ཁོང་གཉིས་པོའི་འགལ་བ་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ལ་འབྲེལ་བ་གང་ཡང་མེད།

ལེཚན་ལྔ་པའི་སྐོར། ཁྱེད་རང་གིས་རྒྱ་ནག་གི་མན་ཇུ་གོང་མ་དེ་ཚོ་ནང་པ་ལ་དད་པ་རྩེ་གཅིག་པའི་ཆོས་པ་ཡིན་ཚུལ་ཡིད་ཆེས་བྱས་ཡོད་པ་འདྲ་ཡང་དོན་དངོས་སུ་བསམ་ན། གོང་མ་ཆན་ལུང་དང༌། ཁང་ཤིས། ཡུང་ཏྲིང་སོགས་ཀྱི་བྱ་སྤྱོད་ལ་ཞིབ་ཏུ་བལྟས་ན་ཁོང་ཚོ་སྟོན་པ་སངས་རྒྱས་ཀྱི་འཚེ་མེད་ཞི་བའི་ལམ་གྱི་རྗེས་སུ་འབྲང་མཁན་ཞིག་ཡིན་པའི་ཡིད་ཆེས་གཏན་ནས་སྐྱེས་ཐུབ་པ་ཞིག་མིན། ཁྱེད་ཐེ་བའི་བོད་པ་མང་པོས་རྒྱ་ནག་མན་ཇུ་གོང་མ་དེ་ཚོ་ནང་པ་ཡིན་པར་ལྟ་བ་དེ་བླ་ཆེན་ཚོས་འཇམ་པའི་དབྱངས་ཡིན་པའི་འུད་སྒྲོགས་ཀྱི་རྗེས་སུ་འབྲངས་བ་སྟེ་མདོར་ན་རྨོངས་དད་ཀྱི་བྱེད་སྟངས་ཤིག་ཡིན། རྒྱལ་བ་རིན་པོ་ཆེས་བཀའ་སློབ་ཅིག་ཏུ་ཡང༌། འདས་པའི་ལོ་རྒྱས་ཀྱི་ནང་དུ་རང་རེའི་བླ་ཆེན་ཚོས་མི་ཆེན་གྱི་རྒྱབ་སྐྱོར་བྱས། མི་ཆེན་གྱི་བླ་ཆེན་གྱི་རྒྱབ་སྐྱོར་བྱས། མཐར་གཏུག་སྐབས་བྱས་བྱས་ཚང་མ་རངརང་གི་ལྟོ་གོས་གཏམ་གསུམ་གྱི་ཐོག་ཏུ་འབབ་ཐབས་བྱས་འདུག་ཅེས་གསུངས་པ་དེ་ཡང་འདི་འདྲ་ལ་དགོངས་པ་ཡིན་སྙམ། མ་གཞི་གསེར་བུམ་དཀྲུགས་ནས་ཡང་སྲིད་ངོས་འཛིན་བྱེད་པ་དེ་ཆོས་ལུགས་དང་མཐུན་པ་ཞིག་མིན། མན་ཇུ་དང་ད་ལྟའི་གུང་ཁྲན་ཏང་གཉིས་པོར་དབང་ཤུགས་ཆེ་ཆུང་ཡོད་ངེས་ཀྱང་གཞི་རྩའི་ཆབ་སྲིད་ཀྱི་དམིགས་ཡུལ་ལ་གཅིག་མཚུངས་ཡིན།

ལེ་ཚན་དྲུག་པའི་སྐོར། ང་ལུམ་སྦྱར་གསུམ་སྲོག་ཐོག་ལ་གཏོང་སྟངས་དང་རྩིས་པ་ལུང་ཤར་གྱི་མིག་འབྲས་བཏོན་པའི་ནག་ཉེས་དེ་སུ་ཞིག་ལ་འགེལ་དགོས་མིན་དེ་བྱེད་གཏེ་སུ་ཡིན་ངོས་ཟིན་དགོས། བྱེད་གཏེ་གཙོ་བོ་གོང་མ་དང་གོང་ས་སུ་ཞིག་ཡིན་ཡང་དེ་དང་དེས་ནག་ཉེས་འཁུར་དགོས་ངེས་ཡིན། རྩིས་པ་ལུང་ཤར་གྱི་མིག་འབྲས་འདོན་སྐབས་སྲིད་སྐྱོང་རྭ་སྒྲེང་གིས་དབང་ཆ་བཟུང་ཡོད་སྟབས་བྱེད་གཏེ་གཙོ་བོ་ཁོང་ཡིན་ངེས་རེད།
ལེ་ཚན་བདུན་པའི་སྐོར། བོད་གཅིག་གྱུར་ཟེར་བ་དེ་ས་སྐྱ་པས་ཧོར་ལ་མགོ་འདོགས་མ་བྱས་སྔོན་དུ་བྱུང་ཡོད། བོད་སིལ་བུར་འཐོར་ཡང་སིལ་བུ་དེ་ཚོ་བོད་མིས་སྐྱོང་བ་ལས་རྒྱ་སོག་སོགས་སུ་གཅིག་གི་དབང་བསྒྱུར་འོག་ཏུ་ཚུད་མེད། དེ་ནི་བོད་པ་རང་གི་ནང་ནས་རྒྱལ་ཁབ་འཛུགས་ཐུབ་པའི་ཆ་རྐྱེན་ལེགས་པོ་ཞིག་ལུས་ཡོད་པ་དེ་ཡིན། འོན་ཀྱང་ས་སྐྱ་པས་གོ་སྐབས་ཡག་པོ་དེ་རྩ་མེད་བཟོས་སོང༌།
ལེ་ཚན་བརྒྱད་པའི་སྐོར། སྔོན་དང་ད་ལྟའི་དུས་གཉིས་ལ་མི་འདྲས་མང་པོ་ཡོད་ལ་འདྲ་ས་ཡང་ཆེས་མང་པོ་ཡོད། བོད་བཙན་པོའི་ལོ་རྒྱུས་ཀློག་སྐབས་རྒྱ་བོད་ཀྱི་བར་གྱི་རྩོད་རྙོགས་རྒྱུན་དུ་གླེང་རྒྱུ་ཡོད་པ་བཞིན་ཁ་སང་དེ་རིང་ཡང་རྒྱ་བོད་བར་ལ་རྩོད་རྙོགས་ཤིག་གླེང་བཞིན་ཡོད། དོན་དུ་སུ་ཕམ་འདུག དེ་ནི་མི་སུ་མཁས་དང་སུ་མ་མཁས་ཀྱི་དཔང་རྟགས་ཡིན། ད་ལྟའི་ང་ཚོའི་སེམས་ཁམས་ཀྱི་ཆབ་སྲིད་ཀྱི་འབགས་བཙོག་དེ་སེན་མོའི་སྟེང་གི་རྡུལ་ཙམ་དང་བོད་བཙན་པོའི་དུས་ཀྱི་བོད་མིའི་ཆབ་སྲིད་བསམ་བློ་དེ་ས་ཆེན་པོའི་རྡུལ་ཙམ་ཡིན།

མཇུག་བསྡུ། ངས་ཁྱེད་རང་ལོ་རྒྱུས་སྨྲ་བ་ཞིག་ཡིན་མིན་དེ་གལ་ཆེན་པོར་མི་བརྩི། གཙོ་བོ་ཁྱེད་རང་གཟུ་བོར་གནས་པའི་གླེང་མོ་བ་ཞིག་ཡིན་པ་གལ་ཆེན་དུ་འཛིན། མི་ཁོམས་པའི་དུས་རབས་ཀྱིས་སྟེང་ནས་མནན་ཅིང་འོག་ནས་བཀྱགས་ཡོང་བའི་འཇིག་རྟེན་འདིར་གནས་རྐྱེན་ཚིག་དོན་ལ་ཆད་ལྷག་བྱུང་ཡོད་ངེས་པས་དགོང་འགལ་མེད་པ་ཞུ། ད་དུང་བརྗོད་བྱ་འདི་དང་འབྲེལ་མ་འབྲེལ་གང་ཡང་རུང་གླེང་འདོད་པ་གང་ཡོད་གླེང་ཤོག་དང་བསམ་ཚུལ་བརྗེ་རེས་བྱེད་ཆོག གླེང་མོལ་བྱུང་བས་དགའ་པོ་བྱུང༌། ཐུགས་རྗེ་ཆེ།

རྩོམ་རིག

Post navigation

Previous Post: བོད་ ཡིག་ ཚེགས་ འཇོག་ སྟངས་ གཞན་པ།
Next Post: དོགས་སློང་། ༣

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme