Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མང་གཙོའི་དུས་ཆེན་ཐེངས་ལྔ་བཅུ་ང་གཅིག་པའི་ཐོག་བཀའ་བློན་ཁྲི་པའི་གསུང་བཤད།

Posted on 2011-09-022011-09-02 By དབང་ཕྱུག་ 29 Comments on མང་གཙོའི་དུས་ཆེན་ཐེངས་ལྔ་བཅུ་ང་གཅིག་པའི་ཐོག་བཀའ་བློན་ཁྲི་པའི་གསུང་བཤད།

democry1-_2_9_2011༄༅། །དེ་རིང་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་ལོ་ལྔ་བཅུ་ང་གཅིག་འཁོར་བའི་ སྐལ་བཟང་དུས་སྟོན་འདིར། འཛམ་གླིང་གང་སར་གནས་པའི་བོད་རིགས་ཡོངས་དང་། ཁྱད་པར་བཙན་འོག་ཏུ་གནས་པའི་གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ལ་འཚམས་ འདྲིའི་བཀྲ་ཤིས་བདེ་ལེགས་དང་། སྤྱིར་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་གིས་བཀའ་དྲིན་རྗེས་ དྲན་དང་སྦྲགས། བོད་མིའི་ཆབ་སྲིད་ལམ་ལུགས་ཆོས་ལུགས་རིས་མེད་ཀྱི་མང་གཙོའི་སྤྱི་ཚོགས་ཏུ་ འགྱུར་རྒྱུའི་ཐུགས་བཞེད་བསྒྲུབ་རྒྱུའི་ཆོད་སེམས་བརྟན་པོ་བཟུང་རྒྱུ་ཡིན། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་མཐའ་དག་གཙོ་བོ་༸གོང་ས་༸སྐྱབས་མགོན་ ཆེན་པོའི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་ལས་བྱུང་ཞིང་། ༸གོང་ས་མཆོག་ནི་མཐའ་གཅིག་ཏུ་མང་གཙོའི་ལམ་ལུགས་ལ་ཐུགས་མོས་གནང་མཁན་དང་། མང་ཚོགས་སྐྱོང་བའི་དབུ་ཁྲིད་བླ་ན་མེད་པ་ཞིག་ཡིན་པ་འཇིག་རྟེན་ཡོངས་གྲགས་མ་ ཟད། སྐུ་གཞོན་ནུའི་དུས་ནས་ཀྱང་དྲང་བདེན་དང་། འདྲ་མཉམ། མང་གཙོའི་ལྟ་གྲུབ་བཅས་ལ་ཐུགས་མོས་ཆེན་པོ་གནང་ཡོད། ༸གོང་ས་མཆོག་སོ་ནམ་པའི་ཁྱིམ་ཚང་ཞིག་ནས་ཕེབས་པའི་དབང་གིས་ཕོ་བྲང་པོ་ཏཱ་ལར་ བཞུགས་སྐབས་གད་པ་དང་སྒོ་སྲུང་བ་སོགས་སྐུའི་ཉེ་འཁོར་དུ་ཡོད་པའི་ཞབས་ཕྱི་ རྣམས་དང་འགྲོགས་འདྲིས་ཀྱིས་བོད་མི་དཀྱུས་མ་ཚོའི་འཚོ་བའི་གནས་སྟངས་སྐོར་ མཁྱེན་ཐབས་གནང་ཡོད། རང་ཉིད་སྒེར་གྱི་ཉམས་མྱོང་གི་ཆ་ནས་ཀྱང་ཕྲན་རང་ཕྱི་ལོ་ ༡༩༩༥ ལོར་ཨ་རིར་སློབ་སྦྱོང་དུ་མ་ཐོན་གོང་སློབ་གྲོགས་ཚོ་དང་མཉམ་༸གོང་ས་མཆོག་གི་ མཇལ་ཁར་བཅར་སྐབས། ང་ཚོ་རེ་རེ་བཞིན་ངོ་སྤྲོད་ཞུས་ཤིང་ཕྲན་གྱི་མཚམས་སུ་སླེབས་སྐབས། ༸གོང་ས་མཆོག་གིས་ངས་དེ་སྔོན་བོད་གནས་བསྐྱར་ཞིབ་ནང་། འགྲོ་བ་མིའི་ཐོབ་ཐང་དང་ཨེ་ཤི་ཡའི་གོམས་སྲོལ། ཞེས་པའི་ཆེད་རྩོམ་སྤེལ་བ་དེ་ཐུགས་དྲན་གསོས་གནང་སོང་། སློབ་ཕྲུག་དཀྱུས་མ་ཞིག་གིས་བྲིས་པའི་ཆེད་རྩོམ་ལའང་ཐུགས་སྣང་དེ་ལྟར་གནང་བ་ ཤེས་རྟོགས་བྱུང་མ་ཐག་ང་ལ་སེམས་ཚོར་ཤུགས་ཆེ་བྱུང་ཞིང་། དེས་༸གོང་ས་མཆོག་གིས་བོད་མི་མང་ལ་བཅངས་པའི་ཐུགས་བརྩེ་དང་བྱམས་སྐྱོང་ཇི་ཙམ་ གཏིང་ཟབ་པོ་ཡིན་པ་མཚོན་ཡོད། དེ་འདྲའི་ངོ་མཚར་ཅན་གྱི་ཉམས་མྱོང་ང་ཙམ་མ་ཡིན་པར། ཕྱི་ནང་མི་རིགས་གྲངས་ལས་འདས་པ་ཞིག་ལའང་བྱུང་མྱོང་བ་གསལ་པོ་རེད། ཁྱད་པར་༸གོང་ས་མཆོག་གིས་ཕྱི་ལོ་ ༡༩༥༠ ལོར་ཆབ་སྲིད་ཀྱི་ཐུགས་འགན་བཞེས་རྗེས་བོད་ནང་དེང་རབས་དང་མཐུན་པའི་གསར་གཏོད་ གནང་ཆེད་ཕྱི་ལོ་ ༡༩༥༢ ལོར་ལེགས་བཅོས་ལས་ཁུངས་གསར་འཛུགས་གནང་ཡང་། བཙན་འཛུལ་སྟོབས་ཤུགས་དབང་གིས་ལམ་ལྷོངས་མ་བྱུང་། དེ་རྗེས་བཙན་འཛུལ་བའི་བྱ་སྤྱོད་དབང་གིས་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་བཙན་བྱོལ་དུ་ཕེབས་དགོས་བྱུང་མ་ཐག་ཕྱི་ལོ་ ༡༩༥༢ ལོར་དབུ་འཛུགས་གནང་བའི་ལེགས་བཅོས་ཕྱག་ལས་ཀྱི་རྒྱུན་མཐུད་དེ་མང་གཙོའི་ལམ་ ཆེན་དུ་ཕེབས་པར་མཛད། དེ་ཡང་། ཕྱི་ལོ་ ༡༩༦༠ རེ་གྲངས་ནང་འཛམ་གླིང་གང་སར་མི་སེར་སྤེལ་བའི་རིང་ལུགས་ལ་ངོ་རྒོལ་གྱིས་མང་ གཙོའི་རྒྱལ་ཁབ་མང་པོ་གསར་གཏོད་བྱུང་བཞིན་པའི་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབུ་བརྙེས་རྒྱུའི་གོམ་པ་དང་པོ་ལྟ་བུར། གནས་མཆོག་རྡོ་རྗེ་གདན་དུ་བོད་མི་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོའི་དབུ་ཁྲིད་ འོག་ལྕགས་ཀྱི་གོང་བུ་ལྟར་དམ་ཚིག་ཟོང་ཁ་ཆིག་སྒྲིལ་བྱ་རྒྱུའི་མནའ་གན་མཐུ་མོ་ ཆེ་བཞག་པ་དང་། ཕྱི་ལོ་ ༡༩༦༠ ཟླ་ ༦ ཚེས་ ༢༩ ཉིན་ཌལ་ཧོར་ཁུལ་གྱི་བོད་མི་ལམ་བཟོ་བ་ཚོར་༸གོང་ས་མཆོག་གིས་མང་གཙོའི་ལམ་ལུགས་ ཐོག་ཕེབས་རྒྱུའི་དགོངས་བཞེད་ཇི་ཡོད་བཀའ་སློབ་གནང་། དེ་དུས་བོད་མི་རྣམས་བཙན་བྱོལ་དུ་འབྱོར་མ་ཐག་པ་ཡིན་པས། རང་གི་ཕ་ཡུལ་དང་ནང་མི་ཁྱིམ་ཚང་ཆ་ཚང་ཤོར་བ་མ་ཟད། ༸གོང་ས་མཆོག་ལམ་བཟོ་བྱེད་སར་ཕེབས་དགོས་བྱུང་བའི་ཡིད་སྐྱོའི་གནས་ཚུལ་ཉམས་སུ་ མྱོང་སྐབས་བློ་ཕམ་ཇི་བྱུང་ཚོད་དཔག་ཐུབ་ངེས་ལྟར། མི་མང་པོ་རང་དབང་མེད་པར་མིག་ཆུ་ཤོར་བའི་གནས་ཚུལ་བྱུང་འདུག དེ་རྗེས་མི་མང་འཐུས་མི་འོས་འདེམས་སམ་བསྐོ་གཞག་གིས་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་སྤྱི་འཐུས་ལྷན་ཚོགས་དངོས་སུ་དབུ་བརྙེས་པ་ལྟར། དེ་ནས་བཟུང་ང་ཚོས་ལོ་ལྟར་ཉིན་དེ་མང་གཙོའི་དུས་ཆེན་གྱི་ཉིན་མོར་སྲུང་བརྩི་ བྱེད་བཞིན་པ་རེད། སྐབས་དེར་ཆོལ་ཁའི་སྤྱི་འཐུས་ཁག་ཅིག་སྒང་ཏོག་དང་མ་ན་ལི་སོགས་ལམ་བཟོ་བའི་ ཁོངས་ནས་ལག་པ་རྐྱོང་བའི་ལམ་ནས་འདེམས་སྒྲུག་བྱས་ཤིང་། སྤྱི་འཐུས་ཚོས་དང་ཐོག་ལྕགས་སྒམ་ནང་ཡིག་ཆ་འཁྱེར་ཏེ་རེས་གཟའ་སྤེན་པ་དང་ཉི་ མའི་ཉིན་ཤིང་སྡོང་འོག་ཚོགས་འདུ་ཚོགས་པའི་གནས་ཚུལ་ཡང་བྱུང་འདུག དེ་ནས་རིམ་བཞིན་ཕྱི་ལོ་ ༡༩༦༣ ལོར་བུད་མེད་སྤྱི་འཐུས་དང་། ༡༩༧༧ ནས་བོན་པོའི་སྤྱི་འཐུས་འདེམས་འགོ་ཚུགས་པ་རེད། འགྱུར་བ་འདི་དག་རྒྱལ་སྤྱིའི་གནས་སྟངས་དང་བསྡུར་ན། དེ་དུས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁ་ཤས་ཀྱི་གྲོས་ཚོགས་ནང་བུད་མེད་སྐུ་ཚབ་འོས་ འདེམས་ཐུབ་མེད། དེ་མཚུངས་ཕྱི་ལོ་ ༡༩༦༣ ལོར་རྒྱ་གར་གྱི་རྩ་ཁྲིམས་ལས་ལེགས་ཆ་བཞེས་ཏེ་རྩ་ཁྲིམས་གཏན་འབེབས་གནང་སྐབས་ མང་ཚོགས་ཀྱི་འདོད་པར་བབས་མིན་ལ་མ་ལྟོས་པར་མང་གཙོའི་ལྟ་གྲུབ་དང་མཐུན་པ་ཡོང་ ཆེད་༸གོང་ས་མཆོག་གི་སྐུ་དབང་ཕྱིར་བསྡུ་གནང་རྒྱུའི་ཆ་རྐྱེན་འཇོག་གནང་མཛད་ ཡོད། གཞན་ཡང་ཕྱི་ལོ་ ༡༩༧༠ ལོར་གཞོན་ནུའི་འགོ་ཁྲིད་ཚོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གསར་འཛུགས་དང་། ༡༩༨༤ ལོར་བོད་ཀྱི་བུད་མེད་ལྷན་ཚོགས་བསྐྱར་འཛུགས་བྱུང་ཞིང་། གོང་གསལ་ཚོགས་པ་གཉིས་ནས་བཙན་བྱོལ་སྤྱི་ཚོགས་ནང་ཆོལ་ཁ་ཆོས་ལུགས་ཀྱི་དབྱེ་བ་ མེད་པར་ཆིག་བསྒྲིལ་གྱི་འགོ་ཁྲིད་བསྐྲུན་རྒྱུའི་ཐད་གལ་ཆེའི་ནུས་པ་བཏོན་ཡོད། དེ་རྗེས་ཕྱི་ལོ་ ༡༩༩༠ གོ་གྲངས་ནང་ཨུ་རུ་སུ་དང་བྷར་ལིན་གྱི་གྱང་གོག་འཐོར་བཤིག་སོང་ཞིང་། འཛམ་གླིང་གང་སར་མང་གཙོའི་འཕེལ་རླབས་གསུམ་པ་འཕྱུར་བའི་སྐབས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་མུ་མཐུད་མདུན་བསྐྱོད་བྱུང་ཡོད། དེ་ཡང་ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་ཀྱིས་སྤྱི་འཐུས་ཀྱི་གྲངས་འབོར་ མང་དུ་བཏང་བ་དང་། བཀའ་བློན་རྣམས་གྲོས་ཚོགས་ནས་འོས་འདེམས་བྱེད་དགོས་པའི་ལམ་སྲོལ་བཏོད། དེ་བཞིན་རྒྱ་གར་གྱི་གྲོས་ཚོགས་ལམ་ལུགས་ནས་ལེགས་ཆ་བཞེས་ཏེ་སྤྱི་འཐུས་ལྷན་ ཚོགས་ཀྱི་ལས་དོན་བྱེད་ཕྱོགས་རྣམས་སྒྲིག་སྲོལ་དང་ལྡན་ཞིང་ལས་རིམ་སྣ་མང་དང་ ནུས་པ་སྔར་བས་ཆེ་བར་ལེགས་བཅོས་མཛད། བཙན་བྱོལ་ནང་གོང་གསལ་མང་གཙོའི་མདུན་སྐྱོད་གནང་སྐབས་སུ། རྒྱ་ནག་ནང་གཞུང་གིས་རང་གི་ཆབ་འབངས་མང་གཙོ་དོན་གཉེར་ཅན་རྣམས་གནམ་བདེ་སྒོ་མོ་ ཆེའི་ཐང་ཆེན་དུ་སྡེབ་གསོད་དང་དྲག་གནོན་བྱེད་བཞིན་པའི་སྐབས་འཁེལ་ཡོད། ཕྱི་ལོ་ ༢༠༠༠ ནང་ཤར་ཡུ་རོབ་ཏུ་ཚོན་ཁྲ་ཅན་གྱི་གསར་བརྗེར་གྲགས་པའི་ལས་འགུལ་བྱུང་སྐབས། བོད་མིའི་མང་གཙོའི་འཕེལ་རིམ་ལའང་མུ་མཐུད་ཡར་རྒྱས་བྱུང་སྟེ། བཅའ་ཁྲིམས་བསྐྱར་བཅོས་ཀྱི་དགོངས་དོན་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་ འདེམས་ཆོག་པའི་ལམ་སྲོལ་གསར་དུ་བཏོད་ཅིང་། དེའི་རྗེས་འབྲེལ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་འོས་ཤོག་བརྒྱ་ཆ་བརྒྱད་ཅུ་ ལྷག་གི་ཚད་མཐོའི་མང་མོས་ཀྱི་ལམ་ནས་བཀའ་བློན་ཁྲི་པར་འོས་འདེམས་བྱུང་བ་མ་ཟད། འདས་པའི་ལོ་བཅུ་ཕྲག་གཅིག་རིང་གཟེངས་སུ་ཐོན་པའི་དབུ་ཁྲིད་གནང་ཡོད། དེ་ནས་འདི་ལོ་ཕྱི་ཟླ་གསུམ་པའི་ནང་ཨ་རབ་རྒྱལ་ཁབ་ཁག་ཏུ་མང་གཙོའི་ལས་འགུལ་ བྱུང་ཞིང་། འགོ་ཁྲིད་ཁ་ཤས་ཀྱིས་དྲག་རྩུབ་ལ་བརྟེན་ནས་མི་མང་གི་མངོན་འདོད་མུ་མཐུད་འགོག་ ཐབས་བྱེད་བཞིན་པའི་སྐབས་དང་། བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱ་རྒྱུའི་ཉིན་བཅུའི་ གོང་༸གོང་ས་མཆོག་གིས་སྐུ་དབང་རྩིས་སྤྲོད་གནང་རྒྱུའི་གསལ་བསྒྲགས་དང་། ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་རྩིས་ སྤྲོད་བྱ་རྒྱུའི་ཐག་གཅོད་ཟིན་པ་ཡིན་ཞེས་བཀའ་གནང་བ་མ་ཟད། སྤྱི་འཐུས་དང་མི་མང་གིས་༸གོང་ས་མཆོག་ལ་རྒྱལ་ཁབ་དབུ་ཁྲིད་ཀྱི་མཚན་གནས་བཞེས་ གནང་ཡོང་བའི་གསོལ་འདེབས་ཞུས་པར་ཡང་དགོངས་བཞེས་མ་གནང་། ང་ཚོས་ཤེས་དགོས་པ་ཞིག་ལ། འདས་པའི་མི་ལོ་ལྔ་བཅུ་ལྷག་ནང་༸གོང་ས་མཆོག་གིས་མང་གཙོའི་སྒྱུར་བཅོས་གནང་ རྒྱུའི་དུས་ཚོད་རྣམས་རྒྱལ་སྤྱིའི་ནང་འབྱུང་བཞིན་པའི་འགྱུར་བ་ཆེ་ཁག་དང་དུས་ མཉམ་ཆགས་ཀྱང་། དེ་ནི་རྒྱལ་སྤྱིའི་འགྱུར་འགྲོས་ཀྱི་དབང་གིས་༸གོང་ས་མཆོག་གིས་མང་གཙོའི་ སྒྱུར་བཅོས་གནང་བ་མ་ཡིན་པར། བོད་མི་ཚོས་མང་གཙོའི་སྒྱུར་བཅོས་དང་ལེན་ཡོང་ཆེད་རྒྱལ་སྤྱིའི་འགྱུར་འགྲོས་ ལས་ཁེ་ཕན་བཞེས་པ་ཞིག་ཆགས་ཡོད། དཔེར་ན་དྲུག་ཅུ་རེ་གྲངས་ནང་རྩ་ཁྲིམས་སུ་༸གོང་ས་མཆོག་གི་སྐུ་དབང་ཕྱིར་བསྡུ་ གནང་རྒྱུའི་ཆ་རྐྱེན་དང་། བརྒྱད་ཅུ་གྱ་གྲངས་ནང་༸གོང་ས་མཆོག་དང་བཀའ་ཤག་བར་མི་སྣ་ཞིག་བསྐོ་གཞག་གནང་ རྒྱུའི་དགོངས་བཞེས། ཉིས་སྟོང་ལོའི་ནང་བཀའ་བློན་ཁྲི་པ་ཐད་ཀར་མི་མང་གིས་འོས་འདེམས་བྱེད་རྒྱུ་བཅས་ ཀྱི་སྒྱུར་བཅོས་གནང་བའི་དུས་ཚོད་རྨད་དུ་བྱུང་བ་ཆགས་ཡོད། ཁྱད་པར་༸གོང་ས་མཆོག་གི་སྐུ་དབང་རྩིས་སྤྲོད་གནང་རྒྱུའི་དུས་ཚོད་དེ་གནད་ལ་ འཁེལ་ཡོད། གང་ཡིན་ཟེར་ན། དེས་འདི་ལོའི་བཀའ་བློན་ཁྲི་པའི་འོས་བསྡུའི་གྲུབ་འབྲས་ལ་ཁྲིམས་མཐུན་གྱི་ངོས་ འཛིན་ཐོབ་ཐུབ་པའི་ཕན་ཐོགས་བྱུང་ཡོད། འདི་ལོའི་འོས་བསྡུའི་གྲུབ་འབྲས་འདིས་བོད་མིའི་མང་གཙོའི་གནས་ཚད་ལོངས་ངེས་ ཡོད་པའི་དཔང་རྟགས་གསལ་པོ་བྱུང་ཡོད། ལོ་རྒྱུས་རང་བཞིན་ལྡན་པའི་འོས་བསྡུའི་ལས་རིམ་འདིའི་ནང་རྒྱལ་ཁབ་སུམ་ཅུའི་ནང་ ཁ་གྲམ་པའི་བཙན་བྱོལ་བོད་མི་ཡོངས་དང་གཞོན་སྐྱེས་ཚོས་སྔར་ལྷག་མཉམ་ཞུགས་གནང་ ཡོད། ཁྱད་པར་གཞིས་བཞུགས་བོད་མི་ཚོས་ཀྱང་འོས་བསྡུའི་ལས་རིམ་ལམ་ལྷོང་ཡོང་ཆེད་དགོན་ པའི་ནང་སྨོན་ལམ་འདོན་པ་དང་། འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་མཚམས་མངོན་གསལ་དོད་པོའི་སྒོ་ནས་ དགའ་སྤྲོའི་རྣམ་འགྱུར་གསལ་སྟོན་བྱས་ཡོད། བཀའ་བློན་ཁྲི་པའི་དངོས་གཞིའི་འོས་མི་གསུམ་པོས་བཙན་བྱོལ་བོད་མིའི་གཞིས་སྒར་ ཕལ་ཆེ་བར་ཆེད་བསྐྱོད་ཐོག་ཁྱོན་བསྡོམས་བགྲོ་གླེང་ཐེངས་བཅུ་བདུན་ཙམ་ནང་མཉམ་ ཞུགས་ཀྱིས་འོས་བསྡུའི་ལས་རིམ་རྣོ་ངར་ལྡན་པ་བྱུང་ཡོད། དེ་མཚུངས་འདི་ལོའི་སྤྱི་འཐུས་འོས་འདེམས་ནང་སྤྱི་འཐུས་གསར་པ་བརྒྱ་ཆ་ལྔ་བཅུ་ ཙམ་འདེམས་ཐོན་བྱུང་བ་མ་ཟད། སྤྱི་འཐུས་ནང་བུད་མེད་དང་བོད་ནས་གསར་དུ་ཕེབས་པའི་གྲངས་འབོར་ཡང་གང་ལེགས་ བྱུང་ཡོད། དེ་བཞིན་འོས་བསྡུའི་གྲུབ་འབྲས་འདིས་གཞིས་བཞུགས་བོད་མི་ཚོར་རེ་བ་གསར་པ་ཞིག་ དང་། པེ་ཅིང་ལ་བོད་དོན་བདེན་པའི་འཐབ་རྩོད་མུ་མཐུད་སྲ་བརྟན་རྒྱུན་གནས་ཐུབ་རྒྱུའི་ གོ་བརྡ་གསལ་པོ་སྤྲད་ཡོད། ཉེ་སྔོན་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་ལོ་རྒྱུས་རང་བཞིན་ལྡན་པའི་བཀའ་བློན་ཁྲི་པའི་ལས་ཁུར་འགོ་འཛུགས་ཀྱི་དམ་ འབུལ་མཛད་སྒོའི་སྐབས་བསྩལ་བའི་གསུང་བཤད་ལས་༸གོང་ས་མཆོག་གིས་མང་གཙོའི་ལྟ་ གྲུབ་ལ་ཡིད་ཆེས་ཇི་ཙམ་གནང་གི་ཡོད་པ་གསལ་སྟོན་བྱེད་ཐུབ། དེ་ཡང་༸གོང་ས་མཆོག་གིས་སྲིད་སྐྱོང་གི་འགན་བཞེས་མཁན་སྟག་བྲག་རིན་པོ་ཆེའི་ སྐུ་མདུན་ནས་ངས་རྩིས་ལེན་ཞུས་པ་འདི། དེ་རིང་འདིར་མི་མང་གིས་འོས་འདེམས་བྱས་པའི་སྲིད་སྐྱོང་བློ་བཟང་སེང་གེ་ལ་ངོས་ ཀྱིས་རྩིས་སྤྲོད་བྱ་རྒྱུ་ཡིན། ངོས་རང་སྒེར་ལ་ཆ་བཞག་ན་དེ་རིང་གི་ཉིན་མོ་འདི་དངོས་གནས་ངོས་ཀྱི་མི་ཚེའི་ནང་། རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན། ཞེས་བརྗོད་པའི་འདོད་དོན་དེ་རིང་དངོས་སུ་གྲུབ་ཐུབ་པ་བྱུང་། ཞེས་བཀའ་གནང་ཡོད། ཕྱི་ལོ་ ༡༧༥༡ ལོར་༸རྒྱལ་དབང་སྐུ་ཕྲེང་བདུན་པས་བཀའ་ཤག་བསྐྱར་འཛུགས་སྐབས་བསྩལ་བའི་བཀའ་ཤག་ གི་ཁྲིམས་མཐུན་མཚོན་རྟགས་བཀའ་དམ་སྲིད་ཞི་བདེ་སྐྱིད་མ་དེ། བཙན་བྱོལ་བོད་མིའི་གཞིས་ཆགས་ནང་འཚར་ལོངས་བྱུང་བའི་ཁྱིམ་ཚང་དཀྱུས་མའི་བུ་ ཕྲུག་ཅིག་ལ་རྩིས་སྤྲོད་གནང་བ་དེས། བོད་ཀྱི་དབུ་ཁྲིད་ཀྱི་མཚོན་རྟགས་དང་དོན་དམ་པའི་ཁྲིམས་མཐུན་རང་བཞིན་རྒྱུན་ མཐུད་པ་མཚོན་གྱི་ཡོད།བོད་རིགས་སྤན་ཟླ་ཚོ། གཟི་བརྗིད་ལྡན་པའི་ལོ་རྒྱུས་དང་། བོད་མི་རིགས་ཀྱི་འགོ་ཁྲིད་མུ་མཐུད་རྒྱུན་གནས་ཡོང་གི་རེད།ད་ཆ་བོད་མིའི་མང་ གཙོའི་སྒྲིག་འཛུགས་སྲ་བརྟན་འདི་ཉིད། སྐྱབས་བཅོལ་བའི་སྤྱི་ཚོགས་ནང་མིག་དཔེར་འོས་པའི་ལམ་ལུགས་ཤིག་ཏུ་གྱུར་ཡོད། དེ་ཡང་གཙོ་བོ་གནས་ཡུལ་རྒྱ་གར་གཞུང་དང་མི་མང་གི་མཐུན་འགྱུར་ལ་བརྟེན་ནས་བྱུང་ བ་ཡིན། རྒྱལ་སྤྱིའི་ཐོག་སྐྱབས་བཅོལ་སྤྱི་ཚོགས་གཞན་དང་། མང་གཙོའི་ལམ་ལུགས་ལ་དོན་གཉེར་ཅན་གྱི་ཉམས་ཞིབ་པ་མང་པོས་བོད་མིའི་མང་གཙོའི་ ལམ་ལུགས་ལ་དོ་སྣང་བྱེད་ཀྱི་ཡོད། དོན་དངོས་ཐོག་དབུས་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ ཁག་གིས་ཕྱི་མི་དོན་གཉེར་ཅན་མང་པོར་འདས་པའི་ལོ་ལྔ་བཅུ་ལྷག་གི་བཙན་བྱོལ་བོད་ མིའི་མང་གཙོའི་ཉམས་མྱོང་བརྗེ་ལེན་བྱེད་བཞིན་ཡོད། འོན་ཀྱང་ད་དུང་ཡང་ང་ཚོས་ཡར་རྒྱས་གཏོང་རྒྱུ་མང་པོ་ཡོད་པས། མུ་མཐུད་འབད་བརྩོན་བྱེད་དགོས།ངས་གདེང་ཚོད་ཆེན་པོའི་སྒོ་ནས་བཙན་བྱོལ་བོད་ མིའི་མང་གཙོའི་འཛིན་སྐྱོང་འདི། བོད་ནང་རྒྱ་གཞུང་གིས་ལག་བསྟར་བྱེད་བཞིན་པའི་མི་སེར་སྤེལ་བའི་ལམ་ལུགས་ལས་ ཕྱོགས་ཡོངས་ནས་ཁྱད་དུ་འཕགས་པ་ཡོད་ཅེས་ཞུ་ཐུབ། དེ་ཡང་གཅིག་ནས་གཞིས་བཞུགས་བོད་མི་རྣམས་སྲིད་དབང་སྒེར་འཛིན་ལམ་ལུགས་འོག་ཡོད་ ཅིང་། ང་ཚོ་བཙན་བྱོལ་ནང་མང་གཙོའི་རང་དབང་ལོངས་སུ་སྤྱོད་བཞིན་ཡོད། དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཚོགས་དྲུང་ཆེར་ད་བར་བོད་མི་རྩ་བ་ ནས་བསྐོ་གཞག་བྱེད་མྱོང་མེད་པ་ལྟར།
ཉེ་དུས་ཀྱང་པེ་ཅིང་གིས་རང་འདོད་ལྟར་རྒྱ་རིགས་ཤིག་བསྐོ་གཞག་བྱས་ཡོད། དེ་ལས་ལྡོག་སྟེ་བཙན་བྱོལ་ནང་ཕྲན་ལ་བོད་མི་ཡོངས་ཀྱི་ངོ་ཚབ་བྱ་རྒྱུའི་ཁྲིམས་ མཐུན་དབང་ལུང་དེ་འོས་བསྡུའི་ལམ་ནས་ཐོབ་ཡོད། རྒྱ་ནག་གི་སྲིད་དབང་སྒེར་འཛིན་ལམ་ལུགས་ནི་ད་ལྟའི་ཆར་རྒྱལ་སྤྱིའི་ནང་རིམ་ཡལ་ དུ་འགྲོ་བཞིན་པའི་ཕྱོགས་སུ་ཡོད་པ་དང་། ང་ཚོའི་ལམ་ལུགས་ནི་འཛམ་གླིང་ནང་དར་ཁྱབ་འགྲོ་བཞིན་པའི་མང་གཙོའི་ལམ་ལུགས་ཀྱི་ ཁོངས་སུ་ཡོད། བཀའ་བློན་ཁྲི་པ་ནི་བོད་མི་མང་གི་ཁྲིམས་མཐུན་ངོ་ཚབ་ཡིན་ཞིང་། བོད་ནང་རྒྱ་ནག་གི་དབང་སྒྱུར་ནི་མི་མང་གི་མངོན་འདོད་མཚོན་གྱི་མེད་སྟབས་ ཁྲིམས་འགལ་ཡིན། ཇི་སྲིད་རྒྱ་ནག་གིས་འཛམ་གླིང་ཡོངས་ཁྱབ་ཀྱི་རང་དབང་ཁས་ལེན་མ་བྱས་པ་དེ་སྲིད་ དུ་རྒྱལ་སྤྱིའི་ནང་རྒྱ་ནག་དེ་གུས་བཀུར་འོས་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་ འགྱུར་མི་སྲིད། དེར་བརྟེན་རྒྱ་ནག་སྲིད་གཞུང་གིས་བོད་མི་རིགས་དང་རྒྱ་ནག་མི་མང་གི་རང་དབང་ལ་ བརྩི་བཀུར་ཞུ་དགོས་པའི་སྐུལ་མ་ཞུ་གི་ཡོད།
མཐའ་དོན། ད་ལན་༸གོང་ས་མཆོག་གིས་ཆབ་སྲིད་སྐུ་དབང་བཀའ་བློན་ཁྲི་པ་མི་སྒེར་གཅིག་ལ་རྩིས་ སྤྲོད་གནང་བ་མ་ཡིན་པར་བོད་མི་ཡོངས་ལ་རྩིས་སྤྲོད་གནང་བ་ཞིག་ཡིན་སྟབས། བོད་མི་ཚོ་རང་གི་རྐང་པའི་ཐོག་ལངས་ནས་འགན་ཁུར་ལེན་ཐུབ་པ་བྱེད་རྒྱུའི་དུས་སུ་ སླེབས་ཡོད། ཚང་མས་མང་གཙོའི་ལས་རིམ་ནང་མཉམ་ཞུགས་ཀྱིས་འགོ་ཁྲིད་རྣམས་མང་གཙོའི་རིང་ལུགས་ དང་མཐུན་པ་ཡོང་ཆེད་བཏང་འཛིན་ཐུབ་པ་དགོས། ཕྲན་རང་བཀའ་བློན་ཁྲི་པར་འདེམས་ཐོན་བྱུང་བ་འདི་བོད་རྒྱ་ཆེའི་མི་མང་གིས་མི་ རབས་གཞོན་པ་ཚོར་ཡིད་ཆེས་བློས་འགེལ་བྱེད་པ་མཚོན་གྱི་ཡོད། དེར་བརྟེན་གཞོན་སྐྱེས་ཚོས་ཆོད་སེམས་བརྟན་པོའི་སྒོ་ནས་འབད་བརྩོན་གནང་དགོས། ང་ཚོས་༸གོང་ས་མཆོག་གི་ཐུགས་བཞེད་སྒྲུབ་ཐུབ་པ་བྱེད་དགོས། ད་ལྟའི་དུས་སྐབས་འདི་འཇིགས་ཞུམ་བྱ་རྒྱུའི་དུས་ཚོད་མ་ཡིན་པར་སེམས་ཤུགས་ བསྐྱེད་དགོས་པའི་དུས་ཚོད་ཡིན། ང་ཚོའི་དམིགས་ཡུལ་གཙོ་བོ་བོད་མིའི་ངོས་འཛིན་དང་ཆེ་མཐོང་གཅེས་འཛིན་ཆེད་ལུས་ སྲོག་ལོངས་སྤྱོད་བློས་བཏང་བྱས་དང་བྱེད་བཞིན་པའི་གཞིས་བཞུགས་བོད་རིགས་དཔའ་ བོ་དཔའ་མོ་ཚོའི་བསམ་དོན་སྒྲུབ་ཐུབ་པ་བྱེད་རྒྱུ་དེ་ཡིན། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་བོད་ནང་༸ཞབས་སོར་འཁོད་ཐུབ་པ་བྱུང་ བ་ལྟར། ང་ཚོས་ཀྱང་བོད་མི་རིགས་ཀྱི་སྙིང་སྟོབས་དང་ལ་རྒྱ་རི་བོ་ཇོ་མོ་གླང་མ་ལྟར་ བརྟན་པོར་བཟུང་ནས་༸གོང་ས་མཆོག་བོད་ལ་༸ཞབས་སོར་འཁོད་ཐུབ་པ་ཡོང་ཆེད་བརྩོན་པ་ བསྐྱེད་དགོས། གཞིས་བཞུགས་རྒྱལ་ཞེན་སྙིང་སྟོབས་ཅན་གྱི་བོད་རིགས་སྤུན་ཟླ་རྣམ་པ། ང་ཚོ་བཙན་བྱོལ་དུ་ཡོད་པ་མང་ཆེ་བ་བོད་ལ་འགྲོ་མྱོང་མེད་ཀྱང་བོད་ནི་ང་ཚོའི་བླ་ སྲོག་ཡིན། ང་ཚོས་ཆོས་དང་ཆོད་སེམས། ལྷག་བསམ་བཅས་གྲོགས་སུ་བསྟེན་ཏེ། གང་མྱུར་གཞིས་བྱེས་མཉམ་འཛོམས་ཡོང་བ་བྱེད་དགོས། ཆིག་སྒྲིལ་དང་། གསར་གཏོད། རང་ཁ་རང་གསོ་བྱ་རྒྱུའི་ལྟ་གྲུབ་རྣམས་གཞི་རྩའི་ལམ་སྟོན་དུ་བཟུང་ན། གཞིས་བྱེས་མཉམ་འཛོམས་དང་། བོད་ནང་རང་དབང་བསྐྱར་གསོ། ༸གོང་ས་མཆོག་གང་མྱུར་བོད་ལ་༸ཞབས་སོར་འཁོད་ཐུབ་པ་བཅས་ཡོང་ཐུབ་ངེས་ཡིན།། བོད་རྒྱལ་ལོ།

གསར་འགྱུར།

Post navigation

Previous Post: མང་གཙོའི་དུས་དྲན་ཐེངས་ ༥༡ པའི་མཛད་སྒོའི་སྟེང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།
Next Post: བླ་མ་སྤྱན་རས་གཟིགས་དབང་མཇལ་དུ་ཕྱིན་པའི་ལོ་རྒྱུས་མདོ་ཙམ་བརྗོད་པ།

Comments (29) on “མང་གཙོའི་དུས་ཆེན་ཐེངས་ལྔ་བཅུ་ང་གཅིག་པའི་ཐོག་བཀའ་བློན་ཁྲི་པའི་གསུང་བཤད།”

  1. གཡག says:
    2011-09-02 at 12:23 pm

    ཁ་དྲོ་བཀྲ་ཤིས། ཨ་མའི་བུ་ཁ་བཤད་དོན་ལ་གནས་བར་སྨོན།

  2. གཡག says:
    2011-09-02 at 12:36 pm

    ཨ་མའི་བུ་རྒོད་བློ་བཟང་སེང་གེ་སེང་གེ་བཞིན་དུ་འགྱིང་འདུག བོད་མི་ས་ཡ་དྲུག་གི་རེ་འབྲས་ཆུ་ལ་མི་བསྐྱུར་བའི་སྨོན་ལམ་ཡོད།

  3. སྟག་ལྷ། says:
    2011-09-02 at 1:03 pm

    xxxxxxxxxxxxxxxxxxxxxxxxxxxx

  4. དྲང་གཏམ་ says:
    2011-09-02 at 1:13 pm

    ཡོད་ཡོད།
    དེ་བཞིན་འགྲུབ་པའི་སྨོན་འདུན་དང་། མང་གཙོའི་ལྟ་གྲུབ་འདི་ཁྱིམ་ཚང་དཀྱུས་མ་གཅིག་གི་ནང་དུའང་དར་བ་ཤོག་ཅིག་རྒྱས་པར་ཤོག་ཅིག

  5. གངས་སྦལ། says:
    2011-09-02 at 1:53 pm

    xxxxxxxxxxxxx

  6. བསྟན་འཛིན་ཆོས་རྒྱལ says:
    2011-09-02 at 1:59 pm

    xxxxxxxxxxxxxxxxx

  7. ཕྱུགས་རྭ་ཁུ་བྱུག says:
    2011-09-02 at 2:58 pm

    སྟག་ལྷ་་་མཆན་འགོད་ས་ནོར་འདུག་ལ་་་་་་་་འགོད་བྱ་དེ་ཡང་བྱ་གཤོག་ཆད་ལྟ་བུའི་རང་སྐྱ་མི་འཕེར་བ་ཉིན་རེ་བཞིན་ཕྲག་དོག་གི་མེ་ལྕེ་མཆེད་པའི་རང་མཚང་དམར་རྗེན་མ་ཕྱི་ལ་རང་བཞིན་གྱི་བསྟན་འདུག་་་་་དངོས་གནས་སོ་སོ་ལ་ནུས་པ་ཡོད་ན་རྣམ་པར་དཔྱོད་པའི་བློ་གྲོས་ཀྱིས་འདབ་ཤོག་བརྐྱངས་ཏེ་ཁོང་ཚོའི་ནུས་པ་ཁྱུར་མུད་བྱས་ན་དེ་མི་འགྲིག་པ་གང་ཡང་མེད་པ་ངའི་བློ་ཐག་རྦད་ཆོད་བྱས་ཆོག

  8. ལྡོང་གསེར་མིག says:
    2011-09-02 at 3:03 pm

    xxxxxxxxxxxxxxxxx

  9. འཚུབ་དགའ། says:
    2011-09-02 at 3:38 pm

    ཨ་མའི་བུ་རྒོད་ལ་འགྱིང་རྒྱུ་འདུག་ཡ་དེ་དེ་རང།

  10. ཤར་མདའ། says:
    2011-09-02 at 3:45 pm

    ངོ་མ་ཁུ་བྱུག་ལགས་ཀྱི་གསུང་པ་བཞིན་ནོ།

  11. རག་ཕྱགས་རྡོར་ says:
    2011-09-02 at 3:55 pm

    གུས་པས་གང་བསམ་ལྷུན་གྱིས་ཤོག བོད་པ་ཚང་གི་སྲིད་སྐྱོང་གིས་གང་བྱས་ལྷུན་གྱིས་འགྲུབ་པར་ཤོག བོད་པ་ཚང་གི་བདེན་མཐའ་མྱུར་དུ་གསལ་བར་ཤོག བོད་པ་ཚང་གི་ཆོས་སྲིད་དེ་ཡར་ངོའི་ཟླ་ལྟར་འཕེལ་བར་ཤོག གོང་ས་མཆོག་སྐུ་ཚེ་ཡན་ནས་ཡན་དུ་བརྟན་པར་ཤོག གོང་ས་མཆོག་མྱུར་དུ་བོད་དུ་འགྱུར་བའི་སྨོན་འདུན་དང་བཅས་བོད་མི་རྣམས་གཞི་བྱིས་མྱུར་དུ་འཛོམས་པར་ཤོག་ཤོག་ཤོག་་་་་་་་་་་་་་།།།

  12. མིག་བརྒྱད་པ། says:
    2011-09-02 at 7:29 pm

    གོང་ས་མཆོག་གི་བཀའ་དྲིན་བསམ་ཤེས་བྱས་པ་ནི་རྣམ་དཔྱོད་དང་ལྡན་པའི་གསུང་བཤད་རེད། ཕ་ཤུལ་བུ་འཛིན་གྱི་དཔེ་ལྟར་འཕྲལ་ཕུགས་ཀུན་ལ་ཕན་པའི་གསུང་བཤད་རེད།

  13. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-09-02 at 9:05 pm

    བོདརྒྱལ་ཁབ་ཆེན་པོའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་སེང་གེ་མཆོག་གི་བོད་རྒྱལ་ཁབ་ཡར་སློང་བའི་མཛད་པ་མཐའ་དག བདག་ཅག་གི་འདྲེན་པ་མཉམ་མེད་༧སྐྱབས་མགོན་བླ་མ་མཆོག་གི་བླ་ན་མེད་པའི་བཞེད་པ་བཞིན་དུ་འགྲུབ་པར་ཡིད་སྨོན་ཞུ། བདག་རང་གིས་ཕྱི་རྒྱལ་པ་ཀུན་ལ་ངོ་སྤྲོད་བྱེད་དུས། ང་སྲིད་ཀྱི་ཐོག་ན་རྒྱ་གར་པ་དང་། སྐད་ཡིག་དང་རིག་གཞུང་གི་ཐོག་ན། བོད་པ་ཡིན། ཞེས་པ་བཞིན་དུ། ལ་དྭགས་སོགས་རི་བོ་གངས་ཅན་གྱི་ལོགས་སུ་གནས་པའི་བོད་རིགས་རྣམས་སྐད་དང་རིག་གཞུང་ཐོག བོད་རྒྱལ་ཁབ་ཆེན་པོ་ལ་བརྟེན་པ་ཞིག་ལགས་པ་ཞུ་ཅི་དགོས།

    སློབ་ཕྲུག་དཀྱུས་མ་ཞིག་གིས་བྲིས་པའི་ཆེད་རྩོམ་ལའང་ཐུགས་སྣང་དེ་ལྟར་གནང་བ།
    ཞེས་བཀའ་བློན་མཆོག་གིས་གསུངས་པ་བཞིན། ཐ་ཤལ་བདག་ལྟ་བུ་ཞིག་རྗེ་བླ་མའི་སྤྱན་ལམ་དུ་གྱུར་པ་ན། དེ་མ་ཐག་མིང་ནས་གསུང་ཆོག་ཆོག་ཡོད་པ་ནི། མི་བརྗེད་པའི་གཟུངས་ཐོབ་པའི་སྐྱེས་བུ་ཆེན་པོ་བླ་ན་མེད་པ་ཞིག་ཡིན་ནོ་ཞེས་སེམས་སོ།།
    ད་ལན་༸གོང་ས་མཆོག་གིས་ཆབ་སྲིད་སྐུ་དབང་བཀའ་བློན་ཁྲི་པ་མི་སྒེར་གཅིག་ལ་རྩིས་ སྤྲོད་གནང་བ་མ་ཡིན་པར་བོད་མི་ཡོངས་ལ་རྩིས་སྤྲོད་གནང་བ་ཞིག་ཡིན་སྟབས།
    ཞེས་པ་ན། ལན་ཞེས་པ་དཔེ་ཆ་ཁུངས་དག་ན་དུས་ཀྱི་མིང་ལ་ཡོད་པ་ལྟར། བཀའ་བློན་ཁྲི་པ་མཆོག་གིས་དེ་ལྟར་ཚིག་དག་པོ་བཀོལ་པ་ལ་འབྲས་བུ་ཡང་དག་པོ་འབྱུང་བར་ངེས། ལོ་མང་སྔོན་ནས་བདག་གིས་འདི་ལྟར་བྲིས་པ་ཞིག་ཡོད་དེ།
    ཚིག་བཟང་བ་ན་དོན་ཡང་བཟང་།
    ཚིག་ནི་དོན་གྱི་སྐྱེལ་མ་ཡིན།།

  14. སྣྲོན་ངག་ཁྲི་ says:
    2011-09-02 at 9:12 pm

    རང་བཙན་བསྒྲགས་ཏེ་འཕགས་ཡུལ་བྱོན་ནས་སླར།།
    བོད་གཞུང་མིང་ཡང་བརླག་ཏེ་ལོག་ན་ནི།།
    པར་པ་འགའ་ཞིག་ཉི་མའི་གྲོང་ཉུལ་ནས།།
    མུན་པའི་གཟུགས་བརྙན་བླངས་དང་མཚུངས་མིན་ནམ།།
    ལོག་རྒྱུ་ཙམ་ཞིག་ཡིན་ན་འོངས་ནས་ཅི།།
    ཡོང་རྒྱུ་ཙམ་ཞིག་ཡིན་ན་ལོག་ནས་གང་།།
    བོར་་རྒྱུ་ཙམ་ཞིག་ཡིན་ན་བྲོས་ནས་ཅི།།
    བྲོས་རྒྱུ་ཙམ་ཞིག་ཡིན་ན་བོར་ནས་ཅི།།
    ཁ་བདེན་ཚིག་ལ་གནས་པའི་སྨོན་ལམ་གྲངས་མེད་འདེབས།།

  15. སྐྱུ་རྩི་ནས། says:
    2011-09-02 at 9:22 pm

    བཀའ་ཁྲི་མཆོག་གི་མང་གཙོའི་དུས་དྲན་གྱི་གསུངས་བཤད་ཐེངས་དང་པོ་དེར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། བོད་པ་ས་ཡ་དྲུག་གི་བདེ་དོན་རི་དབང་ལས་ལྕི་བ་དེ་ཕྲག་པར་ཡང་སིང་ངེར་འཁུར་ཐུབ་པའི་རེ་བ་དང་རྒྱབ་སྐྱོར་ཞུ།

  16. གསེར་འབྲུག་སྡེར་ལྔ་ says:
    2011-09-02 at 10:33 pm

    ཁྲི་གསར་ཚང་འདི་པ་འདྲ་ས་མེད་ཀི། དེང་དུས་ཤེས་ཡོན་གྱི་གཡུ་རལ་རྒྱས་པའི་གངས་སེང་དཀར་པོ་འདི་བོད་ཀྱི་སྲིད་སྐྱོང་ལ་འོས་ཤིང་འཚམས་པ་ཞིག་རེད། ཁོང་གིས་དམ་བཅའམ་ལས་འཆར། ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོ་བཅས་ལ་གུས་རྩི་དང་བཞེད་དོན་ལྷུན་གྱི་འགྲུབ་པའི་སྨོན་འདུན་ཆེན་པོ་ཞུ་བཞིན་ཡོད། འོན་ཀྱང་། ཆིག་སྒྲིལ་ལ་ནུས་པ་སྤུངས་རྒྱུ་ཞིག་ཡོད་ངེས་ཀྱང་། གསར་གཏོད་ལྟ་བུར་མཚོན་ན་འཛིན་སྐྱོང་ཐད་རང་བཞིན་ལྡན་པའི་གསར་གཏོད་ཞིག་གནང་རྒྱུ་ཡོད་ན་མ་གཏོགས་ཆབ་སྲིད་ཐད་རང་བཞིན་ལྡན་པའི་གསར་གཏོད་ཞིག་དཀའ་མོ་རེད་སྙམ། རྒྱུ་མཚན་རྒྱལ་སྤྱིའི་གནས་སྟངས་དང་ལྷག་པར་དུ་ཨེ་ཤི་ཡའི་འགྱུར་འགྲོས་ལ་བལྟ་དགོས་པ་མ་ཟད། ཀྲུང་ནན་ཧེའེ་ཡི་ཆབ་སྲིད་ཡོ་ཁྱོམས་ནམ་བྱུང་བསྲུང་རྒྱུ་ལས་ལྷག་མེད་པ་ནི་ཨ་ཅང་ཅང་། རང་ཁ་རང་གསོ་ནི་གཞན་ལ་ལག་པ་ཟེད་མི་དགོས་ན་དེ་ལས་ལྷག་ཅིག་མེད་ཀྱང་། བཙན་བྱོལ་ཚང་ལ་དཔལ་འབྱོར་གྱི་འབྱུང་རྩ་ས་ཞིང་དང་རང་འབྱུང་ཐོན་ཁུངས་སོགས་སྦར་མོ་གང་ཙམ་ཡང་མེད་ལ། དེང་དུས་འགྲོ་རྒྱུགས་ཆེ་བའི་སྐད་གྲགས་ཅན་གྱི་བཟོ་འཚོང་ནི་སྣེ་གཅིག་ཀྱང་མེད་ཙང་འཚོ་བ་གཞན་བརྟེན་མ་བྱེད་རང་བྱེད་རེད་ལ་བཙན་བྱོལ་ཚང་གི་དཔལ་འབྱོར་འདུ་བཀོད་ཚང་མ་ནུབ་ཕྱོགས་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་འདུ་བཀོད་ལ་སྦྱར་བ་སོང་ཙང་འཛམ་གླིང་དཔལ་འབྱོར་ཉམས་གུད་ལ་ཡང་མ་ལྟོས་རང་ལྟོས་རེད། དཔེར་ན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཐོག་དང་པོར་འགྱུར་བ་ཞེས་ཁ་གཡང་ཆེན་པོ་བསྒྲགས་ཀྱང་འཛམ་གླིང་དཔལ་འབྱོར་ཉམས་གུད་དང་སྐབས་འཁེལ་བར་བརྟེན་ཨ་རི་ད་ལྟ་ཡང་དཔལ་འབྱོར་གནས་སྟངས་དཀའ་ངལ་ནང་ལྷུངས་འདུག། བྱས་ཙང་ཁ་གཡང་གཅིག་པུར་མི་ལྟོས་པར་རྟེན་འབྱུང་རང་བཞིན་ལྟོས་གྲུབ་ཀྱི་རྒྱ་ལས་མ་འདས་སོ།

  17. ཁ་བའི་རྡུལ་བརྩེགས། says:
    2011-09-02 at 10:47 pm

    བཀའ་བློན་ཁྲི་བས་གསུངས་པ་བཞིན། དངོས་ནས་ང་ཚོའི་མེས་པོ་ཚོས་དཀའ་ལས་རྒྱབ་པ་རྣམས་ཕྱི་མིག་ཅིག་དང་ཡིད་ལ་དྲན་པ་བྱས་མདུན་དུ་བསྐྱོད་དགོས།

  18. ཀླུ་སྨྱོན། says:
    2011-09-02 at 11:04 pm

    གོང་ན་xxxxxxxxxxxxxxxxཏག་ཏག་ཡོད་པའི་ནང་དོན་ཅི་རེད། ཕྱི་རྒྱལ་ནས་xའདི་མོ་གསུམ་མཉམ་དུ་བྲིས་ཡོད་ན་དེས་འདོད་ཆགས་མཚོན་གི་འདུག ད་xབཅུ་གྲངས་མཉམ་དུ་ཡོད་པ་འདིས་འདོད་ཆགས་དྲག་པོ་མཚོན་ནམ། མགོ་རྨོངས་སོང་།

  19. ལྡོང་གསེར་མིག says:
    2011-09-02 at 11:24 pm

    གཟའ་དཔོན་ལགས། ངེད་ཁ་བརྡ་ཚང་གི་བུ་ཕྲུག་སུ་ཞིག་གིས་མཆན་བཀོད་རིགས་འུ་ཚོའི་ཁྱིམ་ཚང་འདིའི་སྒྲིག་གཞི་དང་འགལ་ཚེ་མིང་དང་བཅས་པ་མེད་པར་བཟོ་བའམ། ཡང་ན་འདི་ལྟར་ ༠༠༠ ཀླད་གོར་འགའ་ཞིག་བཀོད་པས་ཀྱང་འགྲིག ཨ་ཁུ་ཀླུ་སྨྱོན་གྱིས་བཤད་པ་ལྟར། ཕྱི་གླིང་བའི་སྣང་ངོར་ xxx ཡི་མཚོན་རྟགས་ཡག་པོ་ཞིག་མིན་པ་སྔོན་ནས་གོ་མྱོང་། ཡིན་ན་ཡང་བོད་པའི་སྣང་ངོར་ཁྲམ་རྟགས་ཡིན་པས་འགྲིག་ཀྱང་སྲིད།

  20. ཕུན་ཚོགས says:
    2011-09-03 at 1:21 am

    མང་ཚོགས་ཀྱི་བསམས་ཚུལ་ཉན་ཞིན་ཆིགས་སྒྲིལ་གི་ནུས་པ་གོང་ཐོར་གཏོང།
    གནམ་འོགས་ཀྱི་འཕོ་འགྱུར་ལ་ལྟ་ཞིནགསར་གཏོད་ཀྱི་ལམ་ཆེན་ལ་ཕྱོགས་།
    རང་སྟོབ་རང་འཕེལ་བཀའ་སྤྱད་འབད་བརྩོན་ལ་བརྟན་ནས་རང་ཁ་རང་གསོ།

  21. གཅེན་པོ། says:
    2011-09-03 at 3:52 am

    མང་གཙོ་ལམ་བུ་འདི་ལ་བརྟེན་ནས་མི་རིང་བར་རང་དབང་བདེ་སྐྱིད་ཀྱི་ཉི་མ་འཆར་བར་སྨོན།

  22. གཅེན་པོ། says:
    2011-09-03 at 3:53 am

    མང་གཙོའི་ལམ་བཟང་འདི་ལ་བརྟེན་ནས་མི་རིང་བར་རང་དབང་བདེ་སྐྱིད་ཀྱི་ཉི་མ་འཆར་བར་སྨོན།

  23. རག་ཕྱགས་རྡོར་ says:
    2011-09-03 at 4:37 am

    སྲིད་སྐྱོང་ལགས་ཁྱེད་ཀྱིས་བཀའ་སློབ་དེ་ལ་གུས་པ་ཡང་རྗེས་སུ་ཡི་རང་ཡོད། ཁྱེད་ཀྱིས་སྲུང་ཐང་རེ་ལ་གུས་ལ་ཚོར་བ་གསར་པ་ཞིག་སྐྱེ་གི་འདུག ཡིན་ན་བོད་པ་ཚང་གི་བཤད་གསོལ་ཞིག་ཡོད་ཁ་བཤད་ཆུ་ཡི་ལྦུ་བ་ལག་ལེན་གསེར་གྱི་ཐིག་པ་ནང་བཞིན་མ་ཡིན་པ་ཞིག་བྱེད་པ་དོ་གལ་ཆེ།།།།

  24. དབྱུག་ཐོག says:
    2011-09-03 at 6:25 am

    ཕྱག་རྡོར་གྱིས་༧གོང་ས་མཆོག་བོད་དུ་འགྱུར་བར་ཤོག་ཅེས་པའི་སྐད་ཆ་དེ་ངོ་མ་ཁེ་མཚར།

  25. yum says:
    2011-09-03 at 7:58 am

    དབུ་རང་ཅམ་ཅ་མགོ་གཉིས་མ་ཁ་བཤད་ཆུ་ཡི་ལྦུ་བ་ལ་རྒྱབ་སྐྱོར་མེད།

  26. ལུང་རྟོགས། says:
    2011-09-03 at 10:28 am

    སྲིད་སྐྱོང་མཆོག་ལ་མཚམས་འདྲི་དང་། བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ།

  27. ཨ་རུ་ར། says:
    2011-09-04 at 5:16 am

    སྲིད་སྐྱོང་ལ་རྒྱབ་སྐྱོར་བྱས་དེ་མི་རེ་ངོ་རེའི་འབད་པ་དེ་དགོས་པ་རེད། འགྲུབ་མིན་ནི་བལྟོས་བ་རེད། སྟོབས་ཤུགས་མཐའ་དག་གཅིག་སྒྲིལ་བྱེད་པ་གལ་ཆེན་རེད། བོད་རྒྱལ་ལོ།།

  28. ཀརྡོ་རབ་འབྱམས་པ་ says:
    2011-09-04 at 1:42 pm

    དམར་ལུགས་ལས་མང་གཙོ་ལས་རྒྱལ་འགྱུར་ཅིག དམངས་གཙོ་རྒྱལ་ལོ། །

  29. རེ་བ་ says:
    2011-09-06 at 3:58 pm

    གང་ལྟར་ཁྱེད་ཀྱིས་གསུངས་པ་ལག་ལེན་ལ་འཁྱོལ་བའི་རེ་བ་སྨོན་འདུན་ཞུ་ནི་ཡོད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme